–རྭ་འཕྲིན།
ཁྱེད་ནི་་་་་་་
འོས་ཤོག་མེད་ས།
ཆབ་སྲིད་མེད་ས།
ཕྱོགས་ཞེན་དང་འཐེན་འཁྱེར་མེད་ས།
མ་ཚད་ནང་འཁྲུག་ཀྱང་མེད་ས་ཞིག
གནས་འདི་ན་གོ་སྐབས་དམ་འཛིན་བྱེད་ས་མེད་ལ།
སྒེར་དོན་གཉེར་ས་ཞིག་དེ་བས་ཀྱང་མེད།
ཡོད་ཚད། ཁུ་སིམ་སིམ་་་་་
ཁྱེད་ནི་་་་་
ཐོབ་ཐང་གཅིག་ས།
གོ་ས་གཅིག་ས།
གནས་སྟངས་གཅིག་ས།
སྐྱིད་སྡུག་གཅིག་ས།
དངོས་གནས་འདྲ་མཉམ་གྱི་གནས་མཆོག་ཅིག་སྟེ།
ཐ་ན་་་་་
འོས་ཤོག་འཕེན་སའི་འོས་སྒམ་ཞིག་ཀྱང་མེད།
ཡོད་ཚད། འཇམ་ཐིང་ངེར་་་་་
ང་རྟག་ཏུ་ཁྱེད་ཀྱི་པང་དུ་འཁྱུད་ན་འདོད།
༢༠༡༦-༢-༡༧
རྩོམ་དེ་དེ་འདྲ་ཡག་བ་ལ།
ཨ་རོགས། མེད་ས་རྐྱང་རྐྱང་དགོས་ན་བྲག་ཕུག་ནང་སོང་སྟེ་སྒོམ་རྒྱོབས།
ཧ་ཧ་ཧ།
གཅིག་ས་རྐྱང་རྐྱང་དགོས་ན། དགོན་པར་སོང་སྟེ་གྲྭ་བ་བྱོས།
ཧ་ཧ་ཧ།
བྱ་འཕུར་བདེ་མོ། དེང་སང་བྲག་ཕུག་དང་དགོན་པ་གང་ན་ཡིན་རུང་བརྡ་རྟགས་འདུག། ་་་་་་་་་་་་་་་་་། ་་་་་་་་་་་།