ཐེ་འོད་ཟེར།
དུག་འབུ་འདི་ནི་རང་ཚུཊ་ཅན་ཞིག་སྟེ།།
དཔོན་ཆེན་དག་ལ་ངོ་སོ་མི་སྟེར་ལ།།
ཉམ་ཆུང་ཅན་ཚོར་ལྷག་ཏུ་མི་སྡང་བའི།།
རྒྱུ་འབྲས་བརྩི་བའི་འབུ་འདི་མི་ལས་བཟང་།།
སྒང་ནས་རྫིག་ཉམས་བསྟན་ནས་མི་བཞུཊ་པར།།
འོག་ནས་མགོ་བོ་བསྒུལ་ནས་མི་འདུག་ལ།།
ས་ཕྱོག་དབྱེར་མེད་འཛིན་ལྟངས་གཅིག་ཡིན་པའི།།
དུག་འབུ་འདི་ནི་དཔའ་རྒོད་གཞུངས་དྲང་ཞིག།
ཉིན་མོར་སྦས་ནས་འདུག་སྟངས་མ་ལོབས་པར།།
མཚན་མོར་འདྲེ་བཞིན་འཇབས་ནས་མི་འགྲོ་ལ།།
ངོ་ཚ་ཁྲེལ་ཡོད་བོར་བའི་མི་རྣམས་ལས།།
དུག་འབུ་འདི་ལ་བཟང་ཆ་མང་ཙམ་གདའ།།