ཧྥེ་ལེ་ཕཱི་རྒི་ལྦང་གཞོ་ལྦོས་བརྩམས།
སྙན་བཟང་གཡུང་དྲུང་ཚེ་རིང་གིས་བསྒྱུར།
—————-
སྤྱི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། ཕྲུ་གུ་བཞིའི་ཕ་རྒན་དུ་གྱུར་པའི་རེབ་གོང་གི་ལུག་རྫི་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད། བོད་ཀྱི་རང་དབང་གི་དོན་དུ་རང་ལུས་མེར་བསྲེགས་དང་རྒྱ་གཞུང་གི་དྲག་གནོན་ལ་ཞི་རྒོལ་གནང་མཁན་དག་དང་འཕྲད་པ།
རོང་པོ་དགོན་ཆེན་གྱི་ནང་དུ་གློ་བུར་དུ་རྒྱུན་ལྡན་མིན་པའི་ཟང་ཟིང་ཞིག་མཆེད་པ་དང་། གྲངས་འབོར་མང་བའི་མཇལ་བ་དང་འདུ་འཛི་ཆེ་བའི་ལམ་འགྲོ་བ་རྣམས་སྒྲོལ་མའི་ཐང་ཆེན་བརྒྱུད་དེ་འཚིག་དྲི་འདྲེས་མའི་དུད་སྤྲིན་འཕྱུར་པའི་ཕྱོགས་དེར་བསྐྱོད། རེབ་གོང་གི་ཚོང་པ་རྡོ་རྗེའི་ངག་ཞུམ་ཞུམ་གྱིས་‘‘ངས་ཚུལ་འདི་མཐོང་མ་ཐག ང་མི་ཚོགས་ཀྱི་འཚང་ཁའི་ནང་དུ་འཛུལ་ནས་དོན་དག་ག་རེ་བྱུང་མེད་ལ་བལྟས་པ་ཡིན་’’ཞེས་དང་། ‘‘མི་ཚོགས་སྐྱོ་ལྷང་ལྷང་གིས་བཀྱགས་ཏེ་ཀི་ལྡིར་བྱེད་ཅིང་། ཁ་ཤས་ཀྱིས་གསོལ་བ་སྨོན་ལམ་འདེབས་བཞིན་འདུག ང་ཉེ་སར་བསླེབས་པ་ན། ངས་འབར་གྱིན་པའི་མི་ཞིག་ཐང་དུ་ཡོད་པ་མཐོང་བྱུང་། ངས་ཀྱང་མི་གཞན་པ་ཚོ་དང་འདྲ་བར་དཔར་བརྒྱབ་པ་ཡིན་’’ཞེས་བཤད་རྗེས། ཁོང་གིས་ལག་འཁྱེར་ཁ་པར་ལས་གསལ་པོར་ཐེབས་མེད་པའི་སྐུ་པར་བསྟན་བྱུང་ལ། ཁ་བཏགས་དཀར་སེར་གྱིས་གཡོགས་པའི་དཀྱིལ་དུ་འགྲོ་བ་མིའི་གཟུགས་སུ་སྣང་བ་ཞིག་མེས་འཚིགས་ཏེ་ཐང་དུ་འགྱེལ་འདུག
སྤྱི་ཟླ་༣པའི་ཚེས་༡༧ཉིན་གྱི་ཞོགས་པར། རྡོ་རྗེ་ལགས་ཀྱིས་ལོ་གཅིག་གི་རིང་བྱུང་བའི་བོད་མིས་རང་ལུས་མེར་བསྲེགས་གནང་བའི་ཐེངས་ཉེར་དགུ་བ་མཐོང་བ་རེད། ཁོང་ཡང་སྐྱར་དངངས་འདར་རྒྱག་བཞིན་‘‘མི་རྣམས་ཀྱིས་མེ་ལྕེ་གསོད་པར་འདོད་རྔམ་མི་བྱེད་ནའང་། མཆོད་པའི་དོད་དུ་སྐུའི་མཐའ་འཁོར་དུ་ཁ་བཏགས་འཕེན་བཞིན་འདུག’’ཅེས་དང་། ‘‘ཉེ་ཆར་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་གཏམ་ཡན་ཞིག་ཁྱབ་ཅིང་། དེས་མི་མང་པོ་ཞིག་གི་སེམས་པར་ཡིད་ཆེས་ཤིག་དྲངས་པ་ནི། མི་རྣམས་ཀྱིས་ནམ་ཞིག་བོད་མི་ཉིས་སྟོང་གིས་རང་ལུས་མེར་བསྲེགས་བཏང་བ་ཡིན་ན། བློས་བཏང་འདིར་ལྷ་དང་ལྷ་མོའི་ཚོགས་ཀྱིས་རྫུ་འཕྲུལ་ཞིག་སྟོན་ངེས་པ་དང་། མཐར་བོད་ལ་རང་དབང་འཐོབ་རྒྱུ་དེ་རེད’’ཟེར།
ཁ་བཏགས། ཉིན་དེར་སྐྱེས་བུ་ཞིག་དཔའ་འབར་གསོན་པོར་གྱུར་མཁན་ཞིག་བྱུང་བ་དེའི་མཚན་ལ་བསོད་ནམས་དར་རྒྱས་ཞུ་ཞིང་། ཁོང་ནི་དགུང་ལོ་བཞི་བཅུ་ཞེ་བཞིར་སོན་ཞིང་ཕྲུ་གུ་བཞིའི་ཕ་རྒན་ཞིག་རེད། ཁོང་གིས་ནང་མི་འཚོ་ཐབས་ཀྱི་ཆེད་དུ་རོང་པོ་དགོན་ཆེན་དུ་ཤིང་ལས་ཕྱོགས་ཀྱི་ལས་ཀ་གནང་བ་དང་། ཁོང་ནི་མཐོ་སར་ཆགས་པའི་ཤ་སྦྲང་གྲོང་ཚོར་བཞུགས་ཤིང་། ས་དེ་ནི་རོང་པོ་དགོན་ཆེན་ནས་ཀི་ལོ་མི་ཊར་བརྒྱད་ཀྱི་མཚམས་སུ་ཡོད། ཡུལ་དེར་འགྲོ་བར་ཧ་ཅང་དོགས་གཟབ་བྱེད་དགོས་ཀྱི་ཡོད་འདུག རང་ལུས་མེར་སྲེག་གི་ལུས་འགུལ་འདི་བོད་ཁམས་ཡོངས་དང་། ལྷག་པར་དུ་སི་ཁྲོན་ཞིང་ཆེན་དང་མཚོ་སྔོན། ཀན་སུའུ་ཞིང་ཆེན་ཁག་ཏུ་ཁྱབ་རྗེས། སྲིད་གཞུང་གིས་ཕྱི་རོལ་གྱི་གསར་འགོད་པ་རྣམས་ས་ཁུལ་དེ་དག་ལ་བསྐྱོད་མི་ཐུབ་ཆེད་ལམ་ཁ་ཚང་མ་བཀག་དགོས་བྱུང་ཡོད།
བོད་མི་རྣམས་ཀྱིས་བརྗོད་པ་ལྟར་ན། ཉིས་སྟོང་བརྒྱད་ཀྱི་ས་བྱི་ལོའི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་‘‘བོད་རང་སྐྱོང་ལྗོངས་’’ནི་བཀག་སྡོམ་གྱི་ཨ་ལོང་ནང་དུ་བཅུག་རྗེས། ལོ་བཞིའི་གོང་ནས་བཟུང་གསར་འགོད་པ་རྣམས་ཀྱང་ས་ཁུལ་དེར་བགྲོད་དཀའ་བ་བཟོས་ཤིང་། ཐབས་ཤེས་འདི་ལ་བརྟེན་ནས་པེ་ཅིན་སྲིད་གཞུང་གིས་བློ་ཡུད་དུ་ཤོང་དཀའ་བའི་བོད་མིའི་བློས་བཏང་དང་གནས་ཚུལ་ཛ་དྲག་ཁག་ཇེ་ཆུང་དུ་གཏོང་ཞིང་འགེབ་བསྲུང་བྱེད་ཀྱི་ཡོད་ནའང་། བཙན་བྱོལ་དུ་ཡོད་པའི་བོད་པ་ཚོས་ཕ་ཡུལ་གྱི་གྲོང་དང་གྲོང་ཁྱེར་གྱི་ཕ་ཡུལ་མི་དག་ལ་འབྲེལ་བ་བྱས་ཏེ་གནས་ཚུལ་དག་ཁྱབ་བསྒྲགས་བྱེད་ཐུབ་ཀྱི་ཡོད། རེབ་གོང་དང་དེ་བཞིན་བོད་མི་གཉུག་སྡོད་བྱེད་པའི་གྲོང་ཁྱེར་ཁག་ཏུ་ཉིན་མཚན་མེད་པར་དམར་དམག་སྐོར་ཚོ་དང་སྐོར་ཚོ་བྱས་ཏེ་འགོག་རྒོལ་གྱི་སླད་དུ་སྐོར་གཡེང་བྱེད་པ་དང་། དེ་བཞིན་དུ་རྒྱ་བོད་གཉིས་ཀ་ཡིན་པའི་བདེ་འཇགས་ཉེན་རྟོག་པས་ཀྱང་ལམ་ཁ་ཚང་མར་བྱ་ར་བྱེད་ཀྱིན་ཡོད་སྟབས། ཉེ་ཆར་གསར་འགོད་པ་རྣམས་བོད་ཡུལ་དུ་བསྐྱོད་པར་འདོད་རྔམ་འཕྱུར་ནའང་ཁོང་ཚོ་ཕྱིར་ལོག་གནང་དགོས་བྱུང་ཡོད། གང་ལྟར་ལམ་ཁ་ཡག་ཤོས་ནི་གསང་ལམ་ཕྲ་མོར་ཞུགས་རྒྱུ་དེ་རེད།
ང་ཚོ་གསང་ལམ་ཕྲ་མོ་ཞིག་བརྒྱུད་དེ་ཤ་སྦྲང་དུ་ཕྱིན་པ་ཡིན། རི་སྡེ་འདིར་དུད་ཁྱིམ་དྲུག་བརྒྱ་ཡོད་པ་དང་ཡུལ་མི་ཕལ་ཆེ་བ་ནི་ཡིག་རྨོངས་པ་ཤ་སྟག་རེད། རྒྱུ་མཚན་ནི་ཆེས་ཐོག་མའི་སློབ་གྲྭ་ནི་ལོ་གཉིས་ཀྱི་གོང་ཙམ་ལས་འཛུགས་མ་ཐུབ་པས་རེད། ཐུན་རིན་རྫོང་མི་དམངས་སྲིད་གཞུང་གིས་གྲོང་ཚོ་འདིར་ཐོན་མ་ཐག་པའི་མཚམས་དེར་གློག་སྡོང་ཞིག་བཙུགས་ཏེ་དེའི་སྟེང་དུ་གཟུགས་མཐོང་འཕྲུལ་ཆས་བཙུགས་ཡོད་པ་དེར་ཐུན་རིན་རྫོང་ཉེན་རྟོག་ལས་ཁུངས་ཀྱིས་ཐད་ཀར་དུ་ལྟ་རྟོག་བྱེད་པ་མ་ཟད། ཁ་སང་དེ་རིང་གཟུགས་མཐོང་འཕྲུལ་ཆས་ཇེ་མང་དུ་ཕྱིན་པ་དང་། ཉུང་མཐར་ཡང་གཟུགས་མཐོང་འཕྲུལ་ཆས་གཉིས་གསུམ་ཙམ་ཡོད་པ་དེ་དག་ཕར་འགྲོ་ཚུར་འོང་གི་ལམ་ཁ་བཙུགས་ཏེ་རྟོག་ཞིབ་བྱེད། སྐུ་ལུས་མེར་བསྲེགས་བཏང་བའི་སྐུ་གཤེགས་དཔའ་བོ་དམ་པ་ཁོང་གི་ཤུལ་ལུས་ནང་མི་ཚོར་མྱ་ངན་འཚམས་འདྲི་གནང་ཆེད། ཉིན་རེར་བོད་ཁམས་ནས་མི་བརྒྱ་ཕྲག་མང་པོ་མཚམས་མི་ཆད་པར་རླངས་འཁོར་ཆུང་བ་དང་། སྤྱི་སྤྱོད་རླངས་འཁོར། ཁ་ཤས་རྐང་ཐང་གིས་འབྱོར་ཞིང་། མི་རྣམས་གྲལ་བསྒྲིག་སྟེ་ཧ་ཅང་སྐྱོ་ཉམས་ངང་དཔའ་བོ་དམ་པ་དེའི་གདུང་ཐལ་བཞུགས་སའི་ཆེས་སྤྱིར་བཏང་གི་མཆོད་ཁང་དེར་སྐྱོད་པར་བྱེད། འཚང་ཁ་གཡོ་བའི་མཆོད་ཁང་ཆུང་ཆུང་དེའི་ནང་དུ་སྐུ་གཤེགས་དཔའ་བོ་ཁོང་གི་སྐུ་པར་ཞིག་དང་། བཤམས་མི་ཆོག་པའི་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཞིག ད་དུང་དར་གོས་སྣ་ཚོགས་ཁྲ་ཆིལ་ལེར་འདུག
ཐོ་གཞུང་། རོང་པོ་དགོན་པའི་གྲྭ་པ་ཚོས་སྐུ་ཕུང་ཞུགས་འབུལ་གནང་བ་དང་། ཁོང་གིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ནས་ཉིན་ཁ་ཤས་ཀྱི་རྗེས་སུ། ཕྱོགས་གང་ས་ནས་མི་མང་པོ་ཕྱོགས་གཅིག་ཏུ་འཛོམས་ཏེ་ཟང་ཟིང་ལང་ལོང་བྱས་ནའང་། ཡུལ་མི་སྲིད་གཞུང་གིས་མི་ཚོགས་ཀྱི་ཁ་གཏོར་ཐུབ་མེད།
ཁྱིམ་ཚང་འདིའི་ཕྱོགས་ཤིག་ཏུ་ཕྱུ་པ་གྱོན་པའི་བུད་མེད་ཚོས་དར་གོས་ཀྱིས་བརྒྱུས་པའི་ལུང་ཐག་ཅིག་ལ་འཇུས་ཏེ་མ་ཎི་འཁོར་ལོ་ཆེན་པོ་ཞིག་བསྐོར་ཅིང་། ན་བཟའ་རྒྱ་སྨུག་བཞེས་པའི་གྲྭ་པ་ཞིག་དང་ལོ་དྲུག་ནས་ཉེར་གསུམ་བར་དུ་སོན་པའི་བསོད་ནམས་དར་རྒྱས་ཀྱི་ཕྲུ་གུ་བཞི་པོས་འབུལ་བ་བསྣམས་ཡོང་བའི་འགྲུལ་བ་ཚོར་སྣེ་ལེན་བྱེད་པ་དང་། རི་སྡེ་འདིའི་ཡིག་ངོ་ཆོད་པ་ཞིག་གིས་འབྲི་དེབ་ཅིག་ཏུ་ཐོ་འགོད་གནང་བཞིན་འདུག
ཁྱིམ་ཚང་དཀྱིས་མ་ཚོས་ཇ་བག་ཆུང་རེ་དང་ཡང་ན་ནས་འབྲུའི་སྒྱེ་མོ་རེ་ཤིང་ཁང་ཞིག་ཡོད་པ་དེར་འཇོག་པ་དང་། ཁ་ཤས་ཀྱིས་ཡུ་སྒོར་སྟོང་ཕྲག་བཅུ་གཉིས་བར་དུ་འབུལ་མཁན་ཀྱང་འདུག འདི་ནི་རྒྱུ་ནོར་ཉུང་ཉུང་ཞིག་མ་རེད། བསོད་ནམས་དར་རྒྱས་ཀྱི་ཕྲུ་གུ་ཞིག་གིས་ལག་ཟུང་ཐལ་མོ་སྦྱར་ཏེ་སྐད་ཤུགས་ཆུང་ངུས་‘‘ཕ་ལགས་ཀྱིས་རང་ལུས་མེར་བསྲེགས་མ་བཏང་བའི་སྔོན་དུ་ང་ཚོར་སྐད་ཆ་ཅི་ཡང་བཤད་མ་སོང་། ཁོང་གིས་དེ་ལྟར་གནང་བ་ང་ཚོའི་སེམས་ནའང་ཡོད་པ་མ་རེད་’’ཟེར། རི་སྡེ་འདིའི་རྒྱ་སྐད་ཤེས་ཤིང་ཡི་གེ་ཤེས་མཁན་ཞིག་གིས་འབོམ་སྐད་དང་བཅས་ཏེ་སྐད་སྒྱུར་བྱས་སོང་། ‘‘ནང་མི་ཚང་མས་ཁོང་གི་བློས་བཏང་འདིར་སྤོབས་པ་ཞིག་ཏུ་ཆ་འཇོག་གནང་གི་ཡོད་དམ་’’ཞེས་འདྲི་སྐབས། ‘‘ང་ཚོས་ཁྱེད་ཀྱིས་དྲི་བ་འདིར་ལན་གསལ་པོ་ཞིག་འདེབས་མི་ཤེས། ཡིན་ནའང་དྲི་བ་འདིའི་ལན་ཁྱེད་ཀྱི་སེམས་ན་ཁྲིགས་ཁྲིགས་ཡོད་པ་རེད་’’ཅེས་ཡི་གེ་ཤེས་མཁན་དེས་དོགས་སྣང་གི་རྣམ་འགྱུར་སྟོན་བཞིན་བཤད་སོང་།
བོད་ནང་དུ་བཀག་སྡོམ་དང་། བོར་བརླག བཙོན་འཇུག ཡང་ན་མནར་གཅོད་སོགས་འབྱུང་གི་ཡོད་པ་ནི་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད། ཐབས་ལམ་ཞིག་ཡོད་པ་ནི་ཁ་རོག་གེར་སྡོད་རྒྱུ་དང་། ཡང་མིན་ན་སྡུག་རྩུབ་ཀྱི་སྲིད་ཇུས་འདིར་རྒྱུན་ཆད་མེད་པར་ངར་ཤུགས་དང་བཅས་ཏེ་ཞི་རྒོལ་བྱེད་རྒྱུ་དེ་རེད། བོད་ཀྱི་སྙན་ངག་པ་སྐལ་བཟང་ལགས་ཀྱིས་‘‘ང་ཚོ་བོད་མི་རིགས་ནི་དད་ལྡན་གྱི་མི་རིགས་ཤིག་ཡིན་སྟབས། བླ་ན་མེད་པའི་ཡིད་ཆེས་དང་ཆོས་ལུགས་མེད་པ་ཡིན་ན་འཚོ་ཐབས་ཡོད་པ་མ་རེད་’’ཟེར། ཡང་། ཁོང་གིས་‘‘ང་ཚོས་དུས་རྒྱུན་བོད་དུ་རང་ལུས་མེར་བསྲེགས་བཏང་བའི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་མཚན་ཐོ་ཁག་གློག་འཕྲིན་དང་འཕྲིན་ཡིག་བརྒྱུད་རྒྱ་གར་དུ་བཞུགས་པའི་གོང་ས་རྒྱལ་བ་རིན་པོ་ཆེར་གཏོང་གི་ཡོད་པ་དང་། རྒྱལ་བ་རིན་པོ་ཆེས་གཤིན་པོ་དེ་དག་ལ་བསྔོ་བ་སྨོན་ལམ་གནང་གི་ཡོད་པ་མ་ཟད། སྐུ་གཤེགས་དཔའ་བོ་ཚོའི་མཚན་ལ་གཟིགས་པ་ཙམ་གྱིས་ཀྱང་དགེ་བ་རླབས་ཆེན་གསོག་གི་ཡོད་’’ཅེས་བརྗོད་བྱུང་།
རྒྱ་ནག་པེ་ཅིན་གྱི་ཕྱོགས་ནས་རྒྱལ་བ་རིན་པོ་ཆེར་‘‘ཁ་བྲལ་རིང་ལུགས་པ་’’ཞེས་མཚན་སྨད་གཏོང་བཞིན་ཡོད་ལ། རྒྱ་གཞུང་གིས་དུས་རྒྱུན་དུ་བོད་ཀྱི་གྲྭ་བཙུན་ཚོར་བཙན་སྐུལ་དང་དྲིལ་བསྒྲགས་བྱས་ཏེ་ཁོང་ཚོའི་རྩ་བའི་བླ་མར་མཚན་སྨད་གཏོང་བར་ཁས་ལེན་བྱེད་འཇུག་གི་ཡོད། རྒྱལ་བ་རིན་པོ་ཆེས་རྒྱ་གཞུང་གིས་བོད་ཀྱི་ཡུལ་གྲུ་ཁག་ཏུ་སྤེལ་བཞིན་པའི་མི་སེར་སྤེལ་བའི་སྲིད་ཇུས་དེར་རྒོལ་གཏམ་གཏོང་གི་ཡོད་སྟབས། བདུན་ཕྲག་འདིའི་ནང་དུའང་རྒྱ་ནག་གཞུང་གིས་ཡང་སྐྱར་‘‘ནཱ་ཛི་ལས་གདུག་རྩུབ་ཆེ་བ་ཡོད་’’ཅེས་སྐྱོན་བརྗོད་བྱས་པ་དང་། རྒྱལ་བ་རིན་པོ་ཆེས་རྒྱ་ནག་གིས་མི་སེར་སྤེལ་བའི་སྲིད་ཇུས་དང་སྡུག་རྩུབ་ལ་གཞིགས་ཏེ་‘‘ཧེ་ཐུ་ལེས་འཇུའུ་མི་རིགས་ལ་དམར་གསོད་བྱས་པ་དང་མཚུངས་’’ཞེས་གསུངས་ཡོད། བོད་ཀྱི་རྩོམ་པ་པོ་ཞིག་གིས་ནན་བརྗོད་གྱིས་‘‘ཉིས་སྟོང་བརྒྱད་ཀྱི་ས་བྱི་ལོའི་ཞི་རྒོལ་ལ་བརྟེན་ནས་བྱུང་བའི་དྲག་གནོན་གྱི་སྲིད་ཇུས་དེ་ནམ་ཡང་བཟོད་སྒོམ་བྱེད་མི་ཐུབ་པར་གྱུར་ཡོད་’’ཅེས་དང་། ལོ་གཉིས་ཀྱི་གོང་ནས་བཟུང་། བོད་ཀྱི་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་བྱེད་མི་ཆོག་པ་དང་། ཐ་ན་སློབ་ཆུང་ཁག་ཏུའང་བོད་ཡིག་འཁྲིད་མི་ཆོག་པ་བཟོས་ཡོད་ཟེར།
བོད་ཀྱི་ལས་བྱེད་པ་ཞིག་གིས་‘‘ཉིས་སྟོང་བརྒྱད་ཀྱི་གོང་དུ། རྒྱ་གཞུང་གིས་མཚམས་མི་ཆད་པར་ཧ་ཅང་བསྐྱར་ཟློས་ཀྱིས་ང་ཚོ་བོད་མི་རིགས་ནི་རྗེས་ལུས་ཡིན་པ་དང་། ངེས་པར་དུ་རྒྱ་འགྱུར་གྱིས་དེབ་རབས་ཅན་དུ་འགྱུར་དགོས་ཚུལ་བཤད་ནའང་། བོད་ཀྱི་ཆོས་པ་དང་། ཤེས་ཡོན་པ། ཐ་ན་ལུག་རྫི་ཡན་ཆད་ཀྱིས་རྒྱ་གཞུང་གི་མུན་ནག་སྡུག་རྩུབ་འདི་ལ་བརྟེན་ནས་ངེས་ཤེས་གསལ་པོ་ཞིག་རྙེད་པ་ནི། རྒྱ་ནག་གིས་བོད་ཀྱི་སྐེ་དུམ་བུར་བྲེགས་ཏེ་བོད་གསོན་ནའང་འདྲ། འཆི་ནའང་འདྲ། རྒྱ་ནག་གིས་བཙན་བཟུང་བྱ་རྒྱུ་ཡིན་པ་འདིས། བོད་པ་རྣམས་ཀྱིས་ཀྱང་རང་ཉིད་བོད་པ་ཡིན་པའི་འདུ་ཤེས་འདི་ལྟ་བུ་ཞིག་བོད་ཀྱི་ལོ་རྒྱུས་ནང་དུ་བྱུང་ཡོད་པ་མ་རེད་’’ཅེས་བརྗོད་བྱུང་།
འཆི་བ། གྱེན་ལངས་ཀྱི་རྣམ་པ་ནི་ཕྱོགས་ངོས་མི་འདྲ་བ་མང་པོ་ཞིག་གི་ངོས་ནས་ཡོང་གི་ཡོད། ཀན་ལྷོ་རྨ་ཆུ་རྗོང་གི་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གནང་མཁན་བུད་མེད་ཅིག་གིས་བོད་ཡིག་འཁྲིད་མི་ཆོག་པའི་སྲིད་ཇུས་ལ་རང་ལུས་མེར་བསྲེགས་གཏོང་མཁན་ཞིག་དང་འབྲེལ་ནས་བཤད་རྒྱུར་‘‘ང་ཚོས་ཧ་ཅང་གཟབ་གཟབ་ཀྱིས་བོད་མི་ནང་ཁུལ་དུ་བོད་ཀྱི་མིང་ཚིག་ཁོ་ན་ཉིད་བེད་སྤྱོད་ཇེ་མང་དུ་གཏོང་གི་ཡོད་པ་དང་། བོད་པ་ཚོས་སྔོན་ཆད་རྒྱ་ཚིག་མང་པོ་ཞིག་བེད་སྤྱོད་གཏོང་གི་དེ་དག་རིམ་གྱིས་བོད་ཚིག་ནང་གསར་བོས་བྱས་ཏེ་བེད་སྤྱོད་གཏོང་གི་ཡོད་’’ཟེར། སྤྱི་ཟླ་གསུམ་པའི་ཚེས་གསུམ་གྱི་ཉིན། དགུང་ལོ་ཉི་ཤུར་སོན་པའི་ཚེ་རིང་སྐྱིད་ཀྱིས་རང་གི་ལུས་ཐོག་ཏུ་སྣུམ་གྱིས་ཟིན་པའི་དར་གོས་བྐླུབས་ཤིང་དེའི་སྟེང་དུ་ལྕགས་སྐུད་ཀྱིས་བསྡམས་རྗེས། རྨ་ཆུ་རྫོང་ཐོག་ཏུ་མ་ཐོན་གོང་དུ་སྐུ་ལུས་མེར་བསྲེགས་བཏང་ཞིང་། ཁོ་མོའི་འཆི་ཁའི་སྡུག་བསྔལ་ནི་སྐར་མ་ཁ་ཤས་ལས་འགོར་མི་འདུག དེ་མ་ཐག་ཉེན་རྟོག་པ་རྣམས་ཀྱིས་མཐའ་ནས་བསྐོར་ཅིང་མི་དམངས་ཀྱི་ལག་ནས་དོན་རྐྱེན་འདི་པར་དུ་བླངས་པའི་ལག་འཁྱེར་ཁ་པར་རྣམས་བཙན་འཁྱེར་བྱས་ཡོད་འདུག
རེབ་གོང་གི་རྩོམ་པ་པོ་ཞིག་གིས་ནན་བརྗོད་ཀྱིས‘‘ནང་ཆོས་ཀྱི་གཞུང་དུ་རང་སྲོག་གཅོད་པ་ནི་བཀག་འགོག་གནང་ཡོད་ནའང་། རང་དབང་གི་སྒོ་ནས་རང་གི་ཆོས་ལུགས་ལ་དད་མོས་བྱེད་མི་ཆོག་པའི་གནས་སྟངས་འདི་འདྲའི་འོག་ཏུ། རང་ལུས་མེར་སྲེག་གི་ལས་འགུལ་འདི་འོས་པ་ཞིག་དང་། བོད་མིའི་བདེན་པའི་ཆེད་དུ་ཆེས་མཐའ་མཇུག་གི་བྱེད་ཐབས་སྟེ་རང་ལུས་མེར་སྲེག་གི་ལས་འགུལ་འདིས་ང་ལ་སྤོབས་པ་གནང་བྱུང་’’ཟེར། ཡང་། ཁོང་གིས་བསྐྱར་སྣོན་གྱིས་ཚུལ་དུ་‘‘རྒྱལ་བ་རིན་པོ་ཆེས་འཚེ་བ་མེད་པའི་ལྟ་གྲུབ་ཀྱི་སྐོར་ལ་བཀའ་སློབ་གནང་གི་ཡོད་པ་དེ་བོད་མི་རྣམས་ཀྱི་སེམས་ཁམས་སུ་ཐིམ་ཡོད་སྟབས། བོད་པ་ཚོས་ཀྱང་རྩ་དོན་འདིར་བརྩི་བཀུར་གནང་གི་ཡོད་པ་དང་། རྒྱ་དམར་གྱི་སྲིད་ཇུས་ལ་འཚེ་བ་མེད་པའི་སྒོ་ནས་རང་ལུས་མེར་སྲེག་གི་ལས་འགུལ་འདི་ལྟ་བུས་མ་རྒོལ་ཐབས་མེད་དུ་གྱུར་ཡོད་’’ཟེར། བོད་མི་མང་པོ་ཞིག་གིས་རང་ལུས་མེར་སྲེག་གི་ལས་འགུལ་འདི་ནི་ཨུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་ཅིག་ཏུ་མི་སེམས་པར། དེ་ལས་ལྡོག་སྟེ་ནུས་ལྡན་གྱི་ལས་འགུལ་ཞིག་ཏུ་དྲན་གྱི་ཡོད་པ་འདྲ། སྙན་ངག་པ་སྐལ་བཟང་གིས་‘‘ཟད་མཐའ་བྲལ་བའི་སྡུག་བསྔལ་དང་སྟོབས་ཤུགས་ཉམས་ཟད་ཀྱི་ལོ་ཟླ་དུ་མ་འགོར་རྗེས་ཀྱི་དེ་རིང་། རང་ལུས་མེར་སྲེག་གི་ལས་འགུལ་འདིས་བོད་པ་ཚོར་བློ་ཡུད་ལས་འདས་པའི་རེ་བའི་ཚོར་བ་ཞིག་སྦྱིན་ཡོད་ལ། བོད་པ་ཚོར་གཅིག་སྒྲིལ་གྱི་འདུ་ཤེས་ཤིག་བསླངས་ཡོད་པ་མ་ཟད། མི་རང་ངོས་ནས་འཐབ་རྩོད་སྤེལ་དགོས་པར་དྲན་སྐུལ་བཏང་ཡོད་’’ཅེས་བརྗོད་བྱུང་།
འགྱུར་ལ་ཐུགས་དོགས་མཆིས་ཚེ་མ་ཕྱི་(http://www.liberation.fr/monde/01012399001-lorsque-2000-tibetains-se-seront-immoles)ལ་གཟིགས་རོགས།
རྩོམ་པ་པོ་དང་བསྒྱུར་མཁན་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྩོམ་པ་པོ་དང་ལོ་ཙ་པ་གཉིས་ལ་ཐུགས་རྗེ་ཆེ་། ཅི་འདྲའི་གསོན་ཉམས་ལྡན་པ་དང་། གནས་ལུགས་ལྡན་པ་ཞིག་།
བསྒྱུར་མཁན་ལ་བྱང་ཆ་ཞེ་དྲག་མེད་པ་འདྲ་བོ་ཞིག་འདུག་སྟེ། སྤྱིར་བཏང་འགོ་འཚོས་མཁན་ཞིག་ཡིན་ན་གོ་བ་ལོན་གྱི་འདུག ཡི་གེ་བསྒྱུར་སྐབས་ནང་དོན་གཙོ་བོ་དང་འགྲེལ་བརྗོད་བྱ་ཐབས་སྐད་གང་ལ་བསྒྱུར་བཞིན་པ་དེའི་ཕ་སྐད་ལ་གཞི་བཅོལ། དམིགས་བསལ་རྒྱུགས་ཆེ་བའི་ཡུལ་སྐད་ཕལ་བ་བརྡ་སྤྲོད་ཀྱི་ཁྲིམས་དང་མཐུན་པར་དྲངས་ཐུབ་ན་དེ་ལ་ཉམས་ཞིག་འདུག དེ་བསམ་ཚུལ་ཡིན།
གཉིས་ནས་དེང་སང་བོད་ནང་དཀྲོགས་གཏམ་དེ་འདྲ་ཞིག་ཁྱབ་བཞིན་པ་གསལ་བོ་རེད། ལྷ་དང་སྲུང་མ་ཕར་ཞོག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་ཅིག་གནང་གི་རེད་ཟེར་སྐད། འོན་ཀྱང་དེ་རྣམས་ལ་ང་ཚོས་གང་ཐུབ་ཀྱིས་སྐྱག་རྫུན་ཡིན་པར་འགྲེལ་བཤད་རྒྱག་དགོས་ངེས་རེད་འདོད།
གཉིས་ནས་དེང་བཙན་བྱོལ་ནང་མི་གསོད་ཁྲག་སྦྱོར་དང་དྲག་པོའི་ལས་བྱ་དགོས་མདོག་མདོག་བཤད་མཁན་གཅིག་གཉིས་ཙམ་ཡོང་གིན་འདུག དེ་དང་དེ་འབྲེལ་གྱིས་དཀྲོག་གཏམ་འདི་འདྲ་བཀྲམས་སྲིད་པས་དེའང་གཟབ་དགོས་པ་ཞིག་རེད། དེ་བས་གཟབ་གཟབ་བྱོས། ང་ཚོ་རང་སྐྱོང་གི་ལམ་ཁ་འདི་ལས་ལྷག་ཅིག་མེད་པ་ད་ལྟའི་རྒྱལ་སྤྱིའི་གནས་བབ་དང་རང་གི་ནུས་བ་བཅས་ལས་ཧ་ཅང་གསལ་བོ་ཤེས་རྟོགས་ཐུབ་པ་འདུག་པས། བོད་ནང་གི་སྤུན་ཟླ་ཚོ་དོན་མེད་འཕྲོ་བརླག་ཏུ་མ་གཏོང་རོགས།
རྒྱལ་གཅེས་དཔའ་བོ་ཁོང་གི་ནང་མི་རེ་རེའི་ཉམ་ཐག་པའི་གདོང་གཤིས་དག་མཐོང་དུས་སྙིང་ལ་ན་ཟུག་སློང་གི
ངོ་མ་འུ་ཚོའི་ལས་དབང་གི་ཁ་སྟབས་འདི་སྐྱོ་བ་ལ།
སྙན་བཟང་ལགས་དུས་ཐོག་ཏུ་བསྒྱུར་རྩོམ་འདི་འདྲ་གལ་ཆེན་ཞིག་བསྒྱུར་བ་ལ་སྙིང་ཐག་དགའ་བསུ་ཡོད།ཨ་མའི་བུ་མུ་མཐུད་ནས་སྤེལ་རོགས་གནང་།
བདུད་འདུལ་ཐོག་རྒོད་ཀྱིས་བཤད་པ་འདི་ལ་ངོས་ལེན་མོས་མཐུན་རྒྱབ་སྐྱོར་ཡོད།
གཉིས་ནས་དེང་སང་བོད་ནང་དཀྲོགས་གཏམ་དེ་འདྲ་ཞིག་ཁྱབ་བཞིན་པ་གསལ་བོ་རེད། ལྷ་དང་སྲུང་མ་ཕར་ཞོག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་ཅིག་གནང་གི་རེད་ཟེར་སྐད། འོན་ཀྱང་དེ་རྣམས་ལ་ང་ཚོས་གང་ཐུབ་ཀྱིས་སྐྱག་རྫུན་ཡིན་པར་འགྲེལ་བཤད་རྒྱག་དགོས་ངེས་རེད་འདོད།
གཉིས་ནས་དེང་བཙན་བྱོལ་ནང་མི་གསོད་ཁྲག་སྦྱོར་དང་དྲག་པོའི་ལས་བྱ་དགོས་མདོག་མདོག་བཤད་མཁན་གཅིག་གཉིས་ཙམ་ཡོང་གིན་འདུག དེ་དང་དེ་འབྲེལ་གྱིས་དཀྲོག་གཏམ་འདི་འདྲ་བཀྲམས་སྲིད་པས་དེའང་གཟབ་དགོས་པ་ཞིག་རེད། དེ་བས་གཟབ་གཟབ་བྱོས། ང་ཚོ་རང་སྐྱོང་གི་ལམ་ཁ་འདི་ལས་ལྷག་ཅིག་མེད་པ་ད་ལྟའི་རྒྱལ་སྤྱིའི་གནས་བབ་དང་རང་གི་ནུས་བ་བཅས་ལས་ཧ་ཅང་གསལ་བོ་ཤེས་རྟོགས་ཐུབ་པ་འདུག་པས། བོད་ནང་གི་སྤུན་ཟླ་ཚོ་དོན་མེད་འཕྲོ་བརླག་ཏུ་མ་གཏོང་རོགས།
རྩོམ་པ་པོ་དང་བསྒྱུར་པ་པོ་གཉིས་ལ་ཐུགས་རྗེ་ཆེ་ཞུ་་་་་་་་་བདུད་འདུལ་ཐོག་རྒོད་ཟེར་བ་དྲ་འབུ་ཞིག་གིས་ཅི་ཡང་མི་ཤེས་པས་ཕྲུག་ཞིག་གིས་ངུ་གཏམ་བྱས་པ་ནང་བཞིན་མ་ཤོད། དེང་སེང་བོད་ནང་གི་གནས་སྟང་ལ་བལྟས་ན་ལྷ་དང་སྲུང་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱབ་སྐྱོར་ལོས་བྱེད། གུང་ཁྲིན་ཏང་གིས་ཞི་བའི་ངོ་རྒོལ་ལ་ཡ་ལེན་མ་བྱས་ན་དྲག་པོ་ལོས་བྱེད་དེ་ཡང་འཇིག་རྟེན་གྱི་ཆོས་ཉིད་ལས་མ་འདས། བོད་ནང་གི་རྒྱལ་གཅེས་ཀྱི་དཔའ་བོ་དག་གིས་བོད་ཀྱི་རྩ་དོན་ཆེད་དུ་ཡོད་ཚད་བློས་བཏང་བྱས་པས་དེ་དོན་མེད་ཅི་ཡིན་ནམ། མི་ཁྱོད་ཀྱི་བཟོ་འདྲས་བོད་ཀྱི་རྩ་དོན་ཕན་ལས་གནོད་ཆེ། ཁྱོད་ཀྱིས་ཁྱི་རྐུབ་ནང་དུ་བལྟས་པ་ཙམ་མི་ཤེས་པས། ཁྱི་རྐུབ་ཁ་ཚིམ། གར་སྲིད་ཡོད་ན་ང་ཡི་མདུན་དུ་ཤོག་ད་ཁྱི་རྐུབ
གནས་ཚུལ་གསལ་བོར་བཀོད་པ་ཡག་པོ་འདུག །ཕ་རྒན་དེ་ཡི་ཆོད་སེམས་དང་ཤུལ་ལུས་བུ་ཕྲུག་ལ་སྐྱོ་སྡུག་གི་རྣམ་པ་མེད། སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་གི་ཚོར་བ་ཡོད་པའི་རྟགས་རེད།།
སྙིང་རྗེ། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི།
དྲ་འབུ་ཁ་ཤས་གྱི་བོད་པ་ཚང་ཞི་རྒོལ་བ་དེ་དྲག་རྒོལ་དུ་འགྱུར་མི་སྲིད་པ་ལྟར་བུ་ལབ་འདུག། དོན་དངོས་ཐོག་ཞི་རྒོལ་དེར་དཔག་པའི་ལན་ཞིག་མ་རག་ནས་ཞི་རྒོལ་དེ་དྲག་རྒོལ་དུ་ངོས་འཛིན་ནས་དྲག་གནོན་རྐྱང་རྐྱང་བྱས་ན་་ཞི་རྒོལ་དེ་དྲག་པོརའགྱུར་མི་སྲིད་པ་གཏན་ནས་མ་རེད། ད་དུང་དེས་རྒྱབ་ཏུ་ངན་བསྐུལ་བྱེད་མཁན་ཡོད་རེད་ཟེར་བ་དང། ཆོས་དང་འགལ་བ་ཟེར་བ་སོགས་གང་ལྟར་མ་འོས་པའི་གཏམ་བཤད་བྱས་པ་དེ་ཚོར་བསམ་བློ་ཐོང་དང་མེ་བསྲེགས་གི་དོན་རྐྱེན་ཐད་རྒྱབ་ནས་ངན་བསྐུལ་བྱེད་མཁན་མེད་ལ་ཆོས་དང་ཡང་འགལ་བ་མེད་པར་དེ་ཁྱོད་ཀྱི་ཀྱང་ཧ་གོ་ངེས་ལ་ངས་ཀྱང་ཧ་གོ། མེ་བསྲེགས་གི་དོན་རྐྱེན་འདིར་ཡག་པོ་བལྟས་ན་ཞི་རྒོལ་དེ་ལ་དཔག་པའི་ཞི་བའི་བཟང་ལན་ཞིག་མ་སྤྲད་ན། གནའ་མི་རྒན་པོའི་དཔེ། ཁྱི་རྒན་གད་ཁུག་ཚུད་ན། ཡ་སོ་མི་སྟོན་ཀ་མེད། ཅེས་པའི་དཔེ་ནང་བཞིན་ཡོང་མ་སྲིད་པ་མ་རེད། འདས་པོ་ཚོ་འདས་ཚར་རེད། ད་དུང་དེས་རྒྱབ་ཏུ་བལྟ་མཁན་འདས་པོ་ལས་གསོན་པོ་མང་བ་ཡོད་དུས་མུ་མཐུད་བརྙས་བཅོས་དང་ཚད་ལས་འདས་པའི་དྲག་པོས་སྒྲིག་གཞི་མུ་མཐུད་ལག་བསྟར་བྱེད་རྐྱང་བྱས་ན་ང་རང་ཚོར་ཚང་མ་ས་ཐོབ་ཀྱི་སེམས་དཔའ་ཡིན་ཚོད་མ་རེད་བྱས་ཙང་དྲག་གནོན་དང་མནར་གཅོད་ག་ཚོད་བྱས་ཀྱང་ལགས་སོ་དང་ལེགས་སོ་ལ་ཡང་ཚོད་ཡོད་པ་རེད། དེར་བརྟེན་ཞི་རྒོལ་དེ་དྲག་པོ་འགྱུར་མི་སྲིད་པ་མ་རེད། བོད་པ་ཚང་ལ་རང་དབང་མ་དགོས་ན་མ་གཏོག་རང་དབང་དགོས་ཚར་ནས་བཟུང། ཞི་རྒོལ་དང་དྲག་རྒོལ་གཉིས་ལས་གདམ་ཁ་གཞན་པ་ཡོད་རེད་བས། རྒྱུ་མཚན་དེས་ན་ཞི་བས་ཕན་ཐོགས་མེད་ན་དྲག་པོ་མ་གཏོག་ལྷག་ཡོད་མ་རེད་བསམ་གི་འདུག།
སྒྱུར་བ་བོས་ཞིབ་བསྒྱུར་གནང་འདུག་པས་བཀའ་དྲིན་ཆེ། བོད་ཡིག་མ་གཏོགས་མི་ཤེས་པ་དག་ལ་ཕན་ཐོག་ཆེན་པོ་ཡོད་ན། ད་དུང་གལ་ཆེ་རིགས་དུས་ཐོག་བོད་བསྒྱུར་ལ་བརྩོན་རོགས་ཞུ།
བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ། ཟླ་བ་གསུམ་པའི་ཚེས་བཅུ་བདུན་ཉིན་རང་ལུས་མེར་སྲེག་གཏོང་མཁན་བསོད་ནམས་དར་རྒྱས་ལགས་ལ་མྱ་ངན་གུས་མདུད་ཞུ།་ ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་ཞུ།
བདུད་འདུལ་ཐོག་རྒོད་ལགས་ཀྱིས་གཤམ་གྱི་ཚིག་དོན་འདི་དག་ལ་གསལ་བཤད་གནང་ན་ཡག་པོ་འདུག
ང་ཚོ་རང་སྐྱོང་གི་ལམ་ཁ་འདི་ལས་ལྷག་ཅིག་མེད་པ་ད་ལྟའི་རྒྱལ་སྤྱིའི་གནས་བབ་དང་རང་གི་ནུས་བ་བཅས་ལས་ཧ་ཅང་གསལ་བོ་ཤེས་རྟོགས་ཐུབ་པ་འདུག་པས།
སྙན་བཟང་ལགས་དུས་ཐོག་དེ་ལྟར་བསྒྱུར་གནང་བ་ཐུགས་རྗེ་ཆེ། འདི་འདྲའི་གྲས་དེ་འུ་ཅག་གི་ལོ་རྒྱུས་ནང་དུ་དགོས་ངེས་ཤིག་རེད། དེ་ལྟར་ཡིན་ནའང་མཆན་འགོད་མཁན་རེ་ཟུང་གིས་ད་དུང་མིག་སྐྲང་ཐོག་ཏུ་ཁུ་ཚུར་གྱི་དཔེ་ལྟར་བྱེད་ཀྱིན་པ་འདི་འོས་འཚམས་ཤིག་རེད་དམ། དེང་སང་ང་ཚོ་བོད་མི་རིགས་ཀྱི་རྩ་བའི་ལས་དོན་གང་ཞིག་གི་ཐོག་ཡིན་རུང་རྡོག་རྩ་ཆིག་སྒྲིལ་གྱིས་མདུན་བསྐྱོད་བྱེད་པ་དང་། ཕ་རོལ་བོར་ཁ་གཏད་གཅོག་པ། སྤྱིར་བཏང་གི་མི་གཞིའི་ཐོབ་ཐང་ཙམ་ཡང་མི་སྤྲོད་པའི་ལྟེ་བོ་ཚོའི་མཚང་འབྲུ་བ་དང་དགག་རྒྱག་བྱེད་པ་ལས། ནང་ཁུལ་གྱི་རྩོད་གླེང་དེ་དག་ད་བཟུང་མ་བྱས་ན་ཅི་ལ་མི་འགྲིག ང་ཚོས་གནའ་ནས་ད་ལྟའི་བར་དུ་ནང་ཁུལ་ལ་རྩོད་གླེང་བྱས་པ་དེ་མང་མེད་ན་ཉུང་རྩ་བ་ནས་མེད། དེས་ཀྱང་ད་དུང་སེམས་ཁ་མི་གང་རྒྱུའི་ནང་ཁུལ་ལ་ཞེན་འཁོན་འདི་ཞིག་ཅི་ལ་ཡོད་པ་རེད། འདི་ང་ཚོས་གཟབ་དགོས་ས་ཞིག་མ་རེད་ནས།
དུས་བབས་སྟེང་གི་དྲ་གྲོགས་ཨ་ར་དཀར་པོ་ལགས། ཁྱོད་གི་ཟེར་ན་ལྷ་རྒྱ་རི་རྣམ་རྒྱལ་རྒྱ་མཚོ་མཆོག་བོད་རྒྱལ་བཙན་པོས་གདུང་རྒྱུད་མ་རེད་ཟེར། བཙན་པོའི་རྒྱུད་པ་འཁྲུལ་མེད་ཡིན་ན་མངའ་བདག་འོད་སྲུངས་དང་མངའ་བདག་ཡུམ་བརྟན་གཉིས་ཀྱིས་རྒྱུད་པ་ལས་འོང་དགོས། ལྷ་རྒྱ་རི་མཆོག་མངའ་བདག་འོད་སྲུངས་གིས་རྒྱུད་པ་མིན་པའི་སྒྲུབ་བྱེད་ནི་ལ་དྭགས་སུ་དབུ་ཞྭ་སོགས་མཇལ་རྒྱུ་ཡོད་པའི་རྒྱུ་མཚན་དང། མངའ་བདག་ཡུམ་བརྟན་གིས་རྒྱུད་པ་མིན་པའི་སྒྲུབ་བྱེད་ནི་ཉམས་ཞིབ་པ་ཁ་ཤས་ཀྱིས་ཁོང་གཉིས་གཅིག་ཡིན་པ་བཞེད་པ་མཐོང་ཐོས་ཡོད་པའི་རྒྱུ་མཚན་གྱིས་ལྷ་རྒྱ་རི་མཆོག་བོད་ཀྱི་རྒྱལ་པོའི་རྒྱུད་པར་འདོད་ན་མ་འགྲིག་ཚུལ་ལབ་འདུག། ཨ་ར་དཀར་པོ་ལགས། ལྷ་རྒྱ་རི་མཆོག་བོད་རྒྱལ་བཙན་པོས་གདུང་རྒྱུད་མིན་པའི་སྒྲུབ་བྱེད་དེ་ཙམ་གྱི་འགྲིགས་ཨ་ཡོང་ན། མ་ཚད་ང་རང་གི་ཀློག་མྱོང་བའི་རྒྱལ་རབས་དང་དཔེ་དེབ་ཁ་ཤས་ནང་དུ། མངའ་བདག་འོད་སྲུང་དང་ཡུམ་བརྟན་གཉིས་ཀྱིས་གྱི་འཁྲུངས་ཚེས་དང་དུས་ཚད་དང་མཛད་པ་དང་ཕྲིན་ལས་ཚང་མ་ཐ་དད་ཡིན་པ་ཞིག་མཇལ་མྱོང་ཡོད་པས། རྒྱུ་མཚན་དེས་ན་ཨ་ར་དཀར་པོ་ལགས་ཀྱི་ཁ་གསལ་པོ་དང་གོ་བདེ་བོའི་ཐོག་འགྲེལ་བཤད་གཅིག་དང། མ་ཚད་མངའ་བདག་འོད་སྲུང་དང་ཡུམ་བརྟན་གཉིས་གཅིག་ཡིན་པར་བརྗོད་པའི་དེབ་དེ་གང་དང་གང་ཡིན་དང་ཉམས་ཞིབ་པ་མཁས་དབང་དེའི་མཚན་དང། རྒྱལ་རབས་དང་བཀའ་དཔེ་གང་དུ་ཁོང་གཉིས་གཅིག་ཡིན་པར་བརྗོད་པའི་ལོ་རྒྱུས་དང་ཁུངས་ཐུབ་པའི་སྒྲུབ་བྱེད་ཡོད་པའི་གཏམ་ལན་གསལ་པོ་ཞིག་ཟེར་རོགས།
བདེ་བ་ཅན་དུ་སྐྱེ་གྱུར་ཅིག