དགེ་འདུན་རབ་གསལ།
དུག་མདའ་ཞུ་བ་འདི་སུ་རེད། ངས་མི་ཤེས། ངས་དུག་མདའ་ཞུ་བ་འདི་ཤེས་ཐུབ་བམ། དེ་ཡང་ངས་མི་ཤེས། ངས་དུག་མདའ་ཞུ་བ་འདི་ཤེས་དགོས་སམ། གཅིག་བྱས་ན། གཅིག་བྱས་ན་ཤེས་དགོས། འོན་ཀྱང་། ངས་ཤེས་པ་ནི། དུག་མདའ་ཞུ་བ་འདི་ཡང་། ཁ་བརྡ་དང་དུས་བབ་ཏུ་མིང་སྦས་ནས་རྩོམ་ཡིག་དང་མཆན་འབྲི་མཁན་གྱི་བརྒྱ་ཆའི་ཚད་མཐོ་པོ་ཡོད་པ་དེའི་གྲས་ཀྱི་གཅིག་རེད། མིང་མེད་པའི་མི་ཞིག་ལ་ལན་འདེབས་པ་ནི་ཧ་ཅང་མ་འོས་པ་ཞིག་རེད། འདི་ངེད་ཀྱི་སེམས་ལ་འཛིན་ཕྱོགས་ཤིག་ཡིན། འོན་ཀྱང་། ཡ་མཚན། མཚམས་རེར་མིང་མེད་པའི་ཐོག་ནས་དོན་ཚན་གནད་ཅན་དང་། ལྷག་པར་ས་གནས་ཀྱི་སྐད་ཆ་ཐན་ཐུན་དེ་ཚོ་གླེང་ཡོང་དུས། བཤད་མཁན་འདི་དག་ཀྱང་ས་གནས་ཀྱི་གནད་ཡོད་ཅིག་ཡིན་ནམ་སྙམ་པའི་དྭོགས་པ་སླེབས་ཤིང་། གལ་སྲིད་དེ་འདྲ་ཡིན་ན་ལན་མེད་དུ་འཇོག་རྒྱུར་ཡང་འོས་བབ་མ་མཆིས་སྙམ། རྒྱུ་མཚན་དེ་ལྟར་ན། གཤམ་གསལ་གྱི་ཚིག་འདི་དག་ཀྱང་འབྲི་དགོས་ཤར། དེ་དང་ལྷན་གཅིག་ཏུ། ཕྱིས་སུ་མིང་མེད་པའི་མི་ལ་སྐད་ཆ་བཤད་མི་དགོས་པའི་སྨོན་ལམ་འདེབས་པ་ཡིན་ལ། ངས་སྐད་ཆ་འདི་ལ་བརྟེན་ནས་ཀློག་མཁན་ཚོར་བསུན་གཙེར་བྱུང་ཚེ་ཐོག་མ་ཉིད་ནས་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།
གཤམ་གསལ་གྱི་མཆན་འདི་ནི་དུས་བབ་དྲ་རྒྱའི་ཐོག་གི་ “སྒོར་མོ་ལས་སྐུ་ཕྱྭ་གལ་ཆེ། མཁྱེན་ནམ།”ཞེས་པའི་རྩོམ་ཡིག་ལ་བཀོད་པའི་མཆན་ཐུང་ངུ་ཞིག་རེད།
“དུག་མདའ། ༢༠༡༠/༠༥/༢༤ ཉིན་འདོན་སྤེལ་བྱས། ༧ རྒྱལ་བའི་སྐུ་ཕྱྭའི་ཐད་ལ་བོད་གཞུང་བདེ་སྲུང་གིས་འགན་གནང་དགོས་པ་ལས་ཨ་ཀྱྰ་རིན་པོ་ཆེ་མཆོག་ནས་ཁོང་བླ་རྒན་ཞིག་གིས་གོ་སྒྲིག་གནང་དགོས་པའི་ཚད་ལ་སླེབས་ཡོད་པར་སེམས་ལ་ཡང་ཨེ་ཤར་སྙམ། རིན་པོ་ཆེས་ཆོས་ཚོགས་ཀྱི་ཡོང་འབབ་ལ་དམིགས་ནས་ཞུས་ཤིང་ ༧ གོང་ས་མཆོག་ནས་ཀྱང་ཆོས་ཚོགས་ཀྱི་མ་རྩར་དམིགས་ནས་ཆིབས་སྒྱུར་གནང་བ་ཡིན་ན། སྐུ་མདུན་བེད་སྤྱོད་སྐོར་གྱི་དཔྱད་གཏམ་འདི་ཨ་ཀྱྰ་རིན་པོ་ཆེའི་བར་དུ་ལུས་དོན་མི་འདུག་སྙམ། སོག་པོ་ཞེས་པའི་ཐ་སྙད་འདི་དེ་ཙམ་རྣར་མི་སྙན་ན་རྒྱ་དམར་དགྲ་རུ་འཛིན་པའི་གཅེན་པོའི་ཆོས་ཚོགས་རྒྱ་བོད་སོག་གསུམ་གྱི་བྲོ་རར་རེ་བའི་གོང་ས་མཆོག་ལ་ཁག་འདེད་བྱས་ན་རན། དམར་པོའི་དབང་བསྒྱུར་འོག་ནས་མི་ཚེ་ཟད་པའི་མི་ཞིག་ལ་མཚོན་ན་སླད་ཅིག་ཡོད་མི་སྲིད་པ་མིན་པས། ཆུང་མའི་མདུན་ནས་བསྒམ་ཚུགས་འཛིན་འདོད་ན་འདི་ཙམ་བཟོད་པར་འོས། དགེ་འདུན་རབ་གསལ་གྱི་སྐོར་ཁག་ཅིག་གིས་ཨ་ཀྱྰ་རིན་པོ་ཆེ་ཆོས་ཚོགས་ནས་ཐོན་རྩིས་ཡིན་སྐོར་གྱི་རྫུན་གཏམ་བསྒྲིགས་ཏེ་སྐུ་སྒེར་ཡིག་ཚང་ལ་དབུ་སྐོར་བཏང་པའི་སྐད་ཆ་ཞིག་གོ་ཐོས་བྱུང་སྟེ། དཀྱུས་མ་ཞིག་གིས་རྩོད་རྙོག་གི་གཞི་བསླང་བར་མི་འདོད། དེས་ན་ཁོས་བཤད་ཚད་བདེན་པ་ཡིན་སྲིད་ཀྱང་ཆོས་ཚོགས་འདི་ཅི་ལྟར་འཚོ་ཐུབ་པ་བྱུང་པའི་མགོ་མཇུག་བར་གསུམ་ལ་རྒྱུས་མེད་པ་དག་གིས། བྱེད་རྒྱུ་༼བསམ་ཤེས་༽ཞེས་པ་ལས་གཞན་གང་ཡང་མེད་དོ།།”
ད་ ང་རང་ཡ་མཚན་པའི་དོན་རྣམས་རེ་རེ་བཞིན་ཞུ་རྒྱུར། དུག་མདའ་ལགས། ཁྱེད་ཀྱིས་ཨ་ཀྱཱ་རིན་པོ་ཆེའི་སེམས་ཇི་ལྟར་ཤེས། མི་ཤེས་ན། “༧ རྒྱལ་བའི་སྐུ་ཕྱྭའི་ཐད་ལ་བོད་གཞུང་བདེ་སྲུང་གིས་འགན་གནང་དགོས་པ་ལས་ཨ་ཀྱྰ་རིན་པོ་ཆེ་མཆོག་ནས་ཁོང་བླ་རྒན་ཞིག་གིས་གོ་སྒྲིག་གནང་དགོས་པའི་ཚད་ལ་སླེབས་ཡོད་པར་སེམས་ལ་ཡང་ཨེ་ཤར་སྙམ།”ཞེས་གསུངས་དོན་ཅི། བོད་མི་ས་ཡ་དྲུག་གི་སྤྱི་ནོར་ཆེན་པོ་ས་གནས་སུ་ཆིབས་བསྒྱུར་སྐབས་སྐུ་ཕྱྭའི་འགན་དེ་སུ་ལ་ཡོད་མེད་ཐད་བོད་གཞུང་བདེ་སྲུང་ལ་ཡ་ལ་དཀྲི་རྐྱང་བྱས་ན་ཨེ་འགྲིག དམིགས་བསལ་ས་གནས་འདིར་བྱུང་ཟིན་པའི་དོན་དེ་ཚོ་མཐོང་སྐབས་ ཤ་གསེང་ནས་ཟུག་གཟེར་ལངས་པ་ཞིག་མི་ཡོང་ངམ།
ཨོ་ཨོ། “རིན་པོ་ཆེས་ཆོས་ཚོགས་ཀྱི་ཡོང་འབབ་ལ་དམིགས་ནས་ཞུས་ཤིང་ ༧ གོང་ས་མཆོག་ནས་ཀྱང་ཆོས་ཚོགས་ཀྱི་མ་རྩར་དམིགས་ནས་ཆིབས་སྒྱུར་གནང་བ་ཡིན་ན། སྐུ་མདུན་བེད་སྤྱོད་སྐོར་གྱི་དཔྱད་གཏམ་འདི་ཨ་ཀྱྰ་རིན་པོ་ཆེའི་བར་དུ་ལུས་དོན་མི་འདུག་སྙམ།” ཨོ་རེད། ༧གོང་ས་མཆོག་ཆོས་ཚོགས་ཀྱི་མ་རྩར་དམིགས་ནས་ས་གནས་འདིར་ཆིབས་བསྒྱུར་གནང་བ་རེད་དམ། “ཆོས་ཚོགས་ཀྱི་མ་རྩ་”ཨེ། དེ་ཚོ་གསོལ་རས་ཞུས་གྲུབ་པ་མ་རེད་དམ། སྒོར་མོའི་ཁ་གྲངས་མི་བཤད། ངས་འདིའི་ཁ་གྲངས་བཤད་ནས་བོད་མི་ས་ཡ་དྲུག་མིག་གཅེར། ཁ་གདངས་ནས་སྡོད་དགོས་པ་ཞིག་བཟོ་མི་འདོད། འོན་ཀྱང་དེ་ཚོ་གསོལ་རས་ཞུས་གྲུབ་པ་མ་རེད་དམ། འོན་ཀྱང་ངས་བཤད་པ་དེའི་དོན་དག་དེ་མ་རེད། ངས་སྦྱིན་བདག་སྐོར་སྐོར་བྱས་ཏེ་མཇལ་ཡུན་རིང་པོ་བཟོ་བ་ལས། སྦྱིན་བདག་ཡོངས་སུ་རྫོགས་པ་མཇལ་ཐེངས་གཅིག་ལ་མཇལ་བཅུག་ན་མ་འགྲིག་པ་ག་རེ་ཡོད་རེད་ཅེས་དྲིས་པ་ཡིན། དེ་ལྟར་བྱས་ན། སྐུ་མདུན་སྐུ་ཐང་ཆད་པ་ཉུང་རུ་འགྲོ་གི་རེད་ཅེས་བཤད་པ་ཡིན།
ད་ངས་གོ་བ་ལེན་མ་ཐུབ་པ་ཞིག་ནི་འདི་རེད། ཚིག་འདི་ཚོ་རེད། “སོག་པོ་ཞེས་པའི་ཐ་སྙད་འདི་དེ་ཙམ་རྣར་མི་སྙན་ན་རྒྱ་དམར་དགྲ་རུ་འཛིན་པའི་གཅེན་པོའི་ཆོས་ཚོགས་རྒྱ་བོད་སོག་གསུམ་གྱི་བྲོ་རར་རེ་བའི་གོང་ས་མཆོག་ལ་ཁག་འདེད་བྱས་ན་རན།” ད་སྐུ་མདུན་ལ་ཁག་འདོགས་བསྙད་འདོགས་བྱེད་དགོས་གསུངས་ཀྱི་ཡོད་དམ། དུག་མདའ་ལགས། དེ་རེད་དམ། དེ་ནས་ཆོས་ཚོགས་འདི་ད་ལྟ་བོད་རྒྱ་སོག་གསུམ་གྱི་བྲོ་ར་རེད་གསུངས་གི་ཡོད་དམ། བྲོ་དེ་ཡང་བོད་རྒྱ་སོག་གསུམ་གྱི་བྲོ་ཞིག་ཡིན་ལས་ཆེ། ད་དངོས་གནས་བྲོ་ལ་གཟིགས་དང་། བྲོའི་སྟངས་སྟབས་དེ་ཚོ་ནི་ལྷ་དང་ཀླུའི་ཆོ་འཕྲུལ་རང་རེད། རིམ་གྱིས་མང་པོ་ཞུ་རྒྱུ་ཡོད། ལན་གཅིག་འདི་ཙམ་གྱིས་འཐུས།
ད་མཐའ་དོན་གྱི་ཚུལ་དུ་”དགེ་འདུན་རབ་གསལ་གྱི་སྐོར་ཁག་ཅིག་གིས་ཨ་ཀྱྰ་རིན་པོ་ཆེ་ཆོས་ཚོགས་ནས་ཐོན་རྩིས་ཡིན་སྐོར་གྱི་རྫུན་གཏམ་བསྒྲིགས་ཏེ་སྐུ་སྒེར་ཡིག་ཚང་ལ་དབུ་སྐོར་བཏང་པའི་སྐད་ཆ་ཞིག་གོ་ཐོས་བྱུང་།” དུག་མདའ་ལགས། ཁྱེད་ལ་དུག་གི་སྙན་ཞིག་ཡོད་པ་འདྲ། ང་མི་རྐྱང་ཁེར་རྐྱང་ཡིན། སྐོར་ཁག་གང་ཡང་མེད། ལྟག་མཚེར་རིན་པོ་ཆེ་དགོངས་པ་རྫོགས་མ་ཐག་ ས་གནས་སུ་སྐུ་གདུང་བཞུགས་སའི་མཆོད་རྟེན་ཞིག་བཞེངས་གནང་ཡོང་བའི་རེ་སྐུལ་གྱི་ཡི་གེ་ཞིག་ཞིང་གཤེགས་དམ་པའི་སློབ་ཚོགས་དང་གྲོགས་པོ་དག་གིས་སྐུ་སྒེར་ལ་ཕུལ་བ་དེར་ངས་མིང་རྟགས་བཀོད་པ་ཡིན། འདིའི་དམིགས་ཡུལ་ཡང་ལྟག་མཚེར་རིན་པོ་ཆེའི་མཚན་ཙམ་ཞིག་ས་གནས་འདིར་གནས་ཐུབ་ན་ཅི་མ་རུང་སྙམ་པ་ཞིག་གི་ཀུན་སློང་ལས་བྱུང་བ་རེད།
གོང་གསལ་གྱི་མཆན་འདི་ལ་འབྲེལ་བ་མེད་པ་ཞིག་ནི། མིང་རྫུན་མ་ཅན་གྱིམཆན་བུ་དེ་དག་གི་སྐོར་ལ་ཡིན། མིང་རྫུན་མའི་མཆན་བུ་དེ་དག་གི་སྐོར་ལ་རྩོམ་ཡིག་འགའ་བྲིས་ཟིན་པ་ཡིན། ད་ཐེངས་སྡིག་དམོད་ཀྱི་ལས་ལ་འཇུག་གི་ཡིན་ན། གསན་པར་འཚལ།
བོད་མི་ས་ཡ་དྲུག་ཡོད། དེའི་ཁྲོད་ཀྱི་འབུམ་གཉིས་ཙམ་ཞིག་བཙན་བྱོལ་དུ་ཡོད། འདིའི་བརྒྱ་ཆ་ག་ཚོད་ཅིག་དྲ་རྒྱ་ལ་སླེབས་ཐུབ་གི་ཡོད། དེའི་བརྒྱ་ཆ་ག་ཚོད་ཅིག་གིས་བོད་ཡིག་གི་དྲ་རྒྱ་སྔོག་གི་ཡོད། ཧ་ལམ་སྟོང་སྐོར་ཅིག་གི་ནང་དུ་ཚུད་ཐག་ཆོད་རེད། སྟོང་སྐོར་དེའི་ནང་ནས་བོད་རྒྱལ་ཁབ་ཀྱི་ལར་ཞེན་གཅིག་པུ་ལ་བརྟེན་ནས་ཆོས་རིག་སྐད་ཡིག་དང་བཅས་པ་སྲུང་སྐྱོབ་བྱེད་མཁན་ནི་ཧ་ལམ་མང་ཤོས་ཀྱི་ཚུལ་དུ་ཡིན། དེས་ན་ཆོས་སྲིད་ཀྱི་ལ་རྒྱ་མི་བརྩི་ཞིང་། རང་རིགས་ཀྱི་ཞེན་ཁོག་ཆུང་བ། གདོང་དུ་ཐོན་ནས་བཤད་མི་ཕོད་ཅིང་། རྒྱབ་ཏུ་ཡིབ་ནས་བཤད་ལ་དགའ་བ། རང་གི་སྐྱོན་རི་རབ་བཞག་ནས་གཞན་གྱི་སྐྱོན་ཁབ་མིག་ལས་ཆུང་བ་འཚོལ་བ་འདིའི་གྲས་ནི་ཧ་ཅང་གྲངས་ཉུང་ཡིན་པ་ཞུ་མ་དགོས་པ་ཞིག་རེད།
འདས་པའི་ལོ་ཤས་རིང་འདིར། དྲ་རྒྱའི་ཐོག་ནས་བསམ་ཚུལ་སྤེལ་རེས་བྱེད་པའི་གོ་སྐབས་འདི་བྱུང་བ་ནས་བཟུང་། མཐོ་༧སྐྱབས་མགོན་ཆེན་པོ་ནས་དམའ་སློབ་མ་ཞིག་གི་བར་དུ་མཚམས་དང་ཚོད་མེད་པའི་སྐྱོན་བརྗོད་བྱེད་རྐྱང་བྱེད་པའི་གོམས་གཤིས་ངན་པ་ཞིག་ང་ཚོའི་སྤྱི་ཚོགས་སུ་ལང་ཤོར་དུ་འགྲོ་བཞིན་གདའ། འདིའི་གྲས་ཀྱི་སྐད་ཆ་ལ་ཉན་ཚེ། ཡ་རབས་དང་བཟང་སྤྱོད་སོགས་ཕར་ཞོག མཐའ་ན་རྐུན་ཇག་གི་གོ་བབ་ལས་ཀྱང་དམའ་རུ་སོང་སྟེ། ཁྱི་ཕག་གི་གཤིས་ཀ་ཙམ་ཡང་རང་རང་གི་མིའི་གཟུགས་པོ་ཧྲེང་ཧྲེང་པོ་དེའི་ཐོག་ན་མེད་པ་ལྟ་བུ་ཞིག་འདུག བོད་ཀྱི་མི་ཟེར་བ་འདིའི་གཤིས་ཀ་འདི་འདྲ་ཞིག་གང་ནས་འོངས་པ་ཡིན། རང་གི་མིག་དང་རྣ་བ་ལའང་རང་ཉིད་ཡིད་མི་ཆེས་པའི་ཚོད་རེད།
དུས་བབ་དང་ཁ་བརྡ་སོགས་ཀྱིས་སྤྱོད་པ་ཤོར་ཟིན་པའི་༼འདི་ལ་མཚམས་རེར་འཆལ་པོ་དང་འཆལ་མོ་ཞེས་མིང་སྦྱོར་འོས།༽རྩོམ་ཡིག་དང་མཆན་བུ་དག་ལ་སྟངས་འཛིན་བྱེད་བཞིན་པ་རེད། ཡིན་ན་ཡང་། སྟངས་འཛིན་དེ་ལ་ནུས་པ་མི་ཐོན་པ་ནི་ཐག་ཆོད་པ་རེད། གང་ཡིན་ཟེར་ན། མཆན་དང་རྩོམ་ཡིག་འདི་འདྲ་འབྲི་མཁན་གྱི་གྲས་ཀྱིས་སྤྱི་ཚོགས་འདིའི་ནང་གི་ཆེས་ཐ་ཤལ་གྱི་ཀུན་སྤྱོད་བཟུང་ཟིན་པ་རེད། འདི་དག་གིས་འདྲེ་ཤར་སྒོར་གནས་པ་ལ་གླུད་ནུབ་སྒོར་གཏོང་བ་རེད། འདི་དག་གིས་མཆེ་བ་གཙིགས་ནས་མི་གསོན་པོ་ཟ་གི་རེད། འདི་དག་གིས་བདེན་པ་རྒྱབ་ཏུ་བསྐྱུར་ནས་རྫུན་མའི་གདོང་འབག་ལྕགས་ཀྱིས་ཤན་པ་གོན་གི་རེད། འདི་དག་གིས་ཤེས་རབ་ཀྱི་རལ་གྲིའི་ཚབ་ཏུ་རྨོངས་པའི་དར་ཆེན་འཕྱར་གི་རེད། སྔོན་གྱི་མཁས་པ་ཚོས་མཁས་པ་ལ་མི་སྐྲག བླུན་པོ་ལ་སྐྲག་ཟེར་བ་ཡང་འདི་དག་ཡིན་པ་རེད།
ད་དུང་།
ད་དུང་།
ད་དུང་་་
རྒན་དགེ་འདུན་རབ་གསལ་ལགས།
དོན་ཆུང་འདི་ཚོ་ལ་མ་སྐྱིད་པ་བྱས་ནས་མ་སྡོད། ཆེན་པོ་ལ་བསམ་བློ་གཏོང་བཞིན་ཆུང་ཆུང་དེ་ཚོ་གཡུག་ཞོག མ་གཞི་ནས་རྒན་ཁྱེད་ཆོས་དང་རིག་གནས་ལ་མཁས་པའི་གྲལ་ལ་སླེབས་པའི་མི་ཆེན་པོ་འདི་འདྲ་ཞིག ཁ་བརྡ་དང་དུས་བབ་ནང་ཆལ་ཆོལ་དུ་དུས་གདའ་མཁན་ལ་ཁ་ཡ་བྱས་ན་ཁྱེད་ལ་སྐྱག་འདྲི་བགོ་བས། མཐོ་ས་ལ་ཞུགས་ནས་མུ་མཐུད་མཐོ་ས་དང་ཆེ་ས་དམིགས་ནས་བློ་རིག་དང་རྩལ་ལྡན་པའི་རྩོམ་གྱི་བྱ་བ་ལ་བཞུགས་དང་།
རྒྱལ་བའི་སྐུ་སྲུང་སྐོར་དེ་ཨ་རིའི་གསང་བའི་ལས་ཁུངས་ནས་དོ་དམ་ལེགས་ཐག་ཆོད་འདུག་པས། འདི་ལྟ་བུའི་འཇིགས་སྣང་སྐྱེ་དགོས་པ་ཞིག་དང་དངང་ཚབ་བྱེད་དགོས་པ་མིན་འདུག དེའི་སྐོར་ལ་ངས་བློ་གཟུ་བོའི་ཐོག་ནས་ཁྱེད་ལ་ཞུ་སྐབས། ཁྱེད་སྤྲོ་ལངས་ནས་ངའི་མཆན་ཚང་མ་མེད་པ་བཟོས་སོང་། སེམས་ནང་རྒན་ཁྱེད་ལ་རྒྱུ་མཚན་ཞུ་ས་མིན་འདུག ང་རྒྱལ་ཆེན་པོ་ཞིག་འདུག་སྙམ་བྱུང་ཡང་ཁ་རོག་འདུག་པ་ཡིན།
ང་རང་ཡང་ཁྱེད་ལྟ་བུའི་རིག་གནས་དང་མཁས་པའི་ཡོན་ཏན་མེད་རུང་། ཕ་མ་བཟང་པོ་དང་བླ་མ་བཟང་པོའི་བཀའ་འདྲིན་ཐོབ་མྱོང་མཁན་ཞིག་གི་མི་ལ་སོང་སྟབས། “གང་དུ་སུ་དང་འཕྲད་པའི་ཚེ། རང་ཉིད་ཀུན་ལས་དམན་ལྟ་ཞིང་།”ཟེར་བའི་ཚིག་འདི་བློ་ལ་ཡང་ཡང་སྐྱོར་ནས། བཟོད་པ་སྒོམ་བཞིན་ཁྱེད་ལ་སྔར་བཞིན་བསམ་པ་དཀར་པོ་ཞིག་གི་ཐོག་ནས་གཏམ་གླེང་ཞུ་བ་ལགས།
་་་་རྩོམ་ཡིག་དང་མཆན་བུ་དག་ལ་ སྟངས་འཛིན་བྱེད་བཞིན་པ་རེད། ཡིན་ན་ཡང་། །་་་་་་་་་་་་་་་་་་་
གྲོགས་པོ་ཚོས་ཕྲན་ལ་སེམས་གསོ་གནང་བར་བཀའ་དྲིན་ཆེ། དེ་ལས་ཀྱང་གྲོགས་པོ་ཚོས་ཕྲན་གྱིས་ཞུས་པ་དེ་ལ་ཐུགས་ཁུར་མཉམ་བསྐྱེད་གནང་བ་ལ་ཐུགས་རྗེ་ཆེ། དེ་ནས་ང་སྒེར་ལ་ཚིག་རྩུབ་སྨྲས་པ་ལ་ང་བློ་ཕམ་ནས་སེམས་མ་སྐྱིད་པ་དེ་འདྲ་ཡང་ཁྱོན་ནས་མེད། གང་ལྟར་ཐུགས་རྗེ་ཆེ་ཞུའོ༎
yy yyy
དུས་བབ་ནང་དུ་དགེ་རབ་རྫུན་མ་ཞིག་འདུག ད་དུང་ཚེ་རིང་སྐྱིད་རྫུན་མ་ཞིག་ཀྱང་ཡོད་ས་རེད། ནུབ་ཕྱོགས་སུ་ཡོད་པའི་བོད་མི་ཚོའི་ནང་ནས་ཉིན་གཅིག་ལ་ཡང་བོད་དོན་བརྗེད་མ་མྱོང་བ་དགེ་རབ་དང་ཚེ་སྐྱིད་སོགས་ལ་འདི་འདྲ་བྱས་ན་ལས་རྒྱུ་འབྲས་དང་མཐུན་གྱི་མེད་ཡ།
དེ་རིང་ངས་ཞུ་འདོད་པ་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཚོགས་པ་སྐྱིད་སྡུག་ཁག་གི་བར་ཚོགས་འདུ་ཆེ་ཆུང་གང་འཚོགས་ནའང་འདྲ། གྲོས་ཆོད་ཅིག་བཞག་ཚུན་ཆད། དོན་ཚན་དང་པོ་དེ་༸གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་དེ་རེད། དེ་ཚང་མས་ཚོགས་འདུའི་སྟེང་ནས་ཁྱོད་ལས་ང་སྔ་བའི་ཚོད་ཀྱིས་གླེང་བར་བྱེད། ཡིན་ནའང་། དོན་དངོས་མིག་ལ་བསྟན་ནས་ཡོང་སྐབས། དེ་ཚོ་སུ་གང་གིས་ཀྱང་ཁ་གྲག་མཁན་ཧ་ལམ་མི་འདུག་ཟེར་ན་ཧམ་པ་ཆགས་ཀྱི་མ་རེད། ལྷག་པར་དུ་ཆེ་ས་གཉན་ས་ལ་འཕྲད་ཡོང་དུས། དེ་ཚོས་མཐོང་ཀྱང་མ་མཐོང་མདོག་མདོག གོ་ཡང་མ་གོ་མདོག་མདོག་བྱེད་ཀྱི་རེད།
ཉེ་སྔོན་གཙུག་ལག་ཁང་ན་གསུང་ཆོས་ཡོད་པས་ཡིན་ནམ་ཅིག་གི་སྐབས་ལ། སྐུ་སྲུང་བ་ཚོས་ནམ་རྒྱུན་བཞིན་གཙུག་ལག་ཁང་གི་གཡས་གཡོན་སྒོ་ཆེན་གཉིས་ནས་མི་རེ་རེ་བཞིན་བསྔོག་བཤེར་གྱིས་ཆོས་རའི་ནང་བཏང་ཡོད་ནའང་། གཅིག་གིས་གསུང་ཆོས་ར་བ་ནས་ལག་འཁྱེར་ཁ་པར་ཡར་བཏོན་ཏེ། ག་ཤེད་ཅིག་ལ་ཁ་པར་ནས་གླེང་མོལ་གྱི་སྐབས་སུ། སྐུ་སྲུང་བ་ཚོས་མི་དེར་ཁ པར་སུས་འཁྱེར་ལབ་སོང་། འདིར་ཁ་པར་འཁྱར་ཡོང་ཆོག་གི་མ་རེད་ཅེས་གཤེ་བཤད་བྱས་སྐབས་སུ། མི་དེས། ང་ལ་ལུས་བཤེར་ཆ་ཚང་བཏང་ནས་སླེབས་པ་ཡིན། ངས་ནོར་མེད། ངས་ཁ་པར་འཁྱེར་ཡོང་མི་ཆོག་པ་ཧ་ཡང་གོ་མ་སོང་། རབ་ཡིན་ན། ད་གིན་སྒོ་ཁ ནས་ང་ལ་འཁྱེར་ཡོང་མ་བཅུག་པ་ཡིན་ན། དེ་ནས་རྙོག་དྲ་གང་ཡང་ཡོད་མ་རེད། ཅེས་གནས་ལུགས་བཤད་པ་ལ། སྐུ་སྲུང་བ་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་པས་ཨ་སོགས་ཟེར་ནས་མི་དེར་ནག་ཉེས་ཡོད་པའི་ཚུལ་གྱིས་ཆོས་ར་འུར་ལ་དཀྲོགས་ལ་ཁད་པ་བྱས་ཡོད་སྐད་ཐོས། འདི་ནི་རྡ་ས་ནས་བྱུང་བ་རེད། གྲོས་ཆོད་འདོན་མཁན་གྱི་ཚོགས་པ་མང་ཆེ་བའང་གཙུག་ལག་ཁང་དང་ཐག་མི་རིང་བའི་ས་ན་ཡོད་པ་རེད། བདེ་སྲུང་ལས་ཁུངས་ཟེར་བའི་སྐད་གྲགས་ཅན་དེ་ཡང་ཐག་ཉེ་འདི་ན་ཡོད་པ་རེད། སུ་གང་གིས་སྐུ་སྲུང་བ་ཚོར་གཞེན་སྐུལ་གནང་མཁན་བྱུང་མི་འདུག་ལ། ཐ་ན་དེ་སྐོར་གླེང་མཁན་གྱི་ཚོགས་འདུ་བ་དང་ཚོགས་པ་དེ་ཚོ་གང་ན་ཡོད་གོ་ཐོས་མེད་པའི་ཚུལ་གྱིས་བསྡད་སོང་། དེར་བློ་ཕམ་ཡོད་ཅེས་མང་པོས་ཤོད་ཀྱི་འདུག
འོ་རེད། མདུང་ཐུང་། ཁྱེད་ཀྱིས་སྒོམ་སྡེ་ལྷ་རམས་པས་མིང་ཚིག་ཁ་ཤས་ཀྱི་འགྲེལ་བཤད་ཇེ་རིང་ལ་བཏང་ནས་བསྡད་འདུག་མ་གཏོགས། དཀྲུགས་ཤིང་བརྒྱབ་པ་གང་ཡང་མཐོང་མེད་ན་ཁྱོད་དྲ་ཐོག་ཏུ་སླེབས་ནས་ཅང་མ་འགོར་བའི་དྲ་བ་གསར་པ་ཞིག་ཡིན་རྒྱུ་རེད། གལ་ཏེ་རྙིང་པ་ཞིག་ཡིན་ན་ནི་གོ་རམས་པའི་ལྟ་བའི་ཞན་འབྱེད་དུ། འདི་ལ་རོ་མི་ཞིམ་པ་ཡང་རོ་མཆོག་ཏུ།། སྣང་བ་ལ་སོགས་དག་སྣང་འབའ་ཞིག་གསུངས།། ཞེས་གསུངས་པ་ལྟར་ནང་གི་ཉམས་རྟོགས་ཚད་མཐོན་པོར་སླེབས་པས་ཕྱི་རོལ་དུ་མ་དག་པ་དང་སྡུག་བསྔལ་བའི་རྣམ་པ་གང་ཡང་མི་མཐོང་མཁན་ཞིག་ཡིན་ངེས་པས་ངས་ཁྱེད་ལ་གང་ཡང་ཞུ་རྔོ་ཐོགས་ས་མ་རེད། ང་ཚོ་སྣང་བ་མ་དག་པ་ཚོའི་ངོ་ལ་ནི་སྒོམ་སྡེ་འདིས་གུ་རུ་རིན་པོ་ཆེ་འདྲེ་རེད་ཟེར་བ་དང་། པད་མ་གླིང་པ་གཏེར་རྫུན་རེད་ཟེར་བ། དོལ་པོ་ཡབ་སྲས་སློབ་བརྒྱུད་དང་བཅས་ལ་ལྟ་ལོག་རེད་ཟེར་བ། དགེ་ལུགས་མ་གཏོགས་ཡག་པོ་གཅིག་ཀྱང་མེད་ཟེར་བ། བོད་ཀྱི་གཅིག་གྱུར་གྱི་ཆེད་དུ་དགེ་ལུགས་མ་གཏོགས་བོད་ལ་ཆོས་བརྒྱུད་གཞན་མེད་ན་ཡག་རབ་ཟེར་བ་སོགས་ཆེས་མ་རབས་ཐ་ཤལ་ཁོག་ནད་མ་རུང་བ་ཞིག་བཟུང་ཡོད་མཁན་དང་། གོ་སྐབས་ཡོད་ཚད་ལ་ཁོག་ནད་དེ་ཁ་ནས་ཐོན་ཅི་ཐུབ་བྱེད་མཁན་ཞིག་ལས་མཐོང་མ་སོང་བས། དེ་ལ་དེར་མཐུན་གྱིས་ཁ་བཏད་བཅག་པ་ཡིན། ད་དུང་ཡང་ཁ་གཏད་གཅོག་རྒྱུ་ཡིན། འོན་ཀྱང་དྲ་ཁང་འདི་ནས་མང་པོ་ཞིག་གླེང་འདོད་མེད། ང་ཚོ་རྒྱག་རེས་མང་པོ་རྒྱག་སྐབས་དྲ་རྒྱ་གཙོག་པ་བཟོ་རྒྱུ་མང་སོང་བས་སྐབས་རེ་ངོ་ཡང་གནོང་གི་འདུག དེ་ལ་དགོངས་དག་ཞུ་གི་ཡོད། གལ་ཏེ་དཔལ་འབྱོར་གྱི་ཉེས་ཆད་ཅིག་འབུལ་དགོས་ཀྱང་འབུལ་ངེས་ཡིན། དེར་བརྟེན་དྲ་ཁང་འདི་ནས་སྒོམ་སྡེའི་རྩོམ་ཡིག་ཚོའི་འོག་ལ་མཆན་མང་པོ་གཏོང་གི་མེད། ད་དེ་ཙམ་བྱོས།
རྒན་རབས་གསལ་ལགས་། ངས་བསམ་ན་ཁྱེད་ཀྱི་གནད་ཡོད་ཀྱི་རྩོམས་ཡིག་དེ’ འདིར་དྲ་ཐོག་ནས་ཡར་འདེད་མར་འདེད་བྱེད་པ་ལས་། ཉི་འོད་དོན་གཅོད་ཁང་ལ་ངོ་ཞུས་གཅིག། སྐུ་སྒེར་ཡིག་ཚང་ལ་ངོ་ཞུས་གཅིག། བཀའ་སྤྱི་གཉིས་ལ་རེ་རེ་དང་བདེ་བསུང་ལ་གཅིག་བཅས་ཕུལ་ནས་། མ་འོང་བར་འདི་ལྟར་སྐུའི་སྲུང་སྐྱོབས་ཀྱི་ཐད་ལ་ལྷོད་ཡངས་ཅུང་ཙམ་བཏང་ན་། སུ་ཞིག་གི་ལས་འགན་མ་སྒྲུབས་པ་འམ་མ་འགྲུབ་པ་ཡིན་པར་རྒྱུ་མ་འདེད་འདེད་ཞིག་བྱེད་གི་ཡིན་ལ་། དེ་དུས་སུ་གོང་འོག་བར་གསུམ་སུ་ཡིན་ཡང་ཞལ་ལ་འཛུབས་མོ་འཛུག་གི་ཡིན། ཞེས་གནང་ན་ལེགས་པར་བསམ། གནད་ཡོད་ཀྱི་དགོང་ཚུལ་འདི་ལ་༧རྒྱལ་བའི་སྐུ་ཕྱྭའི་ཐད་ལ་སེམས་ཐོག་པ་ཀུན་ཡོད་པ་ནི་ཞུ་མི་དགོས་པ་ཞིག་རེད་།
དངོས་ནས་བྱས་ན་ཤེས་ཡོན་པ་ཚོ་ནི་མིག་དཔེ་བལྟ་ས་དང་། ཤེས་ཡོན་པ་ཚོའི་ཁ་ནས་ཕན་པའི་བསླབ་བྱ་འབྲུ་སྣ་ཙམ་རེ་ཐོན་དགོས་པ་རེད་མོད། ཡིན་ན་ཡང་དེང་གི་ཤེས་ལྡན་པའི་མིང་འཛིན་པ་སྐོར་ཅིག་ནི་མིག་དཔེ་བལྟ་ཡུལ་དང་ཕན་པའའི་བསླབ་བྱ་ལེན་རྒྱུ་ཕར་བཞག དེ་ལས་ལྡོག་སྟེ་རྒན་རབ་གསལ་ལགས་ཀྱི་གསུང་བ་ཇི་བཞིན་༼ཡ་རབས་དང་བཟང་སྤྱོད་སོགས་ཕར་ཞོག་མཐའ་ན་རྐུན་ཇག་གི་གོ་བབ་ལས་ཀྱང་དམའ་རུ་སོང་སྟེ། ཁྱི་ཕག་གི་གཤིས་ཀ་ཙམ་ཡང་རང་རང་གི་མི་གཟུགས་ཧྲེང་ཧྲེང་བོ་དེའི་ཐོག་ན་མེད་པ་ལྟ་བུ་ཞིག་འདུག༽ ཟེར་བ་ཅི་མ་བདེན།
ཆུང་ཆུང་ཡིན་དུས་སུ་མི་རྒན་པའི་ཁ་ལ་ཉོན།།བྱ་བཞོན་པའི་སྒྲོ་ལ་ལྟོས་ཟེར་བའི་ལེགས་བཤད་དེ་ཡིད་ལ་འཛིན་པ་དང་། ལེགས་བཤད་དེ་དངོས་ནས་རེད་བསམ་བསམ་ཅིག་ཡོད། ཡིན་ན་ཡང་དེང་གི་དུས་འདིར་་་་་་་་་་་་?
༼སོག་པོ་ཞེས་པའི་ཐ་སྙད་ འདི་དེ་ཙམ་རྣར་མི་སྙན་ན་རྒྱ་དམར་དགྲ་རུ་འཛིན་པའི་གཅེན་པོའི་ཆོས་ཚོགས་རྒྱ་ བོད་སོག་གསུམ་གྱི་བྲོ་རར་རེ་བའི་གོང་ས་མཆོག་ལ་ཁག་འདེད་བྱས་ན་རན།༽དྲ་གྲོགས་རྣམས།
ངའི་སྐད་ཆ་འདི་ནི་ཧ་ཅིང་ཉེན་ཁ་ཅན་ཞིག་དུ་མཐོང་་གང་ཞེ་ན།
སྐད་ཆ་འདི་ལ་རྟེན་ནས་ངས་གོ་བ་ནི། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད༸གོང་ས་མཆོག་ལ་་་
སྐུ་ཚེ་ཧྲིལ་བོར་རྒྱ་དམར་དགྲ་རུ་འཛིན་པའི་རང་ཉིད་ཀྱི་སྐུའི་གཅེན་པོའི་འབད་པ་དུ་མས་བསྐྲུན་པའི་
ཆོས་ཚོགས་འདི་་་ རྒྱ་བོད་སོག་གསུམ་གྱིས་བྲོ་རའམ་གར་ཁང་དུ་བསྒྱུར་བའི་ཐུགས་རེས་སྔ་མོ་ནས་
ཡོད་པས། འདིས་བསྐོར་ལ་བསམ་ཚུལ་འམ་སྐྱོན་འདོགས་བྱེད་ན༸གོང་ས་མཆོག་ལ་ཁག་འདོག་བྱེད་པ་ལས་
ཨ་ཀྱྭ་བླ་མ་ལ་ལེ་ཁག་མེད་དོ། ཞེས་པ་ཞིག་གོ་སོང། ངའི་རེ་བ་ལ་རྩོམ་པ་པོས་འདི་ལ་རྒྱུ་མཚན་ལྡན་པའི་
འགྲེལ་བཤད་ཞིག་ཡོད་པར་ཞུ། དྲ་གྲོགས་ཤེས་ལྡན་པ་དག་གིས་བསམ་ཚུལ་རེ་འདོན་པའི་རེ་བ་ཡོད་
རྗེས་ནས་ཐུག་ད་བདེ་བོ་་་ཆོ་མི་འདུག།