ཁྲོ་གཏུམ།
དུས་དེ་ནས་བཟུང
གྲོང་ཁྱེར་ལ་ལྷུང་སོང་བས
མགོ་ཐོག་ཏུ་འཕུར་བ་དག་ལྕགས་བྱ་དང་དེའི་འཛེར་སྐད
རྐང་འོག་ཏུ་འགྲོ་བ་དག་རླངས་འཁོར་རིགས་ཀྱི་ཚོགས་དང་དེའི་ཆོམ་སྒྲ
མིག་འོད་དུ
ད་རུང་ཆེས་མཐོ་བའི་ཁང་བརྩེགས་ཀྱི་བང་རིམ
རྩེ་མོར་བལྟས་ཚེ
མེ་ལོང་མའི་ལུགས་ཀྱི་རི་བོར་བསྟོད་པ་ཞིག་ལས
དཀན་གཟར་གྱེན་དུ་འགྲེང་བའི་རི་བོ་ལ།།
ལྟ་བའི་ཚེ་ན་མགོ་ཡི་ཞྭ་མོ་ཡང་།།
ས་འཛིན་ཕང་བར་མི་ལྷུང་རང་དབང་ཅི།།
འདི་ལྟར་མགོ་བོ་ཡར་བཀྱགས་ཏེ
རྐང་པ་གཏན་གཏན་ཏིག་ཏིག་གིས་མདུན་དུ་སྤོ་བཞིན་ཡོད
ཕྱི་ལོ་ ༢༠༢༣ ཟླ་ ༠༢ ཚེས་ ༡༣ ཉིན།