(རྒྱལ་གཅེས་པ་ཞིག་གི་རང་ལུས་མེ་རུ་སྒྲོན་པ་ཡང་ཡང་དྲན་ཆེད།)
རྡོ་རྗེ་ཚེ་རིང་།
ཤ་ཡི་མེ་ཏོག་ང་ཡི་མགོ་ལ་གཏོར།།
ཁྲག་གི་མཚོ་ཞིག་ང་ཡི་སེམས་སུ་བསྐྱིལ།།
སྐུ་ལུས་མེ་དང་གླན་པའི་ཚིག་དྲི་དེ།།
ང་དབུགས་ཀྱི་རྒྱུ་བར་གཤིབ་ནས་ཡོད།།
ཉིད་ཀྱི་རྟོག་པ་གཞན་དུ་འཕོ་ཡིན་ཡང་།།
ཁྱོད་ཀྱི་སྐུ་ལུས་ཐལ་བར་བསྒྱུར་ན་ཡང་།།
རང་སེམས་ཤ་འདིའི་རྒྱུ་ཆ་སྙི་མིན་ན།།
ང་ཡི་རྣོ་བསམ་གདུང་བ་བཟོད་པར་དཀའ།།
མི་ལ་ཐོབ་པ་མི་ལུས་རིན་ཆེན་དང་།།
ཚེ་ཡི་ཐག་པའི་རིང་ཐུང་མ་ངེས་ཀྱང་།།
ཉིད་ཀྱིས་ཡོད་ཚད་བཏང་པའི་བྱེད་ལུས་འདིས་།།
ང་འདྲའི་སྙིང་ལ་ཁྲག་གི་མདུང་ཞིག་བརྡབས།།
ཁྱོད་ཀྱི་བསྐྱུར་བའི་ཡུལ་མི་དགོན་སྡེ་དང་།།
ཁྱོད་ཀྱི་བཞག་པའི་རི་ཆུ་ནགས་གསུམ་གྱིས།།
ད་དུང་ཀྱི་ཉིད་ཀྱི་ངོ་གདུང་བརྗེད་མེད་པས།།
ཤ་དང་ཁྲག་གི་མཆོད་སྦྱིན་གཏོང་བཞིན་གདའ།།
མི་ཡི་ཡུལ་དུ་མི་ངོ་མ་ལོན་པའི།།
ལུས་ངག་ཡིད་གསུམ་བོད་ལ་འབུལ་ཟེར་བའི།།
ང་འདྲའི་ཚོགས་ཀྱི་སྡར་མ་ཁ་མཁས་ཚོར།།
དུད་སྤྲིན་ནག་པོས་དྲི་བ་ལན་གཅིག་དྲིས།།
ནམ་ཡང་འགེག་མེད་རྣམ་ཤེས་གསོན་པོ་ཞིག།།
ནམ་ཡང་འགྱུར་མེད་རིག་ཞེན་གཙང་མ་ཞིག།།
ནམ་ཡང་གཟིམས་མེད་མར་མེ་ཚེ་འབར་ཞིག།།
ནམ་ཡང་ཆོལ་གསུམ་སྤུན་ཟླའི་དྲན་ཤིང་ཞིག།།
དངོས་གྲུབ་དང་ཕུན་ཚོགས་གཉིས་རྒྱལ་གྱུར་ཅིག
རྣམ་ཤེས་སྐྱེས་པའི་ཐོག་མ་མེད། །
རྣམ་ཤེས་ནམ་ཡང་འཆི་བ་མེད། །
རྣམ་ཤེས་འགག་པའི་དུས་ཡང་མེད། །
རྣམ་ཤེས་རེ་བས་ལ་རྒྱ་འབར། །
དངོས་གྲུབ་དང་། ཕུན་ཚོགས་གཉིས་ནི། བརྗེད་དུ་མེད་པའི་བོད་ཀྱི་དཔའ་བོ་རྣམ་པ་གཉིས་སོ། །
སྐྱེས་པ་བོད་དུ་བླངས་པའི་བླངས་བཀོད་ཆོད།།
ལ་རྒྱ་ཁ་ནས་བཤད་པའི་བཤད་དོན་ཆོད།།
ཁྱོད་ཀྱིས་ཁྲག་གིས་སྒྲོན་བའི་མེ་ལྕེ་དེ།།
བདག་གི་སྙིང་གི་དཀྱིལ་ན་ནམ་ཡང་འབར།།
དཔའ་བོ་ནི་ནམ་ཡངདཔའ་བོ་ཡིན། ཁོང་ལ་དུས་ནམ་ཡང་གུས་འདུད་ཞུ།
ཚིག་ཙམ་ལས་མ་བྱུང་ནའང་རྒྱབ་སྐྱོར་དང་རྗེས་དྲན་ཞུ་འདོད་བྱུང།
རང་དབང་དཔལ་ལ་ལོངས་སྤྱོད་ཆེད།།
རང་ལ་གཅེས་པའི་ལུས་སྲོག་ཀྱང།།
རང་གིས་མེ་ལྷའི་ཞལ་དུ་བསྟབས།།
རང་དབང་ལས་ལྷག་ཅི་ཞིག་དགོས།།
སྐུ་ལུས་དེ་མེ་རུ་སྒྲོན་་་་་སྒྲོན་ཚར་ཡང་གཟིམས་མ་ཚར་་གཟིམས་མ་ཚར་བའི་མེ་ལྕེ་དེ་་་་བོད་ཡུལ་སྟོད་སྨད་བར་གསུམ་རྒྱུད་ནས་་་་འཛམ་བུ་གླིང་ལ་མཆེད་་་་མེ་ལྕེ་དེས་་་་་ཡོད་ཚད་ལ་འོད་སྣང་སྤྱིན་
དྲ་གྲོགས་ཚོ་ཕེབས་པར་དགའ་ནད་ཡོད།