—-ཀརྨ་དཔལ་ལྡན།
བཀའ་ཤག་གིས་གོང་ས་མཆོག་ལ་དུས་དབང་ཐེངས་ 34 ཞུས་པ་ཞལ་བཞེས་ཐོབ་ཡོད་ཅེས་གསལ་བསྒྲགས་ཐོག་མ་དེ་ 2014 ཟླ་ 9 ཚེས་ 24 ཉིན་བྱས་ཡོད། དེ་ནི་བོད་ནང་ནས་རང་ལུས་མེར་སྲེག་གནང་མཁན་ལྷ་མོ་བཀྲ་ཤིས་འདས་གྲོངས་ཕྱིན་པར་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་མཆོད་འབུལ་ཉིན་ཡིན། སྐབས་དེར་སྲིད་སྐྱོང་གིས་འགྲེལ་བཤད་ནང་། ཟླ་བ་དགུའི་སྔོན་ནས་གསོལ་བ་བཏབས་ཚུལ་འགྲེལ་བརྗོད་བྱས་ཡོད། དེ་གཞིར་བཟུང་བྱས་ན། བཀའ་ཤག་གིས་གོང་ས་མཆོག་ལ་དུས་དབང་ཞུ་དུས་ནི། 2013 ལོའི་ལོ་མཇུག་ལ་འཁེལ་ཡོད།
2015 ཟླ་ 8 ཚེས་ 31 ལ་དུས་དབང་ཕྱིར་འགྱངས་ཀྱི་གསལ་བསྒྲགས་བྱས་ཡོད། ཐོག་མར་དུས་དབང་གསལ་བསྒྲགས་ནས་རྗེས་ལ་ཕྱིར་འགྱངས་གསལ་བསྒྲགས་བར་ཟླ་བ་བཅུ་གཅིག་ཕྱིན་ཡོད། 2015 ཟླ་ 8 ཚེས་ 31 ནས་ 2016 ཟླ་ 2 ཚེས་ 5 བར་ཟླ་བ་ལྔ་སོང་ཡོད། ཟླ་བ་ལྔ་འདི་ནི་དུས་དབང་ཕྱིར་འགྱངས་བྱེད་དོན་ལ་གླེང་གཞི་སྣ་ཚོགས་ཁྱབ་འཕེལ་དུས་ཚོད་རེད། དུས་ཡུན་འདིའི་ནང་ལ་དུས་དབང་ཕྱིར་འགྱངས་སྐོར་ལ་སྲིད་སྐྱོང་གིས་གསལ་བསྒྲགས་ཐེངས་གཅིག་དང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསལ་བཤད་ཡིན་ཞེས་ཕྱི་དྲིལ་་དྲུང་ཆེ་ལ་ཀློག་བཅུག་ནས་གསལ་བསྒྲགས་ཐེངས་གཅིག་བྱས་ཡོད། གསར་འགོད་གསལ་བསྒྲགས་དེ་གཉིས་ནང་ཕྱིར་བསྡུའི་སྐོར་གྱི་གནད་འགག་དེ་མ་འདྲ་བ་གཉིས་ཆགས་ཡོད། གསལ་བསྒྲགས་སྔ་ཕྱི་གཉིས་ནང་འགལ་ཆགས་སྟབས། དངོས་དོན་གསལ་རྟོགས་ཀྱི་ཚབ་ལ་དོགས་པ་ཇེ་ཆེ་དང་མགོ་བོ་ཇེ་རྨོངས་ལ་བཏང་ཡོད། དེའི་སྒང་ལ་སྲིད་སྐྱོང་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་ཀྱི་གསལ་བཤད་དེ་ཡང་དོགས་པ་སེལ་བའི་གསལ་བཤད་ཅིག་ཆགས་མེད། གཤམ་གྱི་དྲི་བ་གསུམ་ལ་ལན་གསལ་་ཞིག་བྱུང་བ་ཡིན་ན། དུས་དབང་ཕྱིར་འགྱངས་དགོས་དོན་གསལ་པོ་ཆགས་འགྲོ་བའི་རེ་བ་བྱེད་ཀྱིན་ཡོད།
1༽ 2015 ཟླ་ 8 ཚེས་ 31 ཉིན་དགའ་ལྡན་ཕོ་བྲང་ནས་གསལ་བསྒྲགས་བསྐྱངས་པའི་ནང་། ༼དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཕྱིར་འགྱངས་བྱས་པ་ཡིན་ཞེས་གསལ་ཡོད། 2016 ཟླ་ 2 ཚེས་ 5 ཉིན་བཀའ་ཤག་གིས་དུས་དབང་ཕར་འགྱངས་སྐོར་ལ་གསལ་བཤད་བྱས་པའི་ནང་། དགའ་ལྡན་ཕོ་བྲང་གིས་མར་བཀའ་གནང་བ་ལྟར་ཕྱིར་འགྱངས་བྱས་པ་ཡིན་སྐོར་གསལ་ཡོད། ཡར་ཞུས་ནས་རེད་དམ་མར་ལ་བཀའ་གནང་ནས་ཕྱིར་འགྱངས་བྱས་པ་རེད་དམ། ད་དུང་ཡང་མང་ཚོགས་ཀྱི་དོགས་པ་སེལ་ཐུབ་མེད། དུས་དབང་ཕྱིར་འགྱངས་སྐོར་གསལ་ཁ་འདོན་མི་ཐུབ་དོན་གང་ལ་ཐུག་ཡོད་དམ།
2༽ དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་དགོངས་དོན་ལ་བརྩིས་ནས་ཡིན་ཞེས་ཀྱང་གསལ་བཤད་ནང་བཀོད་ཡོད། དམིཊ་བསལ་ཚོཊ་ཆེན་ཐེངས་གཉིས་པ་ནི། 2012 ལོའི་ཟླ་ 9 པའི་ཚེས་ 25 ནས་ 28 བར་ཚོགས་ཡོད། དམིགས་བསལ་ཚོགས་ཆེན་ཚར་ནས་ཟླ་བ་གཉིས་ཀྱི་རྗེས་དེར། བཀའ་ཤག་གིས་གོང་ས་མཆོག་ལ་དུས་དབང་གསོལ་སྩལ་སྐྱབས་འཇུག་ཞུས་ཡོད། དམིགས་བསལ་ཚོགས་ཆེན་སྐབས་གོང་ས་མཆོག་ལ་མཛད་རིམ་མང་དྲགས་འདུག སྐུ་ངལ་གསོ་བའི་དུས་ཚོད་དགོས་ཀྱི་འདུག་ཅེས་ཚོགས་ཆུང་ཚང་མའི་ནང་བགྲོ་གླེང་བྱུང་ཡོད། དེ་རྗེས་གྲོས་ཆོད་ནང་བཀོད་པ་རེད། གྲོས་ཆོད་ཀྱི་དགོངས་དོན་ལག་བསྟར་ཞུ་འདོད་ཡིན་ན་ནི། གྲོས་ཆོད་ཀྱི་དྲོད་མ་ཡལ་གོང་དེར་བརྩི་བ་དགོས་པ་དྲན་དགོས་རྒྱུ་ལ། དེ་དུས་ནི་བཀའ་ཤག་གིས་དུས་དབང་ཞུ་བ་དེ་མཛད་དཀའ་ཞིག་ལ་ངོས་བཟུང་མེད། ཕྱིས་སུ་རིམ་པའ་སྲིད་སྐྱོང་གིས་འོས་བསྡུའི་གོ་སྐབས་དང་བསྟུན་ནས་དུས་དབང་ཆབ་སྲིད་ཆེད་བེད་སྤྱོད་བྱ་རྩིས་བྱས་པའི་དོགས་སློང་དེ་གྲོས་ཚོགས་ར་བ་བར་དུ་བྱུང་སྟབས། ཕྱིར་འགྱངས་བྱེད་དགོས་བྱུང་བ་རེད་ཅེས་གླེང་གིན་ཡོད་པར། གསལ་བཤད་གསལ་པོ་ཞིག་གནང་རྒྱུར་གཡོལ་ཐབས་བྱེད་དོན་ཅི་ཡིན་ནམ།
3༽ རྡ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་ཆུ་སྒང་དབུས་རྒྱུན་ཁང་གི་བརྟན་བཞུགས་དེ་གོང་ས་མཆོག་གིས་བཀའ་ཤག་དང་ལྷན་དུས་དབང་སྐབས་གྲ་སྒྲིག་གནང་རོགས་ཞེས་ཞལ་བཞེས་དང་བཀའ་གསལ་ཕེབས་ཡོད་པ་དེ་ལ་བཀའ་ཤག་གིས་ངོས་ལེན་བྱས་པ་ཡིན་ན། མདོ་སྟོད་ཆུ་སྒང་དབུས་རྒྱུན་གཉིས་ལས་རྡི་ལིའི་ཆུ་སྒང་ཕྱོགས་གཏོགས་ནས་སྲིད་སྐྱོང་བློ་སེང་དང་བཀའ་ཤག་ཁྲིམས་གཏུགས་བྱ་རྒྱུའི་ཉེན་བརྡ་བཏང་བ་རེད་ཟེར་བ་དང་། དེ་ཡང་རྡ་སའི་ཆུ་སྒང་དང་མཉམ་དུ་བརྟན་བཞུགས་ཡོང་ཐབས་མེད་གནས་ཀྱི་ཡི་གེ་གཏོང་ཉེས་བྱས་པ་ནས། མཐའ་མ་དེར་དགའ་ལྡན་ཕོ་བྲང་ནས་གནས་སྟངས་དེ་ཤེས་རྟོགས་བྱུང་བས། དུས་དབང་ཆབ་སྲིད་ལག་ཆར་བེད་སྤྱོད་བྱེད་བཞིན་པ་ལ་དགོངས་པ་ཚོམ་ནས་གོང་ས་མཆོག་གིས་ཕྱིར་འགྱངས་གནང་བ་རེད་ཅེས་མང་ཚོགས་ནང་གླེང་མོལ་འགྲོ་བཞིན་པར་ག་རེ་བྱས་ནས་གསལ་བཤད་གསལ་པོ་གནང་གིན་མེད་པ་ཡིན་ནམ།
དུས་དབང་ཕྱི་འགྱངས་སྐོར་ལ་བཀའ་ཤག་གིས་སྔ་ཕྱི་གཉིས་ལ་གསར་འགོད་གསར་སྒྲག་གནང་བ་ཙམ་མ་ཟད་༧གོང་ས་མཆོག་གིས་ཞལ་ནས་རྐྱང་དེའི་སྐོར་ལ་འཛམ་གླིང་དད་ལྡན་བ་ཀུན་ལ་མ་གོ་མ་ཐོས་མེད་པ་བཀའ་སློབ་གསར་པོར་གནང་ཟིན་པ་ཞིག་ལ་ད་དུང་མི་རེ་ཟུང་ཞིག་ནས་དོག་པ་ཡོད་མདོག་མདོག་གིས་བྱ་ངན་སྤེལ་དང་སྤེལ་བཞིན་པ་འདིའི་༧གོང་ས་མཆོག་གཙོས་པའི་བོད་མི་རིགས་འདི་ལ་འཛོད་དཀའ་ཕལ་མ་གཅིག་བཟོ་བཞིན་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ རྒྱུ་མཚན་ནི་གལ་སྲིད་དུས་དབང་ཕྱི་འགྱངས་བྱས་མེད་པའི་དབང་དུ་བཏང་ན་ད་ལྟའི་ཆར་ཁོང་གི་སྐུ་ཡི་གནས་བབས་དེ་གང་འདྲ་ཞིག་ལ་བསླེབས་ཡོད་མེད་ཀྱི་ཐོག་ལ་བསམ་བློ་རེ་བཏང་མྱོང་ཡོད་དང་མེད་ མ་གཞི་དེ་རིང་༧ཁོང་གང་དུ་བཞུག་འདུག་ཅི་མཛོད་ཀྱི་འདུག་དེ་ལའང་དགོངས་པ་རེ་བཞེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོར་མ་ཡིན་ནམ་
ད་ང་ཚོས་དབུ་རུལ་པ་ཤངས་ཀྱིས་མ་ཚོར་བ་མ་གནང་ན་ཡག་གི་རེད་དཱ། སྲིད་སྐྱོང་མཆོག་གིས་སྡིངས་ཆ་ག་འདྲ་ཅིག་རྒྱུད་ནས་རྣམ་པ་ཅི་འདྲ་ཞིག་བསྟན་ཡང་བཀའ་ཤག་བརྒྱུད་ནས་གཞུང་འབྲེལ་གྱི་རྣམ་པ་བསྟན་ཡང་རེད། རླུང་འཕྲིན་ཁག་བརྒྱུད་ནས་སྒེར་གྱི་རྣམ་པ་བསྟན་ཡང་རེད། གང་ལྟར་དུས་དབང་ཕྱིར་འགྱང་གི་གནད་དོན་ཐུག་ས་ངོ་གནས་དེ་ཆུ་བཞི་སྒང་དྲུག་གསར་རྙིང་གི་རྙོག་གླེང་ལ་ཐུག་ཡོད་པ་མི་གཞན་པ་ལས་ང་ཚོ་ཁམས་རིགས་མི་མང་གི་སེམས་ལ་གསལ་ཐག་ཆོད་ཡོད་པ་རེད། དེ་མིན་ད་དུང་གནས་ཚུལ་མང་པོ་ཅིག་མཐོང་གི་མཐོང་གི་ང་ཚོས་སྡིག་པ་མིག་བཙུམ་བྱས་ན་གྱོང་རག་ས་བོད་སྤྱི་པ་ལ་རག་གི་གི་རེད། ལྷག་པར་ང་ཚོའི་ཡབ་མེས་བྱས་པ་ཅན་དག་ལ་ཡང་རྐང་རྗེས་ལག་སུབ་དང་ངོ་གནོང་དགོས་པ་ཞིག་མི་ཆག་པའི་ངེས་པ་མི་འདུག གང་ལྟར་ད་པར་དུ་ག་རེ་བཤད་ན་མ་བཤད་ན་བཙན་བྱོལ་གྱི་ལོ་རྒྱུས་ཁྲོད་ལ་ང་ཚོ་ཁམས་རིགས་མི་མང་གིས་གཟི་བརྗིད་ལྡན་པའི་ལེའུ་མང་པོ་ཅིག་བྲིས་ཡོད་པ་རེད། མདོར་ན་ད་ང་ཚོས་གཟབ་ཙམ་གནང་དགོས་པ་འདྲ། སྤྱིར་གཏང་ཆོལ་ཁའི་་ཞེན་ཁོག་ཟེར་པ་འདི་ཆབ་སྲིད་པ་ཁ་ཤས་ཀྱི་རང་དོན་སྒྲུབ་བྱེད་དང་ཆབ་སྲིད་ཀྱི་རྩེད་མོ་རྩེ་སྤྱད་ཡག་ཤོས་ཅིག་ཆགས་ཡོད། ངོས་ནས་བྱས་ན་སྲིད་སྐྱོང་སུ་སླེབས་ན་ང་ཚོ་ཆོལ་ཁ་བྱེ་བྲག་པ་དང་སྒེར་སོ་སོ་ལ་ཁེ་གྱོང་གང་ཡང་མེད་པ་གསལ་པོ་རེད། སོང་ཙང་ད་ནས་བཟུང་ང་ཚོས་རང་གིས་རང་མི་གཞན་པའི་ལག་ཆ་མ་ཆགས་པ་བྱེད་རོགས། ང་ཚོ་མདོ་སྟོད་རྒྱ་ཆེའི་མི་མང་གི་དྲང་ཚུགས་དང་ལྷག་བསམ་གྱིས་ད་པར་དུ་བྱབ་སྐྱེལ་ཡོད་པ་མ་རེད། ཡིན་ན་ཡང་གཟབ་གཟབ་མ་བྱས་ན་འཚམས་ལ་རེར་སྐབས་འཚོལ་བ་དཔེར་ན་སྤྲུལ་སྐུ་ཨུ་རྒྱན་སྟོབས་སོགས། ་ག་དུས་ཡིན་ན་ཡང་བོད་གཞུང་དང་གོང་ས༧མཆོག་ལ་ཞབས་ཞུ་ཚུལ་བཞིན་དུ་སྒྲུབ་མཁན་རྣམས་ལ་ཉེས་མེད་ཉེས་འདོགས་དང་ཁ་གཏད་རྐྱང་རྐྱང་བྱེད་མཁན་གྱི་མི་རེ་ཟུང་གིས་མགོ་སྐོར་འོག་ལ་ཚུད་མི་སྲིད་པའི་ངེས་པ་མི་འདུག འདི་དང་འདི་ལྟ་བུའི་མི་ཁ་ཤས་ཀྱིས་བྱེད་བབ་ལ་བལྟས་ཡོང་དུས་རྒྱབ་ལྗོངས་ལ་ཡང་དོགས་པ་མི་ཟ་རང་ཟ་ཆགས་ཡོང་གི་འདུག མདོར་ན་མི་རེ་ངོ་རེ་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་རྒྱུས་ལོན་མང་ཙམ་གནང་ནས་བྱེད་ཕྱོགས་མ་ནོར་རོགས་ཞེས་གསལ་འདེབས་ཞུ།།
དུས་དབང་སྐོར་གྱི་གནས་ཚུལ་་ཤེས་འདོད་ན་ཆུ་སྒང་གསར་བ་ལ་ཕྲིས་དང་གསལ་བོ་ཆགས་ངེས་རེད།
དྲི་བ་ཡོད་ན། འདི་གསུམ་ལ་དྲིས་དང་།
གཅིག རང་ཁ་རང་གསོ་ག་ཚོད་བྱུང་ཡོད་རེད།
གཉིས། གཅིག་སྒྲིལ་ག་ཚོད་ཙམ་བྱུང་ཡོད་རེད།
གསུམ། གསར་གཏོད་ག་ཚོད་ཙམ་བྱུང་ཡོད་རེད།
ད་ད་དུང་ཁང་རིན། ༸སྐུ་པར་དང་། དུས་དབང་དུས་འགྱངས་སྐོར་མ་དྲིས་པར།
ད་དུང་འདྲི་འདོད་ཡོད་ན།
གཅིག ལྷིང་འཇགས་གསུངས་པ་དེ། དངོས་གནས་རེད་དམ།
གཉིས། ༸གོང་ས་མཆོག་བོད་ནང་ག་དུས་འདྲེན་ཐུབ་བམ།
གསུམ། གཉིས་སྨན་དབུས་ལམ་ག་དུས་ཞི་འགྲིགས་འོངས་སམ།
ཧཧ ད་ཡང་ཞོང་པ་སྟོང་པའི་ཞོང་རྩེས་། དུས་འཁོར་དབང་ཆེན་ཕྱིར་འགྱངས་བྱས་པ་དེས་བོད་དོན་ལ་གང་སྣོད་ཡོད་དམ། དེ་གནང་ཐུབ་ཡོད་ན་གང་ཕན་ཡོད་དམ། ད་བར་དུས་དབང་ཐེངས་ག་ཚོད་གནང་བ་རེད་དམ། དེས་བོད་པའི་གནས་སྟངས་ལ་ག་རེ་ཕན་སོང་ངམ་ འགྱུར་སྡོག་ག་རེ་ཕྱིན་འདུག་གམ། ཆོས་གཅིག་པོར་འཚོ་གནས་ཡོང་བའི་ཆེད་དུ་བསམ་བློ་གཏོང་བ་ལས་། མི་རིགས་འདི་འཚོ་གནས་ཡོང་བའི་ཆེད་དུ་བསམ་བློ་གཏང་ན་རླབས་ཆེ་།།
John གྱིས་བཤད་པར་མོས་མཐུན་ཡོད་དོན་མེད་སར་རྩོད་པ་བཟོས་ནས་གང་ཕན། མི་རིགས་ཀྱི་རྩ་དོན་ལ་གནོད་གཞི་ཞིག་ཡིན་ན་གནས་ཚུལ་ཁ་ཁ་རེད་དེ་མིན་ཁྱད་པར་གང་ཡང་འགྲོ་གི་མ་རེད།
གང་ལྟར་སྤྱི་འཐུས་ཚོགས་གཙོ་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་གོང་ས་མཆོག་གི་བཀའ་ལ་ལོག་འགྲེལ་བྱས་སོང་། གོང་ས་མཆོག་གིས་ཁོང་སྐུ་ངལ་གསོ་ཆེད་དུས་དབང་ཕྱིར་འགྱང་གནང་བ་ཡིན་ཞེས་ཐེང་གཉིས་ཙམ་གསུང་སོང་། འོན་ཀྱང་ཁྱོད་ཚོས་དེ་ལ་གནད་དོན་གཞན་ཞིག་ཡོད་མདོག་བྱེད་པ་ནི་གོང་ས་མཆོག་རྫུན་མ་བཟོས་པ་ལས་གཞན་ཅི་ཡང་མིན། ཀླུ་ཁྲི་ཟླ་འོད་ལགས་ཀྱིས་ངོ་དེབ་ནང་བཏབ་པའི་མཆན་ཞིག
བཀའ་ཤག་གིས་དུས་དབང་ག་རེའི་ཆེད་དུ་ཞུས་པ་རེད། དུས་ཚོད་དེ་འོས་བསྡུ་དང་འཁེལ་འཇུག་དོན་ཅི་རེད། སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཅིག་བཅུ་གཉིས་ཀྱི་སློབ་མ་ཚོ་དུས་དབང་ལ་འཁྲིད་ཡོང་དགོས་ལབ་དོན་ཅི་རེད། བཀའ་ཤག་གིས་རྡ་རམ་ས་ལར་ཡོད་པའི་མདོ་སྟོད་ཆུ་སྒང་མཉམ་དུ་བརྟན་བཞུགས་མཉམ་ཕུལ་མ་ཐུབ་པ་ཆིག་སྒྲིལ་ཟེར་བ་དེ་ཨེ་རེད། དྲི་བ་ཇེ་མང་རེད། ཕར་འགྱངས་གནང་དོན་བཀའ་ཤག་གིས་གཉིས་བཤད་ཡོད། གང་ལ་ངོས་འཛིན་དགོས་རེད།
དམིགས་བསལ་ཚོགས་ཆེན་ཚོགས་ནས་ཟླ་བ་གཉིས་ཀྱི་རྗེས་ལ་དུས་འཁོར་དབང་ཆེན་ཞུས་པ་དེ་གནང་སྟངས་ཁྱད་མཚར་པོ་འདྲ་ཞིག་རེད། ཚོགས་ཆེན་སྟེང་ནས་གོང་ས་མཆོག་ལ་མཛད་དཀའ་མི་བཟོ་བའི་གྲོས་ཆོད་བཞག་པ་དེའི་ནུས་པས་ཟླ་བ་གཉིས་ལའང་མ་འདང་བ་འདྲ་པོ་རེད། ད་ཆ་དམིགས་བསལ་ཚོགས་ཆེན་གྱི་གྲོས་ཆོད་ལ་རྩིས་ནས་ཕྱིར་འཐེན་གནང་ཡིན་ལབ་ན། དེ་ཡང་ནང་འགལ་རེད།
དུས་དབང་ཕྱིར་འགྱངས་སྐོར་དེ་གོང་ས་མཆོག་དང་བཀའ་ཤག་གཉིས་ལས་དེ་མིན་གྱིས་ལ་བཤད་ལོང་བཤད་ག་ཚོད་བྱས་ཀྱང་རང་ཉིད་རྫུན་དུ་ཚང་ཇེ་ཆེར་འགྲོ་རྒྱུ་ལས་མེད་པ་གསལ་པོ་ཆགས་སོང་། རྫུན་ཐོག་རྫུན་དུ་རྩིགས་ནས་གཡོལ་སྒྱུར་གྱི་འདོད་གཏམ་མང་པོས་སྤེན་ཚེ་ཆུ་ནང་གཡུགས་སོང་། གླེང་ཤོགས་རྩོད་དགོས། སྤེན་ཚེ་དང་རྒྱབ་སྐྱོར་བའི་རྫིན་དང་གཡོལ་སྒྱུར་དེ་ཚོ་གླེང་དགོས།
བློ་སེང་དེ་མི་གཤིས་ཐོག་ནས་ཁྱི་འདྲ་བོ་ཞིག་འདུག
སྐུ་པར་ཕབས་པའི་སྐོར་དེ་སྤྱི་འཐུས་བཀྲིས་རྣམ་རྒྱལ་མཆོག་ཀྱིས་གྲོས་ཚོགས་ནང་གི་དྲི་བར་སྐུ་པར་དགུ་ཡོད་སོགས་བཤད་པ་ལས་རྫུན་་རེད་ཅེས་བཤད་མ་སོང་། ད་ལྡ་གཞི་ནས་རྫུན་རེད་ཟེར་སོང་ ཡང་མི་མང་མགོ་སྐོར་གཏོང་ཐབས་བྱེད་བཞིན་འདུག ཁྲམ་པ་རྫུན་རྐྱལ་བློ་སེང་ཕམ་འགྱུར་ཅིག
https://sites.google.com/site/tibetanpoliticalreview/articles/mmoynihanreplytoofficeoftibetontibetchinaatthesamewashingtonlobbyist?from=singlemessage&isappinstalled=0
སྲིད་སྐྱོང་ཝ་་མོ་རྒྱ་དང་འབྲེལ་བའི་དཔང་རྟགས་རེད
དུས་དབང་ཕར་འགྱངས་ལ་དགའ་ལྡན་ཕོ་བྲང་དང་བཀའ་ཤག་གཉིས་ཀས་ཉི་མ་གཅིག་ལ་གསལ་བསྒྲགས་བྱས་པ་རེད། སྐབས་དེར་ཕྱོགས གཉིས་ནས་གསལ་བསྒྲགས་བྱས་ནའང་། དོན་དག་གཅིག་ཆགས་ཡོད། དེའི་རྗེས་ལ་བཀའ་ཤག་གིས་དྲུང་ཆེ་གསུམ་མངགས་ནས་གསལ་བཤད་ཡིན་ཟེར་བ་དེ་སྤེལ་བ་རེད། དེ་ནས་སྔོན་གྱི་གསལ་བསྒྲགས་དང་གསལ་བཤད་གཉིས་འགལ་བ་ཆགས་པ་རེད། གསལ་བསྒྲགས་གཉིས་སྔ་ཕྱི་འགལ་བ་ཆགས་སོང་བ་རེད། སྤྱི་ཚོགས་ནང་གླེང་སློང་གི་རྒྱུ་རྐྱེན་གཙོ་བོ་བཀའ་ཤག་གིས་གསལ་བསྒྲགས་སྔ་ཕྱི་ནང་འགལ་ཅན་སྤེལ་བ་དེ་རེད།
དོགས་འདྲི་གསུམ། ཆུ་སྒང་གསར་རྙིང་གི་རྙོག་གྲའི་རྐྱེན་པས་ཡིན་ནམ། གལ་སྲིད་ཡིན་ན་རྙོག་གྲའི་བྱེད་གཏེ་དེ་སུ་ཡིན་ནམ། ཆུ་སྒང་གསར་པའི་རྒྱབ་རྟེན་དེ་ཚོ་སུ་ཡིན་ནམ།
དོགས་འདྲི་གསུམ། དུས་དབང་ཕྱིར་འགྱངས་བྱས་པ་དེ་ཆུ་སྒང་གསར་རྙིང་གི་རྙོག་གྲའི་རྐྱེན་པས་ཡིན་ནམ། གལ་སྲིད་ཡིན་ན་རྙོག་གྲའི་བྱེད་གཏེ་དེ་སུ་ཡིན་ནམ། ཆུ་སྒང་གསར་པའི་རྒྱབ་རྟེན་དེ་ཚོ་སུ་ཡིན་ནམ།
རྡོ་ལགས། དྲི་བ་ལ་ལན་ཐོབས།
གོང་ས༧མཆོག་གིས་དུས་དབང་ཕྱིར་འཐེན་དེར་ང་གཟུགས་པོ་བརྟགས་དཔྱད་ཆེད་དུ་ཡིན་པས་ལོ་རྗེས་མའི་ནང་ལ་ཁ་གསབ་དུས་དབང་དེ་གཏན་འཁེལ་ཡིན་གདའ་ཞེས་གསུངས་སོང་བས་ཡིད་ཆེས་ན་དེའི་ལྷག་བཤད་རྒྱུ་ཡོད་མ་རེད་གདའ། གང་དྲགས་ཀ་་་་་མི་རིགས་འདིའི་མངའ་ཁོངས་དང་བདག་དབང་ཆ་ཚང་ཤོར་ནས་ཡུལ་གྱལ་ལ་གནས་ཡོད་ཀྱང་ད་དུང་ནང་འཁྲུག་ལ་དགའ་བ་འདི་ཚོ་་་་་་་་་་་་
སྤྱི་འཐུས་ཚོགས་གཙོས་གོང་ས་མཆོག་དང་དབུ་མའི་ལམ་གཉིས་རྟག་པར་ཁ་ཡི་རྩེ་མོར་ཁྱེར་ནས་འགྲོ་བཞིན་ཡོད་ཀྱང་། གལ་ལ་ཐུག་དུས་གོང་ས་མཆོག་རྫུན་མ་བཟོས་སོང་། འདི་ནི་ཆབ་སྲིད་པའི་འཁྲབ་སྟོན་སྐྱུག་བྲོ་པོ་ཞིག་རེད།
xx དགོངས་དག་ ལུང་རྟོགས་ལགས་།
མང་ཚོགས་ལྐུག་པ་མ་རེད་ ད་ཆ་རིམ་པས་དངོས་དོན་གནས་ཚུལ་དང་རྒྱ་གར་བའི་སྲིད་དོན་པ་ནང་བཞིན་མགོ་བསྐོར་བཏང་མཁན་སུ་ཡིན་ དངོས་ཡོད་དྲང་བདེན་སུ་ཡིན་ཤེས་རེད་ བློ་སེང་མི་ཁྲམ་པ་ཞིག་ཡིན་པ་ཁམས་རིགས་ཚོས་ཀྱང་ཤེས་ཀྱི་ཡོད་།
བློ་སེང་གི་དངོས་ཡོད་ལོ་རྒྱུས་།
དེ་སྔ་ཆུང་སྒང་རྙོག་ཁྲ་བྱུང་བའི་སྐབས་ཁོ་པས་ཁམས་རིགས་པར་མཐུན་པ་དེ་མ་མཐུན་པར་བཟོས་ཡོད་།
ཆུང་སྒང་གསར་པའི་དྲུང་ཆེ་བྱས་། ཡིན་ནའི་ཆུང་སྒང་རྙིང་པར་ཆུང་གསར་པའི་སྐད་ཆ་དང་འཆར་གཞི་གང་ཡོད་རྙིང་པར་བཤད་། ཆུང་སྒང་གསར་པའི་རྒྱབ་ལ་བདེ་སྲུང་ལས་ཁུངས་ཡོད་ཚུལ་བཤད་།
ཆུང་སྒང་གསར་པར་རྙིང་པར་ཁ་གཏད་བཅོག་དགོས་ཆེ་ལུགས་བཤད་།
ཟུར་གནས་ཁམས་རིགས་ཚོར་བོད་གཞུང་གིས་ཁམས་པ་ནང་ཁུལ་དཀྲུགས་ཀྱི་ཡོད་ལུགས་ཀྱི་དོགས་ཟོན་དགོས་ལུགས་བཤད་།
བདེ་སྲུང་དྲུང་ཆེར་གསར་རྙིང་གཉིས་ཀའི་གནས་ཚུལ་ཆ་ཚང་ཞུས་། དམིགས་བསལ་སྐོུ་ཐུབ་བསྟན་མི་ངན་ཡིན་ལུགས་དང་ཁོ་པ་གཞོན་ནུའི་མི་ཞིག་ཡིན་པས་ཁམས་རིགས་ཞེན་ཆགས་མེད་པར་བསམ་རྒྱུ་དྲན་རྒྱུ་བོད་གཞུང་ལས་མེད་ལུགས་བཤད་།
བདེ་སྲུང་མགོ་བསྐོར་ཐེབས་ཏེ་སྐུ་སྒེར་ཡིག་ཚང་ལ་བློ་སེང་ལྷག་བསམ་ཆེ་ལུགས་ཞུས་། སྐུ་སྒེར་ཐུགས་བརྙེད་པོ་བྱུང་ནས་བློ་སེང་ཧ་ཝ་ཏྲ་ལ་སློབ་འཇུག་དང་ཧ་ཝ་ཏྲ་ནང་ལས་ཁུངས་བཟུང་དུ་བཅུག་། འགྲོ་གྲོན་དང་གླ་ཕོག་སྐུ་སྒེར་གྱིས་ཐེ་ཝན་རྒྱུ་ཅན་ཞིག་གི་རོགས་སྐྱོར་འཚོལ་། ཐེ་ཝན་རྒྱུ་ཅན་འདིས་བློ་སེང་ལ་གླ་ཕོག་སྤྲོད་ཕྱིར་ཁྲལ་གྱི་ཆ་ཡངས་ཡོང་ཕྱིར་ཨ་རིའི་སན་ཕརེན་སིམཀོའི་ནང་རོགས་སྐྱོར་ཚོགས་པའི་དེབ་བསྐྱེལ་བྱས་། གནས་ཚུལ་བསྔོག་ན་མང་པོ་ཡོད་། དོན་དུ་བློ་སེང་ལ་སྐུ་སྒེར་ཡིག་ཚང་གི་གནས་ཚུལ་མང་པོ་ཡོད་པས་དགའ་ལྡན་ཕོ་བྲང་ལ་ད་ཆ་བློ་སེང་གིས་ཁག་ཙམ་བཟོ་ངེས་རེད་། ཡིན་ནའི་གནས་ཚུལ་དེ་དག་ལས་ག་རེ་ཤེས་ཐུབ་ཅེ་ན་ བློ་སེང་ལ་སོ་སོ་རང་ཉིད་ཀྱི་ཁེ་ཕན་ལས་གཞན་༧གོང་ས་མཆོག་དང་བོད་གཞུང་བོད་རིགས་མི་མང་མཐའ་ན་ཁམས་པ་མང་ཚོགས་ཀྱི་བསམ་བློ་ཡོད་མཁན་ཞིག་གཏན་ནས་མེད་པ་གསལ་པོར་ཤེས་ཐུབ་།
བསྟན་འཛིན་ལགས་ཀྱི་གསུང་པ་ཆ་ཚང་བདེན་མིན་མི་ཤེས་མོད། ཆུ་སྒང་གསར་རྙིང་གི་རྙོག་དྲའི་ནང་བློ་སེང་སྔོན་མ་ཡང་ཚུད་ཡོད་པ་གསལ་པོ་རེད། སྐབས་དེར་ལྡི་ལི་ནས་བཅོ་ལྔ་ཆོས་འཕེལ་སོགས་ཀྱི་ལག་ནས་ཡིག་ཆ་འཕྲོག་མཁན་གཙོ་གྲས་ཡིན་པ་ཡོང་གྲགས་རེད། གང་ལྟར་སྲིད་སྐྱོང་མཆོག་གི་གཞན་མ་འཇོན་ཡང་ཁམས་པ་ནང་ཁུལ་གཏོར་བཤིག་མ་ཏང་ན་ཡག་གི་རེད།
འདི་ལོ་བློ་སེང་རྒྱལ་འགྱུར་ཅིག
མཁས་དབང་བློ་སེང་རྟག་ཏུ་རྒྱལ་གྱུར་ཅིག
ཅི་བཤད་རུང་། ད་ནི་བློ་སེང་ལ་ཡིད་ཆེས་ཇེ་ཆུང་དང་དོགས་པ་ཇེ་ཆེ་རེད། སྤྱིར་ཡིན་ན། རེ་བ་འདིའི་དགའ་ཞིག་ཡོད་མོད། ལོ་བཞི་ལྷག་གི་བཅའ་བཏང་ལས་བཏང་མང་པོ་ཞིག་གིས་ཡིད་ཆད་སོང་། ངས་དང་ཐོག་ནས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱས་ཡོད། དེ་ནི། ཁོང་གཉིས་ཀྱི་ཉམས་མྱོང་དང་ཁ་བཤད་དོན་པོར་ཐག་ཉེ་མིན་ལ་བལྟས་ནས་ཡིན། སྐབས་སྔོན་མའི་འོས་བསྡུའི་ཚེ་ནའང་བློ་སེང་འདིས་མི་འགྲུབ་ཅིང་དོགས་པ་ཟ་དགོས་པ་རེ་འགའ་བཤད་སོང་མོད། འོན་ཏེ། འདི་ལྟ་བུའི་བསམ་བློའི་ཆུ་ཚད་དམའ་བོ་ཞིག་ཡིན་སྣང་མ་ཤར། སྐད་ཆ་འདི་རྒྱུ་མཚན་མེད་པར་བཤད་པ་མིན། བློ་སེང་གི་སྐད་ཆ་དང་བྱེད་བབས་ལ་བརྟགས་པ་སྔོན་དུ་སོང་བའི་འཆར་སྣང་ཡིན།
ག་རེའི་མཁས་དབང་། སྐྱག་རྫུན་བཤད་ཡག་ལ་མཁས་། རྫུན་དང་གཡོ་རྒྱུར་མཁས་པ་།
ཁོང་མཁས་དབང་ཡིན་པའི་རྒྱུ་མཚན་མང་པོ་བཤད་མི་དགོས་པར་གཅིག་རང་ཞུ་ན། འཛམ་གླིང་ཤེས་ལྡན་མི་སྣ་དང་གནད་ཡོད་མི་སྣ་ཚོས་རྩི་མཐོང་དང་མཐོང་ཆེན་ཇི་ལྟར་གནང་གིན་འདུག དེ་ལ་བརྟེན་ནས་ཤེས་ཐུབ། དགོངས་འགལ་མེད་པར་ཞུ།
གོང་ས་མཆོག་སངས་རྒྱས་གོང་ཕུད་བྱས་ནས་གཞན་གཞིས་བྱེས་བོད་མིའི་ནང་འཛམ་གླིང་སྡིངས་ཆའི་ཐོག་འཛམ་གླིང་མཁས་དབང་ཚོ་དང་དཔུང་པ་མཉམ་བཤིབ་གནང་ཐུབ་མཁན་སུ་འདུག མཁས་དབང་བློ་སེང་ལྟ་བུ་ཉུང་ཉུང་རེད། མཁས་དབང་ཁོང་དེང་རབས་ཀྱི་ཤེས་ཡོན་གྱིས་ཕྱུག་པ། མི་གཤིས་དང་བཟང་སྤྱོད་དང་ལྡན། ཕོ་ཉམས་དོད་པོ་གཞན་ལ་ངོམས་རིན་ཆོག་པ་བཅས་ཡིན་པས་༢༠༡༦ གི་སྲིད་སྐྱོང་ཁོང་ཉིད་འོས་ཤོས་སུ་མཐོང་།
རྒན་ཡ་མ་ཚེ་རིང་ལགས་ཀྱི་གང་གསུངས་པ་དེར་རྒྱབ་སྐྱོར་རྒྱ་ཆ་བརྒྱ་ཡོད་ད་་་ལྡི་ལིར་ཡོད་པའི་ཆུ་སྒང་རྙིང་པས་ལག་ནང་དཔལ་འབྱོར་དང་རྒྱབ་ལ་འཇུ་ཆེན་དང་འབྲེལ་ཡོད་སྐུ་དངོས་དང་སྤྱི་འཐུས་ཁག་ཅིག་ཡོད་བསམ་ནས་སྤྱི་ཚོགས་ནང་ཕན་མེད་ཀྱི་ལས་ངན་གང་ཙམ་སྤེལ་གྱི་མིན་འདུག་གམ་་་་་མི་གཞན་གྱི་བཤད་པར་ཡིད་ཆེད་གནང་དགོས་མ་རེད་རང་ཉིད་སྒེར་ནས་སྤྱི་ཚོགས་ནང་རྒྱུད་ལོན་མང་ཙམ་གནང་དང་གསལ་པོ་ཤེས་ཀྱི་རེད།
ཆུ་སྒང་སྙིང་པའི་སྙོག་གྲ་དེ་ནམ་གཡའ་དག་ས་གཞི་རྡུལ་དག་གནང་ཚར་པའི་རྗེས་ནས་མདོ་སྟོད་རྒྱ་ཆེ་མི་མང་ནས་དེ་ལ་རྒྱབ་སྐྱོར་དང་ཚོགས་པ་དེར་ངོས་ལེན་བྱས་པ་རེད་མོད་ཡིན་ནའང་མདོ་སྟོད་མི་ཉུང་ཤས་ཤིག་གིས་ད་དུང་ཆུ་སྒང་གསར་པ་ཞེས་པའི་ཚོགས་པ་དེ་ཨ་ན་ཨུ་ཚུགས་ཀྱིས་བཟུང་བསྡད་པ་རེད། དེའི་རྒྱབ་ལ་ཆོལ་ཁ་གཞན་ནས་ཀྱང་གནད་ཡོད་མི་སྣ་ཉུང་ཤས་ཞིག་ཡོད་པ་དང་མི་སྣ་དེ་དག་མཁས་དབང་བློ་སེང་གེའི་ཤེས་འཇོན་དང་མཚན་སྙན་གྲགས་པ་བཅས་ལ་ཁྲག་དོག་གིས་མི་བཟོད་པར་དེ་དག་གི་འདྲེ་ལག་དེ་མཁས་དབང་བློ་སེང་གེའི་ཐོག་ལ་བཅངས་པ་ཡིན་ནམ་སྙམ་པའི་དོགས་པ་ཞིག་བྱུང་།
ཆུ་སྒང་ཆུ་སྒང་ཟེར་མཁན་འདི་ཚོ་ཁམས་པ་ནང་ཁུལ་དཀྲུག་འདོད་མཁན་ཚོ་རེད། ཁམས་པ་མི་མང་ལྐུགས་པ་མ་རེད་ད། ཁྱོད་ཚོས་ཅི་ཙམ་དཀྲུག་ཀྱང་འབྲས་བུ་མེད་པ་ཤེས་པར་གྱིས། ད་ལོའི་སྲིད་སྐྱོང་ཡང་མཁས་དབང་བློ་སེང་ཡིན་པ་བརྒྱ་ཆ་བརྒྱ་རེད། ད་ཁྱོད་ཚོ་ངུ་རེན་པ་རེད།