མེ་ཚེལ།
ཨ་ཁ་ཁ། ཁེར་ཉིན་གཤེགས་པའི་ནུ་བོ་ལ་བསྔོ་རྟེན་ཞིག་འབུལ་བསམ་མོད། ལྷ་ཁང་ནང་ན་གླུ་སྐད་གྲག་དོན་ཅི་ཡིན་ནམ། དེ་འདྲ་དཔེ་མི་སྲིད། ངའི་རྣ་བ་འཁྲུལ་་ནི་ལོས་ཡིན།
ཡ། ད་ལྟས་ངན་རིག་ཐལ། ལྷ་ཁང་གི་ཚོམས་ར་ན། སྐབས་རེར་གཡི་པགས་ཁ་ཤོ་སྣ་ཤོ་གར་སྟབས་ལིང་ངེ། ཤིང་ཐོ་ཁོག་སྟོང་ཐན་སྐད་དིར་རེ། ཁྲམ་པ་འཛུམ་མདངས་ཡལ་ལེར་འདུག སྐབས་རེར་མྱ་ངན་གྱི་གདོང་འབག་གྱོན་ཏེ་མ་ནི་འདོན་པར་གདའ།
དུར་ཐང་གི་ཞབས་བྲོ་དེ་མཐོང་བ་ན། ཉི་ཟླ་སྐར་གསུམ་ཡང་འཇིགས་ནས་གླིང་གཞན་དུ་བྲོས། དེ་རིང་ལྷ་ཁང་ལ་མུན་ནག་འཐིབས་འདུག་པས། ངས་དཔའ་བོ་དཔའ་མོའི་རྣམ་ཤེས་ལ་ཡིད་སྤྲུལ་གྱི་མར་མེ་ཚེ་འབར་ཞིག་སྒྲོན་ཡོད།
༢༠༡༢-༡༢-༡༠ ཉིན་བྲིས།