ཁྲོ་གཏུམ།
རི་བོ་ཧི་མ་ལའི་ཕར་ཚུར་ནས་མིག་ལྟོས་དང་རྣ་ཉན་བྱས་ཏེ་ལོ་ངོ་དུ་མ་འདས
མི་རབས་ཀྱི་བང་སོ་ཉར་བའི་དུས་དེ་རིང
ཕ་ཡུལ་ནས་ཚུར་གྱེས་པའི་ཤ་རུས་ཤིག
ཚུར་རོལ་ནས་ཕར་བསམ་པའི་རྣམ་ཤེས་འགས
ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག
གོད་ཆགས་ཀྱི་ལོ་ཟླ་བརྗེད་མི་ཐུབ་པ་དག
༥༩ ཟུང་གིས་མི་ཞིག་དྲན་དུ་བཅུག་ཅིང
མི་རིགས་ཤིག་གླེང་དགོས་པའི་དུས་དེ་ཙ་ན
སུ་ཞིག་གི་རལ་བའི་ནང་གི་མི་མགོ་དེར་བལྟ་དགོས
བཙན་བྱོལ་གྱི་སྐབས་དེར་ང་ནི་རྣམ་ཤེས་ཤིག
དེ་རིང་གི་ཉིན་འདིར་ང་ནི་ལོ་རྒྱུས་ཀྱི་བང་རིམ་ནས་རྐུས་པའི་བཙན་འཛུལ་དེའི་བང་མི་ཞིག
སྐད་འབོད་ཀྱིས་གནམ་ས་གཡོ་བའི་ལོ་ངོ་ ༥༩
ངའི་ཚེ་སྲོག་གི་ཤ་རྒྱུས་བར་ནས་ཆུ་ལོག་ཏུ་བྲུག
སྔོན་ལ་སོང་བའི་རྣམ་ཤེས་དག་ངའི་སེམས་ཀྱི་མེ་རྡོ་ཡིན་ལ
ད་ལྟ་ལྷག་པའི་རུས་རྒྱུད་དག་ངའི་སྤོབས་པའི་དཔུང་གྲོགས་ཡིན
ང་དགུ་ནི་ངའི་སྐད་ཆའི་ལབ་དང་པོ་ཐོན་དུས་རྣ་ལ་གཤེགས་འདུག
ང་བརྒྱད་ནི་དེ་ལས་ཀྱང་རྣ་ལ་གཟན་པའི་སྐད་མཛེར་དེ་ཡིན
ང་དགུ་ཟུང མི་རིགས་ཤིག་གི་ལུས་པོའི་ཟུངས་ཁྲག
ཟུངས་ཁྲག་གི་བཞུར་ལམ་དེར་འཁྱིལ་བའི་རྣམ་ཤེས་ཀྱི་ཚོགས
ང་ནི་ཁྱོད་ཚོའི་སྤོབས་པའི་སྙིང་རུས་སུ་དཔར་ལ་བཏབ་སྐབས་ཀྱི་མཚོན་སྣ་གཅིག་ལས་གྲུབ་མི་འདུག
ང་ནི་རྣམ་ཤེས་ཡོད་པ་དང་སོང་ཟིན་པའི་བར་ན་ཡོད
༢༠༡༨ ཟླ་ ༠༣ ཚེས་ ༡༠ ཉིན།
ཐེངས་འདིའི་གསུམ་བཅུ་དུས་དྲན་སྐབས་སུ་ཡུལ་ལུང་རེ་ཟུང་ན་མ་གཏོགས་མགོན་པོ་མཆོག་གི་སྐུ་པར་མཐོང་ཡུལ་དུ་མ་གྱུར། སྐུ་པར་དངོས་འཁྱེར་དང་། སྒྲིག་ཤོམ་མི་གནང་བའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད་མཁྱེན་ཆུབ་མཁན་རེ་མཆིས་ན་དེ་ལུགས་གསལ་འགྲེལ་གནང་སྐྱོང་ཡོང་བ་ཞུ།
ད་སྐབས་ཅུང་ཁོམ་ཡོད་པས་ དུས་ཚོད་གང་ཡོད་ལ་ཁ་བརྡ་དང་དུས་བབས་ལ་བལྟ་ཀློག་བྱེད་ཀྱི་ཡོད་པས་རྩོམ་ཡིག་དེ་དག་གིས་བོད་དོན་གྱིས་ལས་འགུལ་ལམ་སེམས་པ་དམར་བོ་ཞིག་ཕྱི་རུ་བཏོན་པ་ཡིན་པས་བཀའ་དྲིན་ཆེ།
བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་བླ་ན་མེད་པའི་འདི་ཕྱིའི་དབུ་འཁྲིད་གོང་ས་ཡིད་བཞིན་ནོར་བུ་མཆོག་གི་སྐུ་པར་མཐོང་སྒྲོལ་རིན་པོ་ཆེ་ང་ཚོའི་དུས་ཆེན་དང་འབྲེལ་བའི་མཛད་སྒོ་ཁག་དང་ཁྱིམ་ཚང་སོ་སོའི་མཆོད་ཁང་ནང་བཅས་པར་མཆོད་འབུལ་སྨོན་ལམ་ཞུ་བཞིན་པ་དང་བོད་ནང་རྒྱ་མིའི་བཙན་དབང་འོག་གོང་ས་མཆོག་གི་སྐུ་པར་སྒྲིག་མི་ཆོག་པ་ནི་བོད་མིར་ཆོས་དད་རང་དབང་མེད་པ་གསལ་པོ་ཡིན་ན་ད་ལམ་གསུམ་དུས་སྐབས་གོང་ས་མཆོག་གི་སྐུ་པར་མ་སྒྲིག་པར་དུས་དྲན་སྲུངས་རྩི་ཞུ་མཁན་དེ་འདྲ་བྱུང་ཡོད་ན་ང་ཚོ་རང་དབང་ལུང་པའི་ནང་ཡོད་ན་དབུས་བོད་མིའི་སྒྲིག་འཛུགས་ནས་ཞིབ་འཇུག་ནན་པོ་གནང་དགོས་པ་གལ་ཆེན་དོན་ཆེན་ལ་ངོས་འཛིན་ཞུ་གི་ཡོད་།
སྲིད་སྐྱོང་བློ་སེངའཁོར་ཚོགས་རྣམས། །རྫུན་ཁྲམ་ཐོགས་པ་མི་མངའ་ཞིང་། །སྲིད་དབང་སྒེར་གཅོད་མཐུ་བཙན་པས། །རྒྱ་མིས་འཐབ་ཇུས་བཏིང་བ་བཞིན། །ཁམས་རིགས་དོལ་ཚོགས་དར་བ་དང་། །བོད་མིའི་སྒྲིག་འཛུགས་འཐོར་གྱུར་ཅིག །སྐྱབས་བཅོལ་བོད་མི་ཐམས་ཅད་ཀྱི། །ངོ་རྒོལ་ཁྲོམ་སྐོར་བཟློག་ཏུ་གསོལ། །བྱ་སྤུའི་སྒྲིག་འཛུགས་ངན་པ་ཟློག །ཁྲིམས་དང་སྒྲིག་གཞི་ངན་པ་ཟློག །སྒེར་རྩོད་བསམ་སྦྱོར་ངན་པ་ཟློག །ལྟས་ངན་གདན་ཐོབ་གྱ་གཅིག་ཟློག །ཨ་སྒོར་ས་ཡ་གཅིག་ཕྱེད་ཟློག །སྐྱག་རྫུན་སུམ་བརྒྱ་དྲུག་ཅུ་ཟློག །གཡོ་འཕྲུལ་བཞི་བརྒྱ་རྩ་བཞི་ཟློག །ཧམ་བཤད་སྟོང་ཕྲག་བརྒྱད་ཅུ་ཟློག །ཚུལ་མིན་རང་ཤེད་རྣམ་བརྒྱད་ཟློག །མཚན་གྱི་ཟ་རོགས་སྐལ་རྡོར་ཟློག །ཉིན་གྱི་ཉལ་རོགས་ཟླ་སྒྲོན་ཟློག །དངོས་ཚེ་གཤེད་དུ་བསྐོས་པ་ཟློག །དམངས་ལ་མགོ་སྐོར་གཏོང་བ་ཟློག །བླ་མར་དབུ་སྐོར་ཞུས་པ་ཟློག །གཡུ་ཐོག་སྲོག་རླུང་འཕར་བ་ཟློག །ཧེབ་དང་ཟ་རྔམ་ལངས་པ་བཟློག་ཏུ་གསོལ། །
སུམ་ཅུའི་དུས་དྲན་ཐོག་སྲིད་སྐྱོང་གི་གསུང་བཤད་ཀྱི་ཟུར་སྣེ་རུ་ཆོལ་ཁའི་འཐེན་འཁྱེར་བཤད་པ་ལས་སྤྲོས་པ།
སྲིད་སྐྱོང་གི་སྐད་ཆ་འདི་ལྷག་བསམ་ལས་བྱུང་བ་མ་རེད། འཇིགས་སྣང་ལས་བྱུང་བ་རེད། ཁོ་བས་མང་ཚོགས་ཀྱི་ངོ་རྒོལ་དང་དེའི་སྟོབས་ཤུགས་ཀྱིས་ད་ལྟའི་ཁོ་དང་ཁོའི་འཛིན་སྐྱོང་འོག་གི་བཀའ་ཤག་ལ་ཉེན་ཁ་ཆེན་པོ་མཐོང་གི་ཡོད་པས་རེད ཉེན་ཁ་དེ་འགོག་ཐབས་དང་། ཉེན་ཁ་འགོག་མ་ཐུབ་ན་ནག་ཉེས་གཞན་སྟེང་དུ་གཡུག་པའི་ཐབས་གཅིག་གཅིག་སྟེ། མདའ་གཅིག་གིས་འབེན་གཉིས་ཀྱི་དཔེ་མཚོན་གཅིག་ནི། མང་ཚོགས་ལ་འཇིགས་སྐུལ་བ་དང་། མང་ཚོགས་ལ་ནག་འཛུགས་པ་དེ་རེད། ཁོ་བས་བྱེད་ཐབས་དེ་ལག་བསྟར་བྱས་འདུག
གལ་སྲིད་དེང་སྐབས་ཀྱི་སྐྱབས་བཅོལ་སྤྱི་ཚོགས་ནང་གི་དཀའ་རྙོག་དང་དེའི་འཇུག་འབྲས་ཀྱི་འཕེལ་ཕྱོགས་ལ་ད་ཆ་ད་དུང་སུས་ཀྱང་སྡོམ་རྒྱག་དཀའ་བར་སྣང་། འོན་ཏེ། དཀའ་རྙོག་འདིའི་རྐྱེན་པའི་གཞུང་མང་བར་རམ། སྒྲིག་འཛུགས་དང་མང་ཚོགས་བར། ཡང་ན་སྲིད་སྐྱོང་བློ་བཟང་སེང་གེ་དང་ཁོ་ལ་ངོ་རྒོལ་བྱེད་པོ་དག་གི་བར་ལ་རྙོག་གླེང་ཆེན་པོ་ཞིག་འབྱུང་གི་རེད། རྙོག་གླེང་དེ་ནི་ཧ་ཅང་གསལ་བོ་ཞིག་སྟེ། ཐེངས་འདིའི་རྙོག་གླེང་གི་ངོ་བོ་རྐྱེན་རྩ་གཙོ་བོ་སུ་ལ་ཐུག་ཡོད་མེད་སྐོར་རེད།
སྲིད་སྐྱོང་སོགས་ཀྱིས་དེ་ཆོལ་ཁའི་འཐེན་འཁྱེར་ལས་བྱུང་བར་བཤད་ཅིང་། མང་ཚོགས་ཀྱིས་དེ་སྲིད་སྐྱོང་གི་མཛད་ཕྱོགས་ལས་བྱུང་བར་བཤད་ཀྱི་རེད། འོན་ཀྱང་དོན་པའི་གནས་སྟེང་གི་གོ་འབྱེད་དེ་སུས་བྱེད་ཀྱི་རེད་དམ།
སྲིད་དོན་ཚན་རིག་དང་ལོ་རྒྱུས་ཀྱི་ཁྱབ་ཁོངས་ནས་བཤད་ན་མི་མང་ནག་པོ་ཆགས་ཀྱི་རེད་དམ། མི་མང་གི་ཁ་གཏད་དུ་གྱུར་བའི་སྒྲིག་འཛུགས་མི་སྣ་ནག་པོ་ཆགས་ཀྱི་རེད། གནད་དོན་འདི་ལ་ལན་འདེབས་དགོས།
༄༅། ད་ཁོ་དང་ཁོང། ང་དང་ང་ཚོ་སོགས་དགྲ་དགའ་གཉེན་སྡུག་གི་སྐད་ཆ་ཇི་ལྟར་བཤད་ཀྱང་ཉན་
འདོད་མེད། ལམ་སེང་བཞག་གི་ཡོད་ཀློག་གི་ཡང་མེད། ད་ཁ་རྕུམ་་་མིག་རྩུམ།