གཡུང་དྲུང་ཚེ་བརྟན།
ཀ་ངོ་ཡིག་ངོ་ཤེས་མཁན་ཚོ།།
ཁ་དེ་སུ་མཁས་འགྲན་ཞིང་གདའ།།
ག་ས་གང་གི་དྲ་ཐོག་ན།།
ང་དང་ང་འདྲ་ཚར་ལ་ཁད།།
ཅ་ཅོ་སྒྲོག་མཁན་མང་པོ་ཞིག།
ཆ་འཇོག་ཡོད་ས་རེ་གཉིས་ཤིག།
ཇ་ཁ་ཆང་ཁའི་གཏམ་གྱི་ཕྲེང༌།།
ཉ་ཉོག་གད་སྙིགས་ཉིན་རེར་འཕེལ།།
ཏ་ན་མ་ན་མེད་སོང་ངམ།།
ཐ་ཤལ་ཏག་ཏག་འཛོམས་པས་སམ།།
ད་ནི་ང་ཚོའི་ཁ་སྟབས་འདི།།
ན་ནིང་ལས་ཀྱང་ད་ལོར་ཐུ།།
པ་ལོ་ཡོད་མེད་ཀུན་འཛོམས་ནས།།
ཕ་ས་འདི་ཀོ་མ་ཟིན་དུས།།
བ་མ་བར་གྱི་ཀློག་མཁན་ཚོས།།
མ་རྩ་མི་འདུག་གསུངས་དུས་ཚར།།
ཙ་གེཙིག་གེ་ལོས་ནོར་ཏེ།།
ཚ་བ་ཚབ་བྱེད་ནོར་ཡོང་དུས།།
ཛ་དྲག་མ་རེད་ཇི་ལྟར་ལབ།།
ཝ་ཡེ་ཚང་མས་གཟབ་གཟབ་གནོངས།།
ཞ་བོ་འཐེང་པོ་མང་པོ་ཞིག།
ཟ་ཁ་གཅིག་ལ་འཛོམས་པ་ལྟའི།།
འ་གཏམ་འུར་ལ་བསྐུར་མཁན་ཚོས།།
ཡ་མཚན་གྲུབ་རྟགས་བསྟན་མྱོང་ངཱ༌།།
རགས་རྩིས་བྱས་ན་རང་ཚོད་ཀྱི།།
ལ་ལུང་བདག་པོ་ཐུབ་མཁན་དང༌།།
ཤ་ཁུ་ཤ་ལ་སིམ་འཇུག་མཁན།།
ས་ཆ་འདི་ན་ཉུང་ནས་འདུག།
ཧ་ཅང་མཁས་མིན་བླུན་མིན་པས།།
ཨ་མཚར་རྩེད་མོའི་ཚུལ་དུ་སྤེལ།།
ཨ་མཚར་མཚར་གྱི་གཏམ་བཤད་འདི།།
ཧ་ཅང་རྣ་ལ་སྙན་པོ་འདུག།
ས་མཐའི་གྲོང་གི་སྤུན་ཟླ་དག།
ཤ་ཁྲག་གཅིག་གི་འདུ་ཤེས་འོག།
ལ་ལུང་ཡུལ་གྲུ་ཀུན་པོ་ནས།།
ར་བ་ཅན་གྱི་དོན་ལ་སྙོགས།།
ཡ་མཚན་ལྡན་པའི་བཙན་པོ་རྒྱུད། །
འ་འུར་བྱ་བར་མགོ་མ་འཁོར། །
ཟ་མ་ཙམ་མིན་མེས་རྒྱལ་དོན། །
ཞ་ལོང་ཡིན་ཀྱང་འབད་པར་འོས། །