བོད ལྷ་ཀླུ་གཉན་གསུམ།
འདི་ལྟར་ཆས་ཤུལ་དུ མིག་ཆུ་མེད་པའི་རི་གྲོང་དེ་ནས
ངས་ཅི་ཡང་ཐོས་འདོད་མི་འདུག་ལ ཁྱེད་ཀྱིས་ཀྱང་
གཅིག་བྱས་ན རི་རབ་ལྟ་བའི་གཟི་བཞིན་ཡོད་ཚད
རྨི་ལམ་ནང་དུ་སྤས་མ་མྱོང་བའི་མཛའ་མོ་ཞིག་གི་ཞལ་རས་ལྟར
ཁྲག་དྲི་ལས་ཀྱང་འདར་ཟུག་མེད་པའི་ནངས་མོ་དེར
བཞི་ཤད་བྲིས་པའི་ན་ཟུག་སློང་མཁན་གྱི་མི་དེ་ནི
གཟོད་ནས་ཁྱེད་ཚང་གི་སྒོ་འགྲམ་དུ་ངུས་ཚར་པའི་མི་བཞིན
ང་དང་ཁྱེད་ཀྱི་བར་ཐག་གི་ཕྱི་ནང་ཡོད་ཚད་དུ
ག་ལེར་རྨས་མ་ཐག་པའི་ནད་པ་དེ་ཐུག་སྐབས
ཁུ་སིམ་མེར་རུས་པ་ཞིག་སྟོར་སྲིད
ཁྱེད་དང་བར་སྣང་གི་སྤྲིན་པ་དེ་ཡང་
ང་དང་གཙང་བོའི་ཕར་ཚུར་གྱི་གླུ་སྐད་ཅིག
བྲག་ཆ་བཞིན་ངེས་མེད་དུ་རྒྱུ་བའི་སྐྱི་སེར་རླུང་བུ་ལྟར
བེམ་པོ་མང་བའི་དུར་ས་ཞིག་དང་མཚུངས་པར
དེ་དུས ་་་་་་་་་་་་་་་་་་་་་་་་་
དུར་ས་ནས་རོ་ཞིག་གི་སྐད་རེད་འདུག མིས་མི་གོ་ཁོ་ཐག་རེད། ངས་ནི་གང་ཡང་མ་གོ་ཐལ།
མེ་ཏོག་དཀར་པོ་ལགས། ཁག་མེད་ཀི དེང་སང་རོ་ཞིག་སྲུང་དེ་བསྡད་ཡོད་པའི་སྣང་བ་ལས་གང་ཡང་འཁོར་གྱི་མི་འདུག ཉིད་ཀྱིས་ཀྱང་རོ་བདག་མེད་པའི་དུར་ས་ཞིག་ནས། གང་ཡང་མི་གོ་བའི་སྐད་ཆ་མ་བཤད་པ་དེར་འཁང་ར་བྱེད་ཆོག་ཆོག་ཡིན་ལགས།
གང་ཡང་མ་གོ་བས་མ་གོ་སྟངས་བཤད་ཐབས་གང་ན་ཡོད། ཤ་ཁྲག་རུས་གསུམ་ལགས།
ངས་མ་ཤེས་མདོག་དང་དམའ་འབེབས་སོགས་གང་མིན་ཏེ་དོན་ཅི་ཡང་མ་གོ་ཐལ། ཤེས་འདོད་ཀྱ་མ་བྱུང་