རྟ་དབྱངས་ཀྱིས་ཐད་བསྒྱུར་བྱས།
སྤྱི་ལོ་ 2020 ཟླ་བ་4 ཚེས་7 ཉིན། ད་ལྟ་རང་ཁ་ན་ཊའི་(cbc news) གསར་ཁང་ལ་ཏོག་དབྱིབས་ནད་དུག་སྐོར་གྱི་དྲི་བ་སྟོང་ཕྲག་མང་པོ་དྲིས་དང་འདྲི་བཞིན་ཡོད་པ། དཔེར་ན། (Social Distancing) མི་ཐག་བར་གཅོད་ཟེར་བ་ལྟ་བུ་རེད། འོན་ཀྱང་། འཕྲོས་བཤད་ཉུང་ངུ་ཞིག་ལ། མི་རེ་འགས་སྤྱི་ཚོགས་རྒྱང་སྡོད། སྤྱི་ཚོགས་རྒྱང་འགྱེད། སྤྱི་ཚོགས་རྒྱང་བཀྱེད་ཅེས་བསྒྱུར་འདུག་པ་དྲྭ་ལམ་དུ་མཐོང་རྒྱུ་འདུག མ་ཟད་དེང་སང་གསར་ལམ་ཁག་ན་འདི་ལྟར་བརྗོད་བཞིན་པའང་འདུག Social Distancing or Physical Distancing མིང་ཚིག་འདི་གཉིས་གང་རུང་བརྒྱུད་ལམ་ཁག་ན་བེད་སྤྱོད་བྱེད་བཞིན་པ་མཐོང་རྒྱུ་འདུག དེར་བརྟེན་བདག་གིས་ཀྱང་མི་ཐག་བར་གཅོད་ཅེས་བསྒྱུར་ཡོད། བསྒྱུར་ཡོད་པ་དེ་ཡང་ཁར་བདེ་ཞིང་གོང་གི་དབྱིན་ཇིའི་མིང་དེ་གཉིས་ཆའི་དོན་དག་བདེ་ལེགས་ངང་སྟོན་ཐུབ་ཅིང་། ཕྲན་གྱིས་བསྒྱུར་བཞག་པ། མི་ཐག་བར་གཅོད་ཅེས་པའི་མིང་ཚིག་འདི་གོ་བདེ་བ། དོན་གསལ་བ་བཅས་ཀྱི་མིང་དོན་མཚུངས།
དེ་ན་བརྗོད་གཞིའི་སྟེང་དུ་སླར་འགྲིལ་བར་བྱ་སྟེ། དུག་སྦྲང་གིས་ཏོག་དབྱིབས་ནད་དུག་འགོ་ཐུབ་བམ་ཟེར་བ་འདི་དྲི་བ་སྟོང་ཕྲག་མང་པོའི་ནང་ནས་རྩེ་ཕུད་ལྟ་བུར་གྱུར་འདུག་སྟེ།
དེ་ཡང་དུག་སྦྲང་གིས་འགོ་ཐུབ་པའི་དུག་སྲིན་འགའ་ཡོད་ཀྱང་། ཏོག་དབྱིབས་ནད་དུག་འདི་འགོ་མི་ཐུབ་པ་རེད་ཅེས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་བརྗོད་འདུག་པ། ཁ་ན་ཊ་གསར་ཁང་གིས་འཛམ་གླིང་འཕྲོད་ལྷན་ཚོགས་ཀྱིས་བརྗོད་པ་དེ་ལུང་འདྲེན་བྱས་འདུག
ཏོག་དབྱིབས་ཁྱབ་གདལ་ཤིན་ཏུ་མགྱོགས་པའི་སྐབས་འདིར། འཇིགས་སྐྲག་དང་དྲི་བ་ཧ་ཅང་མང་པོ་བསླེབས་དང་སླེབ་མུས་སུ་མཆིས་ན། ང་ཚོས་མུ་མཐུད་དུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོོགས་ཀྱིས་བསྒྲགས་པའི་ཏོག་དབྱིབས་ནད་དུག་སྐོར་ལ་བལྟ་བར་བྱ།
དེ་ན་ཁ་དང་སྣ་དང་མིག་ལ་རེག་རྒྱུ་དེ་འཛེམ་པ། ལག་པ་ཡང་ཡང་བཀྲུ་དགོས་པ་ལས། གནམ་གཤིས་ག་ཚོད་དྲོ་ན། ཚ་དྲོད་25c ལས་ཆེ་ན་ཡང་འགོག་མི་ཐུབ་པ་རེད་འདུག མུ་མཐུད་དུ། རིམས་ནད་དེ་ང་ཚོར་འགོས་སོང་བ་ཡིན་ན་ཡང་། མི་མང་ཆེ་བ་ནད་དེ་ལས་དྲག་ཐུབ་ཀྱིན་འདུག གལ་སྲིད། ཁྱེད་ལ་གློ་བ་རྒྱག་པ། ཚ་བ་འཕར་བ། དབུགས་འབྱིན་རྔུབ་དཀའ་བ་བྱུང་ན། དུས་ཐོག་སྨན་པར་འབྲེལ་བ་བྱ་དགོས་པ་རེད།
གློ་ཤུགས་དྲག་རྒྱག་པ། ཐང་ཆད་པ། ཚ་བ་འཕར་བ་སོགས་བྱུང་ན། སྨན་ཁང་དུ་ངེས་པར་འགྲོ་དགོས་པ་ལས། སྐར་ཆ་བཅུ་རིང་ལ་དབུགས་འཛིན་ཐུབ་པ་དེ་འདྲ་བྱས་ནས་རང་ངོས་ནས་བརྟག་དཔྱད་དེ་འདྲིའི་རིགས་མི་བྱ་བར་ངེས་པར་དུ་སྨན་ཁང་དུ་འགྲོ་རྐྱང་བྱ་དགོས་པ་རེད།
དེས་བས་གཟབ་ནན་བྱ་དགོས་པ། སུ་དང་གང་གིས་སྐྱོབ་མི་ཐུབ་པའམ་སྲུང་མི་ནུས་པ་དང་། འཚིག་མི་ཐུབ་པའི་དངོས་པོ་འགའ་བགྲང་བར་བྱ།
གཉན་དུག་སེལ་བྱེད་ཀྱིས་གཟུགས་པོ་ཡོངས་རྫོགས་གཏོར་བས་ཀྱང་སྐྱོབ་མི་ཐུབ།
གནམ་གཤིས་ཚ་པོ་དང་གྲང་མོ་ག་ཚོད་ཡོད་ནའང་སྲུང་མི་ཐུབ།
ལག་པ་རྐམ་པོ་བཟོ་བྱེད་ཀྱིས་ཀྱང་དུག་སྲིན་དེ་འཚིག་མི་ཐུབ་པ་སྟེ།
སྨུག་ཕྱིའི་འོད་ཀྱིས་མི་འཚིག
ཚ་དྲོད་རླངས་ཤུགས་ཀྱིས་མི་འཚིག
གློ་ནད་འགོག་ཁབ་ཀྱིས་མི་འཚིག
སྣ་ལ་སྣུམ་བྱེད་རྫས་སྨན་གྱིས་མི་འཚིག
ཚྭ་ཆུ་གཙང་རྫས་ཀྱིས་མི་འཚིག
སྒོག་པས་མི་འཚིག
ཆང་གིས་མི་འཚིག
རྒན་པ་དང་གཞོན་པ་ཁྱད་མེད་དུ་འགོ་སླ་བ།
ནད་འབུ་འགོག་སྨན་གཉན་འཇོམས་ཀྱིས་ཀྱང་མི་འཚིག་སྟེ།
ཏོག་དབྱིབས་ནད་དུག་གསར་པ་འདི་ལ་སྨན་བྱེ་བྲག་པ་གང་གིས་ཀྱང་ཕན་པར་མ་ངེས་པས། ཁ་དང་སྣ་དང་། མིག་ལ་མི་རེག་པ། ལག་པ་ཡང་ཡང་བཀྲུ་དགོས་པའི་སྟེང་ལ། མི་ཐག་བར་གཅོད་བྱ་དགོས་པ་དེ་སྒྱུར་རྩོམ་འདིའི་ཡང་སྙིང་ཡིན་པས། སླར་ཡང་ང་ཚོ་ཚང་མས་བརྩོན་པར་བྱའོ།།
ལགས་སོ།
ལེགས་ལེགས། གཞན་ལ་ཕན་ཕྱིར་བཤད་པ་ལེགས།
ནད་དུག་འདི་ལ་སྨན་ཁབ་མེད་པ་ཅི།
འཛམ་གླིང་ནང་ལ་སྨན་པ་མཁས་པ་མང།
མཚན་རིག་མཁས་པས་བར་སྣང་འགྲུལ་བསྐྱོད་བཟོས།
ནད་ལ་སྨན་ཁབ་བཟོ་རྒྱུ་དཀའ་དབང་གིས་།
མི་ཡིས་ཚེ་སྲོག་ཤོར་བ་ཉུང་ཉུང་མིན།