དུས་དབང་ ༣༤ པ་དབུ་འཛུགས། Posted on 2017-01-022017-01-02 By རེབ་གོང་བཀྲ་ཤིས། 21 Comments on དུས་དབང་ ༣༤ པ་དབུ་འཛུགས། གསུང་བཤད།
ང་ཚོ་བོད་པ་ཚང་གི་ནུས་ཤུགས་ཡོད་ཚད་ཆོས་ལུགས་ཐོག་གཏོང་ནས་ཆབ་སྲིད་སྣང་མེད་དུ་བཞག་སྐྱེན། ད་སྐབས་རྒྱལ་ཁབ་དང་མི་རིགས། ཆོས་དང་ཆབ་སྲིད་ཡོད་ཚད་ཉམས་རྒུད་འགྲོ་སྐྱེན་གཙོ་བོ་དེ་གྱུར་འདུག ད་རུང་འདི་ལྟར་བྱས་ཚེ་བོད་ཞེས་པའི་མིང་འདི་འཛམ་གླིང་འདིའི་ཐོག་ནས་རྩ་མེད་དུ་འགྲོ་རྒྱུ་ལས་གཞན་མེད། བོད་ཕྱི་ནང་གཉིས་ནང་མི་བརྒྱ་དང་བཞི་བཅུ་ཡས་མས་ཀྱི་མི་རིགས་འཐབ་རྩོད་ཀྱིས་རང་བསྲེག་གཏང་ཡང་། འཛམ་གླིང་ཐོག་གྲགས་འགུལ་ཅི་ཡང་མེད་པར་ནུས་མེད་དུ་གྱུར་དོན་གཙོ་བོ་ང་ཚོའི་ནུས་ཤུགས་ཡོད་ཚད་ཆོས་ལུགས་དར་སྤེལ་གཏོང་རྒྱུ་ཐོག་ཤུགས་རྒྱབ་ཙམ་རེད།
བློ་ནི་ཆོས་སུ་བསྒྱུར་བ་དང་། ། ཆོས་ཀྱང་བློ་ལ་ཕན་གྱུར་ན། ། དུས་འཁོར་དབང་ཆེན་ཞུ་དགོས་ཆོད། ། དེ་མིན་འགྲོ་སོང་དཀའ་ལས་གྱོང་། ། ་ ཁེ་གྱོང་ཁྱད་པར་ཤེས་པའི་ཐོག ། སྨོན་པ་ཙམ་གྱིས་མི་ཕན་པར། ། རྣམ་དཔྱོད་ཤེས་རབ་རྩལ་བཏོན་ནས། ། རང་གཞན་འདི་ཕྱིའི་ཕན་པ་སྒྲུབས། །
དུས་འཁོར་ལ་ཕྱི་ནང་གཞན་གསུམ་ལས། གཞན་དུས་ཀྱི་འཁོར་ལོ་ནི། བསྐྱེད་རིམ་གྱི་རྟེན་དང་བརྟེན་པའི་དཀྱིལ་ཁའོར་དང་། རྫོགས་རིམ་གྱི་རྩ་རླུང་ཐིག་ལེ་སོགས་ཡིན།
དུས་འཁོར། དུས་ནི། མི་འགྱུར་བའི་མཆོག་གི་བདེ་དང་། འཁོར་ནི། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་གདུལ་བྱར་སྣང་བའི་རྟེན་དང་། བརྟེན་པའི་ལྷའི་དཀྱིལ་འཁོར་ལ་གོ་བར་གསུངས།
བོད་ཕྱི་ནང་གཉིས་ནས་ཡུལ་བྱོལ་བའི་དགོན་སྡེ་ཁག་དང་སློབ་གྲ་ླག་ཉིན་རེ་ནས་ཉིན་རེ་བཞིན་སྟོངས་འགྲོ་བ་འདི་ད་མཐོང་ཚོད་རེད་བསམ།
དགོན་པ་དང་སློབ་གྲྭ་ཡང་ཁང་པ་རེད། སློབ་ཕྲུག་དང་གྲྭ་པ་མེད་ན་ཡང་། ཁང་པ་དེ་དག་ཚོང་ཁང་དང་བཟོ་གྲྭ་་བཟོ་ཆོག་བགྱིད་རེད་པ། མ་རེད་པེ། ལགས།
ཧཧཧཧཧ དྲ་ལམ་གྱི་མཁས་དབང་ལགས་དང་པོ་བརྡ་དག་ལ་གཟབ་ཙམ་གནང་རོགས་ཞུ་རྒྱུ་དེ་ཡིན། དགོན་རྩ་སྟོངས་སོང་ཤུལ་དེ་མ་འོང་པ་ལ་འདི་ཡོང་དེ་ཡོང་ཞེས་བཤད་དཀའ། གཅིག་བྱས་ན་སྔོན་མའོ་སྐབས་ལྟར་བེད་སྤྱོད་ལོག་པར་འགྱུར་སྲིད། ཉིན་རེ་སྲོག་ཆག་འབུམ་ཕྲག་གསོད་སའི་བཤས་ར་ཡོང་མི་སྲིད་པ་ག་ལ་ཡིན། དེ་གྱུར་སོང་ན་དགེ་མགོ་སྡིག་གྱུར་མ་རེད་བས། ཧཧཧཧཧཧཧཧ
ངས་དངོས་ཡོད་གནས་ཚུལ་ཐོག་བཤད་པའི་མཆན་འགའ་་་ཁ་བརྡ་་དྲ་བ་ཚོང་གིས་ནག་བསུབས་གཏོང་སོང་གཟིག འདི་ཚང་གི་ཁ་ནང་རྒྱ་དམར་གྱི་སྨྲ་བརྗོད་རང་དབང་འཕྲོག་འགྲོ་ཚུལ་བཤད་གང་ཐུབ་དང་། དོན་དངོས་ཐོག་སོ་སོས་གཞན་གྱི་སྨྲ་དབང་འཕྲོག་གང་ཐུབ་སྟེ་ངོ་ཚ་རེད་ཡ།
བོད་གཞུང་དང་སྐུ་སྒེར་ཚང་གི་དོན་མེད་སོག་པོའི་མི་རིགས་དང་། དུས་དབང་གཉིས་ལ་འགྲོ་སོང་གཏོང་བ་ནང་བཞིན་བོད་ཀྱི་ཆབ་སྲིད་ རྩ་དོན་ཐོག་གཏོང་བཞག་ན་ཡག་པོ་ག་ཚད་ཡོད། ད་རུང་སྐུ་སྒེར་ཚང་ གིས་འགྲོ་སོང་གཏོང་ནས་ཆེད་མངག་ཐོག་མདོ་སྨད་ལོ་རྒྱུས་ཟེར་བ་ ཞིག་བྲིས་བཞག་འདུག གོ་མེད་འཁྲུག་གཞི་ཅན་དེ་བྲིས་མ་བསྡད་ བར་བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་དངོས་༥༩་རྒྱལ་རབས་ཞིག་ འབྲི་ཐུབ་ན་ཅི་མ་རུང་།
http://tibettimes.net/%E0%BD%A2%E0%BE%97%E0%BD%BA%E0%BC%8B%E0%BD%96%E0%BD%99%E0%BD%B4%E0%BD%93%E0%BC%8B%E0%BD%98%E0%BD%B2%E0%BC%8B%E0%BD%A3%E0%BD%A0%E0%BD%B2%E0%BC%8B%E0%BD%91%E0%BD%80%E0%BD%A0%E0%BC%8B%E0%BD%A6%E0%BE%A4/ ་ རྗེ་བཙུན་མི་ལའི་དཀའ་སྤྱད་སྡུག་རུས་ལ་དམིགས་དཔེ་ལྟོས། བོད་ཀྱི་དུས་བབ། ༢༠༡༧/༠༡/༠༤ རིག་པ། (༡) རྗེ་བཙུན་མི་ལའི་རྣམ་ཐར་དག་ལ་ལྟ་ཀློག་བྱས་པ་ཡིན་ན་ང་ཚོའི་འཚོ་བ་དང་སློབ་སྦྱོང་། ཆོས་ཉམས་ལེན་སོགས་ཀྱི་ཐོག་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་རེད་ཟེར།
དེ་ཡིན་ཁར་སྔོན་༧གོང་ས་མཆོག་གིས་རྗེ་བཙུན་མི་ལ་ལ་ཐོས་པ་ཧ་ཅང་ཆུང་བའི་སྐྱེན་གྱི་བསྟན་པའི་སྤྱིའི་རྣམ་བཞག་ཧ་གོ་ཡི་ཚུལ་དང་། དེ་ཡིན་དུས་བསྟན་པ་སྤྱི་ལ་ཕན་མི་ཐོག་ཚུལ་གསུང་སོང་བ། རྗེ་བཙུན་མི་ལ་ལ་དཔེ་ལྟས་ན་ཡག་པོ་ཡོད་ཀྱི་མ་རེད་བསམ།
གང་ཟག་སྒེར་ཚན། གངས་ཅན་གྲུབ་པའི་གཙུག་རྒྱན་མི་ལ་རས་པའི་ཞབས། ། བསྟན་པ་སྒེར་ཚན་འཛིན་ལ་མིག་དཔེ་ཡར་ལྟ་གྱིས། ། བསྟན་པ་སྤྱི་ཚན། གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས་པའི་ཞབས། ། བསྟན་པ་སྤྱི་ཚན་འཛིན་ལ་མཁས་བཙུན་བཟང་པོར་གྱིས། །
བཀའ་རྒྱུད་བསྟན་པའི་སྲོག་འཛིན་མི་ལ་དེ། མདོ་སྔགས་རྫོགས་གསུམ་སྙིང་པོས་མངོན་སངས་རྒྱས། དགེ་ལུགས་བསྟན་པའི་སྲོག་ཤིང་ཙོང་ཁ་པ། མདོ་གཙོ་སྔགས་ལུགས་ཟུར་བརྟེན་མཁས་པར་གྱུར། སྒེར་བསྟན་སྤྱི་བསྟན་སུས་འཛིན་དེ་ནས་ཤེས།
བཀའ་བརྒྱུད་སྲོག་ཤིང་མར་པ་ལས། ། མི་ལ་ཡིན་པ་ངས་མི་འདོད། ། འཇམ་དབྱངས་རྣམ་རོལ་ཙོང་ཁ་པས། ། གསང་སྔགས་མ་སྤྱད་ཇི་ལྟར་གྲོལ། །
བཀའ་རྒྱུད་བསྟན་པའི་སྲོག་ཤིང་དེ། མར་མི་དག་གསུམ་ཀུན་གྱི་འདོད། ཙོང་ཁ་མཁས་པ་ཡིན་པ་ཡིན་པ་ལས། གྲོལ་ལམ་རྙེད་པ་གོ་མ་མྱོང་།
མར་མི་དྭགས་གསུམ་བཀའ་བརྒྱུད་ཀྱི། ། བསྟན་པའི་སྲོག་ཤིང་ཁྱོད་བདེན་ཡང་། ། ཙོང་ཁ་ཡབ་སྲས་གསུམ་པོ་དང་། ། འཁོར་དག་བརྒྱད་པོ་གོ་མྱོངས་སམ། །
ད་དུང་། རྡོ་རྗེ་མཆེད་གསུམ་གོ་མྱོངས་སམ། ། ཡིད་དམ་ལྷ་ཡིས་ཞལ་གཟིགས་ཤིང་། ། འཕགས་པའི་ས་ཐོབ་རྣལ་འབྱོར་ལ། ། གྲོལ་ལམ་མ་རྙེད་མ་གོ་ཅི། །
སྔགས་རྫོགས་མདོ་ཡི་ཕུ་ཐག་བཅད། ཚེ་གཅིག་སངས་རྒྱས་མི་ལ་ཡིན། དོམ་གཙོ་སྔགས་ཟུར་ཙོང་ཁ་པ། མཁས་མིང་ཡོད་ཀྱང་སངས་རྒྱ་མིན། ལོ་ཆེན་མར་པའི་ཐུགས་བཅུད་དེ། གང་བྱོས་བུམ་པ་མི་ལ་རེད། ཕྱོགས་ཞེན་སྦྲུལ་གྱི་ཁ་སོ་ནས། ཞེ་སྡང་དུག་གི་ཁ་ཆུ་གཏོར།
སྡ་སའི་གཏོ་ཆོག་མཁན་པོ་ཡིས། ཞི་བདེའི་གླུད་ཡས་རྫོངས་དགོས་ཟེར། གླུད་རྫས་ཤ་ཁྲག་རུས་གསུམ་དེ། གངས་ཅན་བོད་པའི་གསོན་ཤ་གཅད།
ང་ཚོ་བོད་པ་ཚང་གི་ནུས་ཤུགས་ཡོད་ཚད་ཆོས་ལུགས་ཐོག་གཏོང་ནས་ཆབ་སྲིད་སྣང་མེད་དུ་བཞག་སྐྱེན། ད་སྐབས་རྒྱལ་ཁབ་དང་མི་རིགས། ཆོས་དང་ཆབ་སྲིད་ཡོད་ཚད་ཉམས་རྒུད་འགྲོ་སྐྱེན་གཙོ་བོ་དེ་གྱུར་འདུག ད་རུང་འདི་ལྟར་བྱས་ཚེ་བོད་ཞེས་པའི་མིང་འདི་འཛམ་གླིང་འདིའི་ཐོག་ནས་རྩ་མེད་དུ་འགྲོ་རྒྱུ་ལས་གཞན་མེད། བོད་ཕྱི་ནང་གཉིས་ནང་མི་བརྒྱ་དང་བཞི་བཅུ་ཡས་མས་ཀྱི་མི་རིགས་འཐབ་རྩོད་ཀྱིས་རང་བསྲེག་གཏང་ཡང་། འཛམ་གླིང་ཐོག་གྲགས་འགུལ་ཅི་ཡང་མེད་པར་ནུས་མེད་དུ་གྱུར་དོན་གཙོ་བོ་ང་ཚོའི་ནུས་ཤུགས་ཡོད་ཚད་ཆོས་ལུགས་དར་སྤེལ་གཏོང་རྒྱུ་ཐོག་ཤུགས་རྒྱབ་ཙམ་རེད།
བློ་ནི་ཆོས་སུ་བསྒྱུར་བ་དང་། །
ཆོས་ཀྱང་བློ་ལ་ཕན་གྱུར་ན། །
དུས་འཁོར་དབང་ཆེན་ཞུ་དགོས་ཆོད། །
དེ་མིན་འགྲོ་སོང་དཀའ་ལས་གྱོང་། །
་
ཁེ་གྱོང་ཁྱད་པར་ཤེས་པའི་ཐོག །
སྨོན་པ་ཙམ་གྱིས་མི་ཕན་པར། །
རྣམ་དཔྱོད་ཤེས་རབ་རྩལ་བཏོན་ནས། །
རང་གཞན་འདི་ཕྱིའི་ཕན་པ་སྒྲུབས། །
དུས་འཁོར་ལ་ཕྱི་ནང་གཞན་གསུམ་ལས། གཞན་དུས་ཀྱི་འཁོར་ལོ་ནི། བསྐྱེད་རིམ་གྱི་རྟེན་དང་བརྟེན་པའི་དཀྱིལ་ཁའོར་དང་། རྫོགས་རིམ་གྱི་རྩ་རླུང་ཐིག་ལེ་སོགས་ཡིན།
ཉིན་དང་པོའི་གསུང་ཆོས་ཆ་ཚང་བ་ཞིག
https://www.youtube.com/watch?v=ShCByfpOiy8
དུས་འཁོར།
དུས་ནི། མི་འགྱུར་བའི་མཆོག་གི་བདེ་དང་། འཁོར་ནི། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་གདུལ་བྱར་སྣང་བའི་རྟེན་དང་། བརྟེན་པའི་ལྷའི་དཀྱིལ་འཁོར་ལ་གོ་བར་གསུངས།
ཆབ་སྲིད་ཉམས་ཡང་། ཆོས་རིག་མ་ཉམས་ན་ཡང་། རང་གཞན་གྱི་དོན་ལ་ཕན་བགྱིད་རེད།
བོད་ཕྱི་ནང་གཉིས་ནས་ཡུལ་བྱོལ་བའི་དགོན་སྡེ་ཁག་དང་སློབ་གྲ་ླག་ཉིན་རེ་ནས་ཉིན་རེ་བཞིན་སྟོངས་འགྲོ་བ་འདི་ད་མཐོང་ཚོད་རེད་བསམ།
དགོན་པ་དང་སློབ་གྲྭ་ཡང་ཁང་པ་རེད། སློབ་ཕྲུག་དང་གྲྭ་པ་མེད་ན་ཡང་། ཁང་པ་དེ་དག་ཚོང་ཁང་དང་བཟོ་གྲྭ་་བཟོ་ཆོག་བགྱིད་རེད་པ། མ་རེད་པེ། ལགས།
ཧཧཧཧཧ དྲ་ལམ་གྱི་མཁས་དབང་ལགས་དང་པོ་བརྡ་དག་ལ་གཟབ་ཙམ་གནང་རོགས་ཞུ་རྒྱུ་དེ་ཡིན། དགོན་རྩ་སྟོངས་སོང་ཤུལ་དེ་མ་འོང་པ་ལ་འདི་ཡོང་དེ་ཡོང་ཞེས་བཤད་དཀའ། གཅིག་བྱས་ན་སྔོན་མའོ་སྐབས་ལྟར་བེད་སྤྱོད་ལོག་པར་འགྱུར་སྲིད། ཉིན་རེ་སྲོག་ཆག་འབུམ་ཕྲག་གསོད་སའི་བཤས་ར་ཡོང་མི་སྲིད་པ་ག་ལ་ཡིན། དེ་གྱུར་སོང་ན་དགེ་མགོ་སྡིག་གྱུར་མ་རེད་བས། ཧཧཧཧཧཧཧཧ
ངས་དངོས་ཡོད་གནས་ཚུལ་ཐོག་བཤད་པའི་མཆན་འགའ་་་ཁ་བརྡ་་དྲ་བ་ཚོང་གིས་ནག་བསུབས་གཏོང་སོང་གཟིག འདི་ཚང་གི་ཁ་ནང་རྒྱ་དམར་གྱི་སྨྲ་བརྗོད་རང་དབང་འཕྲོག་འགྲོ་ཚུལ་བཤད་གང་ཐུབ་དང་། དོན་དངོས་ཐོག་སོ་སོས་གཞན་གྱི་སྨྲ་དབང་འཕྲོག་གང་ཐུབ་སྟེ་ངོ་ཚ་རེད་ཡ།
བོད་གཞུང་དང་སྐུ་སྒེར་ཚང་གི་དོན་མེད་སོག་པོའི་མི་རིགས་དང་།
དུས་དབང་གཉིས་ལ་འགྲོ་སོང་གཏོང་བ་ནང་བཞིན་བོད་ཀྱི་ཆབ་སྲིད་
རྩ་དོན་ཐོག་གཏོང་བཞག་ན་ཡག་པོ་ག་ཚད་ཡོད། ད་རུང་སྐུ་སྒེར་ཚང་
གིས་འགྲོ་སོང་གཏོང་ནས་ཆེད་མངག་ཐོག་མདོ་སྨད་ལོ་རྒྱུས་ཟེར་བ་
ཞིག་བྲིས་བཞག་འདུག གོ་མེད་འཁྲུག་གཞི་ཅན་དེ་བྲིས་མ་བསྡད་
བར་བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་དངོས་༥༩་རྒྱལ་རབས་ཞིག་
འབྲི་ཐུབ་ན་ཅི་མ་རུང་།
http://tibettimes.net/%E0%BD%A2%E0%BE%97%E0%BD%BA%E0%BC%8B%E0%BD%96%E0%BD%99%E0%BD%B4%E0%BD%93%E0%BC%8B%E0%BD%98%E0%BD%B2%E0%BC%8B%E0%BD%A3%E0%BD%A0%E0%BD%B2%E0%BC%8B%E0%BD%91%E0%BD%80%E0%BD%A0%E0%BC%8B%E0%BD%A6%E0%BE%A4/
་
རྗེ་བཙུན་མི་ལའི་དཀའ་སྤྱད་སྡུག་རུས་ལ་དམིགས་དཔེ་ལྟོས།
བོད་ཀྱི་དུས་བབ། ༢༠༡༧/༠༡/༠༤ རིག་པ། (༡)
རྗེ་བཙུན་མི་ལའི་རྣམ་ཐར་དག་ལ་ལྟ་ཀློག་བྱས་པ་ཡིན་ན་ང་ཚོའི་འཚོ་བ་དང་སློབ་སྦྱོང་། ཆོས་ཉམས་ལེན་སོགས་ཀྱི་ཐོག་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་རེད་ཟེར།
དེ་ཡིན་ཁར་སྔོན་༧གོང་ས་མཆོག་གིས་རྗེ་བཙུན་མི་ལ་ལ་ཐོས་པ་ཧ་ཅང་ཆུང་བའི་སྐྱེན་གྱི་བསྟན་པའི་སྤྱིའི་རྣམ་བཞག་ཧ་གོ་ཡི་ཚུལ་དང་། དེ་ཡིན་དུས་བསྟན་པ་སྤྱི་ལ་ཕན་མི་ཐོག་ཚུལ་གསུང་སོང་བ། རྗེ་བཙུན་མི་ལ་ལ་དཔེ་ལྟས་ན་ཡག་པོ་ཡོད་ཀྱི་མ་རེད་བསམ།
གང་ཟག་སྒེར་ཚན།
གངས་ཅན་གྲུབ་པའི་གཙུག་རྒྱན་མི་ལ་རས་པའི་ཞབས། །
བསྟན་པ་སྒེར་ཚན་འཛིན་ལ་མིག་དཔེ་ཡར་ལྟ་གྱིས། །
བསྟན་པ་སྤྱི་ཚན།
གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས་པའི་ཞབས། །
བསྟན་པ་སྤྱི་ཚན་འཛིན་ལ་མཁས་བཙུན་བཟང་པོར་གྱིས། །
བཀའ་རྒྱུད་བསྟན་པའི་སྲོག་འཛིན་མི་ལ་དེ།
མདོ་སྔགས་རྫོགས་གསུམ་སྙིང་པོས་མངོན་སངས་རྒྱས།
དགེ་ལུགས་བསྟན་པའི་སྲོག་ཤིང་ཙོང་ཁ་པ།
མདོ་གཙོ་སྔགས་ལུགས་ཟུར་བརྟེན་མཁས་པར་གྱུར།
སྒེར་བསྟན་སྤྱི་བསྟན་སུས་འཛིན་དེ་ནས་ཤེས།
བཀའ་བརྒྱུད་སྲོག་ཤིང་མར་པ་ལས། །
མི་ལ་ཡིན་པ་ངས་མི་འདོད། །
འཇམ་དབྱངས་རྣམ་རོལ་ཙོང་ཁ་པས། །
གསང་སྔགས་མ་སྤྱད་ཇི་ལྟར་གྲོལ། །
བཀའ་རྒྱུད་བསྟན་པའི་སྲོག་ཤིང་དེ། མར་མི་དག་གསུམ་ཀུན་གྱི་འདོད།
ཙོང་ཁ་མཁས་པ་ཡིན་པ་ཡིན་པ་ལས། གྲོལ་ལམ་རྙེད་པ་གོ་མ་མྱོང་།
མར་མི་དྭགས་གསུམ་བཀའ་བརྒྱུད་ཀྱི། །
བསྟན་པའི་སྲོག་ཤིང་ཁྱོད་བདེན་ཡང་། །
ཙོང་ཁ་ཡབ་སྲས་གསུམ་པོ་དང་། །
འཁོར་དག་བརྒྱད་པོ་གོ་མྱོངས་སམ། །
ད་དུང་།
རྡོ་རྗེ་མཆེད་གསུམ་གོ་མྱོངས་སམ། །
ཡིད་དམ་ལྷ་ཡིས་ཞལ་གཟིགས་ཤིང་། །
འཕགས་པའི་ས་ཐོབ་རྣལ་འབྱོར་ལ། །
གྲོལ་ལམ་མ་རྙེད་མ་གོ་ཅི། །
སྔགས་རྫོགས་མདོ་ཡི་ཕུ་ཐག་བཅད།
ཚེ་གཅིག་སངས་རྒྱས་མི་ལ་ཡིན།
དོམ་གཙོ་སྔགས་ཟུར་ཙོང་ཁ་པ།
མཁས་མིང་ཡོད་ཀྱང་སངས་རྒྱ་མིན།
ལོ་ཆེན་མར་པའི་ཐུགས་བཅུད་དེ།
གང་བྱོས་བུམ་པ་མི་ལ་རེད།
ཕྱོགས་ཞེན་སྦྲུལ་གྱི་ཁ་སོ་ནས།
ཞེ་སྡང་དུག་གི་ཁ་ཆུ་གཏོར།
སྡ་སའི་གཏོ་ཆོག་མཁན་པོ་ཡིས།
ཞི་བདེའི་གླུད་ཡས་རྫོངས་དགོས་ཟེར།
གླུད་རྫས་ཤ་ཁྲག་རུས་གསུམ་དེ།
གངས་ཅན་བོད་པའི་གསོན་ཤ་གཅད།