འོས་སྦྱོར་བ། རྫོགས་ཆེན་ཟླ་བ།
༼ཁ་བའི་མེ་ཏོག༽ཅེས་པའི་དུས་དེབ་གསར་བ་ཞིག་མི་འགྱང་བར་འཇིག་རྟེན་འདིའི་འཚུབ་མ་འཚུབ་ཀྱི་ཀྱག་ཀྱོག་བརྒྱུད་དེ། གངས་རིའི་པང་དང་གཙང་པོའི་ཁར་བཞད་རྒྱུ་རེད་ཅེས་པའི་བརྡ་གསར་ཕོ་ཉ་ཞིག་དྲྭ་ལམ་བརྒྱུད་ནས་སའི་གྲུ་ཟུར་ཀུན་གཏམ་བཟང་གིས་ཁྱབ་ནས་འདུག གྲོགས་པོ་ཚོ། ལྟོས་དང་། ཤོག་དང་། ང་ཚོས་༼ཁ་བའི་མེ་ཏོག་༽གི་མཛེས་སྡུག་དང་། དེས་ཁུར་བའི་དགའ་སྐྱོའི་ཚོར་རིས་སེམས་དང་སེམས་པས་མྱོང་དུ་འགྲོ།
ལོ་དགུ་བཅུའི་ཡར་སྔོན་དུ་ཤེས་རབ་དགའ་ཚལ་སློབ་གླིང་ངམ།་་གསོག་སྒར་སློབ་གྲྭར་བོད་ཡིག་ཐོག་ཟླ་དྲུག་ནང་འདོན་རྒྱུའི་དེབ་གཅིག་ཡོད་ལ།་་་དེབ་དེའི་ཁ་བྱང་ལ་ཡང་ཁ་བའི་མེ་ཏོག་ཟེར།་་་་གུས་པར་མཚོན་ན་ལོ་ཤས་རིང་དེབ་དེའི་རྩོམ་སྒྲིག་གི་འགན་ཡང་འཁུར་མྱོང་།་་་་་ད་ལྟ་དེ་མེད་པ་རེད་དམ།་་་་་གལ་སྲིད་ཡོད་ན་ཁ་བྱང་དེ་འདོགས་པར་གསོག་སྒར་སློབ་གྲྭའི་འགན་འཛིན་ནམ་སློབ་སྤྱི།་་་་རྩོམ་སྒྲིག་ཚོགས་ཆུང་སོགས་ལ་འབྲེལ་བ་གནང་དགོས་ངེས་སུ་མཐོང་།་་་་དེ་ལྟར་གནང་ཡོད་དམ་མེད།་་་་་་གལ་སྲིད་དེབ་དེ་མཐོང་ཐོས་བྱུང་མེད་ན་ངོ་སྤྲོད་ཙམ་ཡིན།
རྫོགས་ཆེན་མཁན་པོ་ཀུན་བཟང་ལགས་ཀྱིས་རྩོམ་སྒྲིག་མཛད་པའི་དུས་བབས་ཀྱི་རྩོམ་རིག་སློབ་གསོ་༼ ཁ་བའི་མེ་ཏོག༽གི་ལང་ཚོ་འཆར་དུ་ཉེ་ལ་འདུག
དུས་དེབ་ནམ་སྙན་རྩོམ་དེབ་དེ་ག་དུས་ཤིག་ལ་འགྲེམ་སྤེལ་བྱེད་ངེས་རེད། རྩོམ་ཡིག་ཅིག་འབྲི་དགོས་བསམ་མོད་ དེ་རིང་མ་གཏོགས་གོ་མ་སོང་ཡ། གང་ལྟར་རྒྱབ་སྐྱོར་ཡོད།་
རྫོགས་ཆེན་ཀུན་བཟང་ཟེར་དང་ཟླ་བ་ཟེར་སོགས་ཀྱིས་སྙན་ངག་ཡག་པོ་འདུག ཡིན་ན་ཡང་དོན་གནས་ཞིག་ཡིན་མིན་མི་ཤེས། ཁ་བའི་མེ་ཏོག་ཡེ།
ཧོ་ཤུལ་པདྨ་སྐལ་བཟང་གི་ལོ་རྒྱུས་བསྡུས་དོན་རང་བཞིན་བརྗོད་པ། བསྟན་འཛིན་འཇིགས་བྲལ་བླ་མ་ཁོང་། དགོང་ལོ་བཞི་བཅུ་མར་སླེབས་བར། ངེད་ཆོས་རྒྱུད་མི་སྡེ་ལྷ་སྡེ་ཡིས། སངས་རྒྱས་དངོས་ཀྱི་དད་འདུན་བཞག བསྟན་འཛིན་འཇིགས་བྲལ་ལྷུན་པོ་ནི། རྫོགས་སྤྲུལ་དྲུག་པའི་ཡང་སྤྲུལ་དུ། རྡོ་གྲུབ་ཏཱ་ལའི་བཀའ་ལུང་ཟེར། མགོན་རིས་བརྡ་ལུང་དེ་རུ་འགྲེལ། དེ་རྗེས་ཚ་མོ་རིག་འཛིན་དབང་། ལས་སྐལ་རིག་མ་མེད་ཉིན་མོ། ཚ་ཞང་མིང་སྲིང་ཡོངས་ཀྱིས་རྒོལ། སྒེར་དོན་བསྟན་པ་སྤྱི་ལ་བསྲེས། རྫོགས་ཆེན་བསྟན་པ་ནང་སྐྲུག་བྱས། གཅིག་ཏུ་སྔགས་པ་མི་བཟང་ཟེར། གཉིས་ནི་བསྟན་བཞེངས་མི་འདུག་ཟེར། གསུམ་ནི་རྫུན་མ་རེད་འདུག་ཟེར། གཞི་ནི་བསྟན་པ་བཤིག་སོང་ཟེར། རྫོགས་བསྟན་སྔགས་པས་འཛིན་གྱུར་ན། བདག་ཀྱང་གནས་འདིར་མི་འདུག་ཟེར། རབ་བྱུང་ཚ་བོས་འཛིན་གྱུར་ན།བསྟན་པ་འཛིན་སྐྱོང་སྤེལ་ལོ་ཟེར། རྫོགས་ཆེན་འབྲོག་རུ་ལྷ་སྡེ་ཡི། བསྟན་སྲིད་གསེར་སྡོང་སེར་པོ་ལ། དམར་པོ་ཁྲག་གི་རི་མོ་བྲིས། སྐྱབས་རྗེ་བླ་མ་སྡིག་སེམས་ཅན། ཐུབ་བསྟན་ཤེལ་དཀར་བུ་བཟང་ལ། རང་དོན་ལྕགས་འདས་བུ་ག་ཕུག སྔ་འགྱུར་ཤྭ་བོའི་སྐུ་ལུས་ལ། ངན་སེམས་སྤྱང་ཀིས་རྨ་ཁ་གཏོད། འཇིག་རྟེན་གངས་ཅན་ལུང་པ་ན། སྤྲུལ་རྫུན་གཅིག་བརྒྱ་ལྷག་ཙམ་བྱས། མང་ཚོགས་སེམས་ལ་སུན་སྣང་སྟེར། ཁྱབ་བདག་བླ་མ་བདུད་ལས་ཅན་།མི་མཐུན་ཉིས་སྤྲུལ་བཅུ་ཙམ་བྱས། མཐུན་སྒྲིལ་ཙན་དན་སྡོང་པོ་དེ། ཞེ་གནག་དགྲ་སྟས་དུམ་གཉིས་བཅད། ལི་ཐང་ཨ་དཀར་ཡང་སྲིད་དུ། ཨ་ཆོས་བླ་མས་ངོས་འཛིན་ཐོག མི་མཐུན་འཕུང་སྐྲུག་སྐུ་གཉིས་བྱས། ཡབ་ཆེན་བླ་མའི་ཐུགས་དགོངས་སྐྲུག ཨ་ཅང་ལྟོགས་ལྡན་ཡང་སྤྲུལ་ནི། བན་ནག་བླ་མས་གཅིག་ངོས་འཛིན། དེ་ལ་གནོད་པའི་སྤྲུལ་རྫུན་བྱས། ཆོས་རྒྱུད་དམ་ཚིག་ཁྲག་ལ་བསྲེས། ཨ་ཅང་བླ་མ་རྟོགས་ལྡན་ནི། སླུ་བྲིད་སྦྲུལ་ནག་ཞགས་པས་བཟུང། མི་འདོད་སློང་གི་ཞྭ་ནག་བསྐོན། ད་དང་ཆོས་གྲོགས་ཡིན་ལོ་སྐད། རྩམ་པ་རང་གིས་བརྐུས་ནས་སུ། རྩམ་ཁུག་གཞན་མགོར་བསྐོན་པའི་དཔེར། བྱ་ངན་ཕུགས་པོ་རང་ཉིད་ཡིན། ཨ་ཅང་བླ་མའི་མགོ་རུ་བསྒྱུར། བླ་མ་གང་མང་ཞིག་དང་འགལ། སློབ་མ་གང་མང་དད་པ་ལོག རང་ཉིད་དམ་ཚིག་ཉམས་པ་ཡིས། གཞན་ལ་དམ་ཉམས་ཇི་ལྟར་བསྒྲགས། དཔལ་སྤྲུལ་གཞན་དགའ་མཁས་པ་འགའ། དང་པོ་གདན་འདྲེན་མངའ་གསོལ་བྱས། མཐའ་མ་རང་ལ་མི་དད་དུས། ཐམས་ཅད་རང་རང་གནས་ལ་སྤྲད། འཇིགས་མེད་ཕུན་ཚོགས་འབྱུང་གནས་ལ། རྐུབ་སྟེགས་གདན་ཁྲི་འགྲན་རྩོད་བྱས། མི་ཐུབ་ཕྲག་དོག་ཞེ་སྡོང་གིས། བཀུར་འདེབས་ལོག་ལྟ་ངན་བསྐུར་བྱས། སྔ་འགྱུར་རྒྱལ་བ་ཞེ་ཆེན་པ། དགོན་ཆེན་དྲུག་གི་གྲལ་ནས་ཕུད། མཛད་སྒོ་འཇིགས་བྲལ་གསལ་བསྒྲགས་དེ། སྡེ་དགེའི་མི་མང་ཁྲིམས་ལ་སྦྱར།ཏང་གིས་ས་བདག་ཡུལ་མེད་བྱས། ས་བདག་སྐྱབས་རྗེ་ཡར་ལ་ལངས། སྤྱི་ས་རུ་དམ་ལུང་པ་བོ། གཡོ་རྒྱུས་ཐབས་ཀྱིས་སྒེར་བདག་བྱས། བཞུགས་སའི་གཟིམ་ཤག་ཕོ་བྲང་དང་། བཞོན་པའི་རླུང་འཁོར་སྐད་གྲགས་ཅན། སྒོར་མོ་དམར་པོས་དངུལ་བྱང་འགེང་། ཁྱོད་རི་ཁྲོད་རྒན་བུ་ཇི་ལྟར་རེད། གཡོ་ཆེན་བླ་མ་ཕུགས་པོ་ཡིན། རྫོགས་ཆེན་ཆོས་འབྱུང་ལོག་བྲིས་བྱས། དམར་པོའི་ཕྱོགས་ཀྱིས་དཔུང་རྒྱབ་སྐྱོར། ཚ་བོ་རྫོགས་སྤྲུལ་རྫུན་མ་བྱས།མཁན་རབས་སོ་བཞི་རེད་མེད་ཀྱང་། མིང་གྲགས་ཅན་གྱི་མཁན་པོ་འགའ།འབྲེལ་མེད་མཁན་རབས་གྲངས་སུ་བགྲང་། གངས་ཅན་ཤྲཱི་སེང་ཆོས་གྲྭའི་གླིང་། མི་དམངས་བཀའ་ངལ་དརྔུལ་ཆུས་བསྐྲུན། ཟུངས་ཁྲག་རིན་པས་བསྐྲུན་ནོ་སྐད། ལས་འབྲས་ནོགས་པའི་ཆོས་རྗེ་ཞིག འཕགས་བོད་རྫོགས་དགོན་མི་གཅིག་གིས། ཐོབ་མིང་སྐྱབས་རྗེ་ཕུལ་མྱོང་མེད། རང་གིས་ཆེ་མིང་རང་ལ་བཏགས། ངོ་འབག་འཐུག་པོའི་དམ་པ་ཞིག མདོ་སྟོད་ཡུལ་གྱི་ཆོས་སྡེ་འགའི། ཁུངས་མེད་ཤྲཱི་སེང་ཕྱི་མོ་ཞེས། ལོག་བཤད་བྱས་པའི་སྡིག་འབྲས་ཀྱིས། ཆོས་སྡེ་གང་མང་ཐུགས་སེམས་སྐྲུག འབྲུག་སྤྲུལ་ཐུབ་བསྟན་ཉི་མ་ལ། གདན་རབས་བཅུ་གསུམ་རང་ཐོབ་ལ།ངན་གཡོས་རང་གི་མིང་ལ་བསྒྱུར། ཁ་བཤད་ཐོབ་ས་མི་འདོད་སྐད། སྤྲུལ་སྐུ་འབྲུག་པའི་ཚ་མོ་དང་། ཉིད་ཀྱི་ཚ་བོ་འཁྱམ་པོ་གཉིས། ཚ་བོ་བདུན་པའི་ཁྲི་ལ་མངོན། སླུ་བྲིད་ཐབས་ཇུས་གཉེན་སྒྲིགས་བྱས། རང་དོན་བཙན་ཐིས་ལས་འགུལ་སྤེལ། ཚ་ཞང་གཉིས་ལ་མི་དད་རིགས། རྫོགས་དགོན་བསྟན་སྤྱིའི་དམ་ཉམས་བྱས། དགོན་སྡེ་འབངས་ཀྱི་རང་དབང་བཅོམ། ཆོས་རྗེ་བླ་མའི་གདམ་ངག་ལ། འགྲན་པའི་ཁྱོད་ཀྱི་ཚིག་རྐང་གཉིས། གཞན་ལ་གནོད་པ་སྐྱེལ་ཞིག་གི ཚིག་ཏུ་བསྒྱུར་ན་དོན་དུ་མཐུན། ས་གྱོད་རང་བཙན་ཞྭ་མོ་ཆེ། ཁོ་སྒེར་གྱི་མགོ་རུ་ཡོད་དོ་སྐད། ཕུག་པོ་འབྲུག་སྤྲུལ་ཡིན་པའི་བརྡ། མི་མངོན་ཚིག་མདའི་ཡིག་ཆ་བཀྲམ། མཆོག་སྤྲུལ་ཀུན་བཟང་སྤྲུལ་སྐུ་ལ། མི་མངོན་ཕྲག་དོག་ལྐོག་མདའ་འཕངས། དྲིན་ཆེན་སྤྲུལ་སྐུ་རྟོགས་ལྡན་ལ། འགྲན་སེམས་ཕྲག་དོག་དུག་ཆུ་ཁོལ། བསྟན་འཕེལ་ཕྱོགས་ལས་རྣམ་པ་གཉིས། འཇིགས་བྲལ་བ་ལ་དད་ཉེས་ཀྱིས། རུ་དམ་ཕྱི་རུ་ལེན་གཅིག་སྤྲད། ཤེས་མེད་རུས་མེད་ངན་ཤད་ཅན། གནས་ཆེན་རྡོ་ར་དཀར་མོ་དེ། བདག་འཛིན་མ་ཐུབ་ཞེ་སྡོང་གིས། མི་ཉག་རྫོགས་ཆེན་སློབ་གྲྭ་ལ། གནོད་ཤུགས་དུག་མཚོན་གང་མང་འཕངས། ལྷ་ཡི་མིང་ལ་བདུད་ཀྱི་སེམས། མི་ལུས་ལ་འདྲེ་ཡི་ལས། ར་བ་གངས་རིའི་ཕ་མཐའ་རུ། གངས་ཅན་ཕུ་ནུས་སྤྱུགས་ལ་ཉེ། བསོད་དར་རྒྱས་བསྒྱུར་བའི་སྔོན་འགྲོ་ལ། ཚ་བོས་གསལ་བསྒྲགས་རང་མིང་སྦྱར། ངན་གཡོ་ཅན་གྱི་ཞང་པོ་ལ། ཚ་བོ་དེ་ལ་དེ་བཞིན་འཁྲུངས། གྲྭ་ཁང་སྒེར་ས་སྒེར་བདག་པོ། གཡོ་རྒྱུས་ཐབས་ཀྱིས་གོང་ལེན་བྱས། སྒེར་གཅོད་དམར་པོའི་རིང་ལུགས་པ། འཛམ་གླིང་དམངས་གཙོའི་སྤྱི་དགྲ་ཡིན། དམངས་ལ་ལ྄ག་བསམ་དཀར་མི་དང་། རང་དབང་དམངས་གཙོའི་ཁ་ཕྱོགས་ཚོས། ཤ་ཚ་སྙིང་རྗེ་མེད་པ་ཡིས། སྒེར་ལུགས་དགྲ་བོ་ཚར་ཆོད་ཅིག ཚ་ཞང་མ་ལུས་འཁོར་དང་བཅས། རུ་དམ་ལུང་དུ་འདུག་དོན་མེད། རང་གི་ཕ་ཡུལ་མྱུར་དུ་སོང་། སྡེ་དགོན་འཕུང་སྐྲུག་བྱེད་དོན་མེད། རྫོགས་ཆེན་ཡུལ་གྱི་མི་མིན་དུས། རྫོགས་ཆེན་སྐལ་བཟང་བཏགས་དོན་མེད། རང་ཡུལ་རྫ་ཆུ་ཁ་བའི་རུས། ཧོ་ཤུལ་སྐྱབས་རྗེ་མིང་དུ་ཐོགས། ཧོ་ཤུལ་པདྨ་སྐལ་བཟང་གི ངོ་སྤྲོད་བསྡུས་པ་བསྡུས་པ་འདི། ཁྱད་པར་གངས་ཅན་ཕུ་ནུ་དང། འཛམ་གླིང་འགྲོ་བ་མི་ལ་ཕུལ། གངས་ཅན་སྤུན་ཟླ་ཡོད་དོ་ཅོག གཏམ་འདི་བདེན་མིན་ཞིབ་འཇུག་མཛོད། ལས་འབྲས་སླུ་མེད་བདེན་པ་ཡིས། ནག་ཉེས་བདེན་རྫུན་སོ་སོར་དབྱེད། གྲྭ་གང་མང་ནས་མཉམ་དུ་བྲིས། །
དེ་སྔོན་གྲྭ་ཤག་གསར་བཟོ་སྐབས་གྲྭ་ཁང་མང་པོ་ཞིག་གཞུང་ལེན་བྱས་སྐབས་བོད་རྫོགས་ཆེན་གྲྭ་བ་ཚོས་མི་འདོད་པའི་ངོ་རྒོལ་ཆེད་དུ་བྲིས་པ་རེད་ཟེར།
བདེན་པ་ཡིན་ནམ།
ད་ནང་བསྟན་ཉམས་ལེན་བྱས་དུས་ནང་འཁྲུགས་ཡག་ཐག་ཆོད་རྒྱབ་ཤག
དགོས་པའི་བྱམས་སེམས་ཞི་བདེ་ཉམས་ལེན་མི་བྱེད་པར་་་མི་དགོས་པའི་ཆགས་སྡང་རྨོངས་འཁྲུགས་རྒྱབ་པ་འདི་་་ཉམས་ལེན་ལ་ཞིབ་འཇུག་བྱེད་དགོས་པ་ཞིག་འདུག
ཨ་ཕྱི་རྐུབ་རལ་གྱི་རྟུག་དྲི་འཐུལ་ལེ། ཕཡེ