བོད ལྷ་ཀླུ་གཉན་གསུམ།
མི་ཞིག་གིས་ཁྱེད་རང་ངོ་ཤེས་མིན་གྱི་གནད་དོན་དེ་ལས་གཞན་ཞིག་གང་ཡོད་ཟེར་ནས་རང་ གི་ངོ་གདོང་སྐྱ་བོ་འདི་ལ་ཞིབ་དུ་བལྟས་དུས་སུ། དོན་དངོས་སུ་རང་ཉིད་ནི་གསང་སྤས་ཀྱི་དུར་སྒམ་ཞིག་གི་ནང་དུ་རུལ་ཚར་བའི་རུས་ རྐང་ཞིག་ལས་གང་ཡང་མེད་པར་མཐོང་།
ཕན་ ཚུན་གྱི་ཞེན་མདངས་ཟབ་མོ་ཞིག་གི་དབང་དུ་སོང་ཡོད་རྒྱུ་ན། ངས་ཀྱང་དེ་རིང་གི་གནམ་གཤིས་འདི་ཡང་བཟོད་བསྲན་མི་ཐུབ་པའི་སྔ་གཞུག་གི་སྨྱོ་ལ་ཁད་ཀྱི་སྣང་བརྙན་འདི་ཁྱེད་རང་གི་གམ་དུ་སྟོན་འདོད་ཅིག་གང་ནས་ཡོད།
དུད་ དེ་འགྲོ་བ་ཡོད་ཚད་ནི་མི་ཤེས་ཤིང་། ཚོར་བ་མེད་པ། ཉེ་རིང་ཆགས་སྡང་མེད་པ་ཞིག་དུ་འདོད་ཀྱིན་པའི་ཁོར་ཡུག་ཞིག་ནས་རང་གི་དུར་ས་ལྟ་བུའི་མགོ་མཇུག་སྐྱུར་མོ་ཞིག་གི་འཁྲབ་གཞུང་བྲིས་པའི་ནངས་མོ་དེར། ཞོགས་ཇ་ཚ་བོ་ཞིག་བསྐོལ་ནས་འཇོག་མཁན་གྱི་ཐག་རིང་གི་སྙིང་དུ་སྡུག་པ་དེ་ནི་རྨི་ལམ་ལྟ་བུ་ཞིག་ལས་མེད་དོན་རང་ལས་ཤེས་མཁན་ཡང་རྙེད་མེད་ཚོད་དུ་གྱུར་བ་རེད།
ང་ ནི་ང་ལ་གཏོགས་པའི་རིགས་དེ་ལས་གཞན་གང་ཡང་མིན་རྒྱུ་ན། ངས་གང་ཡང་བྱེད་མི་འདོད་པར། སྐྱི་འབག་འཐིག་པོ་ཞིག་དང་། ངོ་དགོང་སྐྱ་བོ་ཞིག་གི་ནམ་ཟླའི་ཁྲོད་དུ་བོར་ཟིན་པ་དང་རྙེད་སྲིད་པ་མཐའ་དག་ལ་ ཞེན་ཆགས་ཀྱི་འཕར་རྩ་གཏན་ནས་ལྡིང་དཀའ་བའི་གནད་ཅིག་ལ་གྱུར་བའི་བེམ་པོ་སྲུང་ མཁན་གྱི་ཁྱེད་རང་ནི་མིའམ་འདྲེ། ཡང་ན། རུལ་ཟིན་པའི་རྣམ་ཤེས་ཤིག་གི་དབུགས་སྔ་སྐྱོང་མཁན་ཁོ་ན་ལས། གནས་ངེས་མེད་དུ་འཁུར་བཞིན་སྡོང་ལོ་བཞིན་ཟེགས་ཀྱིན་ཡོད།
འདིར་བོད་ནང་གི་གཞས་ཞིག་ཡོད་ལ་གཞས་དེའི་ནང་དོན་ནི་འདི་ལྟར་ཡིན། http://www.youtube.com/watch?v=AYTI10UssIk&feature=related
ཨ་རོ་ལོ། མགོ་ལ་སྐྲ་གཞུག་ནག་པོ་བཏགས།།
ལམ་གླ་བླངས་ནས་ལམ་སང་བྲོས།།
ཨ་རོ་ལོ། བསོད་ནམས་སྟོབས་རྒྱལ་རྒྱན་ཆ་རེད།།
བསོད་ནམས་སྟོབས་རྒྱལ་རྒྱན་ཆ་རེད།།
ཨ་རོ་ལོ། ཕྱི་ལ་གྲྭ་ཆས་དམར་པོ་གྱོན།།
ནང་ལ་སླེབས་དུས་ནག་མོ་རུམ༎
ཨ་རོ་ལོ། ཨོ་རྒྱན་སྟོབས་རྒྱལ་རྒྱན་ཆ་རེད།།
ཨོ་རྒྱན་སྟོབས་རྒྱལ་རྒྱན་ཆ་རེད།།
ཨ་རོ་ལོ། བཙན་བྱོལ་བོད་གཞུང་ཁྲིམས་སར་བསྐྱལ༎
གྲོས་ཚོགས་ནང་དུ་མུར་ཙོག་སྒོང།།
ཨ་རོ་ལོ། ཟླ་བ་ཚེ་རིང་རྒྱན་ཆ་རེད།།
ཟླ་བ་ཚེ་རིང་རྒྱན་ཆ་རེད།།
ཨ་རོ་ལོ། སྤྱི་དགྲ་སྟེང་ལ་དར་ལས་འཇམ༎
ཁམས་དགྲ་སྟེང་ལ་སྟག་ལས་ངར།།
ཨ་རོ་ལོ། འཇུ་ཆེན་བུ་མོའི་རྒྱན་ཆ་རེད།།
འཇུ་ཆེན་བུ་མོའི་རྒྱན་ཆ་རེད༎
ཨ་རོ་ལོ། ལངས་ཀྱང་བསྡད་ཀྱང་རིང་ཐུང་གཅིག།
གྲོས་ཚོགས་གཏོར་བའི་བྱུར་སྣ་འདྲེན༎
ཨ་རོ་ལོ། སྒྲོལ་དཀར་ལྷ་མོའི་རྒྱན་ཆ་རེད།
སྒྲོལ་དཀར་ལྷ་མོའི་རྒྱན་ཆ་རེད།
ཨ་རོ་ལོ། མགོ་ལ་བལྟས་ན་དགེ་སློང་འདྲ།།
ཟམ་གདོང་མཐོང་ན་ཞེན་པ་ལོག།
ཨ་རོ་ལོ། བསྟན་འཛིན་མགོན་པོའི་རྒྱན་ཆ་རེད།།
བསྟན་འཛིན་མགོན་པོའི་རྒྱན་ཆ་རེད།།
ཨ་རོ་ལོ། མགོ་དང་གདོང་པ་ར་བཟི་འདྲ༎
ཚོགས་གཙོ་བསྡད་ནས་གྲོས་ཚོགས་གཏོར༎
ཨ་རོ་ལོ། སྤེན་པ་ཚེ་རིང་རྒྱན་ཆ་རེད།
སྤེན་པ་ཚེ་རིང་རྒྱན་ཆ་རེད།