སེར་བྱེས་དགེ་བཤེས་རིན་ཆེན།
ཕ་རོལ་རྒྱ་ལ་དགོས་པའི་ནང་དཀྲུགས་དེ་རྒྱག་བཞིན། །
ཚུར་བཞུགས་གཞིས་ལུས་ཐུགས་སེམས་ཐུག་པ་བཞིན་དཀྲུགས་པའི། །
རང་རྩོད་རྩོད་ཚུལ་ཐབས་ཤེས་ཏིལ་འབྲུ་ཙམ་མེད་པའི། །
རང་བཙན་ཁ་ལ་འཁྱེར་བའི་དམིགས་ཡུལ་དེ་ཅི་ཡིན། །
རང་བཙན་ཁ་ལ་ཁུར་ནས་ནང་དཀྲུགས་དེ་བརྒྱབ་ོསང་། །
རང་བཙན་ཤོར་ས་གུང་ཁྲན་རྒྱ་དམར་རང་ཡིན་ཀྱང་། །
རང་བཙན་རྩོད་ས་བོད་མི་ནང་ཁུལ་ལ་བྱས་སོང་། །
རང་བཙན་རང་བཙན་ཟེར་བའི་དམིགས་ཕུག་དེ་ཅི་ཡིན། །
གཉིས་ཕན་དབུ་མ་ལམ་གྱི་དགོངས་པ་ཡི་གཏད་སོ། །
ཆོལ་གསུམ་གཅིག་སྒྲིལ་ཤི་གསོན་མཉམ་མྱོང་དེ་ཡིན་རུང་། །
བློ་མིག་ཁབ་ལས་དོག་པའི་ནལ་བུ་ཡི་རིགས་ཀྱིས། །
ནམ་ཡང་ཡོང་ཐབས་མེད་པའི་རང་བཙན་ཞེས་སྒྲོག་ལོ། །
དབུས་གཙང་མི་ངན་དག་གིས་མགོ་བདེ་ཡི་འཕྲུལ་ལས། །
རང་རེའི་མདོ་ཁམས་ལྐུགས་པ་ཀླད་མེད་འགའ་སྤྱད་དེ། །
རང་བཙན་རྩོད་པའི་ཕ་ཆོས་འཛིན་མདོག་རང་ཡིན་ཀྱང་། །
རང་བཙན་ས་ཁོངས་མ་ཤེས་ཀྱེ་མ་ཧུད་སྐྱོ་བ། །
སིམ་ལའི་ཆིངས་ཡིག་རང་བཙན་ཁ་ཕོ་ཅན་དག་གིས། །
རང་བཙན་རྩོད་པའི་སྲོག་གི་འགག་དོ་དེ་ཡིན་རུང་། །
ཆིངས་ཡིག་ཁྱབ་ཁོངས་འབྲི་ཆུ་ཕ་རོལ་ན་མེད་པ། །
མདོ་ཁམས་ལྐུགས་པ་དག་གིས་མ་མཐོང་བ་ཡིན་ནོ། །
སོག་བོད་ཆིངས་ཡིག་དེ་བཞིན་བཅུ་གསུམ་པའི་བསྒྲགས་གཏམ། །
རང་བཙན་ཟེར་བའི་སྒྲུབ་བྱེད་དེ་ཙམ་དག་ཡིན་མོད། །
རྟ་དང་མི་ཡི་ཆོལ་ཁ་གཉིས་པོ་དེ་བོར་ནས། །
རང་བཙན་ལེན་མདོག་ཐན་བྱའི་མུ་ཅོར་དེ་ཨེ་ཤེས། །
ཟབ་ཅིང་རྒྱ་ཆེའི་གཉིས་ཕན་འོད་སྟོང་གི་ལམ་དེས། །
གུང་ཁྲན་སྙིང་རྩ་དཀྲུགས་སྟེ་གཏོལ་མེད་དུ་གྱུར་ཡང་། །
གླེན་སྐུགས་རང་རེ་འཇམ་ནོར་མིང་ཅན་སོགས་དག་གིས། །
སྐད་ཅོར་ཆེ་བའི་འབྲུག་སྒྲ་སྟོང་གཏམ་དེ་བསྒྲགས་ལོ། །
གུང་ཁྲན་རྒྱ་ཡིས་གཉིས་ཕན་ལམ་བཟང་ལ་སྨད་སོང་། །
རང་རེའི་ཅལ་འདྲོགས་དག་གིས་དབུ་ལམ་ལ་སྨད་སོང་། །
ཕྱི་ནང་གཉིས་ཀྱི་སྨད་ར་དེར་དེར་རུ་སྒྲོག་ཀྱང་། །
གངས་ཅན་བོད་ཀྱི་ལས་དབང་དབུ་ལམ་ལས་མེད་དོ། །
རང་བཙན་དགོས་ཀྱང་འགྲུབ་ཐབས་ནམ་མཁའ་ཡི་པད་མོ། །
རང་བཙན་ཟེར་ནས་ཆོལ་གསུམ་དུམ་བུ་རུ་མ་གཏོང་། །
རང་བཙན་རྩོད་ནའང་རང་གཞུང་དགྲ་བོ་རུ་མ་བཟུང་། །
རང་བཙན་རྩོད་ས་གུང་ཁྲན་རྒྱ་དམར་དེ་ཡིན་ནོ། །
རང་བཙན་རྩོད་ན་རྒྱ་ཡི་མདུན་ས་རུ་རྒྱུག་ཅིག །
བཙན་བྱོལ་གཞུང་གིས་རང་བཙན་འཐབ་རྩོད་ལ་འབད་ན། །
རང་བཙན་ད་ལྟ་རང་རག་པའི་ལྐུགས་བསམ་དེ་མ་གཏོང་། །
ལོ་ངོ་ཉི་ཤུར་རྩོད་པའི་གྲུབ་འབྲས་ལ་གཟིགས་ཤིག །
རང་བཙན་ཟེར་ཡང་ཁ་དམག་བོད་གཞུང་ལ་བརྒྱབ་སོང་། །
འཇམ་ནོར་ཅན་ནས་རང་རེའི་བོད་གཞུང་ལ་བཤད་བཤད། །
རྒྱ་དམར་གཞུང་ལ་ཨེ་བཤད་དཔྱོད་ལྡན་ཚོས་གཟིགས་དཱ། །
ཁོ་པའི་ཕུགས་ཀྱི་དམིགས་ཡུལ་ཅི་འདྲ་ཞིག་ཡིན་ནམ། །
འཇམ་ནོར་ཅན་དེ་བཀྲས་མཐོང་བསྟན་འཛིན་གྱི་སྤུན་ཡིན། །
བཀྲས་མཐོང་མི་རྒྱུད་དབུས་པའི་སྐུ་དྲག་གི་རྒྱུད་ཡིན། །
འཇམ་ནོར་ཁ་ནས་བོད་ཀྱི་རང་བཙན་ཞེས་སྨྲ་ཡང་། །
ཆོལ་གསུམ་རང་བཙན་ཞེས་པ་སྨྲ་མྱོང་ཞེས་མི་འདུག །
དེ་ལྟར་བདེན་མིན་དཔྱོད་ལྡན་མཁས་དབང་ཚོས་དཔྱོད་མཛོད། །
རྟ་མིའི་ཆོལ་ཁའི་མི་དག་རྨོངས་གཉིད་ལས་སད་དེ། །
རང་གི་ཕ་ཆོས་ཆོལ་གསུམ་གཅིག་སྒྲིལ་ལ་འབད་དེ། །
གཉིས་ཕན་ལམ་གྱི་གཞུང་དུ་ཤར་རེ་རེར་རྒྱུག་ཅིག །
ཅེས་པ་འདི་ནི་དེང་སང་གཡམ་རྒྱུགས་འགའ་ཡིས་བོད་གཞིས་བྱེས་གཉིས་ཀྱི་སྲོག་རྩ་དབུ་མའི་ལམ་ལ་མི་ཤེས་པའམ་རྒྱ་ཡིས་མགོ་བསྐོར་འོག་ཚུད་དེ་རང་གིས་དཔྱད་པ་གང་ཡང་མ་བྱས་པའི་འཆལ་གཏམ་དག་མཐོང་ནས་བྲིས།
དགེ་བཤེས་ཁ་ལ་ཁྱེར་ཏེ་སྲིད་དོན་གྱི་ཆེད་དུ། །བོད་ལ་དགོས་མེད་མི་རིགས་དབྱེ་འགྱེད་ཀྱི་གཏམ་སྟེ། །དོན་མེད་ཕར་དཀྲུག་ཚུར་དཀྲུག་ཆབ་སྲིད་ཀྱི་ལས་ཉོག །དགེ་བཤེས་ཁྱོད་ཀྱིས་གནང་ན་དགོས་པ་རང་ཡོད་དམ། །
སྲིད་དོན་ཟེར་བའི་མིང་ཚིག་སྐམ་པོ་ཙམ་ཤེས་ཀྱང་། །དོན་གནད་བ་སྤུ་ཙམ་ཡང་མི་ཤེས་པའི་གྲོགས་དག། །རང་བཙན་དབུ་མ་གཉིས་ལ་སྡོམ་ཚིག་འདྲ་བཀོད་དུས། །ང་ནི་ཁོག་དགོད་ཤོར་ནས་གདན་ཁྲི་ལས་ལྷུང་སོང་། །གཞན་ལ་དཀྲུག་སོང་ཟེར་ནས་སྐྱོན་བརྗོད་འདྲ་བྱས་མོད། །རང་གིས་གང་འདོད་དཀྲུག་པའི་ཚིག་རིས་དག་མཐོང་དུས། །རིགས་ལམ་འགྲོ་ལུགས་མེད་པའི་དོན་དངོས་དེ་ཤེས་པས། །་དགེ་བཤེས་ཟེར་བའི་མིང་ཡང་སྟོང་གཏམ་ཙམ་ཚོར་སོང་། །རང་བཙན་དབུ་མ་ཟེར་བ་མངོན་འདོད་ལས་བྱུང་བས། །ཀུན་ལ་གཅིག་མཚུངས་དགོས་ཞེས་བཙན་བཤད་དེ་མི་ཆོག། །རང་བཙན་རེ་བ་མེད་པའི་གཏན་ཚིག་ཞིག་མེད་ལ། །དབུ་མ་རེ་བ་ཡོད་པའི་སྒྲུབ་བྱེད་ཡང་མེད་པས། །ཆོལ་གསུམ་བོད་མི་དག་ལས་རིགས་རུས་འདྲ་ཕྱེ་ནས། །དབུས་གཙང་ཁམས་པ་ཨ་མདོ་ཡག་སྡུག་འདྲ་བཤད་ནས། །དཀྲུག་ལུགས་སྔ་མ་དག་ལས་ཕྱི་མ་དེ་སྡུག་པས། །དགེ་བཤེས་ཞིག་གི་མཚན་དེ་མ་བཀོད་ན་ལེགས་སྙམ། །
དབུ་མའི་སྲིད་ཇུས་འདི་ནི་ཆོས་ཕྱོགས་དང་མཐུན་ཞིང་། །
རྒྱ་བོད་གཉིས་ཀར་ཕན་པའི་ཆབ་སྲིད་ཀྱང་ཡིན་ལ། །
བཙན་པོ་རིམ་བྱོན་བརྒྱུད་པའི་ཆོས་སྲིད་གཉིས་ཟུང་འབྲེལ། །
མ་དོར་དབུ་མའི་ལམ་འདིའི་དགེ་མཚན་ལ་སོམས་ཤིག །
དབུས་པ་ཁམས་པ་དཀྲུག་པ་དེ་དཀྲུག་ཤིང་མིན་ལ།།
རང་བཙན་དབུ་མ་དཀྲུག་པ་དཀྲུག་ཤིང་མིན་ན།།
ཁྱོད་ཀྱི་འདོད་པའི་དཀྲུག་ཤིང་དཀྲུག་ཤིང་རང་ཨ་ཡིན།།
དགེ་བཤེས་ཀླད་པ་ལྗང་གུས་ཐུགས་བསམ་ཞིག་གཏོང་གྲོགས།།
གཞན་ལ་ཆོལ་གསུམ་དཀྲུགས་པའི་སྨྱོན་འདོག་རེ་བྱས་ཀྱང་།
རང་ཉིད་མི་རིགས་དབྱེན་པའི་ཕུང་འདྲེ་དེ་རེད་འདུག
བུང་བུས་ཆོས་སྦག་གྱོན་པའི་བཏགས་མིང་གི་དགེ་བཤེས།
འཇིག་རྟེན་ཕྱི་མའི་ལམ་ལ་འོ་རྒྱལ་རེ་ཆེའོ།
སེར་བྱེས་དགེ་བཤེས་རིན་ཆེན་ཟེར་བའི་གྲྭ་གཟུགས་ཆོས་མེད་ཀླད་མེད་ཁྱོད་ཆོལ་ཁ་དང་ཆོལ་ཁའི་བར་གྱི་དཀྲུགས་ཤིང་གི་རྩོམ་ཐུང་སྐྱག་དྲི་དྲོ་བ་ཞིག་བྲིས་འདུག་པས་ཁྱོད་གདན་སའི་མིང་དང་དགེ་བཤེས་ཞེས་བྲིས་འདུག་པ་ནི་མཚན་བཙོང་པ་ཞིག་ལས་དོན་དུ་གདན་ས་ཆེན་པོ་ནས་སློབ་གཉེར་ཟིན་པའི་དགེ་བཤེས་ཤིག་དང་མི་འདྲ་བར། སྲང་ལམ་གྱི་མི་བུ་ཁྱི་རྒན་སྐྱག་ཟན་གཅིག་དང་མཚུངས་པ་རེད་འདུག ཆོལ་ཁའི་སྐད་ཆ་བཤད་ན་གཅིག་ལས་གཅིག་མང་བ་བཤད་རྒྱུ་ཡོད། འོན་ཀྱང་ད་ལྟའི་བོད་མི་རིགས་ཀྱི་གནས་བབ་ལ་གཞིག་ནས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་ལས་དཀྲུག་པའི་དུས་མ་ཡིན། དེས་ན་ཁྱོད་ཀྱི་ཁ་དེ་དཀོར་ཟས་དཀོར་ཁུས་བཀག་ནས་སྡད་ན་ཡག་ཡོང་།
སེར་ར་དགོན་པ་དང་དགེ་བཤེས་སོགས་ཀྱི་ཞབས་འདྲེན་ཁྱོད་སྡུག་ཁ་བཙུམ་།
རང་བཙན་པ་ཚོས་རང་བཙན་རྩོད་ཀྱང་འགྲིག །
དབུ་མ་པ་ཡིས་དབུ་ལམ་ལོས་ཀྱང་རྩོད། །
དོན་མེད་ཆོལ་ཁ་ཆོས་ལུགས་རྩོད་པ་ལ། །
ཁ་བརྡའི་ཁྲིམས་ཀྱིས་བཙིར་ན་དགའ་བ་ལ། །
རང་ཚང་ཕྱི་རུ་མ་མངོན་དགེ་བཤེས་ལོ་ལོ།།
ཆོལ་གསུམ་ཕུང་དཀྲིགས་མ་བྱེད་དགེ་བཤེས་ལོ་ལོ།།
དགེ་བཤེས་ཞབས་འདྲེན་མ་ཞུས་རིན་ཆེན་ལོ་ལོ།།
ལོ་ལོ་གཉིད་ནས་སྡོད་རོགས་ཆབ་སྲིད་མ་གླེང་།།
དགེ་བཤེས་རིན་ཆེན་མིང་ཅན་གྱི་རྩོམ་ཐུང་འདིའི་རང་བཙན་ཞེས་བཀོད་ཡོད་པ་དེ་དག་གི་ཚབ་ཏུ་དབུ་མ་བསྒྱུར་བཀོད་གནང་ན་སྐྱོན་ཚང་མ་རང་འབབ་དང་དབུ་མ་ཁ་ལ་འཁྱེར་མཁན་དག་ལ་ལན་པོ་ཞེ་དྲག་འདུག། ལྷག་ཏུ་དབུས་གཙང་མི་ངན་ཞེས་འབུར་ཏུ་བཏོན་སྟངས་ལ་ལྟོས་ན་ཆོལ་གསུམ་ཆིག་སྒྲིལ་གྱི་གོང་བུ་གཏོར་སྐྱོན་བྱེད་རྒྱུའི་སེམས་ངན་བཅངས་ཡོད་པ་ཤེས་ཐུབ་ཀི། ཨ་མདོ་དང་ཁམས་ནང་ལ་མི་ངན་མེད་ན་བདེན་སྲིད་ཀྱང་དེ་ནི་གཅིག་མཚུངས་ཡིན། ད་ལྟའི་ཛ་དྲག་གི་གནས་སྐབས་འདི་འདྲ་ལ་རྩོམ་གཞན་བྲིས་ན་འགྲིག་མོད་འདི་འདྲའི་རྩོམ་ངན་བྲིས་པ་ནི་བློ་ཕམ་གྱི་རང་བཞིན་ཞིག་རེད། ང་ཚོ་གྲྭ་སའི་རྣམ་དཔྱོད་འདི་ཆོས་ལུགས་ཡོངས་དང་ཆབ་སྲིད་ཁག་ལ་ཁྱབ་ཐུབ་ཀི་མེད་པའི་གནས་ལུགས་དེ་ཤེས་པ་གནང་རོགས། གནའ་ནས་ད་བར་དུ་ཆོས་ཤེས་མཁན་རེ་ཟུང་གིས་ཆབ་སྲིད་མ་ཤེས་པར་ཧ་མང་པོ་ལོག་ཡོད་པ་རེད། མདོར་ན་ཁྱོད་ཀྱིས་ཆབ་སྲིད་ཅུང་ཙམ་ཡང་ཤེས་ཀྱི་མི་འདུག།
བོད་ཀྱི་སྲིད་རྩོད་འདུན་ས་རུ།
མདུན་དང་འདུན་གཉིས་མ་ནོར་ཞུ།
མདུན་ས་ཞེས་པ་མདུན་ངོས་ས།
འདུན་ས་ཞེས་པ་འདུས་པའི་ས།།
་
དྲི་མ་བྲོ་ལ་བ་ཡིག་དགོས།
མེ་དྲོད་དྲོ་ལ་ད་ཡིག་དགོས།
དེ་ལྟར་ཆོས་ཀྱི་སྦྱིན་པ་ཡིས།
བོད་ཀྱི་དག་ཡིག་རྒྱལ་གྱུར་ཅིག།།
ཆོས་པ་དཀོར་གྱི་ཚིག་ན་ཐོ་ཅོ་སྒྲོག
མི་སྐྱ་ཆང་གི་བཟི་ན་སྐྱུར་འགོང་འཆོར་ཟེར་བའི་དཔེ་ལྟར་རིན་ཆེན་འདིས་དགོན་པའི་མིང་དང་དགེ་བཤེས་མིང་འཁྱེར་ནས་ཆོལ་གསུམ་དཀྲུགས་པ་ནི་ལས་འབྲས་ཀྱི་རྣམ་གཞག་དང་མི་དགེ་བཅུའི་སྙིང་དོན་མ་ཤེས་པའི་འབྲས་རྟགས་ཕྱིར་མངོན་པ་རེད།དབྱིན་ཡུལ་དུ་གནས་སྡོད་ཞང་སྐལ་བཟང་དང་། ཨི་ཊ་ལིར་གནས་སྡོད་གངས་ཅན་མགོ་དམར། བལ་ཡུལ་དུ་གནས་སྡོད་འདྲེ་ཤིག་བྲག་སྒོམ་སོགས་པ་སྡུག་ཤི་རྒྱབ་ལ་རན་པའི་དུས་སུ་ཡང་སེ་རའི་དགེ་བཤེས་ཡིན་ཟེར་མཁན་ཟེ་མ་་་མིང་ཅན་གྱི་ཡང་བཙན་བྱོལ་བའི་གོང་བུའི་ནུས་པ་འདི་དཀྲུགས་ཡག་ཉེན་ཁའི་རང་བཞིན་དུ་སླེབས་ལ་ཉེ་བས་ཚང་མས་དྭོགས་ཟོན་ཆེར་བསྐྱེད་ཀྱིས་ཟེ་མ་འབུར་འཇོམས་བྱ་དགོས་པ་ཡིན།
འདི་སེར་ཤུལ་རིན་ཆེན་དོན་གྲུབ་ཟེར་བ་དེ་ཨེ་རེད།
དགེ་བཤེས་རིན་ཆེན་ལགས་དེ་འདྲ་ག་རེ་རེད་?
དྲྭ་འབུ་ཡོངས་ལ་ཞུ་རྒྱུར། གོང་དུ་ངའི་རྩོམ་ཡིག་དེ་ཁ་སྔོན་བསོད་ནམས་ཟེར་བའི་མི་ཞིག་གིས་དབུ་མའི་ལམ་ལ་གཞི་མེད་སྐྱོན་བརྗོད་བྱེད་པ་དེར་ལན་བྲིས་པ་ཡིན། ངས་ཚིག་སྦྱོར་དབང་གིས་དབུས་གཙང་མི་ངན་ཞེས་ཟེར་བ་ཙམ་ལས་དབུས་གཙང་ཡོད་མི་ངན་ཡིན་པ་དུས་ནམ་ཡང་ལབ་མི་སྲིད། དེའི་ཐད་ངའི་ཚིག་སྦྱོར་བྲིས་སྟངས་ཡག་པོ་མ་བྱུང་བ་ལ་སྙིང་ཐག་པ་ནས་དགོངས་དག་ཞུ་རྒྱུ་ཡིན། ཡིན་ནའང་སྡེབ་སྦྱོར་དབང་ལས་དེ་ལྟར་བྲིས་པའི་དོན་ངོ་མའི་སྐྱོན་འཛུགས་ས་ནི་ཆབ་སྲིད་ཐད་འཇམ་དབྱངས་ནོར་བུ་ཅན་དང་། ཆོས་ཕྱོགས་ཐད་དོལ་རྒྱལ་བ་གཙང་པའི་གངས་ཅན་རྒྱ་བོ་དང་དགོན་པ་གསར་སྤྲུལ་སྐུ་བོད་དུ་ཤི་ཟིན་པའི་འདན་མ་དགོན་གསར་ཇོ་ལེབ་དབྱིན་ལང་ལ་ཡོད་པའི་སྐལ་ངན་རྒྱ་མཚོ་དེ་དག་ཚང་མ་དབུས་གཙང་ཡིན་པ་དེ་དག་ལ་ཟེར་བ་ཡིན། གཞན་དབུང་གཙང་པ་དག་ལ་སྙིང་ཐག་པ་ནས་ཡིད་རང་ཞུ་རྒྱུ་ཡིན། ཨ་མདོ་དང་ཁམས་གཉིས་སུའང་མི་བཟང་དང་མི་ངན་གཉིས་ཀ་ཡོད། དབུས་གཙང་ལའང་དེ་ལྟར་ཡིན། ཁྱད་མེད། ཚིག་སྦྱོར་ཐད་དེ་ལྟར་ཤོར་བར་དགོངས་དག། ཡིན་ནའང་ང་ནི་དུས་ནམ་ཡིན་རུང་བོད་སྤྱི་དང་བོད་གཞུང་རང་རེའི་སྲོག་རྩ་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་མཁན་ཚོར་བདེན་ཁ་མི་སྦྱིན་ཁོ་ཐག་ཡིན།
སེ་བྱེས་དགེ་བཤེས་མིང་འཛིན་པའི་གྲྭ་རྒན་འདི་རྩོམ་རྫོབ་འདི་བཏོན་ནས་ཁོ་དུས་ཚོད་འཁྱོལ་གྱི་མེད་པ་འདྲ།
ཁོ་པས་མདུང་རྩེ་དེ་གཞན་ལ་བཙུགས་ནས་ཆོལ་གསུམ་ཐུག་པ་བཞིན་དཀྲུགས་ཞེས་བརྗོད་ཀྱང་དེའི་གཤམ་ཁོ་པའི་རྩོམ་རྫོབ་འདིའི་མདོག་ལ་གཟིགས་ནས་སྐད་ཆ་དྲང་པོ་ཞིག་གསུངས་དང་།དགེ་བཤེས་ཤིག་ལ་གོ་རྟོགས་འདི་ལས་མེད་ན་དགེ་བཤེས་ཀྱི་མཚན་གནས་འདི་ཡང་སླ་རུ་བཏང་སོང་།།
རྒྱ་གཞུང་གི་ཉུལ་མས་དམག་ཆས་གྱོན་ནས་རྩ་ནས་དོན་གྱི་མ་རེད།ཁོ་ཚོས་གྲྭ་ཆས་གྱོན།དགེ་བཤེས་ཀྱི་མིང་འཁྱེར།བོད་དོན་ལ་དོ་སྣང་དང་ཤ་ཚ་ཡོད་མདོག་བྱས་ཏེ་དོན་དམ་ཁོ་ཚོའི་དམིགས་ཡུལ་གཙོ་བོ་དེ་དབུ་རང་གཉིས་དང་།ཆོལ་གསུམ་བོད་མི།ཆོས་བརྒྱུད་ཕན་ཚུན་བར་བཅས་ལ་ཁྱོ་ཤི་ང་གསོན་གྱི་འཐབ་རྩོད་དྲག་པོ་ཞིག་བྱེད་བཅུག་རྒྱུ་དེ་ཁོ་པ་ཚོའི་ལས་འགན་རེད།
གཟབ་གཟབ་བྱེད་ནས་མི་ངན་དེ་རིགས་ཀྱི་སྐད་ཆ་སྙན་པོར་མགོ་ནམ་ཡང་འཁོར་རྒྱུ་མེད།
བ་ཕྱུགས་དགེ་བཤེས་ཡིན་རྒྱུ་རེད།
ནེའུ་ཡོག་ལ་དོལ་རྒྱལ་ཚོགས་པས་རྒྱ་ནག་གཞུང་ཚབ་མཉམ་དུ་ལོ་གསར་གཏོང་སྐབས་བོད་རིགས་བརྒྱ་མ་ཟིན་ཙམ་ཡོད་འདུག་ཀྱང་དེའི་དབུས་གཙང་པ་གཅིག་ཀྱང་མི་འདུག་
ཚོགས་པ་བཅུ་གསུམ་ཟེར་བ་དེ་ཡང་དབུས་གཙང་ནས་ཡིན་ས་མེད།
ངས་གོང་དུ་ཞུས་ཟིན་ཡོད། ངས་མདོ་དབུས་ཁམས་གསུམ་ལ་དགའ་པོ་གཅིག་མཚུངས་ཡོད། ཡིན་ནའང་སྡེབས་སྦྱོར་དབང་གིས་བྲིས་སྟངས་མ་ཤེས་པ་ལ་དགོངས་དག་ཞུས་ཡོད། དབུས་གཙང་གི་མི་ངན་ཁ་ཤས་ཟེར་བའི་དོན་རེད། མདོ་སྟོད་དང་མདོ་སྨད་ཀྱང་དེ་བཞིན་རེད།
ནེའུ་ཡོ་རུ་རྒྱ་ཡི་གཞུང་ཚབ་པ་འགའ་དང་ལོ་གསར་མཉམ་གཏོང་བྱེད་མཁན་དེ་དག་མང་ཆེ་བ་ཁམས་པ་རེད་ལ། སེར་སྨད་སྤོམ་ར་དང་དགའ་ལྡན་རྡོ་ཁང་གི་གྲྭ་ལོག་དག་རེད། ངས་ངོས་ལེན་བྱེད་གི་ཡིན། དེ་དག་ཚང་མ་དམ་མཉམ་དང་། དོལ་རྒྱལ་རྒྱ་འདྲེའི་རྐུབ་གཡོག་ཡིན་པས་ང་རང་ཚོ་ཆ་ཚང་ཞེན་པ་ལོག་ནས་བསྡད་ཡོད། དམ་སྲི་རྗེས་འབྲང་པ་ཚོར་སྨྱོ་ཟིན་པས་གང་ཡང་ལྟ་རིན་མེད།
ད་འགྲིག་སོང་། དེ་ལས་འཕྲོས་སྐྱག་རྩོམ་དང་སྐྱག་མཆན་མི་མ་འབྲི་གྲོགས། དོ་བདག་རིན་ཆེན་པས་ཀྱང་རང་སྐྱོན་ངོས་ལེན་བྱས་པར་དགའ་པོ་བྱུང་། བོད་རྒྱལ་ལོ།།
༄།ལར་རྒྱའི་བདག་པོ་ལགས། ཁྱེད་ནས་རྒྱ་རོའི་གཞུང་ཚབ་གཉམ་དུ་ལོ་གསར་གཏང་མཁས་ཚོའི་མིང་དང་ཕ་ཡུལ་སོགས་བྲིས་ན་ཡག་པོ་འདུག་ལ། ཁྱེད་རང་གབ་མིང་མ་བྲིས་པ་དངོས་མིང་བྲིས་ན་ཡག་པོ་འདུག། ངས་རེ་བ་ཡིན།
ངག་དབང་ལགས།ནེའུ་ཡོག་དོལ་ཚོགས་ལ་མིང་གཤེར་བྱེད་པར་ཕྱིན་ན་རྒྱུག་བརྡུང་ཟེར་རྒྱུ་དང་།མཐའ་ན་སྲོག་ལ་ཐུག་ཉེན་ཡོད།དེ་མིན་དྲ་རྒྱའི་ནང་མིང་ངོ་མ་བྲིས་དགེ་མཚན་ཡོད་མོད་དེར་སྐྱོན་གྱི་ཆ་ཡ་མི་ཉུང་བ་ཞིག་མཆིས།དཔེར་ན་མིང་ངོ་མ་བྲིས་ན་ཀློག་པ་པོ་དང་མཆན་མཁན་མང་པོས་རྩོམ་ལ་བལྟས་ནས་བསམ་ཚུལ་མ་བྲིས་པ་གང་ཟག་ལ་བལྟས་ནས་གང་ཟག་ལུང་ཚན་གང་ཡིན་དང་།ཆོས་བརྒྱུད་གང་ཡིན་གྱི་ཐོག་ནས་བསམ་ཚུལ་དང་མཆན་བྲིས་ཀྱི་འདུག་པ་ཁྱེད་ཀྱིས་ཀྱང་མཁྱེན་ངེས་རེད།དེ་ན་གབ་མིང་སྤྱད་ན་རྩོམ་གྱི་ངོ་གདོང་ལ་བལྟས་ནས་བསམ་ཚུལ་འདོན་གྱི་རེད།
དགེ་ལུགས་པའི་སེ་འབྲས་གསུམ་གྱི་དགེ་བཤེས་ཚོ་ཁོ་རང་ཚོའི་གྲྭ་ཚང་གི་དཔེ་ཆ་ལས། དེ་ལས་བརྒལ་བའི་རིག་གནས་། ལོ་རྒྱུས་ཆོས་འབྱུང་། སྨན་རྩིས་སོགས་མང་ཆེ་བའི་མཁྱེན་གྱི་མི་འདུག མདོ་སྨད་བླ་བྲང་བཀྲིས་འཁྱིལ་དུ་རིག་གནས་ཆ་ཚང་མཁྱེན་མཁན་ཡོད་ཤས་ཆེ།
ནུབ་ཕྱོགས་ལ་དུང་བའི་གངས་ཕྲུག་ལགས། ཁྱོད་རང་མཐོང་རྒྱ་ཆུང་སོང་བ་དང་ཡང་ན་ཕྱོགས་ཞེན་ཆེ་སོང་བས་ལེན་པ་ཞིག་ལས་དགེ་ལུགས་པ་ལ་རིགས་གནས་གཞན་དང་ཡིག་ཆ་གཞན་ཡང་ན་སྐད་རིགས་གཞན་མཁྱེན་མཁན་མེད་པ་ནི་མ་ཡིན་ཏེ། ཐམས་ཅད་མཁྱེན་པའི་གཡས་གཡོན་ནས་འཛམ་གླིང་སྡེང་ཆའི་སྟེང་ཚན་རིག་པ་ང་ཡིན་ཟེར་མཁན་དེ་དག་དང་གདོང་དང་གདོང་ཐུག་ནས་བགྲོ་གླེང་གནང་མཁན་མང་ཆེ་བ་དགེ་ལུགས་པ་མ་རེད་དམ། ཡང་ན་ཁྱོད་རང་བཞུགས་སའི་གཡས་གཡོན་ནས་དགེ་ལུགས་པ་བསྐང་གསོལ་རྐྱང་རྐྱང་སྦྱང་ནས་མི་ཚེ་སྐྱལ་མཁན་རིགས་ཞིག་ཡོད་པས་དེ་འདྲ་མང་པོ་མཐོང་བས་དབང་གིས་ཡིན་སྲིད། དེ་འདྲ་ནི་དགེ་ལུགས་གཅིག་པུ་མ་ཡིན་ཏེ། ཆོས་རྒྱུད་གཞན་ལ་ཡང་ཡར་མ་ལྷག་ན་མར་སྡུག་རབས་མི་འདུག་པས་སེམས་ཁྲལ་གནང་དགོས་མི་འདུག་སྙམ།
ལ་རྒྱའི་བདག་པོ་ལ་ཁྱེད་ཀྱི་མིང་དེ་གབ་མིང་རེད་བ་ དོལ་ཚོགས་རྒྱ་རོ་མཉམ་དུ་ལོ་གསར་གཏང་མཁན་དེ་དངོས་གནས་ཤེས་དགོས་འདུག་ ད་ཅོ་རང་ཁག་མི་འདུག་ གཟབ་གཟབ་བྱེད་མ་ཏོག་ཉེས་རྟག་རག་ཡོང་ད་
དགེ་བཤེས་རེན་ཆེན་འདི་སྔོན་མ་ཨོ་ཙེ་འདྲ་་ཡོད་དེ་ད་ཁ་ཤས་གིས་ལབ་ན་སྔོན་གྲ་ས་བཞུགས་པའ྄ི་སྐབས་དང་མི་་འདྲ་འགི་ལབ་གི། ་་ཁ་ཤས་ཀྱིས་ལབ་ན་ཁོའི་ཁོག་ལ་ཅིག་ཞུགས་གི་མེད་གྲོག་ལབ་ཀྱི་འདུག། དགེ་སློང་མའི་སྐོར་ལ་སྨྱོ་ལབ་མང་པོ་ཅིག་བྱེད་པ་རེད་ལབ་ཤི་འགི། ཁ་ཤས་ཀྱི་ལབ་ན་ཀརྨ་ཤག་བྱ་ཁྲི་སྤྱན་ཅིག་བབས་ཀྱི་མེད་གྲོའོ་ལབ་ཞི་འགི། ཁ་ཤས་ཀྱི་ལབ་ན་དོལ་རྒྱལ་ཞུགས་གི་མེད་དམ། ་ ཡང་ཁ་ཤས་ཀྱི་ལབ་ན་་ཨ་ནེ་གྲོང་མཁན་ཅིག་ཁོག་ཞུགས་བྱེད་ཀྱི་ཡོད་ས་འགི་ལབ་གི། གཞན་དག་གིས་གང་ཡང་ཞུགས་ཡོད་མ་རེད། ་ ཨ་ནེ་དང་རིན་ཆེན་མཁའ་འགྲོ་ལ་ངོ་དགའ་སྤྲེལ་ཀླད་རེད་ལབ་གི་འདུག། ད་ཨ་རོག་སེར་བྱེས་ཏྲེ་ཧོར་དགེ་བཤེས་རིན་ ཡིད་དམ་པདྨ་དབང་ཆེན་གྱི་སྣལ་འབྱོར་བ་རྒན་ཟླ་བ་རྒྱལ་མཚན་གྱི་གསོས་ཕྲུག་་རེན་ཆེན་ལགས་ ཁྱེད་ཀྱི་མིང་ཆ་ཚང་བ་ཞིག་བྲི་རོག་ མྱི་མང་པོས་དགེ་བཤེས་རིན་ཆེན་ནག་པོ་ལ་ཁོང་རེད་ལབ་ནས་ཁ་གཏོང་གི་འདུག། ཡིན་ན་ཡང་དགེ་བཤེས་རིན་ཆེན་ནག་པོ་ཁོང་ཚད་ལྡན་ཞིག་རེད་ ཧོ་དང་མི་འདྲ་དེའི་ཐོགས་གསལ་བཤད་ཅིག་གང་མགྱོག་གནང་རོག། སྐུ་ཆེ་སྐུ་ཆེ་ གུས་པ་དགེ་བཤེས་རིན་ཆེན་གཞན་དག་དེ་ལ་དད་པ་ཆེད་པོ་ཡོད།
ད་ཡིན་ན་ཞལ་གྲགས་ཡག་ཨེ་འགི།།།།།།།།།།།།།
དྲ་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། གོང་གི་དགེ་བཤེས་རིན་ཆེན་ཞེས་ང་ཡིན་མིན་གྱི་གླེང་སློང་ཡོང་གི་འདུག འོན་ཀྱང་དགེ་བཤེས་དེ་ནི་ང་རྩ་བ་ནས་མིན། ངས་ག་དུས་རྩོམ་ཡིག་འབྲི་ན་ཡང་སེར་ཤུལ་རིན་ཆེན་དོན་གྲུབ་ཟེར་བའི་མིང་འདི་རང་བེད་སྤྱོད་གཏོང་གི་ཡོད། ཚང་མས་མཁྱེན་པ་གནང་རོགས།
ད་ཡིན་ན་དཔེ་མང་པོ་ནོར་བཞིན་འདུག་ རེན་ཆེན་ནག་པོ་དང་ནོར། རེན་ཆེན་དོན་འགྲུབ་དང་ནོར། ནོར་བ་མང་ཡང་གོ་བ་ཅིག།