དུས་བབ་དྲ་རྒྱར་དུག་ཕོག་པ་རེད་དམ། Posted on 2013-05-132013-05-13 By tenzin 51 Comments on དུས་བབ་དྲ་རྒྱར་དུག་ཕོག་པ་རེད་དམ། གསར་འགྱུར།
རེད་དུས་བབ་ཀེན་སེར་ན་བཞག དུས་བབ་ནད་གཞི་ལྗིད་པོ་བྱུང་ཙང་ལུས་འགུལ་མེད་དུ་བསྡད་བཞག བང་ཆེན་ཀྱང་ན་གྲབས་འདུག གོམ་པ་རེ་གཉིས་མ་གཏོགས་སྤོ་ཐུབ་ཀྱི་མི་འདུག་ཟེར།
དུས་བབ་ན་ཡོད་མི་ཤེས་ཀི གསར་འགྱུར་ཡིན་ན་འདྲ་ལ་བསམ་ཚུལ་ཡིན་ནའང་འདྲ། གང་ལྟར་དཀོན་པོ་འདྲ་ཞིག་ཆགས་འདུག དྲ་ཚིགས་སྒོ་འབྱེད་མིན་ཕྱོགས་ནས་ཁ་པར་སྒང་ལ་ཡིན་ན་སྒོ་འབྱེད་ཐུབ་ཀི
དུས་བབ་ཉིན་རེའི་དུས་ཚོད་འགྱུར་བ་ཙམ་དུས་གཏན་དུ་གཉིད་ཁོས་ཡོད་པ་འདྲ། མིན་ན། དུས་ལ་བབ་པའི་གསར་གནས་དང་རྩོམ་ཡིག་སོགས་མེད་པ་འམ། ཡང་ན་ས་ཟླའི་ཚེས་ཤར་ནས་བཟུང་ཡིག་ངག་གཉིས་བཅད་ཀྱི་སྨྱུང་གནས་བསྲུངས་བཞིན་ཡོད་པ་འདྲ།
དུས་བབ་ལ་ནད་འབུ་འཕོག་ནས་ཉིན་གང་ཙམ་ཕྱིན་སོང་འདུག་ལ་། གལ་སྲིད་ཁྱེད་ཚོས་དུས་བབ་དྲ་རྒྱ་སྒོ་ཕྱེ་ན་གཟབ་གཟབ་བྱོས་།
ཉིན་ཤས་གོང་ནས་དུས་བབ་དྲ་རྒྱ་སྒོ་འབྱེད་མི་ཐུབ་གི། སྒོ་ཕྱེ་སྐབས་ཅ་དྲག་གི་ཉེན་བརྡའི་ཡི་གེ་ཞིག་སླེབས་ཀྱི་འདུག་་་་ནང་དོན་གཙོ་བོ་ཁྱེད་ཀྱིས་དྲ་རྒྱ་དེའི་སྒོ་ཕྱེས་ན་་་ཁྱེད་རང་གི་གློག་ཀླད་ལ་སྐྱོན་འབྱུང་ངེས་པའི་འགྲེལ་བཤད་རྒྱག་གི་འདུག་་་གང་ལྟར་དུས་བབ་མུ་མཐུད་འདི་ལྟར་སོང་ན་་་དེ་བམ་མི་འགྲིག་པར་འདོད། ཡར་རྒྱས་གཏོང་རྒྱུའི་ཕྱོགས་མང་ཡང་་་་་གཙོ་བོ་གསར་འགྱུར་འགོད་སྟངས་དང་་་ཆེད་རྩོམ་སྤེལ་སྟངས་ཐོག་དམིགས་བསལ་གྱིས་ཡར་རྒྱས་གཏོང་དགོས་པ་མཐོང་སོང་་་་སྔར་དང་བསྡུར་ན་དངོས་གནས་ཉམས་འདུག་་་་་
དུས་བབ་དུས་ལ་བབ་པའི་ངལ་གསོ་ཞིག་རྒྱབ་སྟེ། །དུས་མིན་འཆི་བ་འཇོམས་བྱེད་ཚེ་དབང་ཞིག་ཞུས་ནས། །དུས་རབས་ཉེར་གཅིག་དུས་ཀྱི་དགོས་མཁོ་དེ་བཀངས་ཚེ། །དུས་ངན་སྙིགས་མའི་དུས་སུ་བྱོན་པ་དེེ་བཟང་སྙམ། །ེ
དུས་བབ་ཚང་བཀའ་དྲིན་ཆེན་པོ་ཡིན། ང་ཚོ་ཐོག་མར་བཙན་བྱོལ་ནང་ལ་ང་ཚོ་ཚང་མར་པོད་ཁུག་རེ་མཁོ་སྤྲོད་གནང་སོང་། སྐབས་དེ་དུས་པོད་ཁུག་ནི་གསེར་ལས་དཀོན། དེ་ནས་གཞུང་གི་སྲིད་བྱུས་དང་རྒྱ་བོད་ལྟ་བའི་སྐོར་ལ་རྩོམ་མང་པོ་སྤེལ་སོང་། རྒྱ་གར་ལ་ཞུགས་ནས་བཀའ་ལས་སྐྱོན་མཁན་གྱི་རྩོམ་སྒྲིག་པ་དང་གསར་འགོད་པ་རྣམས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། སྨྲས་པ། ང་ལ་སྒོར་མོ་བྱུང་ན་ཁྱེད་ལ་སྤྲོད། ང་ལ་གསར་འགྱུར་འཕྲད་ན་ཁྱེད་ལ་སྤྲོད། ང་ལ་གཏམ་བཟང་འབྱོར་ན་ཁྱེད་ལ་ཞུ། ང་ལ་སྙིང་གཏམ་ཡོད་ན་ཁྱེད་ལ་ཞུ། ཁྱེད་ནི་ང་ཡི་འབེའུ་ནག་ཁྲ་ཡིན། རྟག་ཏུ་ང་ཡི་སྐྱིད་སྡུག་ཤོད་ས་ཡིན། སྣང་བ་སྐྱིད་པོ་གཏོང་ས་ཁྱེད་ཡིན་ལ། སྡུག་སྐད་ཆེན་པོ་འདོན་ས་ཁྱེད་ལ་ཡིན། ཐམས་ཅད་མཁྱེན་པས་ཁྱེད་ལ་ཉིན་ལྟར་གཟིགས། ཟམ་གདོང་མཁས་པས་ཁྱེད་ལ་ཡང་ཡང་རྩོད། བླུན་པོ་ངས་ཀྱང་ཁྱེད་དང་ཡང་ཡང་འདྲིས།
ཡིན་ནའི་ད་སྒོ་རྒྱབ་གྲབས་འདུག་པ་འདྲ། འདི། ཡིན་ན་ཡང་ངམ། ཡིནའང་ད་སྒོ་རྒྱབ་གྲབས་འདུག་པ་འདྲ། ཞེས་པ་འདི་དག་པ་རེད།
ཡ་ད་མ་ད་བཤད་ཀིན་བསྡད་ན་ཁ་བརྡ་འདིར་ཡང་ནད་འབུ་ཐོན་ཉེན་ཆེ། དབྱར་ཁ་ལྕགས་དང་དགུན་ཁ་རྫ་ལ་ལྟོས། དབྱར་དགུན་མེད་པར་རང་གི་ཁ་ལ་ལྟོས། ཟེར་ནི་རེད།
ལྷ་སའི་ཡུལ་སྐད་དུ། གང་ཡང་གནང་བགྱིད་༼གི་༽མ་རེད། རྒྱན་སྡུད་ཀྱི་ཡང་སྒྲ་དེ། གའི་གནང་གི་མ་རེད། ཅེས་འབྲེལ་སྒྲའི་འི་རུ་འདོན། ཡང་། ཡོད་རེད་དང་ཡོད་མ་རེད། ལ། ཡོག་རེད་དང་ཡོག་མ་རེད། ཟེར། ཐུགས་རྗེ་ཆེ། ལ་ ཐོ་ཇི་ཆེ། ཕ་ལགས། ཚབ་ལ། པྰ་ལགས། ཡིན་ན་ཡང་། ལ། ཡིན་ནའི། ཟེར་བ་ནོར།
གནས་ཚུལ་ཞིག་བྱུང་མ་ཐག་དེའི་རྒྱུ་རྐྱེན་གང་ཡིན་རྩད་གཅོད་གཏན་ནས་མ་བྱེད་པར། ལམ་སེང་འཆལ་གཏམ་དང་། དཀྲོག་གཏམ། སྒྲོ་འདོགས་དང་སྐུར་འདེབས་རྐྱང་རྐྱང་གི་སྐད་ཆ་གང་བྱུང་བཤད་སྡོད་པའི་གོམས་སྲོལ་ངན་པ་འདི་ནི། དུས་རབས་ཉེར་གཅིག་པའི་ཤེས་ཡོན་དང་ལྡན་པར་རློམ་པའི་འཕྱན་མའི་བུ་འདྲ་བའི་བོད་མི་ན་གཞོན་ མང་པོ་ཞིག་གི་གཞི་དང་གཤིས་ཀ་ཡིན་པ་འདྲ། དེས་ན་གཞོན་སྐྱེས་གཡོམ་རྒྱུགས་ཅན་དེ་རིགས་ལ་རི་བོང་ཅལ་འདྲོགས་དང་། བརྟག་དཔྱད་མ་བྱས་པར་ནེའུ་ལི་བསད་པ། ལུག་རྫི་སྤེན་པ་ཞེས་པའི་སྒྲུང་དེ་དག་མགོ་ནས་སློབ་ཁྲིད་ཅིག་བྱེད་དགོས་པ་འདྲ་སྙམ།
དུས་བབ་ཚང་གིས་ད་ལྟ་རང་”དགེ་བཤེས་ལྷ་རམས་པ་ཚོས་དབྱིན་ཡིག་སྦྱོང་གི་འདུག”ཅེས་པའི་གནས་ཚུལ་ཞིག་སྤེལ་འདུག དྲ་གྲོགས་ཚོ། དོན་མེད་དུ་འཁྱལ་གཏམ་མང་པོ་མ་སྤེལ་ན་བཟང་གི་རེད། ཡིན་ན་ཡང་། དུས་བབ་ཚང་གི་ངོ་གདོང་ཁ་པར་མ་གཏོགས་གློག་ཀླད་ཐོག་ནས་མི་མཐོང་བ་འདིས་དུས་བབ་ལ་ན་ཚ་ཞིག་ཕོག་ཡོད་པ་བསྟན་གྱི་འདུག །
དེ་རིང་དུས་བབ་ཚང་གི་གསརའགྱུར་སྤེལ་གསར་ལྟར་ན་བསམ་བློ་ནན་ཏན་བཏང་ན་མ་གཏོགས་སྲིད་བྱུས་འགྱུར་ཆོག་གི་རེད་ཅེས་པའི་༧གོས་ས་མཆོག་གི་བཀའ་སློབ་ཞིག་ལུང་འདྲེན་བྱས་ནས་བཀོད་འདུག གསར་འགྱུར་འདི་དྲ་ཐག་ཏུ་བཀོད་ནས་དུས་ཚོད་སྐར་མ་༡༠ ལྷག་ལས་ཕྱིན་མི་འདུག
ད་ལྟ་རང་དུས་བབ་ཀྱི་གནས་ཚུལ་སྤེལ་གསལ་ལྟར་ན་པེ་ཅིང་དུ་བོད་རྒྱ་འཁྲུག་འཛིང་ཞེས་པ་ཞིག་གསལ་པར་བཀོད་འདུག་ན་མང་པོ་ཞིག་གིས་འདིར་དུས་བབ་དྲ་རྒྱ་སྒོ་རྒྱབས་འདུག་ཟེར་པ་དེ་ག་རེ་ཡིན་ནམ། རྣམ་པ་ཚོས་རང་གི་རྩིས་འཁོར་དང་ཁ་པར་ལ་གཟིགས་ཞིབ་ཅིག་གནང་ན་དེ་ནས་དུས་བབ་དྲ་རྒྱ་མཐོང་ཐུབ་ངེས་རེད་སྙམ།
༧གོང་ས་མཆོག་གིས་བོད་རང་བཙན་སྐོར་ལ་གསུངས་དོན། “ ང་ཚོར་རང་བཙན་དགོས་ཀྱི་ཡོད་ཅེས་སྐད་འབོད་བྱེད་མཁན་མང་པོ་ཡོད། རང་བཙན་ང་ཚོར་ཐོབ་ཐང་ཡོད་པ་རེད། དཔེར་ན་ངོས་ཀྱིས་སྔོན་དུ་བརྗོད་པ་ལྟར་དུས་རབས་བདུན་པ། བརྒྱད་པ། དགུ་པ། དེ་དག་བརྩོད་མེད་ཡོངས་གྲགས་རེད། དེར་ང་ཚོས་ཁུངས་སྐྱེལ་རྒྱུ་མཚན་འདྲེན་དགོས་དོན་མེད། རྒྱ་ཡི་ཡིག་ཆའི་ནང་དུ་སྐབས་དེ་དུས་བོད་རང་དབང་ཡིན་པ་དང་རྒྱ་དང་འདྲ་མཉམ་ཡིན་པ་རྒྱ་ཡིག་གི་ཡིག་ཆའི་ནང་དུ་འདུག་སྟབས་རྩོད་མེད་ཡོངས་གྲགས་རེད། དེར་བརྟེན་ཐོབ་ཐང་ཡོད་པ་རེད། འོན་ཀྱང་ད་ལྟ་ང་ཚོའི་སྲིད་བྱུས་འགྱུར་དགོས་ཀྱི་འདུག་ཟེར་རྒྱུར་ཕྱིན་པ་ཡིན་ན། དེར་བསམ་བློ་ནན་ཏན་བཏང་ན་མ་གཏོགས་སྲིད་བྱུས་འགྱུར་ཆོག་གི་རེད། སྲིད་བྱུས་འགྱུར་ནས་རང་བཙན་ཐབས་རྩོད་བྱས་ཆོག་གི་རེད” ཅེས་གསུངས་འདུག ༧གོང་ས་མཆོག་གིས་བོད་རང་བཙན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་རག་ཐབས་མེད་སྐོར་གསུངས་དོན། “ རང་བཙན་ཐབས་རྩོད་བྱས་ན་ཇི་ལྟར་བྱེད་རྒྱུ་ཡིན་ནམ། སྔོན་ལ་ཨ་རི་དང་རྒྱ་གར་གྱིས་རྒྱབ་སྐྱོར་བྱེད་ཀྱི་རེད་དམ་མ་རེད། རྒྱབ་ནས་སེམས་གསོ་བཏང་ན་འགྲིག་གི་མེད། བོད་རང་བཙན་རེད། རྒྱ་མི་བོད་ནང་བསྡད་ན་འགྲིག་གི་མ་རེད་ཅེས་ཐོན་དགོས་ཀྱི་ཡོད། འཛམ་གླིང་རྒྱལ་ཚོགས་ནས་བྱེད་ཀྱི་རེད་དམ། རྒྱལ་ཚོགས་ལ་ཆ་བཞག་ན་ཁྱེད་ཚོ་མ་སྐྱེས་གོང་ནས་ངོས་དང་འབྲེལ་བ་བྱུང་ཡོད། ཕྱི་ལོ་ ༡༩༥༠ ལོར་ཐོག་མར་ཆབ་མདོར་རྒྱ་དམག་འབྱོར་སྐབས་ང་ཚོས་འཛམ་གླིང་རྒྱལ་ཚོགས་ལ་ཞུས་ཡོད། དེ་དུས་རྒྱལ་ཚོགས་སུ་ཞུ་ཡིག་དབྱིན་ཡིག་ཐོག་འབྲི་མཁན་ང་ཚོའི་ནང་ནས་ཚད་ལོང་བ་ཞིག་འབྲི་ཐུབ་མཁན་དཀོན་པོ་ཡིན་དུས་བདེ་སྐྱིད་གླིང་ཁར་རྒྱ་གར་བ་སྐུ་ཞབས་སི་ན་ཞུ་བ་ཞིག་ཡོད་པ་ཁོང་བོད་པར་ཧ་ཅང་ཞེན་ཁོག་ཡོད་པ་ཞིག་ཡོད་པ་ཁོང་གི་ཟིན་བྲིས་བརྒྱབ་པ་རེད། དེ་ནས་ངོས་རང་གྲོ་མོར་ཕྱིན་པ་རེད། ཁོང་གིས་ད་ཆ་༸རྒྱལ་བ་རིན་པོ་ཆེ་ལྷ་སར་བཞུགས་ནས་དགོས་པ་མེད། ཕེབས་དགོས་རེད། ང་ཡང་ལྷན་དུ་ཡོང་གི་ཡིན་ཞེས་བརྗོད་བྱུང་། རྗེས་སུ་དངོས་གཞི་ངོས་རང་རྩེ་ནས་བྲོས་ཡོང་སྐབས་ཁོང་རང་འཇམ་ཐིང་ངེར་བསྡད་སོང་མ་གཏོགས་མཉམ་དུ་ཡོང་རྒྱུའི་སྐད་ཆ་གང་ཡང་མི་འདུག དེ་ནི་རྒྱ་གར་གཞུང་གི་བཀའ་འཁྲོལ་མ་རག་པ་གསལ་པོ་རེད། རྒྱལ་ཚོགས་སུ་འབུལ་རྒྱུའི་སྙན་ཞུ་བཟོ་སྐབས་ཁོ་རང་ང་ཚོའི་མཉམ་དུ་ཡོང་རྒྱུའི་བསམ་བློ་དེ་འདྲ་ཡོད་པ་རེད། གཞུང་ལ་ཐུག་དུས་ངོས་རང་འགྲོ་སྐབས་ཡོད་པ་མ་རེད། དེ་ཙམ་དུ་མ་ཟད་ངོས་གྲོ་མོར་འབྱོར་སྐབས་ཕར་ཕྱོགས་ཀྱི་ལ་དེའི་རྒྱབ་འབྲས་ལྗོངས་རེད། འབྲས་སྤྱི་བློན་ཆེན་ནམ་རྒྱུན་ལྷ་སར་ཡང་དུས་དུས་ལ་ཡོང་གི་ཡོད། ངོས་གྲོ་མོར་སླེབས་སྐབས་ལ་ཕར་རྒྱབ་ཚུར་རྒྱབ་ཡིན་དུས་འབྲས་སྤྱི་བློན་ཆེན་ཡོང་དགོས་རྒྱུའི་བཟོ་ལྟ་བུ་རེད་དེ་བསླེབས་ཡོད་པ་མ་རེད། སངས་རྒྱས་ཀྱི་རིང་བསྲེལ་གྲོ་མོར་གདན་འདྲེན་ཞུས་པ་དེའི་ལྷན་དུ་རྒྱ་གར་ནང་པའི་ཆོས་ཚོགས་ཀྱི་གཙོ་འཛིན་དང་དགེ་སློང་ཁག་གཅིག་ཕེབས་ཡོད། འོན་ཀྱང་འབྲས་སྤྱི་བློན་ཆེན་ངོས་གྲོ་མོར་གང་ཙམ་བསྡད་ཀྱང་རྡོག་ཙམ་ཡང་བྱས་མེད། དེ་ཚོའི་གྲས་ནི་བཟོན་བྱེད་ཀྱི་ཡོད། འཛམ་གླིང་རྒྱལ་ཚོགས་ལ་བོད་པའི་གནས་ཚུལ་ཞུས་ཟིན་རྗེས་དབྱིན་ཇིའི་སྐུ་ཚབ་ནས་རྒྱ་བོད་གཉིས་ཐད་ཀར་འབྲེལ་བ་བྱེད་ཀྱི་ཡོད་པས་རྒྱལ་ཚོགས་ནང་གོ་སྡུར་བྱེད་དགོས་ཀྱི་མེད། ཅེས་དང་དེར་རྒྱ་གར་གཞུང་གིས་རྒྱབ་སྐྱོར་བྱས་པ་བཅས་གྲོས་ཆོད་དང་གོ་སྡུར་བྱེད་རྒྱུ་བྱུང་མེད” ཅེས་གསུངས་འདུག
དུས་བབ་ཚང་ལ་རྒྱ་དུག་ཕོག་ཡོད་པ་རེད། རྒྱ་སྐོ་དེ་ཚོར། དགྲ་ཤ་མི་ལེན་པར་སྒོང་ཡ་མང་དྲག་ན་ད་དེ་འདྲ་རྐྱང་མིན་པས་ཡོང་ཡ་ཡོད་པ་མ་རེད། འདི་ནི་དུས་རབས་འདིའི་དགྲ་འཁོན་རྩོད་སྟངས་རེད། ཡིག་དུག་འགག་བསལ་གྱི་སྐོར་ལ་སྒྲིག་འཛུགས་ཚང་གི་སྒོར་ཟུར་གཅིག་གི་འགྲོ་སོང་ཡང་བཏང་ཡོད་པ་མ་རེད། ཐབས་སྐྱོ་བ་ལ། ད་དུང་ཁ་ཕོ་ཆེན་པོས་འཛམ་གླིང་མི་མང་དང་གོམ་པ་མཉམ་སྤོ་བྱེད་ཡ་ཡིན་ཟེར་གི་ཡོད་པ་རེད། ག་འདྲ་སུ།
དུས་བབས་ཚང་ལ་ནད་གཞི་ལྕི་་མོ་ཞིག་ཕོག་ཡོད་ཚོད་མི་འདུག། འགའ་རེར་དུས་བབས་ཞལ་མཇལ་ཐོབ་པ་དང་འགའ་རེར་ཞལ་མཇལ་མི་ཐོབ་པ་ནི་རང་རང་སོ་སོའི་ལས་སྐལ་མིན་དྲོ། གཅིག་བྱས་ན་རང་གི་གློག་ཀླད་ལ་ནད་དུག་ཕོག་ཡོད་ཤས་ཆེ། འོན་ཀྱང་དུས་བབས་ཀྱི་གསར་འགྱུར་ནི་བོད་ཀྱི་དུས་བབས་གཅིག་དང་མི་འདྲ་བར་ཚང་མ་རྙིང་འགྱུར་རྐྱང་རྐྱང་རེད། བོད་དང་བོད་མི་རིགས་ཀྱི་དུས་བབས་ནི་ཉིན་རེ་ཉིན་རེར་མི་སྡོད་པར་ཛ་དྲག་ཇེ་ཆེ་རེད། བསམ་ཚུལ་དང་དཔྱད་རྩོམ་དེ་ཚོར་དཔྱད་གླེང་བྱེད་མཁན་གྱི་མཆན་པ་འབུ་སྲིན་རེ་གཉིས་ལས་མེད་པས་སོ་སོ་ཁེར་རྒྱུགས་བྱེད་མཁན་རྐྱང་རྐྱང་རེད། དེ་ནི་དུས་བབས་ཚང་གིས་སྨྲ་བརྗོད་ལ་སྟངས་འཛིན་ནན་མོ་ལས་བྱུང་ཤས་ཆེ།
གསེར་འབྲུག་སྡེར་ལྔ་ལགས། ཁམས་བཟང་། ཁྱོད་ཀྱི་བསམ་ཚུལ་བྲིས་པ་རྣམས་དུས་རྟག་ཏུ་ཀློག་བསྡད་ཀྱི་ཡོད་ལ་དགའ་པོ་ཡང་ཡོད། ༧གོང་ས་མཆོག་གི་རང་བཙན་ཐབས་རྩོད་བྱས་ན་ཇི་ལྟར་བྱེད་རྒྱུ་ཡིན་ནམ། སྔོན་ལ་ཨ་རི་དང་རྒྱ་གར་གྱིས་རྒྱབ་སྐྱོར་བྱེད་ཀྱི་རེད་དམ་མ་རེད།ཅེས་པའི་དྲི་བ་འདི་ནི་བོད་མི་ཡོངས་ཀྱིས་ཐུགས་བསམ་བཞེས་དགོས་པའི་དྲི་བ་གནད་འགག་ཆེ་ཤོས་ཤིག་རེད་བསམས་ཀྱི་འདུག ཨ་རི་དང་རྒྱ་གར་སོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་མ་བྱེད་ན་བོད་རང་བཙན་རག་གི་མ་རེད་འདོད། ཨ་རི་དང་རྒྱ་གར་སོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་འཐོར་ཐབས་བོད་མི་རྣམས་ཀྱིས་ཇི་ལྟར་བྱ་ན་བཟང་ངམ། ལས་འགུལ་ཇི་ལྟར་སྤེལ་ན་བཟང་ངམ། གནད་དོན་འདིའི་ཐོག་ཏུ་བསམ་ཚུལ་རེ་གསུང་རོགས་ཞུ་ཞུ་་་་་་་་་་
ལྗིད་མོ་དང་ཡང་མོ་ཡིན་པའི་ཁ་ཚོད་གཅོད་མ་ཐུབ་ཡང་། རང་གི་རྩིས་ཆས་ལ་ཡིག་དུག་གི་འགག་སྨན་དུས་ཐོག་དང་མཐུན་པ་ཞིག་བླུག་ཡོད་ན། ཁ་ཕྱེ་ཐུབ་པ་མི་འདུག། འགག་སྨན་དེ་འདྲ་ཡག་པོ་མེད་ན་རྒྱ་དུག་ནད་རོ་མ་ཞིག་དང་མཉམ་དུ་ཁ་ཕྱེ་བས་མ་ཚད་ཁོག་དཀྲུག་གི་ཡོད་ཚོད་རེད།
ཨ་རི་དང་རྒྱ་གར་སོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་མ་བྱེད་ན་བོད་རང་བཙན་རག་གི་མ་རེད་འདོད། ཨ་རི་དང་རྒྱ་གར་སོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་འཐོབ་ཐབས་བོད་མི་རྣམས་ཀྱིས་ཇི་ལྟར་བྱ་ན་བཟང་ངམ། ལས་འགུལ་ཇི་ལྟར་སྤེལ་ན་བཟང་ངམ། གནད་དོན་འདིའི་ཐོག་ཏུ་བསམ་ཚུལ་རེ་གསུང་རོགས་ཞུ་ཞུ་་་་ཞེས་བཅོས་རོགས་བྱོས། འཐོབ་དང་འཐོར་གཉིས་ནོར་འདུག
དུས་བབ་ལ་དྲ་དུག་ཕོག་པ་བརྒྱ་ཆ་བརྒྱ་རེད། འོན་ཀྱང་གོང་ནས་ཁ་པར་དང་དྲ་འབྱེད་མཉེན་ཆས་ཁ་ཆས་ནས་ཁ་འབྱེད་ཐུབ་ལུགས་གསུངས་པ་དེ་ཚོས་གཟབ་དགོས་རེད། དུས་བབ་ལ་ཕོག་པའི་དྲ་དུག་དེའི་རིགས་ལ་“དྲ་འབྱེད་དུག་ཕྲན་” (Browser Virus ) ཟེར། གྷུ་གྷུལ་ཀི་རུམ་ལ་རང་བཞིན་གྱིས་གོང་གི་དྲ་དུག་དེ་དག་གནས་སྐབས་སྲུང་ཐུབ་པའི་དུག་འགོག་རིགས་འགའ་ཞིག་ཡོད་ཡོད་པ་ཡིན་སྟབས། དུས་བབ་ཁ་འབྱེད་མི་ཐུབ་པ་རེད། འོན་ཀྱང་དྲ་འབྱེད་གཞན་ཁག་ལ་རང་བཞིན་གྱི་སྲུང་བ་དེ་ཅུང་ཉུང་བར་བརྟེན་ཁ་འབྱེད་ཐུབ་ཀྱི་ཡོད་པ་རེད། དེ་བཞིན་ཁ་པར་ནང་དུ་དུག་རིགས་དེ་ལས་སླ་པོར་ངོས་འཛིན་མི་ཐུབ་སྟབས་ཁ་འབྱེད་ཐུབ། ཡིན་ནའང་ཚང་མས་གཟབ་དགོས་པ་ཞིག་ལ་“དྲ་འབྱེད་དུག་ཕྲན” དེས་རིགས་ཀྱིས་ག་ལེར་ཡུན་རིང་རྗེས་སུ་སོ་སོའི་གློག་ཀླད་དུ་ཡོད་པའི་གལ་ཆེའི་ཡིག་རིགས་རྣམས་ལ་དུག་བགོ་བ་དང་། དེར་བརྟེན་ཕར་རོལ་པོས་ཁྱེད་ཀྱི་གསང་བའི་ཡིག་ཆ་རིགས་ལས་སླ་པོའི་ཐོག་ནས་རྐུ་ཁྱེར་ཡང་བྱ་ཐུབ་ཀྱི་རེད། ད་ལྟའི་ཆར་ང་ཚོའི་རེ་བ་ནི་དུས་བབ་གཙོ་གཉེར་པ་རྣམ་པས་མྱུར་དུ་དུག་རིགས་གཙང་སེལ་དང་བདེ་སྲུང་ལ་དོ་སྣང་བྱ་དགོས་པའི་དུས་ལ་བབ་འདུག་དྲན།
ཨ་ཅོ་རི། ཐོག་མར་ཁྱེད་སེམས་ལ་ཇི་ལྟར་བྱས་ན་ཨ་རི་དང་རྒྱ་གར་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་ཐོབ་ཀི་རེད། དེ་ཅིག་ཤོད་དང་དེ་ནས་རིམ་པའི་བསམ་ཚུལ་ཡོང་གི་རེད། རེད་མ་རེད།
བློ་མཐུན་ཅོ་རི་ལགས། ཁམས་བཟང་། ཉིད་ཀྱིས་བཀའ་འདྲི་མ་གནང་གོང་ནས་འདིའི་ཐོག་བསམ་བློ་མི་འཁོར་དགུ་འཁོར་འཁོར་བཞིན་པའི་སྒང་ཡིན། ༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་སྔ་ཕྱི་རིམ་པ་མང་པོ་ཞིག་གནང་སོང་ལ་ད་རེས་ཀྱི་ཨ་རི་ནུབ་བྱང་དུ་བཅའ་སྡོད་བོད་རིགས་སྤུན་ཟླ་ཚོར་གནང་བའི་བཀའ་སློབ་ཅིག་རེད། བཀའ་སློབ་འདི་ཆེད་དུ་དམིགས་པ་རང་བཙན་ལྟ་གྲུབ་པ་ཚོར་ཡིན་ཚོད་རེད། དེ་ལྟ་བས་ན་༧རྒྱལ་བའི་དགོངས་པ་ནི་བྱང་ཆུབ་སེམས་དཔའི་དགོངས་པ་ནམ་མཁའི་མཐའ་དང་མཉམ་ཞེས་པ་ལྟར་ཡངས་ཤིང་རྒྱ་ཆེ་བའི་དགོངས་པ་ལ་བློ་དམན་ང་ཚོས་ཚད་ཐིག་འཇལ་གཞི་ཞིག་ཡིན་རྒྱུ་མ་རེད་སྙམ། འོན་ཀྱང་བོད་མི་རིགས་ཀྱི་གྲལ་མཐར་སྐྱེས་པའི་གངས་ཕྲུག་རྣལ་མ་ཞིག་ཡིན་པའི་ཆ་ནས་དང་བོད་དང་བོད་མི་རིགས་ཀྱི་ཆབ་སྲིད་ཁེ་དབང་དང་ཐོབ་ཐང་ཞིག་ཡོད་པའི་ཆ་ནས། མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་ཞིག་ཡོད་པའི་ཆ་ནས་ངོ་སྲུང་དང་གཅམ་བུའི་གཏམ་བོར་ནས་གཅིག་བཤད་ན་འདོད། དེ་ཡང་མི་རིགས་ཀྱི་འཐབ་རྩོད་བྱེད་མཁན་འཛམ་གླིང་ནང་མང་པོ་བྱུང་ཡོད་པ་རེད་ལ་རང་བཙན་ཐོབ་པ་ཡང་མང་པོ་བྱུང་བ་རེད་ལ་སྔར་མེད་རང་བཙན་གསར་དུ་བསྐྲུན་པ་དཔེར་ན། ཨི་ཛི་རཱལ་ལྟ་བུར་མཚོན་ན་ཇིའུ་མི་རིགས་འདི་ལོ་ངོ་བརྒྱ་ཕྲག་མང་པོ་འཛམ་གླིང་ཡུལ་གྲུ་གང་སར་འཁྱམས་མྱུལ་བྱེད་མཁན་གྱི་མི་རིགས་ཞིག་གིས་སྐད་ཡིག་ཕལ་ཆེར་རྩ་བརླགས་ཕྱིན་ཀྱང་། མི་རིགས་ཀྱི་རྩ་དོན་འཐབ་རྩོད་རྒྱུན་འཁྱོངས་བྱས་པའི་འབྲས་བུར་མཐར་པཱ་ལཱི་སི་ཐཱན་གྱི་ཆུ་འགོ་དེ་འཇུས་ཏེས་ཨི་ཛི་རལ་ཞེས་པའི་རྒྱལ་ཁབ་དེ་གསར་དུ་བསྐྲུན་ཡོད་པ་རེད་ལ་ཨ་རབ་གླིང་གི་ཁ་ཆེའི་ཁྱིམ་མཚེས་རྒྱལ་ཁབ་དེ་ཚོ་འབུར་བཇོམས་་བྱེད་ཐུབ་པའི་ནུས་ཤུགས་ལྡན་འདུག། དེ་ནི་ཇིའུ་ཆོས་ལུགས་ཀྱི་ནུས་མཐུ་རེད་མི་འདུག་ལ་ཇིའུ་མི་རིགས་ཀྱི་ནུས་ཤུགས་ཡོད་ཚད་རིག་པ་བདེན་པ་གཙོས་པའི་དེང་དུས་རིག་གནས་ལ་སྦྱངས་བརྩོན་ལྷོད་མེད་ལས་བྱུང་བ་ཞིག་རེད་འདུག་ལ་མཚན་རིག་པ་མཁས་ཅན་མང་པོ་བྱུང་འདུག། དཔེར་ན་ཨ་རིའི་ནང་ཕྱུག་བདག་མང་པོ་ཇིའུ་མི་རིགས་རེད་འདུག། ཟེར་སྲོལ་ལ་ནང་མི་གཅིག་ལ་ཆེད་ལས་མཁས་པ་རེ་མེད་ན་ཐབས་སྡུག་ལ་ངོས་འཛིན་གྱི་བསམ་བློའི་འདུ་ཤེས་འོག་དེ་ལྟར་འབྱུང་ཐབས་ལ་འབད་བརྩོན་ཡོད་དགུ་འདོན་གྱིན་པ་རེད། ང་ཚོ་བོད་མི་རིགས་ལ་ཆ་མཚོན་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་སྒོ་འཕང་ལ་བརྙེག་པའི་ལྟ་གྲུབ་འོག་རང་གི་རྒྱལ་ཁབ་སླར་གསོ་དང་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་ཀྱི་བསམ་བློ་མེད་པ་མ་ཟད། གལ་ཏེ་ཡོད་དབང་དུ་བཏང་ཡང་གནས་རིམ་འོག་མ་འོག་མར་འཇོོག་པའི་ལམ་ལུགས་འོག་ཡོད་ཚད་ལྷ་ཆོས་རིང་ལུགས་ལ་གཏོང་གྱིན་པ་དཔེར་ན། དགོན་སྡེ་ཁག་ལ་གཅིག་གཟིགས་དང་སྒྲིག་འཛུགས་གཞུང་ལ་གཅིག་གཟིགས་དང་གནམ་སའི་བར་ཁྱད་ཡོད་པ་རེད་ལ། ནང་བསམ་པའི་འདུ་ཤེས་ལ་གཅིག་གཟིགས་དང་ལྷ་ཆོས་བྱས་ནས་རང་ཉིད་ཚེ་ཕྱི་མའི་འགྲོ་སྟངས་ཞིག་བཟོ་ཨེ་ཐུབ་བལྟ་བ་ལས། རྒྱལ་ཁབ་དང་མི་རིགས་འདི་འགྱེལ་ས་ནས་ལང་ཐབས་མི་བྱེད་པར་སྔར་ནས་གཞན་འོག་ཡིན་ཤག་ཤག་དང་རྗེས་ཕྱོགས་ཀྱང་གཞན་འོག་འགྲོ་ཤག་ཤག་བྱེད་པའི་ལམ་ལུགས་འོག་འབྱུང་འགྱུར་གྱི་མི་རབས་ལ་བལྟ་བཟོ་ལྟད་བཟོ་མེད་པ་ཞིག་ཆགས་མི་སྲིད་པའི་ངེས་པ་ཞིག་གང་ན་འདུག། དེས་ན་མི་རིགས་ཀྱི་འཐབ་རྩོད་མི་རིགས་རང་ཉིད་ཀྱིས་བྱ་དགོས་པ་ལས་རང་ཉིད་ཀྱིས་མི་འགུལ་བར་གཞན་གྱིས་བླངས་ནས་ལག་ནང་འཇོག་རྒྱུ་ཞིག་ཡོད་ཚོད་མ་རེད། ཨ་རི་དང་རྒྱ་གར་ལ་སོགས་པའི་ནུབ་ཕྱོགས་པ་ཚོར་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་འབྲེལ་ཡོད་མེད་ལ་འཐུག་ཡོད་པ་རེད་མ་གཏོག་སྙིང་རྗེ་དང་སེམས་འཁུར་སོགས་ཀྱི་བསམ་བློ་ཞིག་ཡོད་པ་མ་རེད། དཔེར་ན་ཨ་རིས་སྔ་མོ་བོད་ལ་གོ་དམག་རོགས་སྐྱོར་བྱེད་དུས་ཨ་རིས་རཱ་ཤི་ཡ་ལ་བསྡིགས་བསྡད་པའི་སྒང་རེད་ལ་མའོ་ཙེ་ཏུང་མར་ཁེ་སིའི་སློབ་མ་ཡོད་ན་མེད་ན་གཅིག་རེད། ནིག་སེན་ཡིན་པ་ཡོད་རྒྱ་ནག་ལ་ཕྱིན་ནས་མའོ་ཙེ་ཏུང་ལ་ལག་པ་བཏང་བ་ནས་བཟུང་ཨ་རིས་ང་ཚོ་རྡོ་ཚ་པོ་ལག་པ་ནས་གློད་པ་ནང་བཞིན་གློད་བཞག་པ་རེད། དེ་རྗེས་བྷིན་ལ་ཏིན་ཨ་རིའི་གྲོགས་པོ་ཡོད་ན་མེད་ན་གཅིག་རེད། ཨབ་གྷཱནི་སི་ཐན་སྲིད་གཞུང་སྔོན་མ་དེར་རཱ་ཤི་ཡའི་སྲུང་སྐྱོབས་ཐེ་ཇུས་དེ་མེད་པར་བཟོ་ཆེད་ཨ་རིའི་གོ་འཚོན་ལ་བརྟེན་ནས་རཱ་ཤི་ཡ་དང་དམག་འཁྲུགས་བརྒྱབས་ཏེས་རཱ་ཤི་ཡའི་དམག་སྐད་ངན་ཤོར་དགོས་པ་བཟོས་ནས་རཱ་ཤི་ཡའི་དམག་ཕྱིར་ཕུད་བཏང་ཏེས་ཏཱ་ལི་བྷཱན་སྲིད་གཞུང་བཙུགས་པ་རེད། དེ་ནས་ལོ་བཅུ་ཕྲག་འགའ་ཤས་རྗེས་ཨ་རིི་དང་བྷིན་ལ་ཏིན་གཉིས་གྲོགས་པོ་གང་འདྲ་ཡིན་མིན་མཐོང་ཆོས་མྱོང་གྱུར་རེད་པཱ། དཔེ་མཚོན་དངོས་མ་དེ་ཚོར་ཞིབ་འདངས་ཞིག་རྒྱག་རྒྱུ་ཡོད་ངེས་རེད། ད་ལྟའི་གནས་སྐབས་ལ་རྒྱ་ནག་ཨ་རིས་གཙོས་པས་ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེ་བས་ཚོང་ཤག་ཡོད་ན་མེད་ན་གཅིག་རེད། རྒྱ་ནག་གི་བསམ་བློར་རྡོ་འཕོག་མི་གཏོང་རྒྱུ་དེ་ཁོ་ཚོའི་ཁེ་ཕན་དང་འབྲེལ་བསྡད་ཡོད་པ་རེད་ལ་གང་ཐུབ་ཅི་ཐུབ་ཀྱིས་མི་འདོད་བཞིན་དུ་མཇུག་མ་རིལ་རིལ་བྱེད་དགོས་པ་དེ་ནུབ་ཕྱོགས་པའི་ཁེ་ལས་ཀྱི་ཆ་ཤས་ཡོད་ན་མེད་ན་གཅིག་རེད། བྱས་ཙང་ལམ་དབུ་མ་འདི་ཡང་རྒྱལ་སྤྱིའི་སྣ་མང་བཤམས་སྟོན་ཁང་གི་ཚོང་རྫས་ཡོད་ན་མེད་ན་གཅིག་ཆགས་སྟེས་རང་རང་གི་ཁེ་ཕན་ལེན་ཨེ་ཐུབ་བལྟ་བ་ལས་བོད་དང་བོད་མི་རིགས་ལ་ཁ་ཡོད་ལག་ཡོད་ཀྱིས་རོགས་ཕན་ཞིག་ད་ལྟ་ཕན་ལ་བྱས་ཡོད་པ་མ་རེད་ལ་རྗེས་ཕྱོགས་ཀྱང་འདི་ལྟར་འགྲོ་རྒྱུ་ལས་གཞན་ཅི་ཡང་ཡོད་པ་མ་རེད། གལ་ཏེ་ཨ་རིས་གཙོས་པའི་ནུབ་ཕྱོགས་པ་ཚོའི་སོ་སོའི་ཁེ་ཕན་དངོས་དང་འབྲེལ་ཡོད་ན་རང་བཙན་ལ་ཡང་ཁ་ལག་གིས་བརྒྱབ་སྐྱོར་འཐོབ་སྲིད་པ་རེད། དཔེར་ན་རྒྱ་ནག་དེང་སང་སྟོབས་ཤུགས་ངོམས་ནས་ཨ་རི་འཛམ་གླིང་དཔོན་པོ་ལས་འཕབས་ནས་ཁོ་རང་འཛམ་གླིང་དཔོན་པོ་བྱ་རྩིས་ཡོད་པ་དེ་ཨ་རིིའི་མིག་ནང་གི་ཐལ་རྡུལ་ཡོད་ན་མེད་ན་གཅིག་རེད། གལ་ཏེ་རྒྱ་ནག་གི་ཚོང་དེ་ཨ་རི་དང་ནུབ་ཕྱོགས་སུ་གཏོང་མི་ཐུབ་པའི་དུས་སྐབས་ཤར་ན་ཨ་རིས་གོ་སྐབས་དེ་ལེན་རྒྱུར་ཐབས་རྒྱ་ཇུས་སྟོང་གཏོང་གིས་རང་གི་མིག་ནང་གི་ཐལ་རྡུལ་དེ་འདོན་རྒྱུ་ནི་སྨྲོས་མེད་རེད། འོན་ཀྱང་དེ་གནད་འགག་ཅིག་མ་རེད། གལ་ཆེ་ཤོས་དེ་ཨེ་ཤི་ཡའི་འགྱུར་ལྡོག་དེ་རེད། རྒྱ་གར་གཙོས་པའི་ཨེ་ཤི་ཡའི་ཡུལ་གྲུ་མང་ཆེ་བའི་མཐུང་ཆུ་དང་ཞིང་ཆུ་གཉིས་ཀྱི་ཆུ་ཁུངས་བོད་ལ་འཐུག་བསྡད་ཡོད་པ་རེད། རྒྱ་ནག་གིས་བོད་ཀྱི་ཆུ་དེར་སྟངས་འཛིན་ནན་མོ་བྱས་རྐྱེན་ཡུལ་ལུང་དེ་ཚོར་དཀའ་ངལ་རིམ་པ་འཕྲད་བཞིན་ཡོད་པ་རེད། གལ་ཏེ་དཀའ་ངལ་ཆེ་རུ་ཕྱིན་པ་ཡིན་ན་འུ་འཐུག་གི་གནས་ལ་བགྱར་སྲིད་པ་རེད། བྱས་ཙང་ང་ཚོས་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ཨ་རི་དང་ནུབ་ཕྱོགས་གཅིག་པུར་མི་གཏད་པར་དོན་དངོས་ཀྱི་བོད་དོན་འཐབ་རྩོད་དང་འབྲེལ་བསྡད་པའི་ཡུལ་གྲུ་འདི་ཚོར་གོ་རྟོགས་གཏིང་ཟབ་སྤེལ་རྒྱུ་གལ་ཆེན་རེད་ལ་མི་རིགས་འདི་ཚོ་དང་ལག་གདང་སྦྲེལ་དགོས་པ་དེ་ཡང་གནད་ཀྱི་དོན་པོ་རེད། བླ་ཆེན་དང་མི་ཆེན་དཔོན་ཆེན་སུ་ཡིན་ཡང་འདི་ཚོ་དང་འབྲེལ་བ་གནང་རྒྱུ་དེ་གལ་ཆེན་རེད་སྙམ། དཔེར་ན་རྒྱ་གར་ལྟ་བུར་མཚོན་ན་རྒས་པོ་ནེས་རུས་ཁོ་རང་གི་སྐབས་དེ་དུས་ཀྱི་ཁེ་ཕན་གཅིག་པུར་དམིགས་ནས་བོད་རྒྱ་ནག་གི་ཆ་ཤས་རེད་ཞེས་ཁྱིམ་མཚེས་རྒྱལ་ཁབ་གཅིག་གིས་དཔང་པོ་རྫུན་མ་ཞིག་ཐོན་པ་རེད། ད་ཆ་སྐྱིད་པོ་ར་ཡིས་འུར་རྡོ་ར྄་ལ་འཕོག་པ་འདི་ངེས་ཤེས་བརྙེད་པའི་སྒོ་ནས་རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་དོན་ལ་བརྒྱབ་བསྐྱོར་མ་གནང་ན་ཉེ་འཆར་རང་ལ་དྭགས་བྱང་ཐང་དུ་བཅིངས་གྲོལ་དམག་གིས་རྫིག་རྔམས་བསྟན་པ་དེས་རྒྱ་གར་གཉིད་སྐྱིད་དུ་བཅུགས་མེད་ཚོད་ཡིན། ཉལ་བྲེལ་གྱིས་རྐྱེན་པས་འདིར་འཇོགས་རྒྱུ་ཡིན། མུ་མཐུད་ནས་ཡིན་ད།
བློ་མཐུན་གསེར་འབྲུག་ལགས་ཀྱིས་ཡག་པོ་གསུངས་བྱུང་བས་ཧ་ཅང་དགའ་པོ་བྱུང་། མུ་མཐུད་ནས་སྒུག་སྡོད་ཀྱི་ཡིན་ད། ཐུ་བོ་རྒྱ་མཚོ་ལགས། ཁམས་བཟང་། ཁྱེད་དང་ང་གཉིས་བར་དུ་སྐད་ཆ་སྔོན་མ་ལྷག་བསྡད་ཡོད་བསམས་ཀྱི་འདུག་་་ངའི་སེམས་ལ་བསམ་ཚུལ་མང་པོ་ཡོད། རྗེས་སུ་ཞུ་གི་ཡིན།
རྒྱ་གར་དམངས་གཙོའི་རྒྱལ་ཁབ་ནང་དུ་སྲིད་འཛིན་འདས་པོ་ནེའུ་རོ་ལགས་ཀྱིས་བོད་རྒྱལ་ཁབ་ཀྱི་ཐོག་ཏུ་དྲང་པོ་གནང་མ་བྱུང་ཞེས་ཁྲིམས་གཏུག་བྱ་ཐུབ་ཀྱི་རེད་དམ་མ་རེད་་་་་ཁྲིམས་ཐོག་ནས་ངོས་འཛིན་ག་འདྲ་ཡོང་གི་རེད་དམ།
གསེར་འབྲུག་གིས་དཔྱད་གླིང་གནང་སྟངས་དེར་མངོན་པ་སྟོད། བོད་ཀྱི་བླ་དཔོན་ཚོས་བྱམས་སེམས་དང་གཏང་སྙོམས་ཡོད་མདོག་གིས་རང་མི་རིགས་དང་འབྲེལ་བའི་ལ་རྒྱ་ཡོད་ཚོད་སྣང་མེད་མཛད་རྒྱུ་ནི་ཕྱི་ཚུལ་ཆོས་ཀྱི་བྱེད་སྒོར་ཞིག་རེད། རྒྱལ་ཁབ་དང་མི་རིགས་གཞན་ལ་འགོ་འབུལ་དང་ལུས་འབུལ་བྱེད་རྒྱུ་དེ་ཡང་སྐྱབས་འགྲོར་གོམས་པས་སྤྱོད་ཚུལ་ཞིག་ཅི་མ་ཡིན། བོད་ཀྱི་བཙན་པོའི་དུས་རབས་རྫོགས་ནས་བཟུང་མི་རིགས་རང་གི་སྙིང་ཁམས་དང་སྟོབས་ཤུགས་སྒྲིལ་ནས་ཕྱིར་ཕར་རྒོལ་བྱེད་པའི་ལོ་རྒྱུས་མེད་ཚད་རེད། བོད་ལ་དུས་ངན་གྱིས་ཆག་སྒོར་ནམ་བྱུང་ན་བླ་དཔོན་ཚོས་རང་འགོ་གང་ཐོན་བྱས་ནས་རྒྱལ་ཁབ་དེ་དང་འདིའི་སྐྱབས་འོག་པ་གྱུར་པས་ལོ་ཟླ་དེ་རྫོགས་མཐའ་མི་འདུག།
དུས་བབ་དྲ་རྒྱའི་དུག་ནད་སེལ་བ་ཡིན་པ་འདྲ། དེ་རིང་ཁ་སང་དུས་བབ་དྲ་རྒྱའི་གསར་འགོད་པས་འཛམ་གླིང་གི་གསར་འགྱུར་གང་འཚམས་ཞིག་བཀོད་ཡོང་གི་འདུག ཐུགས་རྗེ་ཆེ་རྟག་པར་རྒྱ་ནག་རྒྱ་ནག་ཟེར་ན་སྙན་རྒྱུ་མི་འདུག
དུས་བབ་ཁ་ཕྱེ་མ་ཐུབ་ནས་ཉིིན་བཞི་འགྲོ་སོང་། ཀུ་ཤུའི་ནང་དུའང་ཕྱེ་ཐུབ་ཀྱི་མི་འདུག ཉེན་བརྡ་ཞིག་གིས་ཁ་ཕྱེ་ཐུབ་ཀྱི་མི་འདུག དུས་བབ་ལ་སྦྱིན་བདག་དགོས་པ་རེད། སྤུངས་ཤོག་དུས་བབ་ལ་ཞེན་ན་་་་་་་ ཁ་བརྡར་ནད་འདི་མ་ཕོག་ཤོག
བློ་མཐུན་གསེར་འབྲུག་ལགས། ངས་དེ་རིང་ཉིན་གང་པོར་ཁྱོད་ཀྱི་སྐད་ཆ་མུ་མཐུད་ནས་སླེབས་འོང་བསམས་ནས་སྒུག་བསྡད་པ་ཡིན། ད་ནི་ཡུང་རོབ་ནང་དུ་མཚན་མོ་ཆགས་སོང་། ཁྱེད་ཡོང་ཡ་མི་འདུག མངའ་རི་འཕྲིན་ལས་ལགས་བསླེབས་བྱུང་ཡང་སྐད་ཆ་ཚིག་གཅིག་མེད་པར་ཕྱིན་སོང་། མི་དགོས་པའི་རྩོམ་རྙོག་གཉིས་ཀྱི་འོག་ཏུ་མཆན་བུ་བཏབ་ནས་སྒུག་པ་ཡིན། ཁྱོད་ཀྱི་དུས་བབ་ནང་གི་རྒྱ་མི་དེའི་རྩོམ་ཡིག་འོག་ཏུ་མཆན་བུ་བཏབ་ཡོད་མཐོང་བྱུང་། དགའ་པོ་བྱུང་། སང་ཉིན་འཇལ་ཡོང་།
བློ་མཐུན་ཅོ་རི་ལགས། རྒྱ་གར་རྒས་པོས་བོད་རྒྱལ་ཁབ་འདི་ཤི་གསོན་གྱི་ས་མཚམས་དེར་ཁྱིམ་མཚེས་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་དང་དགེ་རྒན་དགེ་ཕྲུག་གི་འདུ་ཤེས་ཡོད་རབས་ཀྱི་ཆ་ནས་དཔང་རྫུན་ཞིག་ཐོན་པ་དེ་དྲང་པོ་བྱས་མ་སོང་ཞེས་ཁྲིམས་གཏུགས་ཞིག་བྱས་མ་བྱས་ཁོ་རང་ཡོད་པ་མ་རེད། དཔང་རྫུན་དང་པོ་ནེ་རུས་དབུ་འཁྲིད་དེས་སྲིད་བློན་རིམ་པས་དཔང་རྫུན་ཐོན་ཟིན་པ་རེད། ད་འོ་ན་ཇི་ལྟར་བྱེད་དགོས་སམ་ཞེ་ན། མ་སྐུལ་དང་བླངས་ཀྱིས་དཔང་རྫུན་ཐོན་པའི་འབྲས་བུ་རང་སྟེང་དུ་མྱང་དང་མྱོང་བཞིན་པ་དེ་རྒྱ་གར་མི་དམངས་དུང་ཕྱུར་བཅུ་གཉིས་ལྷག་གིས་ངེས་ཤེས་བརྙེད་ཐུབ་པ་བྱེད་རྒྱུ་དེ་གལ་ཆེའི་ནང་གི་དོན་ཆེན་རེད། གཞི་རྩའི་དཔང་རྫུན་ཐོན་དགོས་པའི་དམིགས་ཡུལ་གཙོ་བོ་དེ་འབྲས་ལྗོངས་དང་ལ་དྭགས། མོན་ཏཱ་ཝང་ངམ་ད་ལྟའི་ཨ་རུ་ནཱ་ཅཱལ་སོགས་རྩོད་གཞི་ཅན་གྱི་ས་ཁུལ་ཁག་རྒྱ་གར་གྱི་ཆ་ཤས་རེད་ཞེས་རྒྱ་ནག་གིས་ལབ་མི་ཡོང་ངམ་སྙམ་པ་རེད། དེ་ནི་ཟམ་གདོང་བླར་རྒན་སོགས་ཀྱིས་མདོ་སྟོད་སྨད་གཉིས་སྔར་གཞུང་ས་དགའ་ལྡན་ཕོ་བྲང་མངའ་འོག་མེད་རབས་དང་རྒྱ་སྡེ་ཡིན་རབས་བཤད་དེས་ཕར་ལེགས་སྐྱེས་འདི་ཕུལ་ན་ཚུར་གནང་སྦྱིན་ཞིག་འཐོབ་མི་ཡོང་ངམ་སྙམ་པའི་ལམ་ལུགས་དང་གཅིག་པ་གཅིག་རྐྱང་རེད། འདི་ནི་མ་བསྐུལ་དང་བླངས་ཀྱིས་དམ་བཅའ་ཕུ་ཐུང་ནང་ནས་ཤོར་ཟིན་པའི་རྩ་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ཞིག་རེད། བྱས་ཙང་དམ་བཅའ་ཤོར་ཟིན་པའི་རེ་བརྙེག་གི་རྩ་དོན་འཐབ་རྩོད་དེ་མི་འགྲུབ་མཁར་ཕ་རོལ་ནས་འདི་ལྟར། བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ནི་སྨྲོས་ཅི་དགོས་མ་ཟད་འབྲས་ལྗོངས་ལ་སོགས་པའི་རྩོད་གཞི་ཅན་གྱི་ས་ཁུལ་དེ་ཚོ་ཡང་རྒྱ་ནག་གི་ཆ་ཤས་ཡིན་པས་ཧིན་ཀྲུང་བར་གྱི་འབྲེལ་ལམ་ཡར་རྒྱས་ལ་འགན་ལེན་ཐུབ་པ་བྱེད་རྒྱུ་དེ་ཧིན་དུ་ཕྱོགས་ནས་བསམ་བློ་ཡག་པོ་ཞིག་གཏོང་དགོས་པའི་ཁ་བརྡ་བྱས་ཡོད་ཚོད་རེད། དེས་ན་རྒྱ་གར་རྒས་པོ་རིམ་པས་དཔང་རྫུན་གྱི་དཔང་ཡིག་འདི་རྩིས་མེད་གཏོང་རྒྱུའི་འོས་འགན་དེ་རྒྱ་གར་མི་དམངས་ལ་ཡོད་པ་རེད་ལ་རྒྱ་གར་གྱི་མི་རབས་གསར་པ་དང་འབྱུང་འགྱུར་མི་རབས་རྗེས་མ་ཚོའི་བདེ་སྡུག་དང་འབྲེལ་ཙང་། རྒྱ་གར་བ་ཚོས་བློ་ཐག་རྦད་བཅད་་ཀྱིས་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་ཁ་ལག་གཉིས་ཀྱིས་བརྒྱབ་བསྐྱོར་གནང་དགོས་པ་དེ་རྒྱ་གར་རང་ཉིད་ཀྱི་ཆབ་སྲིད་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པ་རེད་དོ།
བློ་མཐུན་ཅོ་རི་ལགས། དགོངས་དག། ངོས་རང་ཉིན་གང་བྲེལ་ཟིང་གིས་རྐྱེན་པས་གཅིག་འབྲི་འདོད་ཀྱང་བྲིས་ལོང་མ་བྱུང་བར་ལུས་སོང་། དུས་བབས་ནང་མཆན་ཐུང་དེ་ཡང་ལས་བྲེལ་བར་ནས་གོ་རིམ་ལྡན་པ་ཞིག་ཆགས་མ་སོང་། ནུབ་ཕྱོགས་པའི་དུས་ཚོད་ནི་སྐུ་ཉིད་ཀྱིས་མཁྱེན་གསལ་རེད་པཱ།
ད་ནི་དཀྱུས་ལ་འགྲོ་བར་བྱ་སྟེ། བོད་དོན་འདི་རྒྱལ་སྤྱིའམ་རྒྱལ་ཚོགས་ནས་ཡ་ལན་དང་ངོས་ལེན་སོགས་མེད་པ་དེ་རེད། རྒྱལ་སྤྱི་རྐང་ཆག་ནང་སྒེར་གཅོད་རིང་ལུགས་པའི་ཁྲིམས་དཔོན་ཏང་དང་རཱ་གཉིས་ཡོད་པ་རེད། ནམ་རྒྱུན་འདི་གཉིས་ཀྱིས་ཁྲིམས་ཐག་གཅིག་བཅད་བཞག་དུས་ཨ་རིས་གཙོས་པའི་ཁྲིམས་དཔོན་དང་ཁྲིམས་རྩོད་པ་གཞན་ཚང་མ་ཁ་ལ་མཛུབ་མོ་བཅུགས་ནས་ག་ལེར་ཁྲིམས་ར་ནས་ཐོན་འགྲོ་ཡི་ཡོད་པ་རེད། བྱས་ཙང་བོད་དོན་རྒྱལ་ཚོགས་སུ་བསྐྱེལ་བ་ནི་ངལ་བ་འབྲས་མེད་རང་རེད། མ་གཞི་ནས་རྒྱལ་ཚོགས་ནས་ད་བར་རྒྱལ་ཁབ་སུ་ཞིག་སྐྱབས་ཡོད་པ་རེད། དཔེར་ན་སྔོན་མ་བྱང་ཨབ་རི་ཀའི་ནང་ནང་འཁྲུགས་ཀྱིས་མི་གསོད་ཁྲག་སྦྱོར་ཧ་ལས་པའི་ཚད་རྒལ་བྱུང་དུས་རྒྱལ་ཚོགས་ཀྱི་དམག་བཏང་བ་རེད། ཅི་ཡང་སྐྱོབས་ཐུབ་ཡོད་པ་མ་རེད། ད་དུང་ཡང་འདི་ལྟར་འགྲོ་བཞིན་པ་རེད། ཉེ་བའི་འཆར་སི་རི་ཡར་གཅིག་བལྟོས་དང་རྒྱལ་སྤྱིས་ཅི་ཞིག་འཇོན་རྒྱུ་འདུག། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་འཐོབ་ཐང་གི་སྡེ་མཚན་ལ་ནུས་པ་ཟེར་བ་སྤུ་ཙམ་ཡང་མེད་པ་རེད། ལྷ་སྐུའི་སྣང་བརྙན་རང་རེད། དེ་ལྟ་བས་ན་མི་རིགས་རང་ཉིད་ཀྱིས་རང་ཉིད་སྲུང་སྐྱོབས་བྱེད་རྒྱུ་དེ་གལ་ཆེན་རེད་སྙམ། དེ་ཡང་རྒྱལ་ཁབ་ཕལ་ཆེ་བར་ཁྲིམས་ཐོག་གི་རང་སྲུང་ཟེར་བ་དེ་ཡོད་པ་རེད། དེ་ནི་གཞན་གྱིས་རྒོལ་རྡུང་དང་སྲོག་ལ་འཚེ་བ་བྱེད་ཀྱི་ཡོད་ན་རྒོལ་ལན་བསློག་ནས་རང་སྲོག་བསྲུང་ཐབས་བྱེད་རྒྱུ་དེ་རེད། དེ་ལ་དྲག་སྤྱོད་ཀྱི་མིང་བྱང་འདོགས་གཞི་ཁོ་རང་ཡོད་པ་མ་རེད། ཨ་རིའི་མི་དམངས་ཀྱི་མེ་མདའ་འཁྱེར་ཆོག་པ་དེ་ཡང་འདི་ནས་བྱུང་བ་ཞིག་རེད། མ་གཞི་བོད་མི་རིགས་འདི་ནང་པ་སངས་རྒྱས་པའི་ལྟ་གྲུབ་འོག་མི་ཐམས་ཅད་བྱང་ཆུབ་སེམས་དཔའ་དང་སེམས་མ་སོགས་ལྷ་སྐུའི་སྣང་བརྙན་གྱི་རང་བཞིན་དུ་བཞེངས་བསྡད་པ་འདིས་སྲིད་པའི་བྱ་བྱེད་གང་ལ་ཡང་ལག་པ་འཇུ་ས་མེད་པ་ཆགས་ཡོད་པ་རེད། ངས་ནམ་རྒྱུན་མང་མང་བཤད་བཞིན་པ་ནི་ཤིང་ཅང་ནང་ཡུ་གུར་མི་རིགས་ཀྱིས་སྐབས་རེ་རྒྱ་མི་ལ་ཡ་ལན་ཚ་ཐག་གཅོད་བསློག་གིན་པ་དེས་ཤིང་ཅཱང་ནང་རྒྱ་རིགས་རྐང་སྐྱངས་ལག་སྐྱངས་བྱེད་ས་མི་འདུག་ག། འོན་ཀྱང་དམ་དྲག་དང་དམར་གསོད་བཙོན་འཇུག་སོགས་ནི་བོད་ནང་ལས་སྡུག་པ་ཞིག་རྩ་བ་ཉིད་ནས་མི་འདུག། ལར་ནས་བོད་དང་རྒྱ་ནག་ནང་གི་མི་བསུན་རླང་པོར་སྤྱོད་མཁན་གྱི་གང་ཟག་དེ་ཚོ་གང་ཐུབ་ཀྱིས་མེད་པ་བཟོ་དགོས་པ་རེད། བྱས་ཙང་སྡེ་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅིའི་ཕྱིར་བསད་པ་རེད། ཅིའི་ཕྱིར་ཁོང་སྐལ་པ་སྟོང་གི་ཚོགས་འབྲིལ་བ་བྱས་པ་རེད། དེ་ཚོའི་གཏམ་བརྒྱུད་དེ་ལ་སློབ་སྦྱོང་བྱེད་རྒྱུ་ཡོད་པ་རེད། འོང་ཀྱང་ཆོས་བྱེད་ཀྱི་གང་ཟག་དེ་ཚོ་ཆོས་རྣམ་དག་བྱེད་རྒྱུ་དེ་ཡང་གལ་ཆེན་པོ་རེད། རབ་བྱུང་དང་ཁྱིམ་པའི་ས་མཚམས་ཀྱི་བར་སྟོང་དེ་ཡང་ངེས་ཅན་ཞིག་འཇོག་དགོས་པ་དེ་གལ་ཆེན་རེད་ལ་རྒྱུན་ཆད་མེད་པར་ཚད་མེད་ཞི་བའི་ཁ་བོ་ཆེ་གདོངས་རྒྱུ་དེ་ཡང་གལ་ཆེན་རེད།
བློ་མཐུན་གསེར་འབྲུག་སྡེར་ལྔ་ལགས། ཉིན་མོ་བདེ་ལེགས། ཁྱེད་ཀྱི་གསུངས་པའི་བཀའ་མོས་རྣམས་ལ་གོ་གྱི་ཆེན་པོ་འདུག བསམ་ཚུལ་མི་མཐུན་པ་ཏོག་ཙམ་རེ་ཡང་འདུག ང་རང་གཉིས་ཀྱི་བཤད་བྱ་གཙོ་བོ་རྒྱ་གར་དང་ཨ་རི། རྒྱལ་སྤྱི་སོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་ཇི་ལྟར་འཐོབ་མིན་སྐོར་རེད། དེའི་ནང་ནས་ཐོག་མ་རྒྱ་གར་གྱིས་བོད་རང་བཙན་ལ་རྒྱབ་སྐྱོར་འཐོབ་ཐབས་ཅི་འདྲ་ཡིན་མིན་སྐོར་ནས་གླེང་ན་་་་་་་་་་་་་་རྒྱ་གར་སྲིད་འཛིན་འདས་པོ་ནེའུ་རོ་ལགས་ནས་འགོ་འཛུགས་ཀྱི་ད་ལྟའི་སྲིད་འཛིན་གྱི་བར་དུ་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་ཁས་ལེན་བྱས་བསྡད་ཀྱི་ཡོད་པ་རེད། ཉིད་ཀྱིས་གསུངས་པ་ལྟར་་་རྒྱ་གར་གྱི་སྲིད་འཛིན་འདས་པོ་ནེའུ་རོ་ལགས་ཀྱིས་བོད་ཁྱིམ་མཚེས་རྒྱལ་ཁབ་ཤིག་གིས་དཔང་པོ་རྫུན་མ་བྱས་པ་རེད། དེ་ཡང་རྒྱ་གར་བའི་ཁེ་ཕན་དང་འབྲེལ་བ་ཆེ་བས་རེད་འདོད། འབྲས་ལྗོངས་དང་ལ་དྭགས། མོན་ཏཱ་ཝང་ངམ་ད་ལྟའི་ཨ་རུ་ནཱ་ཅཱལ་སོགས་རྒྱ་གར་གྱིས་ཟས་ནས་བསྡད་ཡོད་རེད། རི་བོ་ཧན་མ་ལ་ཡའི་རྒྱབ་ཕྱོགས་ཀྱི་བོད་ཀྱི་ས་ཆ་བལ་པོ་རྒྱལ་ཁབ་ཀྱིས་ཀྱང་གང་ལ་གང་མཚམས་ཤིག་ཟས་བསྡད་ཡོད་རེད། ཀློ་པ་དང་དོ་པོ། མུག་སྒམ་དང་ཀླུ་སྨད་སོགས་བོད་རིགས་ངོ་མ་རེད་ལ་བོད་ཀྱི་མངའ་ཁུངས་རེད་འདོད། འདི་དག་བལ་པོའི་རྒྱལ་ཁུངས་ཆགས་བསྡད་ཡོད་རེད། ་རི་ཧན་མ་ལ་ཡའི་མདུན་ཕྱོགས་ནས་སྨད་དར་རྩེ་མདོ་བར་དུ་རྒྱ་གུན་ཁྲན་གྱི་ཟས་བསྡད་ཡོད་རེད། བོད་རྒྱལ་ཁབ་ཀྱི་ས་ཆ་འདིར་རྒྱལ་ཁབ་གསུམ་གྱིས་འགོ་མཇུག་བར་གསུམ་ནས་བཙན་ཕྲོགས་བཟོས་ཡོད་རེད། རྒྱ་གར་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་མ་བྱས་པའི་རྒྱུ་མཚན་གཙོ་བོ་བོད་ཀྱི་ས་ཆ་འདི་དག་ཟ་གྱི་རག་པས་རེད་འདོད། ཡིན་ནའང་་་ཁྱེད་ཀྱིས་གསུངས་པ་ལྟར་གུན་ཁྲན་ཏང་གིས་བོད་ཀྱི་ཆུ་བོ་རྣམས་ཁ་སྒྱུར་བ་དང་ཆུ་མཛོད་བརྒྱབ་པ། ཁོར་ཡུག་གཏོར་སྐྱོན་བཏང་བ་སོགས་ཀྱིས་རྒྱ་གར་བ་ལ་དཀའ་ངལ་འཕྲད་ཡོང་དུས་རང་བཞིན་གྱི་བོད་རང་བཙན་དྲན་དགོས་པ་ཞིག་ཡོང་གི་ཡོད་ཚོད་རེད། ཁྱེད་ཀྱི་གསུངས་པ་ལྟར་བྱས་ན་རྒྱ་གར་མི་དམངས་ཀྱི་ནང་དུ་གནད་དོན་དེ་དག་གོ་རྟོགས་སྤེལ་ན་ཕན་ཐོགས་ཡོད་ངེས་རེད། ཡིན་ཀྱང་རྒྱ་གར་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོང་བ་ལ་སྲིད་འཛིན་ནེའུ་རོ་ནས་འགོ་བཙུགས་པའི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་གཏོང་དགོས་རེད། རྒྱ་གར་གྱི་དཔོན་རིགས་མང་པོས་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་དང་བྱེད་པ་རེད། རྒྱ་གར་བའི་དཔོན་པོ་རེ་འགས་རྒྱ་ནག་ལྕགས་རི་ཡན་ཆན་བོད་ཀྱི་ས་ཆ་རེད་ཅེས་གསུངས་མཁན་ཡང་འདུག རྒྱ་གར་བའི་གནད་ཡོད་མི་སྣ་དང་དཔོན་རིགས་ཚོས་བོད་ཀྱི་ལོ་རྒྱུས་མ་ཤེས་པ་དང་གནད་དོན་མ་ཤེས་པ་རྩ་བ་ནས་མ་རེད་བསམས་ཀྱི་འདུག རྒྱ་གར་བའི་མི་དམངས་ཉམ་ཆུང་ཚོས་ཤེས་ནའང་རྒྱ་གར་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་འཐོབ་པ་ལ་ཤུགས་རྐྱེན་ཆེན་པོ་ཡོང་རྒྱུ་ཁག་པོ་རེད་འདོད། ངས་བསམ་ཚུལ་བྱས་ན་བོད་རང་བཙན་གྱི་འཐབ་རྩོད་འདི་རྩ་བ་ཁྲིམས་ལ་གཏུག་དགོས་པ་དང་། ཁྲིམས་ལུགས་ཀྱི་མདུན་དུ་ཞི་བའི་འཐབ་རྩོད་བྱ་དགོས་པ་ནི་དམིགས་ཡུལ་གཙོ་བོ་་ཡིན། འཛམ་གླིང་འདིའི་ཐོག་ཏུ་ཁྲིམས་ལུགས་ཀྱིས་ཁ་འོག་ལག་འོག་འདུག་མི་དགོས་པའི་རྒྱལ་ཁབ་ཤིག་དང་མི་ཆེན་ཞིག་མི་འདུག་བསམས་ཀྱི་འདུག བོད་རང་བཙན་གྱི་བདག་དབང་འཐོབ་དང་མི་འཐོབ་ཟེར་བ་དང་བོད་རང་བཙན་ཡོད་དང་མེད་ཟེར་བའི་ཆ་བཞག་ས་ངོ་མ་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་བོད་རྒྱལ་ཁབ་དེབ་སྐྱེལ་བྱ་ཐུབ་དང་མི་ཐུབ་རེད་འདོད་དོ།
http://www.tibettimes.net/news.php?cat=2&&id=7396 དྲི་བ་དྲིས་ལན་སྐབས་རྒྱ་གར་རྒྱལ་ཡོངས་ཞབས་ཞུ་ཚོགས་པས། ད་སྔའི་རྒྱ་གར་གྱི་བོད་ཐོག་བཟུང་པའི་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུར་ཤུགས་རྐྱེན་སྤྲོད་ཐུབ་མིན་དྲིས་པར་ཁོང་གིས། དང་པོ་རྒྱ་གར་གཞུང་གི་སྲིད་ཇུས་ལ་འགྱུར་པ་གཏོང་རྒྱུར་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཐབ་རྩོད་ཀྱི་ལངས་ཕྱོགས་གསལ་བོ་བཟོ་རྒྱུ་གལ་ཆེན་པོ་ཡིན་པ། དེང་སྐབས་བཙན་བྱོལ་བོད་མིའི་མགོ་ཁྲིད་ཚོས་རང་སྐྱོང་བཤད་ཀྱི་ཡོད་པ་དང་མང་ཚོགས་ཁྲོད་རང་བཙན་བཤད་ཀྱི་ཡོད་བཅས་གཉིས་ཆགས་ཡོད་པ་དེ་གཅིག་དང་། གཉིས་ནས་རྒྱ་གར་གཞུང་གིས་བོད་ཐོག་བཟུང་པའི་སྲིད་ཇུས་ནི་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་བྱས་ཡོད་ལ། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་རྒྱ་ནག་གི་རྩ་ཁྲིམས་འོག་གནས་རྒྱུར་ཁས་ལེན་བྱེད་ཀྱི་ཡོད་སྟབས། རྒྱ་གར་གཞུང་གི་སྲིད་ཇུས་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་རྩ་བ་ཐུག་ས་གཅིག་པ་ལྟ་བུ་ཆགས་ཡོད་པས། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་པ་གཏོང་དགོས་ཟེར་ན་དོན་ལ་འགྱུར་པ་གང་འདྲ་གཏོང་དགོས་པ་ཁ་གསལ་ཆགས་མེད་སྐོར་། གལ་སྲིད་རྒྱ་གར་གཞུང་གི་སྲིད་ཇུས་འགྱུར་པ་གཏོང་དགོས་ཚེ་བཙན་བྱོལ་སྒྲིག་འཛུགས་དང་མི་མང་གི་འཐབ་རྩོད་ཀྱི་ལངས་ཕྱོགས་དེ་སྔ་དང་མ་འདྲ་ཞིག་འཛིན་དགོས་པར་བརྗོད་སོང་། ཡང་ཁོང་གིས་དེང་སྐབས་གལ་ཆེ་ཤོས་རྒྱ་གར་གྲོས་ཚོགས་ནང་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་ཐད་གླེང་སློང་ཡོང་ཐབས་བྱ་རྒྱུ་དེ་ཡིན་སྐོར། དོན་དངོས་ཐོག་རྒྱ་དཀར་ནག་གི་འབྲེལ་བ་ཡག་པོ་མེད་སྐོར། རྒྱ་ནག་ནི་ཁ་གཏན་ཚིག་ལ་མི་གནས་པ་དང་། རྒྱ་ནག་ནི་སོ་སོའི་ཁེ་ཕན་ཆེད་གཞན་གྱི་ཆེད་མཐོང་དང་ཐོབ་ཐང་སོགས་གང་ལའང་མི་བལྟ་བར་ཧམ་འཛུལ་བྱེད་མཁན་གྱི་རྒྱ་སྐྱེད་རིང་ལུགས་པ་ཞིག་ཡིན་སྐོར་སོགས་བརྗོད། གསར་འགོད་པ། བནྡེ་སྐྱབས། ཤོག་ངོས་འདི་ཐེངས་ ༡༣༥༥ ལ་བཀླགས་འདུག གཟིགས་དང་།་་བློ་མཐུན་གསེར་འབྲུག་ལགས། གོང་དུ་རྒྱ་གར་བའི་རིགས་དཔོན་དེས་བཤད་སྟངས་འདི་ལ་བལྟས་ན་རེ་བ་མེད་པའི་ཟོལ་མི་འདུག་འདོད།
བློ་མཐུན་ཅོ་རི་ལགས། ངས་བཤད་འདོད་པ་ནི་རྒྱ་གར་གྱིས་བོད་ལ་ཁ་ལག་གཉིས་ཀྱི་རྒྱབ་སྐྱོར་གནང་དགོས་པ་ནི་རྒྱ་གར་རང་ཉིད་ཀྱི་ཁེ་ཕན་དང་བདེ་སྡུག་དང་བདེ་འཇགས་དང་འབྲེལ་བསྡད་ཡོད་ཙང་མ་གནང་རང་གནང་འདྲ་ཞིག་རེད། གཞི་རྩའི་བོད་རྒྱ་གུང་ཁྲན་གྱིས་བཙན་ཕྲོགས་བྱས་པ་ནས་བཟུངས་རྒྱ་གར་ཉིན་མཚན་མེད་པར་གནས་བཟོད་བདེ་པོ་མེད་པ་རེད་ལ་གཉིད་ཀྱང་སྐྱིད་དུ་མི་འཇུག་པ་དེ་རེད། རྒྱལ་སྲུང་འགྲོ་གྲོན་ནི་ཨ་ཅང་ཅང་གུང་ཁྲན་གྱིས་མཐོང་ཆུང་དང་བརྙས་བཅོས་དེས་རྒྱ་གར་གཉིད་སད་དགོས་པ་མ་ཟད་མལ་ལས་ལངས་དགོས་པའི་དུས་ལ་སླེབས་ཚོད་རེད། རྒྱ་གར་འདི་དམངས་གཙོའི་རྒྱལ་ཁབ་ཆེ་གྲས་ཞིག་རེད་ལ་མི་འབོར་ཡང་ཨང་གཉིས་པ་རེད། བྱས་ཙང་མི་དམངས་ཡིན་ཅིག་གཉིད་ལས་དཀྲོགས་དགོས་པ་རེད་ལ་མི་དམངས་གོ་རྟོགས་ཇེ་ཆེ་སོང་ན་གཞུང་གི་ལང་ཕྱོགས་གང་དུ་གནས་དགོས་མིན་དེ་མི་དམངས་ཀྱི་ལག་པར་ཡོད་པ་རེད། མ་གཞི་ང་ཚོའི་འཐབ་རྩོད་དང་ལང་ཕྱོགས་དེ་བརྟན་པོ་མེད་པར་འགྱུར་ཆོག་ཆོག་དཔྱིད་ཀའི་གནམ་གཤིས་འདྲ་པོ་ཞིག་ཡོད་ཙང་བརྒྱབ་སྐྱོར་གནང་མཁན་ཚོ་ཡང་དཀའ་ཁག་ཕྲད་ཀྱི་ཡོད་པ་རེད། དཔེར་ན་ང་ཚོ་གཞུང་དམངས་གཉིས་ཀའི་ལང་ཕྱོགས་རང་བཙན་ཡིན་དུས་བོད་དོན་བརྒྱབ་སྐྱོར་བྱེད་མཁན་ཡག་ཐག་ཆོད་ཡོད་པ་རེད། འགའ་རེས་ལམ་དབུ་མ་གསར་གཏོད་གནང་བ་ནས་བཟུང་བརྒྱབ་སྐྱོར་ཡག་རབས་དང་བཟང་རབས་ལུང་པ་གང་ཡོད་རབས་བཤད་ཀྱི་འདུག། ཁ་ལག་མི་མཐུན་པའི་རྒྱབ་སྐྱོར་གྱིས་ཅང་ཕན་ནི་མ་རེད། བྱས་ཙང་ང་ཚོའི་འཐབ་རྩོད་ཀྱི་་ལང་ཕྱོགས་བརྟན་པོ་གཅིག་དང་ཁྱིམ་མཚེས་རྒྱལ་ཁབ་ཚོས་དྲང་བདེན་གྱི་དཔང་པོ་ཞིག་གནང་ཐུབ་ན་ག་ལེར་རྒྱལ་སྤྱིས་ཁས་ལེན་མ་བྱེད་རང་བྱེད་རེད། དེས་ན་ངས་བོད་དོན་ཨེ་ཤི་ཡའི་འགྱུར་ལྡོག་དེ་གལ་ཆེར་འཛིན་དགོས་པ་ཞིག་བཤད་ཡོད། སྲིད་སྐྱོང་སེངྒེ་ཚང་གིས་བོད་དོན་རྒྱལ་སྤྱིའི་རྒྱབ་སྐྱོར་དང་ཨེ་ཤི་ཡའི་འགྱུར་ལྡོག་གི་གོ་སྐབས་བསྲུང་དགོས་པ་མང་མང་བསྒྲགས་སོང་། འོན་ཀྱང་ཁོང་དངོས་སུ་སྲིད་ཁྲིར་ཕེབས་དུས་འདི་ཚོ་འཇའ་ལྟར་ཡལ་བ་འདྲ་ཞིག་ཆགས་སོང་། བྱས་ཙང་ངས་གོང་དུ་ཞུས་པ་བཞིན་བོད་ཆུ་འཐུང་མཁན་རིགས་འདི་ཚོར་གླང་དམར་རྟགས་ཅན་གྱི་མངར་ཆུ་ཞིག་བསྟེར་དགོས་པ་དེ་གནད་ཀྱི་དོན་པོ་རེད། དཔེར་ན་དེང་སང་ཕཱི་ལི་པིན་དང་རྒྱ་ནག་གཉིས་མཚོ་ཁག་གི་རྩོད་རྙོག་ཡལ་མེད་པར་གསོན་པོར་གནས་ཡོད་པ་རེད་ལ། ཉི་ཧོང་ཡང་དེ་དེ་བཞིན་རེད། བྱས་ཙང་ཉི་ཧོང་གིས་༧རྒྱལ་བ་རིན་པོ་ཆེ་དང་སྲིད་སྐྱོང་མཆོག་ཉི་ཧོང་ལ་ཕེབས་དུས་དེ་སྔ་དང་མི་འདྲ་བར་དམིགས་བསལ་དང་བོད་དོན་སྐོར་གླེང་བསློང་ཤུགས་ཆེ་གནང་བ་དེ་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་རེད། ཨ་རིས་བོད་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་ཐད་རྒྱབ་སྐྱོར་གནང་ཐབས་སྐོར་བཤད་ན་དེ་ནི་ང་ཚོ་གཞུང་དམངས་གཉིས་ཀྱི་ལང་ཕྱོགས་ལ་རག་ལས་པ་རེད། དཔེར་ན་ཤིང་ཅང་རང་བཙན་ཚོགས་པར་ཨ་རིས་བདག་པོ་ཡག་པོ་རྒྱག་གི་ཡོད་པ་རེད་ལ་ཁ་སྔོན་ཨེ་རླུང་རྙོག་གླེང་སྐབས་གྲོས་ཚོགས་མཐུས་མིའི་མཚན་ཐོག་ཡི་གེ་དེ་ནས་མངོན་སུམ་འཛེམས་མེད་ཀྱིས་ཨེ་རླུང་འགྲོ་གྲོན་ཤིང་ཅང་རང་བཙན་ཚོགས་པར་སྤྲོད་འདོད་ཡོད་པ་བཤད་སོང་། གནས་དོན་འདིས་རྒྱ་ནག་ཁ་བྲལ་འགྲོ་རྒྱུར་ཨ་རི་གཞུང་གིས་གཞུང་འབྲེལ་ཐོག་ནས་རྣམ་འགྱུར་སྙིང་རྗེ་པོ་བསྟན་རྒྱུ་དེ་ཆབ་སྲིད་ཀྱི་གཡོ་ཁྲམ་ཡོད་ན་མེད་ན་གཅིག་རེད། འོན་ཀྱང་ཨ་རི་གཞུང་དམངས་གཉིས་ཀའི་བསམ་བློའི་བུག་ཏུ་ཡོད་པའི་དམིགས་འདུན་གལ་ཆེན་ཞིག་རེད། བྱས་ཙང་ང་ཚོས་ལམ་དབུ་མ་འདམས་ནས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་འདུག་འདོད་ཡོད་བཤད་པ་དེས་ཨ་རིས་ཡག་པོ་རེད་དགའ་བསུ་ཡོད་ཟེར་རྒྱུ་མ་གཏོག་ཅང་ལྷག་མེད་པ་རེད། དེ་ནི་ནང་སྲིད་ལྟ་བུ་ཆགས་ཚར་བས་ཨ་རིས་ཐེ་ཇུས་བྱེད་ས་ཁོ་རང་ལྷག་མེད་པ་རེད། དོན་དངོས་ཨ་རིས་ཡུན་རིང་རེ་སྒུག་བྱེད་ས་དེ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཁག་སྡེབས་ལངས་བརྒྱབས་ཏེས་ཀྲུང་གོ་ཁ་བྲལ་འགྲོ་རྒྱུ་དེ་དམིགས་འབེན་དུ་བཟུངས་ཡོད་པ་རེད་ལ་ཐབས་རྒྱ་ཇུས་སྟོང་གིས་གོ་སྐབས་ལེན་རྒྱུ་ནི་སྨྲོས་མེད་རེད།
རེད། དུས་བབ་ལ་ནད་དུག་ཕོག་ནས་ཉིན་ཤས་ཕྱིན་སོང་། ད་དུང་ཁོང་ཚོས་སྨན་གཏུག་བྱས་མེད་པ་འདྲ།
རེད་དུས་བབ་ཀེན་སེར་ན་བཞག དུས་བབ་ནད་གཞི་ལྗིད་པོ་བྱུང་ཙང་ལུས་འགུལ་མེད་དུ་བསྡད་བཞག
བང་ཆེན་ཀྱང་ན་གྲབས་འདུག གོམ་པ་རེ་གཉིས་མ་གཏོགས་སྤོ་ཐུབ་ཀྱི་མི་འདུག་ཟེར།
དུས་བབ་ན་ཡོད་མི་ཤེས་ཀི གསར་འགྱུར་ཡིན་ན་འདྲ་ལ་བསམ་ཚུལ་ཡིན་ནའང་འདྲ། གང་ལྟར་དཀོན་པོ་འདྲ་ཞིག་ཆགས་འདུག དྲ་ཚིགས་སྒོ་འབྱེད་མིན་ཕྱོགས་ནས་ཁ་པར་སྒང་ལ་ཡིན་ན་སྒོ་འབྱེད་ཐུབ་ཀི
དུས་བབ་ཉིན་རེའི་དུས་ཚོད་འགྱུར་བ་ཙམ་དུས་གཏན་དུ་གཉིད་ཁོས་ཡོད་པ་འདྲ། མིན་ན། དུས་ལ་བབ་པའི་གསར་གནས་དང་རྩོམ་ཡིག་སོགས་མེད་པ་འམ། ཡང་ན་ས་ཟླའི་ཚེས་ཤར་ནས་བཟུང་ཡིག་ངག་གཉིས་བཅད་ཀྱི་སྨྱུང་གནས་བསྲུངས་བཞིན་ཡོད་པ་འདྲ།
༼དུས་བབ་ཉིན་རེའི་དུས་ཚོད་ལ་འགྱུར་བ་ཙམ་ལས་་༽བཅོས་རོགས།
དུས་བབ་ལ་དཔག་ན་དེང་སྐབས་བོད་དོན་གཙོས་འཛམ་གླིང་ན་གསར་གནས་གཅིག་ཀྱང་མེད་པ་འདྲ།
མིན་ན་དུས་བབ་ལས་བྱེད་ཚོར་གླ་ཕོགས་དུས་ལྟར་མ་བྱིན་པ་འདྲ།
དྲ་དུག་ཡིན་ཡང་སྲིད། དམར་ལྷང་ལྷང་ཅིག་འོང་བགྱིད་འདུག ད་ལྟ་ཕྱེ་ཐུབ་ཙམ་འདུག
དུས་བབ་སྐུ་ཚེ་ཡུན་བརྟན་ཤོག །
དུས་བབ་ལ་ནད་འབུ་འཕོག་ནས་ཉིན་གང་ཙམ་ཕྱིན་སོང་འདུག་ལ་། གལ་སྲིད་ཁྱེད་ཚོས་དུས་བབ་དྲ་རྒྱ་སྒོ་ཕྱེ་ན་གཟབ་གཟབ་བྱོས་།
ཉིན་ཤས་གོང་ནས་དུས་བབ་དྲ་རྒྱ་སྒོ་འབྱེད་མི་ཐུབ་གི། སྒོ་ཕྱེ་སྐབས་ཅ་དྲག་གི་ཉེན་བརྡའི་ཡི་གེ་ཞིག་སླེབས་ཀྱི་འདུག་་་་ནང་དོན་གཙོ་བོ་ཁྱེད་ཀྱིས་དྲ་རྒྱ་དེའི་སྒོ་ཕྱེས་ན་་་ཁྱེད་རང་གི་གློག་ཀླད་ལ་སྐྱོན་འབྱུང་ངེས་པའི་འགྲེལ་བཤད་རྒྱག་གི་འདུག་་་གང་ལྟར་དུས་བབ་མུ་མཐུད་འདི་ལྟར་སོང་ན་་་དེ་བམ་མི་འགྲིག་པར་འདོད། ཡར་རྒྱས་གཏོང་རྒྱུའི་ཕྱོགས་མང་ཡང་་་་་གཙོ་བོ་གསར་འགྱུར་འགོད་སྟངས་དང་་་ཆེད་རྩོམ་སྤེལ་སྟངས་ཐོག་དམིགས་བསལ་གྱིས་ཡར་རྒྱས་གཏོང་དགོས་པ་མཐོང་སོང་་་་སྔར་དང་བསྡུར་ན་དངོས་གནས་ཉམས་འདུག་་་་་
དུས་བབ་དུས་ལ་བབ་པའི་ངལ་གསོ་ཞིག་རྒྱབ་སྟེ། །དུས་མིན་འཆི་བ་འཇོམས་བྱེད་ཚེ་དབང་ཞིག་ཞུས་ནས། །དུས་རབས་ཉེར་གཅིག་དུས་ཀྱི་དགོས་མཁོ་དེ་བཀངས་ཚེ། །དུས་ངན་སྙིགས་མའི་དུས་སུ་བྱོན་པ་དེེ་བཟང་སྙམ། །ེ
དུས་བབ་ཚང་ད་དུང་སྒོ་རྒྱབ་མིན་འདུག།
ཡིན་ནའི་ད་སྒོ་རྒྱབ་གྲབས་འདུག་པ་འདྲ།
དུས་བབ་ཚང་བཀའ་དྲིན་ཆེན་པོ་ཡིན། ང་ཚོ་ཐོག་མར་བཙན་བྱོལ་ནང་ལ་ང་ཚོ་ཚང་མར་པོད་ཁུག་རེ་མཁོ་སྤྲོད་གནང་སོང་། སྐབས་དེ་དུས་པོད་ཁུག་ནི་གསེར་ལས་དཀོན།
དེ་ནས་གཞུང་གི་སྲིད་བྱུས་དང་རྒྱ་བོད་ལྟ་བའི་སྐོར་ལ་རྩོམ་མང་པོ་སྤེལ་སོང་། རྒྱ་གར་ལ་ཞུགས་ནས་བཀའ་ལས་སྐྱོན་མཁན་གྱི་རྩོམ་སྒྲིག་པ་དང་གསར་འགོད་པ་རྣམས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། སྨྲས་པ། ང་ལ་སྒོར་མོ་བྱུང་ན་ཁྱེད་ལ་སྤྲོད། ང་ལ་གསར་འགྱུར་འཕྲད་ན་ཁྱེད་ལ་སྤྲོད། ང་ལ་གཏམ་བཟང་འབྱོར་ན་ཁྱེད་ལ་ཞུ། ང་ལ་སྙིང་གཏམ་ཡོད་ན་ཁྱེད་ལ་ཞུ། ཁྱེད་ནི་ང་ཡི་འབེའུ་ནག་ཁྲ་ཡིན། རྟག་ཏུ་ང་ཡི་སྐྱིད་སྡུག་ཤོད་ས་ཡིན། སྣང་བ་སྐྱིད་པོ་གཏོང་ས་ཁྱེད་ཡིན་ལ། སྡུག་སྐད་ཆེན་པོ་འདོན་ས་ཁྱེད་ལ་ཡིན། ཐམས་ཅད་མཁྱེན་པས་ཁྱེད་ལ་ཉིན་ལྟར་གཟིགས། ཟམ་གདོང་མཁས་པས་ཁྱེད་ལ་ཡང་ཡང་རྩོད། བླུན་པོ་ངས་ཀྱང་ཁྱེད་དང་ཡང་ཡང་འདྲིས།
ཡིན་ནའི་ད་སྒོ་རྒྱབ་གྲབས་འདུག་པ་འདྲ།
འདི།
ཡིན་ན་ཡང་ངམ། ཡིནའང་ད་སྒོ་རྒྱབ་གྲབས་འདུག་པ་འདྲ། ཞེས་པ་འདི་དག་པ་རེད།
ཡ་ད་མ་ད་བཤད་ཀིན་བསྡད་ན་ཁ་བརྡ་འདིར་ཡང་ནད་འབུ་ཐོན་ཉེན་ཆེ།
དབྱར་ཁ་ལྕགས་དང་དགུན་ཁ་རྫ་ལ་ལྟོས།
དབྱར་དགུན་མེད་པར་རང་གི་ཁ་ལ་ལྟོས།
ཟེར་ནི་རེད།
ལྷ་སའི་ཡུལ་སྐད་དུ།
གང་ཡང་གནང་བགྱིད་༼གི་༽མ་རེད། རྒྱན་སྡུད་ཀྱི་ཡང་སྒྲ་དེ། གའི་གནང་གི་མ་རེད། ཅེས་འབྲེལ་སྒྲའི་འི་རུ་འདོན།
ཡང་། ཡོད་རེད་དང་ཡོད་མ་རེད། ལ། ཡོག་རེད་དང་ཡོག་མ་རེད། ཟེར།
ཐུགས་རྗེ་ཆེ། ལ་ ཐོ་ཇི་ཆེ།
ཕ་ལགས། ཚབ་ལ། པྰ་ལགས།
ཡིན་ན་ཡང་། ལ། ཡིན་ནའི། ཟེར་བ་ནོར།
སྒོ་ཕྱེ་མ་ཐུབ་པར་ཉིན་འགའ་འགྲོ་སོང་། ནང་དུ་རི་མོ་འདྲ་མིན་ཅུག་ཤར་ཡོང་གིན་འདུག ག་རེ་ཡིིན་ནམ།
འབུ་ཆུང་ཆུང་འཛུལ་པའི་རྟགས་མཚན་རེད།
གནས་ཚུལ་ཞིག་བྱུང་མ་ཐག་དེའི་རྒྱུ་རྐྱེན་གང་ཡིན་རྩད་གཅོད་གཏན་ནས་མ་བྱེད་པར། ལམ་སེང་འཆལ་གཏམ་དང་། དཀྲོག་གཏམ། སྒྲོ་འདོགས་དང་སྐུར་འདེབས་རྐྱང་རྐྱང་གི་སྐད་ཆ་གང་བྱུང་བཤད་སྡོད་པའི་གོམས་སྲོལ་ངན་པ་འདི་ནི། དུས་རབས་ཉེར་གཅིག་པའི་ཤེས་ཡོན་དང་ལྡན་པར་རློམ་པའི་འཕྱན་མའི་བུ་འདྲ་བའི་བོད་མི་ན་གཞོན་
མང་པོ་ཞིག་གི་གཞི་དང་གཤིས་ཀ་ཡིན་པ་འདྲ། དེས་ན་གཞོན་སྐྱེས་གཡོམ་རྒྱུགས་ཅན་དེ་རིགས་ལ་རི་བོང་ཅལ་འདྲོགས་དང་། བརྟག་དཔྱད་མ་བྱས་པར་ནེའུ་ལི་བསད་པ། ལུག་རྫི་སྤེན་པ་ཞེས་པའི་སྒྲུང་དེ་དག་མགོ་ནས་སློབ་ཁྲིད་ཅིག་བྱེད་དགོས་པ་འདྲ་སྙམ།
གཞི་དང་ཞེས་པ་དེ་མི་གཞི་དང་ཞེས་བཅོས་རོགས།
དུས་བབ་ཚང་གིས་ད་ལྟ་རང་”དགེ་བཤེས་ལྷ་རམས་པ་ཚོས་དབྱིན་ཡིག་སྦྱོང་གི་འདུག”ཅེས་པའི་གནས་ཚུལ་ཞིག་སྤེལ་འདུག དྲ་གྲོགས་ཚོ། དོན་མེད་དུ་འཁྱལ་གཏམ་མང་པོ་མ་སྤེལ་ན་བཟང་གི་རེད། ཡིན་ན་ཡང་། དུས་བབ་ཚང་གི་ངོ་གདོང་ཁ་པར་མ་གཏོགས་གློག་ཀླད་ཐོག་ནས་མི་མཐོང་བ་འདིས་དུས་བབ་ལ་ན་ཚ་ཞིག་ཕོག་ཡོད་པ་བསྟན་གྱི་འདུག །
དེ་རིང་དུས་བབ་ཚང་གི་གསརའགྱུར་སྤེལ་གསར་ལྟར་ན་བསམ་བློ་ནན་ཏན་བཏང་ན་མ་གཏོགས་སྲིད་བྱུས་འགྱུར་ཆོག་གི་རེད་ཅེས་པའི་༧གོས་ས་མཆོག་གི་བཀའ་སློབ་ཞིག་ལུང་འདྲེན་བྱས་ནས་བཀོད་འདུག
གསར་འགྱུར་འདི་དྲ་ཐག་ཏུ་བཀོད་ནས་དུས་ཚོད་སྐར་མ་༡༠ ལྷག་ལས་ཕྱིན་མི་འདུག
དུས་བབ་ཚང་ཟླ་གཅིག་རིང་སྙུང་གནས་ལ་བསྡད་ཡོད་ཟེར།
ངའི་སམ་སིང་ཁ་པར་ནང་ཡང་ཤར་གྱི་མི་འདུག
ཉིན་མཚན་མེད་པར་དུས་བབ་ཚང་གི་དྲ་སྒོ་འབྱེད་པར་རེ་ལྟོས་བྱས་ཡོད།
ད་ལྟ་རང་དུས་བབ་ཀྱི་གནས་ཚུལ་སྤེལ་གསལ་ལྟར་ན་པེ་ཅིང་དུ་བོད་རྒྱ་འཁྲུག་འཛིང་ཞེས་པ་ཞིག་གསལ་པར་བཀོད་འདུག་ན་མང་པོ་ཞིག་གིས་འདིར་དུས་བབ་དྲ་རྒྱ་སྒོ་རྒྱབས་འདུག་ཟེར་པ་དེ་ག་རེ་ཡིན་ནམ། རྣམ་པ་ཚོས་རང་གི་རྩིས་འཁོར་དང་ཁ་པར་ལ་གཟིགས་ཞིབ་ཅིག་གནང་ན་དེ་ནས་དུས་བབ་དྲ་རྒྱ་མཐོང་ཐུབ་ངེས་རེད་སྙམ།
༧གོང་ས་མཆོག་གིས་བོད་རང་བཙན་སྐོར་ལ་གསུངས་དོན། “ ང་ཚོར་རང་བཙན་དགོས་ཀྱི་ཡོད་ཅེས་སྐད་འབོད་བྱེད་མཁན་མང་པོ་ཡོད། རང་བཙན་ང་ཚོར་ཐོབ་ཐང་ཡོད་པ་རེད། དཔེར་ན་ངོས་ཀྱིས་སྔོན་དུ་བརྗོད་པ་ལྟར་དུས་རབས་བདུན་པ། བརྒྱད་པ། དགུ་པ། དེ་དག་བརྩོད་མེད་ཡོངས་གྲགས་རེད། དེར་ང་ཚོས་ཁུངས་སྐྱེལ་རྒྱུ་མཚན་འདྲེན་དགོས་དོན་མེད། རྒྱ་ཡི་ཡིག་ཆའི་ནང་དུ་སྐབས་དེ་དུས་བོད་རང་དབང་ཡིན་པ་དང་རྒྱ་དང་འདྲ་མཉམ་ཡིན་པ་རྒྱ་ཡིག་གི་ཡིག་ཆའི་ནང་དུ་འདུག་སྟབས་རྩོད་མེད་ཡོངས་གྲགས་རེད། དེར་བརྟེན་ཐོབ་ཐང་ཡོད་པ་རེད། འོན་ཀྱང་ད་ལྟ་ང་ཚོའི་སྲིད་བྱུས་འགྱུར་དགོས་ཀྱི་འདུག་ཟེར་རྒྱུར་ཕྱིན་པ་ཡིན་ན། དེར་བསམ་བློ་ནན་ཏན་བཏང་ན་མ་གཏོགས་སྲིད་བྱུས་འགྱུར་ཆོག་གི་རེད། སྲིད་བྱུས་འགྱུར་ནས་རང་བཙན་ཐབས་རྩོད་བྱས་ཆོག་གི་རེད” ཅེས་གསུངས་འདུག
༧གོང་ས་མཆོག་གིས་བོད་རང་བཙན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་རག་ཐབས་མེད་སྐོར་གསུངས་དོན། “ རང་བཙན་ཐབས་རྩོད་བྱས་ན་ཇི་ལྟར་བྱེད་རྒྱུ་ཡིན་ནམ། སྔོན་ལ་ཨ་རི་དང་རྒྱ་གར་གྱིས་རྒྱབ་སྐྱོར་བྱེད་ཀྱི་རེད་དམ་མ་རེད། རྒྱབ་ནས་སེམས་གསོ་བཏང་ན་འགྲིག་གི་མེད། བོད་རང་བཙན་རེད། རྒྱ་མི་བོད་ནང་བསྡད་ན་འགྲིག་གི་མ་རེད་ཅེས་ཐོན་དགོས་ཀྱི་ཡོད། འཛམ་གླིང་རྒྱལ་ཚོགས་ནས་བྱེད་ཀྱི་རེད་དམ། རྒྱལ་ཚོགས་ལ་ཆ་བཞག་ན་ཁྱེད་ཚོ་མ་སྐྱེས་གོང་ནས་ངོས་དང་འབྲེལ་བ་བྱུང་ཡོད། ཕྱི་ལོ་ ༡༩༥༠ ལོར་ཐོག་མར་ཆབ་མདོར་རྒྱ་དམག་འབྱོར་སྐབས་ང་ཚོས་འཛམ་གླིང་རྒྱལ་ཚོགས་ལ་ཞུས་ཡོད། དེ་དུས་རྒྱལ་ཚོགས་སུ་ཞུ་ཡིག་དབྱིན་ཡིག་ཐོག་འབྲི་མཁན་ང་ཚོའི་ནང་ནས་ཚད་ལོང་བ་ཞིག་འབྲི་ཐུབ་མཁན་དཀོན་པོ་ཡིན་དུས་བདེ་སྐྱིད་གླིང་ཁར་རྒྱ་གར་བ་སྐུ་ཞབས་སི་ན་ཞུ་བ་ཞིག་ཡོད་པ་ཁོང་བོད་པར་ཧ་ཅང་ཞེན་ཁོག་ཡོད་པ་ཞིག་ཡོད་པ་ཁོང་གི་ཟིན་བྲིས་བརྒྱབ་པ་རེད། དེ་ནས་ངོས་རང་གྲོ་མོར་ཕྱིན་པ་རེད། ཁོང་གིས་ད་ཆ་༸རྒྱལ་བ་རིན་པོ་ཆེ་ལྷ་སར་བཞུགས་ནས་དགོས་པ་མེད། ཕེབས་དགོས་རེད། ང་ཡང་ལྷན་དུ་ཡོང་གི་ཡིན་ཞེས་བརྗོད་བྱུང་། རྗེས་སུ་དངོས་གཞི་ངོས་རང་རྩེ་ནས་བྲོས་ཡོང་སྐབས་ཁོང་རང་འཇམ་ཐིང་ངེར་བསྡད་སོང་མ་གཏོགས་མཉམ་དུ་ཡོང་རྒྱུའི་སྐད་ཆ་གང་ཡང་མི་འདུག དེ་ནི་རྒྱ་གར་གཞུང་གི་བཀའ་འཁྲོལ་མ་རག་པ་གསལ་པོ་རེད། རྒྱལ་ཚོགས་སུ་འབུལ་རྒྱུའི་སྙན་ཞུ་བཟོ་སྐབས་ཁོ་རང་ང་ཚོའི་མཉམ་དུ་ཡོང་རྒྱུའི་བསམ་བློ་དེ་འདྲ་ཡོད་པ་རེད། གཞུང་ལ་ཐུག་དུས་ངོས་རང་འགྲོ་སྐབས་ཡོད་པ་མ་རེད། དེ་ཙམ་དུ་མ་ཟད་ངོས་གྲོ་མོར་འབྱོར་སྐབས་ཕར་ཕྱོགས་ཀྱི་ལ་དེའི་རྒྱབ་འབྲས་ལྗོངས་རེད། འབྲས་སྤྱི་བློན་ཆེན་ནམ་རྒྱུན་ལྷ་སར་ཡང་དུས་དུས་ལ་ཡོང་གི་ཡོད། ངོས་གྲོ་མོར་སླེབས་སྐབས་ལ་ཕར་རྒྱབ་ཚུར་རྒྱབ་ཡིན་དུས་འབྲས་སྤྱི་བློན་ཆེན་ཡོང་དགོས་རྒྱུའི་བཟོ་ལྟ་བུ་རེད་དེ་བསླེབས་ཡོད་པ་མ་རེད། སངས་རྒྱས་ཀྱི་རིང་བསྲེལ་གྲོ་མོར་གདན་འདྲེན་ཞུས་པ་དེའི་ལྷན་དུ་རྒྱ་གར་ནང་པའི་ཆོས་ཚོགས་ཀྱི་གཙོ་འཛིན་དང་དགེ་སློང་ཁག་གཅིག་ཕེབས་ཡོད། འོན་ཀྱང་འབྲས་སྤྱི་བློན་ཆེན་ངོས་གྲོ་མོར་གང་ཙམ་བསྡད་ཀྱང་རྡོག་ཙམ་ཡང་བྱས་མེད། དེ་ཚོའི་གྲས་ནི་བཟོན་བྱེད་ཀྱི་ཡོད། འཛམ་གླིང་རྒྱལ་ཚོགས་ལ་བོད་པའི་གནས་ཚུལ་ཞུས་ཟིན་རྗེས་དབྱིན་ཇིའི་སྐུ་ཚབ་ནས་རྒྱ་བོད་གཉིས་ཐད་ཀར་འབྲེལ་བ་བྱེད་ཀྱི་ཡོད་པས་རྒྱལ་ཚོགས་ནང་གོ་སྡུར་བྱེད་དགོས་ཀྱི་མེད། ཅེས་དང་དེར་རྒྱ་གར་གཞུང་གིས་རྒྱབ་སྐྱོར་བྱས་པ་བཅས་གྲོས་ཆོད་དང་གོ་སྡུར་བྱེད་རྒྱུ་བྱུང་མེད” ཅེས་གསུངས་འདུག
དུས་བབ་དྲ་རྒྱ་ནས་འདྲེན་བཀོད་བྱས་པ་ཡིན། དུས་བབ་སྒོ་ཕྱེ་ཐུབ་ཀྱི་འདུག
དུས་བབ་ཚང་ལ་རྒྱ་དུག་ཕོག་ཡོད་པ་རེད། རྒྱ་སྐོ་དེ་ཚོར། དགྲ་ཤ་མི་ལེན་པར་སྒོང་ཡ་མང་དྲག་ན་ད་དེ་འདྲ་རྐྱང་མིན་པས་ཡོང་ཡ་ཡོད་པ་མ་རེད། འདི་ནི་དུས་རབས་འདིའི་དགྲ་འཁོན་རྩོད་སྟངས་རེད།
ཡིག་དུག་འགག་བསལ་གྱི་སྐོར་ལ་སྒྲིག་འཛུགས་ཚང་གི་སྒོར་ཟུར་གཅིག་གི་འགྲོ་སོང་ཡང་བཏང་ཡོད་པ་མ་རེད། ཐབས་སྐྱོ་བ་ལ། ད་དུང་ཁ་ཕོ་ཆེན་པོས་འཛམ་གླིང་མི་མང་དང་གོམ་པ་མཉམ་སྤོ་བྱེད་ཡ་ཡིན་ཟེར་གི་ཡོད་པ་རེད། ག་འདྲ་སུ།
དུས་བབས་ཚང་ལ་ནད་གཞི་ལྕི་་མོ་ཞིག་ཕོག་ཡོད་ཚོད་མི་འདུག། འགའ་རེར་དུས་བབས་ཞལ་མཇལ་ཐོབ་པ་དང་འགའ་རེར་ཞལ་མཇལ་མི་ཐོབ་པ་ནི་རང་རང་སོ་སོའི་ལས་སྐལ་མིན་དྲོ། གཅིག་བྱས་ན་རང་གི་གློག་ཀླད་ལ་ནད་དུག་ཕོག་ཡོད་ཤས་ཆེ། འོན་ཀྱང་དུས་བབས་ཀྱི་གསར་འགྱུར་ནི་བོད་ཀྱི་དུས་བབས་གཅིག་དང་མི་འདྲ་བར་ཚང་མ་རྙིང་འགྱུར་རྐྱང་རྐྱང་རེད། བོད་དང་བོད་མི་རིགས་ཀྱི་དུས་བབས་ནི་ཉིན་རེ་ཉིན་རེར་མི་སྡོད་པར་ཛ་དྲག་ཇེ་ཆེ་རེད། བསམ་ཚུལ་དང་དཔྱད་རྩོམ་དེ་ཚོར་དཔྱད་གླེང་བྱེད་མཁན་གྱི་མཆན་པ་འབུ་སྲིན་རེ་གཉིས་ལས་མེད་པས་སོ་སོ་ཁེར་རྒྱུགས་བྱེད་མཁན་རྐྱང་རྐྱང་རེད། དེ་ནི་དུས་བབས་ཚང་གིས་སྨྲ་བརྗོད་ལ་སྟངས་འཛིན་ནན་མོ་ལས་བྱུང་ཤས་ཆེ།
རེ་གཟའ་སྤེན་པ་ནས་Google Chroma ནང་དུ་ཁ་འབྱེད་ཐུབ་གྱི་མི་འདུག
ད་ལམ་གཞན་དག་ནས་ལྟ་ཐུབ་ཀྱི་འདུག
གསེར་འབྲུག་སྡེར་ལྔ་ལགས། ཁམས་བཟང་། ཁྱོད་ཀྱི་བསམ་ཚུལ་བྲིས་པ་རྣམས་དུས་རྟག་ཏུ་ཀློག་བསྡད་ཀྱི་ཡོད་ལ་དགའ་པོ་ཡང་ཡོད།
༧གོང་ས་མཆོག་གི་རང་བཙན་ཐབས་རྩོད་བྱས་ན་ཇི་ལྟར་བྱེད་རྒྱུ་ཡིན་ནམ། སྔོན་ལ་ཨ་རི་དང་རྒྱ་གར་གྱིས་རྒྱབ་སྐྱོར་བྱེད་ཀྱི་རེད་དམ་མ་རེད།ཅེས་པའི་དྲི་བ་འདི་ནི་བོད་མི་ཡོངས་ཀྱིས་ཐུགས་བསམ་བཞེས་དགོས་པའི་དྲི་བ་གནད་འགག་ཆེ་ཤོས་ཤིག་རེད་བསམས་ཀྱི་འདུག
ཨ་རི་དང་རྒྱ་གར་སོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་མ་བྱེད་ན་བོད་རང་བཙན་རག་གི་མ་རེད་འདོད། ཨ་རི་དང་རྒྱ་གར་སོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་འཐོར་ཐབས་བོད་མི་རྣམས་ཀྱིས་ཇི་ལྟར་བྱ་ན་བཟང་ངམ། ལས་འགུལ་ཇི་ལྟར་སྤེལ་ན་བཟང་ངམ། གནད་དོན་འདིའི་ཐོག་ཏུ་བསམ་ཚུལ་རེ་གསུང་རོགས་ཞུ་ཞུ་་་་་་་་་་
ལྗིད་མོ་དང་ཡང་མོ་ཡིན་པའི་ཁ་ཚོད་གཅོད་མ་ཐུབ་ཡང་། རང་གི་རྩིས་ཆས་ལ་ཡིག་དུག་གི་འགག་སྨན་དུས་ཐོག་དང་མཐུན་པ་ཞིག་བླུག་ཡོད་ན། ཁ་ཕྱེ་ཐུབ་པ་མི་འདུག། འགག་སྨན་དེ་འདྲ་ཡག་པོ་མེད་ན་རྒྱ་དུག་ནད་རོ་མ་ཞིག་དང་མཉམ་དུ་ཁ་ཕྱེ་བས་མ་ཚད་ཁོག་དཀྲུག་གི་ཡོད་ཚོད་རེད།
ཨ་རི་དང་རྒྱ་གར་སོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་མ་བྱེད་ན་བོད་རང་བཙན་རག་གི་མ་རེད་འདོད། ཨ་རི་དང་རྒྱ་གར་སོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་འཐོབ་ཐབས་བོད་མི་རྣམས་ཀྱིས་ཇི་ལྟར་བྱ་ན་བཟང་ངམ། ལས་འགུལ་ཇི་ལྟར་སྤེལ་ན་བཟང་ངམ། གནད་དོན་འདིའི་ཐོག་ཏུ་བསམ་ཚུལ་རེ་གསུང་རོགས་ཞུ་ཞུ་་་་ཞེས་བཅོས་རོགས་བྱོས། འཐོབ་དང་འཐོར་གཉིས་ནོར་འདུག
དུས་བབ་ལ་དྲ་དུག་ཕོག་པ་བརྒྱ་ཆ་བརྒྱ་རེད། འོན་ཀྱང་གོང་ནས་ཁ་པར་དང་དྲ་འབྱེད་མཉེན་ཆས་ཁ་ཆས་ནས་ཁ་འབྱེད་ཐུབ་ལུགས་གསུངས་པ་དེ་ཚོས་གཟབ་དགོས་རེད།
དུས་བབ་ལ་ཕོག་པའི་དྲ་དུག་དེའི་རིགས་ལ་“དྲ་འབྱེད་དུག་ཕྲན་” (Browser Virus ) ཟེར། གྷུ་གྷུལ་ཀི་རུམ་ལ་རང་བཞིན་གྱིས་གོང་གི་དྲ་དུག་དེ་དག་གནས་སྐབས་སྲུང་ཐུབ་པའི་དུག་འགོག་རིགས་འགའ་ཞིག་ཡོད་ཡོད་པ་ཡིན་སྟབས། དུས་བབ་ཁ་འབྱེད་མི་ཐུབ་པ་རེད། འོན་ཀྱང་དྲ་འབྱེད་གཞན་ཁག་ལ་རང་བཞིན་གྱི་སྲུང་བ་དེ་ཅུང་ཉུང་བར་བརྟེན་ཁ་འབྱེད་ཐུབ་ཀྱི་ཡོད་པ་རེད། དེ་བཞིན་ཁ་པར་ནང་དུ་དུག་རིགས་དེ་ལས་སླ་པོར་ངོས་འཛིན་མི་ཐུབ་སྟབས་ཁ་འབྱེད་ཐུབ།
ཡིན་ནའང་ཚང་མས་གཟབ་དགོས་པ་ཞིག་ལ་“དྲ་འབྱེད་དུག་ཕྲན” དེས་རིགས་ཀྱིས་ག་ལེར་ཡུན་རིང་རྗེས་སུ་སོ་སོའི་གློག་ཀླད་དུ་ཡོད་པའི་གལ་ཆེའི་ཡིག་རིགས་རྣམས་ལ་དུག་བགོ་བ་དང་། དེར་བརྟེན་ཕར་རོལ་པོས་ཁྱེད་ཀྱི་གསང་བའི་ཡིག་ཆ་རིགས་ལས་སླ་པོའི་ཐོག་ནས་རྐུ་ཁྱེར་ཡང་བྱ་ཐུབ་ཀྱི་རེད།
ད་ལྟའི་ཆར་ང་ཚོའི་རེ་བ་ནི་དུས་བབ་གཙོ་གཉེར་པ་རྣམ་པས་མྱུར་དུ་དུག་རིགས་གཙང་སེལ་དང་བདེ་སྲུང་ལ་དོ་སྣང་བྱ་དགོས་པའི་དུས་ལ་བབ་འདུག་དྲན།
ཨ་ཅོ་རི།
ཐོག་མར་ཁྱེད་སེམས་ལ་ཇི་ལྟར་བྱས་ན་ཨ་རི་དང་རྒྱ་གར་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་ཐོབ་ཀི་རེད། དེ་ཅིག་ཤོད་དང་དེ་ནས་རིམ་པའི་བསམ་ཚུལ་ཡོང་གི་རེད། རེད་མ་རེད།
བློ་མཐུན་ཅོ་རི་ལགས། ཁམས་བཟང་། ཉིད་ཀྱིས་བཀའ་འདྲི་མ་གནང་གོང་ནས་འདིའི་ཐོག་བསམ་བློ་མི་འཁོར་དགུ་འཁོར་འཁོར་བཞིན་པའི་སྒང་ཡིན། ༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་སྔ་ཕྱི་རིམ་པ་མང་པོ་ཞིག་གནང་སོང་ལ་ད་རེས་ཀྱི་ཨ་རི་ནུབ་བྱང་དུ་བཅའ་སྡོད་བོད་རིགས་སྤུན་ཟླ་ཚོར་གནང་བའི་བཀའ་སློབ་ཅིག་རེད། བཀའ་སློབ་འདི་ཆེད་དུ་དམིགས་པ་རང་བཙན་ལྟ་གྲུབ་པ་ཚོར་ཡིན་ཚོད་རེད། དེ་ལྟ་བས་ན་༧རྒྱལ་བའི་དགོངས་པ་ནི་བྱང་ཆུབ་སེམས་དཔའི་དགོངས་པ་ནམ་མཁའི་མཐའ་དང་མཉམ་ཞེས་པ་ལྟར་ཡངས་ཤིང་རྒྱ་ཆེ་བའི་དགོངས་པ་ལ་བློ་དམན་ང་ཚོས་ཚད་ཐིག་འཇལ་གཞི་ཞིག་ཡིན་རྒྱུ་མ་རེད་སྙམ། འོན་ཀྱང་བོད་མི་རིགས་ཀྱི་གྲལ་མཐར་སྐྱེས་པའི་གངས་ཕྲུག་རྣལ་མ་ཞིག་ཡིན་པའི་ཆ་ནས་དང་བོད་དང་བོད་མི་རིགས་ཀྱི་ཆབ་སྲིད་ཁེ་དབང་དང་ཐོབ་ཐང་ཞིག་ཡོད་པའི་ཆ་ནས། མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་ཞིག་ཡོད་པའི་ཆ་ནས་ངོ་སྲུང་དང་གཅམ་བུའི་གཏམ་བོར་ནས་གཅིག་བཤད་ན་འདོད། དེ་ཡང་མི་རིགས་ཀྱི་འཐབ་རྩོད་བྱེད་མཁན་འཛམ་གླིང་ནང་མང་པོ་བྱུང་ཡོད་པ་རེད་ལ་རང་བཙན་ཐོབ་པ་ཡང་མང་པོ་བྱུང་བ་རེད་ལ་སྔར་མེད་རང་བཙན་གསར་དུ་བསྐྲུན་པ་དཔེར་ན། ཨི་ཛི་རཱལ་ལྟ་བུར་མཚོན་ན་ཇིའུ་མི་རིགས་འདི་ལོ་ངོ་བརྒྱ་ཕྲག་མང་པོ་འཛམ་གླིང་ཡུལ་གྲུ་གང་སར་འཁྱམས་མྱུལ་བྱེད་མཁན་གྱི་མི་རིགས་ཞིག་གིས་སྐད་ཡིག་ཕལ་ཆེར་རྩ་བརླགས་ཕྱིན་ཀྱང་། མི་རིགས་ཀྱི་རྩ་དོན་འཐབ་རྩོད་རྒྱུན་འཁྱོངས་བྱས་པའི་འབྲས་བུར་མཐར་པཱ་ལཱི་སི་ཐཱན་གྱི་ཆུ་འགོ་དེ་འཇུས་ཏེས་ཨི་ཛི་རལ་ཞེས་པའི་རྒྱལ་ཁབ་དེ་གསར་དུ་བསྐྲུན་ཡོད་པ་རེད་ལ་ཨ་རབ་གླིང་གི་ཁ་ཆེའི་ཁྱིམ་མཚེས་རྒྱལ་ཁབ་དེ་ཚོ་འབུར་བཇོམས་་བྱེད་ཐུབ་པའི་ནུས་ཤུགས་ལྡན་འདུག། དེ་ནི་ཇིའུ་ཆོས་ལུགས་ཀྱི་ནུས་མཐུ་རེད་མི་འདུག་ལ་ཇིའུ་མི་རིགས་ཀྱི་ནུས་ཤུགས་ཡོད་ཚད་རིག་པ་བདེན་པ་གཙོས་པའི་དེང་དུས་རིག་གནས་ལ་སྦྱངས་བརྩོན་ལྷོད་མེད་ལས་བྱུང་བ་ཞིག་རེད་འདུག་ལ་མཚན་རིག་པ་མཁས་ཅན་མང་པོ་བྱུང་འདུག། དཔེར་ན་ཨ་རིའི་ནང་ཕྱུག་བདག་མང་པོ་ཇིའུ་མི་རིགས་རེད་འདུག། ཟེར་སྲོལ་ལ་ནང་མི་གཅིག་ལ་ཆེད་ལས་མཁས་པ་རེ་མེད་ན་ཐབས་སྡུག་ལ་ངོས་འཛིན་གྱི་བསམ་བློའི་འདུ་ཤེས་འོག་དེ་ལྟར་འབྱུང་ཐབས་ལ་འབད་བརྩོན་ཡོད་དགུ་འདོན་གྱིན་པ་རེད།
ང་ཚོ་བོད་མི་རིགས་ལ་ཆ་མཚོན་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་སྒོ་འཕང་ལ་བརྙེག་པའི་ལྟ་གྲུབ་འོག་རང་གི་རྒྱལ་ཁབ་སླར་གསོ་དང་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་ཀྱི་བསམ་བློ་མེད་པ་མ་ཟད། གལ་ཏེ་ཡོད་དབང་དུ་བཏང་ཡང་གནས་རིམ་འོག་མ་འོག་མར་འཇོོག་པའི་ལམ་ལུགས་འོག་ཡོད་ཚད་ལྷ་ཆོས་རིང་ལུགས་ལ་གཏོང་གྱིན་པ་དཔེར་ན། དགོན་སྡེ་ཁག་ལ་གཅིག་གཟིགས་དང་སྒྲིག་འཛུགས་གཞུང་ལ་གཅིག་གཟིགས་དང་གནམ་སའི་བར་ཁྱད་ཡོད་པ་རེད་ལ། ནང་བསམ་པའི་འདུ་ཤེས་ལ་གཅིག་གཟིགས་དང་ལྷ་ཆོས་བྱས་ནས་རང་ཉིད་ཚེ་ཕྱི་མའི་འགྲོ་སྟངས་ཞིག་བཟོ་ཨེ་ཐུབ་བལྟ་བ་ལས། རྒྱལ་ཁབ་དང་མི་རིགས་འདི་འགྱེལ་ས་ནས་ལང་ཐབས་མི་བྱེད་པར་སྔར་ནས་གཞན་འོག་ཡིན་ཤག་ཤག་དང་རྗེས་ཕྱོགས་ཀྱང་གཞན་འོག་འགྲོ་ཤག་ཤག་བྱེད་པའི་ལམ་ལུགས་འོག་འབྱུང་འགྱུར་གྱི་མི་རབས་ལ་བལྟ་བཟོ་ལྟད་བཟོ་མེད་པ་ཞིག་ཆགས་མི་སྲིད་པའི་ངེས་པ་ཞིག་གང་ན་འདུག།
དེས་ན་མི་རིགས་ཀྱི་འཐབ་རྩོད་མི་རིགས་རང་ཉིད་ཀྱིས་བྱ་དགོས་པ་ལས་རང་ཉིད་ཀྱིས་མི་འགུལ་བར་གཞན་གྱིས་བླངས་ནས་ལག་ནང་འཇོག་རྒྱུ་ཞིག་ཡོད་ཚོད་མ་རེད། ཨ་རི་དང་རྒྱ་གར་ལ་སོགས་པའི་ནུབ་ཕྱོགས་པ་ཚོར་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་འབྲེལ་ཡོད་མེད་ལ་འཐུག་ཡོད་པ་རེད་མ་གཏོག་སྙིང་རྗེ་དང་སེམས་འཁུར་སོགས་ཀྱི་བསམ་བློ་ཞིག་ཡོད་པ་མ་རེད། དཔེར་ན་ཨ་རིས་སྔ་མོ་བོད་ལ་གོ་དམག་རོགས་སྐྱོར་བྱེད་དུས་ཨ་རིས་རཱ་ཤི་ཡ་ལ་བསྡིགས་བསྡད་པའི་སྒང་རེད་ལ་མའོ་ཙེ་ཏུང་མར་ཁེ་སིའི་སློབ་མ་ཡོད་ན་མེད་ན་གཅིག་རེད། ནིག་སེན་ཡིན་པ་ཡོད་རྒྱ་ནག་ལ་ཕྱིན་ནས་མའོ་ཙེ་ཏུང་ལ་ལག་པ་བཏང་བ་ནས་བཟུང་ཨ་རིས་ང་ཚོ་རྡོ་ཚ་པོ་ལག་པ་ནས་གློད་པ་ནང་བཞིན་གློད་བཞག་པ་རེད། དེ་རྗེས་བྷིན་ལ་ཏིན་ཨ་རིའི་གྲོགས་པོ་ཡོད་ན་མེད་ན་གཅིག་རེད། ཨབ་གྷཱནི་སི་ཐན་སྲིད་གཞུང་སྔོན་མ་དེར་རཱ་ཤི་ཡའི་སྲུང་སྐྱོབས་ཐེ་ཇུས་དེ་མེད་པར་བཟོ་ཆེད་ཨ་རིའི་གོ་འཚོན་ལ་བརྟེན་ནས་རཱ་ཤི་ཡ་དང་དམག་འཁྲུགས་བརྒྱབས་ཏེས་རཱ་ཤི་ཡའི་དམག་སྐད་ངན་ཤོར་དགོས་པ་བཟོས་ནས་རཱ་ཤི་ཡའི་དམག་ཕྱིར་ཕུད་བཏང་ཏེས་ཏཱ་ལི་བྷཱན་སྲིད་གཞུང་བཙུགས་པ་རེད། དེ་ནས་ལོ་བཅུ་ཕྲག་འགའ་ཤས་རྗེས་ཨ་རིི་དང་བྷིན་ལ་ཏིན་གཉིས་གྲོགས་པོ་གང་འདྲ་ཡིན་མིན་མཐོང་ཆོས་མྱོང་གྱུར་རེད་པཱ། དཔེ་མཚོན་དངོས་མ་དེ་ཚོར་ཞིབ་འདངས་ཞིག་རྒྱག་རྒྱུ་ཡོད་ངེས་རེད། ད་ལྟའི་གནས་སྐབས་ལ་རྒྱ་ནག་ཨ་རིས་གཙོས་པས་ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེ་བས་ཚོང་ཤག་ཡོད་ན་མེད་ན་གཅིག་རེད། རྒྱ་ནག་གི་བསམ་བློར་རྡོ་འཕོག་མི་གཏོང་རྒྱུ་དེ་ཁོ་ཚོའི་ཁེ་ཕན་དང་འབྲེལ་བསྡད་ཡོད་པ་རེད་ལ་གང་ཐུབ་ཅི་ཐུབ་ཀྱིས་མི་འདོད་བཞིན་དུ་མཇུག་མ་རིལ་རིལ་བྱེད་དགོས་པ་དེ་ནུབ་ཕྱོགས་པའི་ཁེ་ལས་ཀྱི་ཆ་ཤས་ཡོད་ན་མེད་ན་གཅིག་རེད། བྱས་ཙང་ལམ་དབུ་མ་འདི་ཡང་རྒྱལ་སྤྱིའི་སྣ་མང་བཤམས་སྟོན་ཁང་གི་ཚོང་རྫས་ཡོད་ན་མེད་ན་གཅིག་ཆགས་སྟེས་རང་རང་གི་ཁེ་ཕན་ལེན་ཨེ་ཐུབ་བལྟ་བ་ལས་བོད་དང་བོད་མི་རིགས་ལ་ཁ་ཡོད་ལག་ཡོད་ཀྱིས་རོགས་ཕན་ཞིག་ད་ལྟ་ཕན་ལ་བྱས་ཡོད་པ་མ་རེད་ལ་རྗེས་ཕྱོགས་ཀྱང་འདི་ལྟར་འགྲོ་རྒྱུ་ལས་གཞན་ཅི་ཡང་ཡོད་པ་མ་རེད། གལ་ཏེ་ཨ་རིས་གཙོས་པའི་ནུབ་ཕྱོགས་པ་ཚོའི་སོ་སོའི་ཁེ་ཕན་དངོས་དང་འབྲེལ་ཡོད་ན་རང་བཙན་ལ་ཡང་ཁ་ལག་གིས་བརྒྱབ་སྐྱོར་འཐོབ་སྲིད་པ་རེད། དཔེར་ན་རྒྱ་ནག་དེང་སང་སྟོབས་ཤུགས་ངོམས་ནས་ཨ་རི་འཛམ་གླིང་དཔོན་པོ་ལས་འཕབས་ནས་ཁོ་རང་འཛམ་གླིང་དཔོན་པོ་བྱ་རྩིས་ཡོད་པ་དེ་ཨ་རིིའི་མིག་ནང་གི་ཐལ་རྡུལ་ཡོད་ན་མེད་ན་གཅིག་རེད། གལ་ཏེ་རྒྱ་ནག་གི་ཚོང་དེ་ཨ་རི་དང་ནུབ་ཕྱོགས་སུ་གཏོང་མི་ཐུབ་པའི་དུས་སྐབས་ཤར་ན་ཨ་རིས་གོ་སྐབས་དེ་ལེན་རྒྱུར་ཐབས་རྒྱ་ཇུས་སྟོང་གཏོང་གིས་རང་གི་མིག་ནང་གི་ཐལ་རྡུལ་དེ་འདོན་རྒྱུ་ནི་སྨྲོས་མེད་རེད།
འོན་ཀྱང་དེ་གནད་འགག་ཅིག་མ་རེད། གལ་ཆེ་ཤོས་དེ་ཨེ་ཤི་ཡའི་འགྱུར་ལྡོག་དེ་རེད། རྒྱ་གར་གཙོས་པའི་ཨེ་ཤི་ཡའི་ཡུལ་གྲུ་མང་ཆེ་བའི་མཐུང་ཆུ་དང་ཞིང་ཆུ་གཉིས་ཀྱི་ཆུ་ཁུངས་བོད་ལ་འཐུག་བསྡད་ཡོད་པ་རེད། རྒྱ་ནག་གིས་བོད་ཀྱི་ཆུ་དེར་སྟངས་འཛིན་ནན་མོ་བྱས་རྐྱེན་ཡུལ་ལུང་དེ་ཚོར་དཀའ་ངལ་རིམ་པ་འཕྲད་བཞིན་ཡོད་པ་རེད། གལ་ཏེ་དཀའ་ངལ་ཆེ་རུ་ཕྱིན་པ་ཡིན་ན་འུ་འཐུག་གི་གནས་ལ་བགྱར་སྲིད་པ་རེད། བྱས་ཙང་ང་ཚོས་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ཨ་རི་དང་ནུབ་ཕྱོགས་གཅིག་པུར་མི་གཏད་པར་དོན་དངོས་ཀྱི་བོད་དོན་འཐབ་རྩོད་དང་འབྲེལ་བསྡད་པའི་ཡུལ་གྲུ་འདི་ཚོར་གོ་རྟོགས་གཏིང་ཟབ་སྤེལ་རྒྱུ་གལ་ཆེན་རེད་ལ་མི་རིགས་འདི་ཚོ་དང་ལག་གདང་སྦྲེལ་དགོས་པ་དེ་ཡང་གནད་ཀྱི་དོན་པོ་རེད། བླ་ཆེན་དང་མི་ཆེན་དཔོན་ཆེན་སུ་ཡིན་ཡང་འདི་ཚོ་དང་འབྲེལ་བ་གནང་རྒྱུ་དེ་གལ་ཆེན་རེད་སྙམ། དཔེར་ན་རྒྱ་གར་ལྟ་བུར་མཚོན་ན་རྒས་པོ་ནེས་རུས་ཁོ་རང་གི་སྐབས་དེ་དུས་ཀྱི་ཁེ་ཕན་གཅིག་པུར་དམིགས་ནས་བོད་རྒྱ་ནག་གི་ཆ་ཤས་རེད་ཞེས་ཁྱིམ་མཚེས་རྒྱལ་ཁབ་གཅིག་གིས་དཔང་པོ་རྫུན་མ་ཞིག་ཐོན་པ་རེད། ད་ཆ་སྐྱིད་པོ་ར་ཡིས་འུར་རྡོ་ར྄་ལ་འཕོག་པ་འདི་ངེས་ཤེས་བརྙེད་པའི་སྒོ་ནས་རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་དོན་ལ་བརྒྱབ་བསྐྱོར་མ་གནང་ན་ཉེ་འཆར་རང་ལ་དྭགས་བྱང་ཐང་དུ་བཅིངས་གྲོལ་དམག་གིས་རྫིག་རྔམས་བསྟན་པ་དེས་རྒྱ་གར་གཉིད་སྐྱིད་དུ་བཅུགས་མེད་ཚོད་ཡིན། ཉལ་བྲེལ་གྱིས་རྐྱེན་པས་འདིར་འཇོགས་རྒྱུ་ཡིན། མུ་མཐུད་ནས་ཡིན་ད།
བློ་མཐུན་གསེར་འབྲུག་ལགས་ཀྱིས་ཡག་པོ་གསུངས་བྱུང་བས་ཧ་ཅང་དགའ་པོ་བྱུང་། མུ་མཐུད་ནས་སྒུག་སྡོད་ཀྱི་ཡིན་ད།
ཐུ་བོ་རྒྱ་མཚོ་ལགས། ཁམས་བཟང་། ཁྱེད་དང་ང་གཉིས་བར་དུ་སྐད་ཆ་སྔོན་མ་ལྷག་བསྡད་ཡོད་བསམས་ཀྱི་འདུག་་་ངའི་སེམས་ལ་བསམ་ཚུལ་མང་པོ་ཡོད། རྗེས་སུ་ཞུ་གི་ཡིན།
རྒྱ་གར་དམངས་གཙོའི་རྒྱལ་ཁབ་ནང་དུ་སྲིད་འཛིན་འདས་པོ་ནེའུ་རོ་ལགས་ཀྱིས་བོད་རྒྱལ་ཁབ་ཀྱི་ཐོག་ཏུ་དྲང་པོ་གནང་མ་བྱུང་ཞེས་ཁྲིམས་གཏུག་བྱ་ཐུབ་ཀྱི་རེད་དམ་མ་རེད་་་་་ཁྲིམས་ཐོག་ནས་ངོས་འཛིན་ག་འདྲ་ཡོང་གི་རེད་དམ།
གསེར་འབྲུག་གིས་དཔྱད་གླིང་གནང་སྟངས་དེར་མངོན་པ་སྟོད། བོད་ཀྱི་བླ་དཔོན་ཚོས་བྱམས་སེམས་དང་གཏང་སྙོམས་ཡོད་མདོག་གིས་རང་མི་རིགས་དང་འབྲེལ་བའི་ལ་རྒྱ་ཡོད་ཚོད་སྣང་མེད་མཛད་རྒྱུ་ནི་ཕྱི་ཚུལ་ཆོས་ཀྱི་བྱེད་སྒོར་ཞིག་རེད། རྒྱལ་ཁབ་དང་མི་རིགས་གཞན་ལ་འགོ་འབུལ་དང་ལུས་འབུལ་བྱེད་རྒྱུ་དེ་ཡང་སྐྱབས་འགྲོར་གོམས་པས་སྤྱོད་ཚུལ་ཞིག་ཅི་མ་ཡིན། བོད་ཀྱི་བཙན་པོའི་དུས་རབས་རྫོགས་ནས་བཟུང་མི་རིགས་རང་གི་སྙིང་ཁམས་དང་སྟོབས་ཤུགས་སྒྲིལ་ནས་ཕྱིར་ཕར་རྒོལ་བྱེད་པའི་ལོ་རྒྱུས་མེད་ཚད་རེད། བོད་ལ་དུས་ངན་གྱིས་ཆག་སྒོར་ནམ་བྱུང་ན་བླ་དཔོན་ཚོས་རང་འགོ་གང་ཐོན་བྱས་ནས་རྒྱལ་ཁབ་དེ་དང་འདིའི་སྐྱབས་འོག་པ་གྱུར་པས་ལོ་ཟླ་དེ་རྫོགས་མཐའ་མི་འདུག།
དུས་བབ་དྲ་རྒྱའི་དུག་ནད་སེལ་བ་ཡིན་པ་འདྲ། དེ་རིང་ཁ་སང་དུས་བབ་དྲ་རྒྱའི་གསར་འགོད་པས་འཛམ་གླིང་གི་གསར་འགྱུར་གང་འཚམས་ཞིག་བཀོད་ཡོང་གི་འདུག ཐུགས་རྗེ་ཆེ་རྟག་པར་རྒྱ་ནག་རྒྱ་ནག་ཟེར་ན་སྙན་རྒྱུ་མི་འདུག
དུས་བབ་ཁ་ཕྱེ་མ་ཐུབ་ནས་ཉིིན་བཞི་འགྲོ་སོང་།
ཀུ་ཤུའི་ནང་དུའང་ཕྱེ་ཐུབ་ཀྱི་མི་འདུག
ཉེན་བརྡ་ཞིག་གིས་ཁ་ཕྱེ་ཐུབ་ཀྱི་མི་འདུག
དུས་བབ་ལ་སྦྱིན་བདག་དགོས་པ་རེད།
སྤུངས་ཤོག་དུས་བབ་ལ་ཞེན་ན་་་་་་་
ཁ་བརྡར་ནད་འདི་མ་ཕོག་ཤོག
བློ་མཐུན་གསེར་འབྲུག་ལགས། ངས་དེ་རིང་ཉིན་གང་པོར་ཁྱོད་ཀྱི་སྐད་ཆ་མུ་མཐུད་ནས་སླེབས་འོང་བསམས་ནས་སྒུག་བསྡད་པ་ཡིན། ད་ནི་ཡུང་རོབ་ནང་དུ་མཚན་མོ་ཆགས་སོང་། ཁྱེད་ཡོང་ཡ་མི་འདུག མངའ་རི་འཕྲིན་ལས་ལགས་བསླེབས་བྱུང་ཡང་སྐད་ཆ་ཚིག་གཅིག་མེད་པར་ཕྱིན་སོང་།
མི་དགོས་པའི་རྩོམ་རྙོག་གཉིས་ཀྱི་འོག་ཏུ་མཆན་བུ་བཏབ་ནས་སྒུག་པ་ཡིན། ཁྱོད་ཀྱི་དུས་བབ་ནང་གི་རྒྱ་མི་དེའི་རྩོམ་ཡིག་འོག་ཏུ་མཆན་བུ་བཏབ་ཡོད་མཐོང་བྱུང་། དགའ་པོ་བྱུང་།
སང་ཉིན་འཇལ་ཡོང་།
བློ་མཐུན་ཅོ་རི་ལགས། རྒྱ་གར་རྒས་པོས་བོད་རྒྱལ་ཁབ་འདི་ཤི་གསོན་གྱི་ས་མཚམས་དེར་ཁྱིམ་མཚེས་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་དང་དགེ་རྒན་དགེ་ཕྲུག་གི་འདུ་ཤེས་ཡོད་རབས་ཀྱི་ཆ་ནས་དཔང་རྫུན་ཞིག་ཐོན་པ་དེ་དྲང་པོ་བྱས་མ་སོང་ཞེས་ཁྲིམས་གཏུགས་ཞིག་བྱས་མ་བྱས་ཁོ་རང་ཡོད་པ་མ་རེད། དཔང་རྫུན་དང་པོ་ནེ་རུས་དབུ་འཁྲིད་དེས་སྲིད་བློན་རིམ་པས་དཔང་རྫུན་ཐོན་ཟིན་པ་རེད། ད་འོ་ན་ཇི་ལྟར་བྱེད་དགོས་སམ་ཞེ་ན། མ་སྐུལ་དང་བླངས་ཀྱིས་དཔང་རྫུན་ཐོན་པའི་འབྲས་བུ་རང་སྟེང་དུ་མྱང་དང་མྱོང་བཞིན་པ་དེ་རྒྱ་གར་མི་དམངས་དུང་ཕྱུར་བཅུ་གཉིས་ལྷག་གིས་ངེས་ཤེས་བརྙེད་ཐུབ་པ་བྱེད་རྒྱུ་དེ་གལ་ཆེའི་ནང་གི་དོན་ཆེན་རེད།
གཞི་རྩའི་དཔང་རྫུན་ཐོན་དགོས་པའི་དམིགས་ཡུལ་གཙོ་བོ་དེ་འབྲས་ལྗོངས་དང་ལ་དྭགས། མོན་ཏཱ་ཝང་ངམ་ད་ལྟའི་ཨ་རུ་ནཱ་ཅཱལ་སོགས་རྩོད་གཞི་ཅན་གྱི་ས་ཁུལ་ཁག་རྒྱ་གར་གྱི་ཆ་ཤས་རེད་ཞེས་རྒྱ་ནག་གིས་ལབ་མི་ཡོང་ངམ་སྙམ་པ་རེད། དེ་ནི་ཟམ་གདོང་བླར་རྒན་སོགས་ཀྱིས་མདོ་སྟོད་སྨད་གཉིས་སྔར་གཞུང་ས་དགའ་ལྡན་ཕོ་བྲང་མངའ་འོག་མེད་རབས་དང་རྒྱ་སྡེ་ཡིན་རབས་བཤད་དེས་ཕར་ལེགས་སྐྱེས་འདི་ཕུལ་ན་ཚུར་གནང་སྦྱིན་ཞིག་འཐོབ་མི་ཡོང་ངམ་སྙམ་པའི་ལམ་ལུགས་དང་གཅིག་པ་གཅིག་རྐྱང་རེད། འདི་ནི་མ་བསྐུལ་དང་བླངས་ཀྱིས་དམ་བཅའ་ཕུ་ཐུང་ནང་ནས་ཤོར་ཟིན་པའི་རྩ་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ཞིག་རེད། བྱས་ཙང་དམ་བཅའ་ཤོར་ཟིན་པའི་རེ་བརྙེག་གི་རྩ་དོན་འཐབ་རྩོད་དེ་མི་འགྲུབ་མཁར་ཕ་རོལ་ནས་འདི་ལྟར། བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ནི་སྨྲོས་ཅི་དགོས་མ་ཟད་འབྲས་ལྗོངས་ལ་སོགས་པའི་རྩོད་གཞི་ཅན་གྱི་ས་ཁུལ་དེ་ཚོ་ཡང་རྒྱ་ནག་གི་ཆ་ཤས་ཡིན་པས་ཧིན་ཀྲུང་བར་གྱི་འབྲེལ་ལམ་ཡར་རྒྱས་ལ་འགན་ལེན་ཐུབ་པ་བྱེད་རྒྱུ་དེ་ཧིན་དུ་ཕྱོགས་ནས་བསམ་བློ་ཡག་པོ་ཞིག་གཏོང་དགོས་པའི་ཁ་བརྡ་བྱས་ཡོད་ཚོད་རེད།
དེས་ན་རྒྱ་གར་རྒས་པོ་རིམ་པས་དཔང་རྫུན་གྱི་དཔང་ཡིག་འདི་རྩིས་མེད་གཏོང་རྒྱུའི་འོས་འགན་དེ་རྒྱ་གར་མི་དམངས་ལ་ཡོད་པ་རེད་ལ་རྒྱ་གར་གྱི་མི་རབས་གསར་པ་དང་འབྱུང་འགྱུར་མི་རབས་རྗེས་མ་ཚོའི་བདེ་སྡུག་དང་འབྲེལ་ཙང་། རྒྱ་གར་བ་ཚོས་བློ་ཐག་རྦད་བཅད་་ཀྱིས་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་ཁ་ལག་གཉིས་ཀྱིས་བརྒྱབ་བསྐྱོར་གནང་དགོས་པ་དེ་རྒྱ་གར་རང་ཉིད་ཀྱི་ཆབ་སྲིད་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པ་རེད་དོ།
བློ་མཐུན་ཅོ་རི་ལགས། དགོངས་དག། ངོས་རང་ཉིན་གང་བྲེལ་ཟིང་གིས་རྐྱེན་པས་གཅིག་འབྲི་འདོད་ཀྱང་བྲིས་ལོང་མ་བྱུང་བར་ལུས་སོང་། དུས་བབས་ནང་མཆན་ཐུང་དེ་ཡང་ལས་བྲེལ་བར་ནས་གོ་རིམ་ལྡན་པ་ཞིག་ཆགས་མ་སོང་། ནུབ་ཕྱོགས་པའི་དུས་ཚོད་ནི་སྐུ་ཉིད་ཀྱིས་མཁྱེན་གསལ་རེད་པཱ།
ད་ནི་དཀྱུས་ལ་འགྲོ་བར་བྱ་སྟེ། བོད་དོན་འདི་རྒྱལ་སྤྱིའམ་རྒྱལ་ཚོགས་ནས་ཡ་ལན་དང་ངོས་ལེན་སོགས་མེད་པ་དེ་རེད། རྒྱལ་སྤྱི་རྐང་ཆག་ནང་སྒེར་གཅོད་རིང་ལུགས་པའི་ཁྲིམས་དཔོན་ཏང་དང་རཱ་གཉིས་ཡོད་པ་རེད། ནམ་རྒྱུན་འདི་གཉིས་ཀྱིས་ཁྲིམས་ཐག་གཅིག་བཅད་བཞག་དུས་ཨ་རིས་གཙོས་པའི་ཁྲིམས་དཔོན་དང་ཁྲིམས་རྩོད་པ་གཞན་ཚང་མ་ཁ་ལ་མཛུབ་མོ་བཅུགས་ནས་ག་ལེར་ཁྲིམས་ར་ནས་ཐོན་འགྲོ་ཡི་ཡོད་པ་རེད། བྱས་ཙང་བོད་དོན་རྒྱལ་ཚོགས་སུ་བསྐྱེལ་བ་ནི་ངལ་བ་འབྲས་མེད་རང་རེད། མ་གཞི་ནས་རྒྱལ་ཚོགས་ནས་ད་བར་རྒྱལ་ཁབ་སུ་ཞིག་སྐྱབས་ཡོད་པ་རེད། དཔེར་ན་སྔོན་མ་བྱང་ཨབ་རི་ཀའི་ནང་ནང་འཁྲུགས་ཀྱིས་མི་གསོད་ཁྲག་སྦྱོར་ཧ་ལས་པའི་ཚད་རྒལ་བྱུང་དུས་རྒྱལ་ཚོགས་ཀྱི་དམག་བཏང་བ་རེད། ཅི་ཡང་སྐྱོབས་ཐུབ་ཡོད་པ་མ་རེད། ད་དུང་ཡང་འདི་ལྟར་འགྲོ་བཞིན་པ་རེད། ཉེ་བའི་འཆར་སི་རི་ཡར་གཅིག་བལྟོས་དང་རྒྱལ་སྤྱིས་ཅི་ཞིག་འཇོན་རྒྱུ་འདུག། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་འཐོབ་ཐང་གི་སྡེ་མཚན་ལ་ནུས་པ་ཟེར་བ་སྤུ་ཙམ་ཡང་མེད་པ་རེད། ལྷ་སྐུའི་སྣང་བརྙན་རང་རེད།
དེ་ལྟ་བས་ན་མི་རིགས་རང་ཉིད་ཀྱིས་རང་ཉིད་སྲུང་སྐྱོབས་བྱེད་རྒྱུ་དེ་གལ་ཆེན་རེད་སྙམ། དེ་ཡང་རྒྱལ་ཁབ་ཕལ་ཆེ་བར་ཁྲིམས་ཐོག་གི་རང་སྲུང་ཟེར་བ་དེ་ཡོད་པ་རེད། དེ་ནི་གཞན་གྱིས་རྒོལ་རྡུང་དང་སྲོག་ལ་འཚེ་བ་བྱེད་ཀྱི་ཡོད་ན་རྒོལ་ལན་བསློག་ནས་རང་སྲོག་བསྲུང་ཐབས་བྱེད་རྒྱུ་དེ་རེད། དེ་ལ་དྲག་སྤྱོད་ཀྱི་མིང་བྱང་འདོགས་གཞི་ཁོ་རང་ཡོད་པ་མ་རེད། ཨ་རིའི་མི་དམངས་ཀྱི་མེ་མདའ་འཁྱེར་ཆོག་པ་དེ་ཡང་འདི་ནས་བྱུང་བ་ཞིག་རེད། མ་གཞི་བོད་མི་རིགས་འདི་ནང་པ་སངས་རྒྱས་པའི་ལྟ་གྲུབ་འོག་མི་ཐམས་ཅད་བྱང་ཆུབ་སེམས་དཔའ་དང་སེམས་མ་སོགས་ལྷ་སྐུའི་སྣང་བརྙན་གྱི་རང་བཞིན་དུ་བཞེངས་བསྡད་པ་འདིས་སྲིད་པའི་བྱ་བྱེད་གང་ལ་ཡང་ལག་པ་འཇུ་ས་མེད་པ་ཆགས་ཡོད་པ་རེད། ངས་ནམ་རྒྱུན་མང་མང་བཤད་བཞིན་པ་ནི་ཤིང་ཅང་ནང་ཡུ་གུར་མི་རིགས་ཀྱིས་སྐབས་རེ་རྒྱ་མི་ལ་ཡ་ལན་ཚ་ཐག་གཅོད་བསློག་གིན་པ་དེས་ཤིང་ཅཱང་ནང་རྒྱ་རིགས་རྐང་སྐྱངས་ལག་སྐྱངས་བྱེད་ས་མི་འདུག་ག། འོན་ཀྱང་དམ་དྲག་དང་དམར་གསོད་བཙོན་འཇུག་སོགས་ནི་བོད་ནང་ལས་སྡུག་པ་ཞིག་རྩ་བ་ཉིད་ནས་མི་འདུག། ལར་ནས་བོད་དང་རྒྱ་ནག་ནང་གི་མི་བསུན་རླང་པོར་སྤྱོད་མཁན་གྱི་གང་ཟག་དེ་ཚོ་གང་ཐུབ་ཀྱིས་མེད་པ་བཟོ་དགོས་པ་རེད། བྱས་ཙང་སྡེ་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅིའི་ཕྱིར་བསད་པ་རེད། ཅིའི་ཕྱིར་ཁོང་སྐལ་པ་སྟོང་གི་ཚོགས་འབྲིལ་བ་བྱས་པ་རེད།
དེ་ཚོའི་གཏམ་བརྒྱུད་དེ་ལ་སློབ་སྦྱོང་བྱེད་རྒྱུ་ཡོད་པ་རེད། འོང་ཀྱང་ཆོས་བྱེད་ཀྱི་གང་ཟག་དེ་ཚོ་ཆོས་རྣམ་དག་བྱེད་རྒྱུ་དེ་ཡང་གལ་ཆེན་པོ་རེད། རབ་བྱུང་དང་ཁྱིམ་པའི་ས་མཚམས་ཀྱི་བར་སྟོང་དེ་ཡང་ངེས་ཅན་ཞིག་འཇོག་དགོས་པ་དེ་གལ་ཆེན་རེད་ལ་རྒྱུན་ཆད་མེད་པར་ཚད་མེད་ཞི་བའི་ཁ་བོ་ཆེ་གདོངས་རྒྱུ་དེ་ཡང་གལ་ཆེན་རེད།
བློ་མཐུན་གསེར་འབྲུག་སྡེར་ལྔ་ལགས། ཉིན་མོ་བདེ་ལེགས། ཁྱེད་ཀྱི་གསུངས་པའི་བཀའ་མོས་རྣམས་ལ་གོ་གྱི་ཆེན་པོ་འདུག བསམ་ཚུལ་མི་མཐུན་པ་ཏོག་ཙམ་རེ་ཡང་འདུག
ང་རང་གཉིས་ཀྱི་བཤད་བྱ་གཙོ་བོ་རྒྱ་གར་དང་ཨ་རི། རྒྱལ་སྤྱི་སོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་ཇི་ལྟར་འཐོབ་མིན་སྐོར་རེད། དེའི་ནང་ནས་ཐོག་མ་རྒྱ་གར་གྱིས་བོད་རང་བཙན་ལ་རྒྱབ་སྐྱོར་འཐོབ་ཐབས་ཅི་འདྲ་ཡིན་མིན་སྐོར་ནས་གླེང་ན་་་་་་་་་་་་་་རྒྱ་གར་སྲིད་འཛིན་འདས་པོ་ནེའུ་རོ་ལགས་ནས་འགོ་འཛུགས་ཀྱི་ད་ལྟའི་སྲིད་འཛིན་གྱི་བར་དུ་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་ཁས་ལེན་བྱས་བསྡད་ཀྱི་ཡོད་པ་རེད།
ཉིད་ཀྱིས་གསུངས་པ་ལྟར་་་རྒྱ་གར་གྱི་སྲིད་འཛིན་འདས་པོ་ནེའུ་རོ་ལགས་ཀྱིས་བོད་ཁྱིམ་མཚེས་རྒྱལ་ཁབ་ཤིག་གིས་དཔང་པོ་རྫུན་མ་བྱས་པ་རེད། དེ་ཡང་རྒྱ་གར་བའི་ཁེ་ཕན་དང་འབྲེལ་བ་ཆེ་བས་རེད་འདོད། འབྲས་ལྗོངས་དང་ལ་དྭགས། མོན་ཏཱ་ཝང་ངམ་ད་ལྟའི་ཨ་རུ་ནཱ་ཅཱལ་སོགས་རྒྱ་གར་གྱིས་ཟས་ནས་བསྡད་ཡོད་རེད། རི་བོ་ཧན་མ་ལ་ཡའི་རྒྱབ་ཕྱོགས་ཀྱི་བོད་ཀྱི་ས་ཆ་བལ་པོ་རྒྱལ་ཁབ་ཀྱིས་ཀྱང་གང་ལ་གང་མཚམས་ཤིག་ཟས་བསྡད་ཡོད་རེད།
ཀློ་པ་དང་དོ་པོ། མུག་སྒམ་དང་ཀླུ་སྨད་སོགས་བོད་རིགས་ངོ་མ་རེད་ལ་བོད་ཀྱི་མངའ་ཁུངས་རེད་འདོད། འདི་དག་བལ་པོའི་རྒྱལ་ཁུངས་ཆགས་བསྡད་ཡོད་རེད། ་རི་ཧན་མ་ལ་ཡའི་མདུན་ཕྱོགས་ནས་སྨད་དར་རྩེ་མདོ་བར་དུ་རྒྱ་གུན་ཁྲན་གྱི་ཟས་བསྡད་ཡོད་རེད།
བོད་རྒྱལ་ཁབ་ཀྱི་ས་ཆ་འདིར་རྒྱལ་ཁབ་གསུམ་གྱིས་འགོ་མཇུག་བར་གསུམ་ནས་བཙན་ཕྲོགས་བཟོས་ཡོད་རེད། རྒྱ་གར་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་མ་བྱས་པའི་རྒྱུ་མཚན་གཙོ་བོ་བོད་ཀྱི་ས་ཆ་འདི་དག་ཟ་གྱི་རག་པས་རེད་འདོད། ཡིན་ནའང་་་ཁྱེད་ཀྱིས་གསུངས་པ་ལྟར་གུན་ཁྲན་ཏང་གིས་བོད་ཀྱི་ཆུ་བོ་རྣམས་ཁ་སྒྱུར་བ་དང་ཆུ་མཛོད་བརྒྱབ་པ། ཁོར་ཡུག་གཏོར་སྐྱོན་བཏང་བ་སོགས་ཀྱིས་རྒྱ་གར་བ་ལ་དཀའ་ངལ་འཕྲད་ཡོང་དུས་རང་བཞིན་གྱི་བོད་རང་བཙན་དྲན་དགོས་པ་ཞིག་ཡོང་གི་ཡོད་ཚོད་རེད།
ཁྱེད་ཀྱི་གསུངས་པ་ལྟར་བྱས་ན་རྒྱ་གར་མི་དམངས་ཀྱི་ནང་དུ་གནད་དོན་དེ་དག་གོ་རྟོགས་སྤེལ་ན་ཕན་ཐོགས་ཡོད་ངེས་རེད། ཡིན་ཀྱང་རྒྱ་གར་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོང་བ་ལ་སྲིད་འཛིན་ནེའུ་རོ་ནས་འགོ་བཙུགས་པའི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་གཏོང་དགོས་རེད།
རྒྱ་གར་གྱི་དཔོན་རིགས་མང་པོས་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་དང་བྱེད་པ་རེད། རྒྱ་གར་བའི་དཔོན་པོ་རེ་འགས་རྒྱ་ནག་ལྕགས་རི་ཡན་ཆན་བོད་ཀྱི་ས་ཆ་རེད་ཅེས་གསུངས་མཁན་ཡང་འདུག རྒྱ་གར་བའི་གནད་ཡོད་མི་སྣ་དང་དཔོན་རིགས་ཚོས་བོད་ཀྱི་ལོ་རྒྱུས་མ་ཤེས་པ་དང་གནད་དོན་མ་ཤེས་པ་རྩ་བ་ནས་མ་རེད་བསམས་ཀྱི་འདུག རྒྱ་གར་བའི་མི་དམངས་ཉམ་ཆུང་ཚོས་ཤེས་ནའང་རྒྱ་གར་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་འཐོབ་པ་ལ་ཤུགས་རྐྱེན་ཆེན་པོ་ཡོང་རྒྱུ་ཁག་པོ་རེད་འདོད།
ངས་བསམ་ཚུལ་བྱས་ན་བོད་རང་བཙན་གྱི་འཐབ་རྩོད་འདི་རྩ་བ་ཁྲིམས་ལ་གཏུག་དགོས་པ་དང་། ཁྲིམས་ལུགས་ཀྱི་མདུན་དུ་ཞི་བའི་འཐབ་རྩོད་བྱ་དགོས་པ་ནི་དམིགས་ཡུལ་གཙོ་བོ་་ཡིན། འཛམ་གླིང་འདིའི་ཐོག་ཏུ་ཁྲིམས་ལུགས་ཀྱིས་ཁ་འོག་ལག་འོག་འདུག་མི་དགོས་པའི་རྒྱལ་ཁབ་ཤིག་དང་མི་ཆེན་ཞིག་མི་འདུག་བསམས་ཀྱི་འདུག བོད་རང་བཙན་གྱི་བདག་དབང་འཐོབ་དང་མི་འཐོབ་ཟེར་བ་དང་བོད་རང་བཙན་ཡོད་དང་མེད་ཟེར་བའི་ཆ་བཞག་ས་ངོ་མ་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་བོད་རྒྱལ་ཁབ་དེབ་སྐྱེལ་བྱ་ཐུབ་དང་མི་ཐུབ་རེད་འདོད་དོ།
http://www.tibettimes.net/news.php?cat=2&&id=7396
དྲི་བ་དྲིས་ལན་སྐབས་རྒྱ་གར་རྒྱལ་ཡོངས་ཞབས་ཞུ་ཚོགས་པས། ད་སྔའི་རྒྱ་གར་གྱི་བོད་ཐོག་བཟུང་པའི་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུར་ཤུགས་རྐྱེན་སྤྲོད་ཐུབ་མིན་དྲིས་པར་ཁོང་གིས། དང་པོ་རྒྱ་གར་གཞུང་གི་སྲིད་ཇུས་ལ་འགྱུར་པ་གཏོང་རྒྱུར་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཐབ་རྩོད་ཀྱི་ལངས་ཕྱོགས་གསལ་བོ་བཟོ་རྒྱུ་གལ་ཆེན་པོ་ཡིན་པ། དེང་སྐབས་བཙན་བྱོལ་བོད་མིའི་མགོ་ཁྲིད་ཚོས་རང་སྐྱོང་བཤད་ཀྱི་ཡོད་པ་དང་མང་ཚོགས་ཁྲོད་རང་བཙན་བཤད་ཀྱི་ཡོད་བཅས་གཉིས་ཆགས་ཡོད་པ་དེ་གཅིག་དང་། གཉིས་ནས་རྒྱ་གར་གཞུང་གིས་བོད་ཐོག་བཟུང་པའི་སྲིད་ཇུས་ནི་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་བྱས་ཡོད་ལ། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་རྒྱ་ནག་གི་རྩ་ཁྲིམས་འོག་གནས་རྒྱུར་ཁས་ལེན་བྱེད་ཀྱི་ཡོད་སྟབས། རྒྱ་གར་གཞུང་གི་སྲིད་ཇུས་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་རྩ་བ་ཐུག་ས་གཅིག་པ་ལྟ་བུ་ཆགས་ཡོད་པས། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་པ་གཏོང་དགོས་ཟེར་ན་དོན་ལ་འགྱུར་པ་གང་འདྲ་གཏོང་དགོས་པ་ཁ་གསལ་ཆགས་མེད་སྐོར་། གལ་སྲིད་རྒྱ་གར་གཞུང་གི་སྲིད་ཇུས་འགྱུར་པ་གཏོང་དགོས་ཚེ་བཙན་བྱོལ་སྒྲིག་འཛུགས་དང་མི་མང་གི་འཐབ་རྩོད་ཀྱི་ལངས་ཕྱོགས་དེ་སྔ་དང་མ་འདྲ་ཞིག་འཛིན་དགོས་པར་བརྗོད་སོང་།
ཡང་ཁོང་གིས་དེང་སྐབས་གལ་ཆེ་ཤོས་རྒྱ་གར་གྲོས་ཚོགས་ནང་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་ཐད་གླེང་སློང་ཡོང་ཐབས་བྱ་རྒྱུ་དེ་ཡིན་སྐོར། དོན་དངོས་ཐོག་རྒྱ་དཀར་ནག་གི་འབྲེལ་བ་ཡག་པོ་མེད་སྐོར། རྒྱ་ནག་ནི་ཁ་གཏན་ཚིག་ལ་མི་གནས་པ་དང་། རྒྱ་ནག་ནི་སོ་སོའི་ཁེ་ཕན་ཆེད་གཞན་གྱི་ཆེད་མཐོང་དང་ཐོབ་ཐང་སོགས་གང་ལའང་མི་བལྟ་བར་ཧམ་འཛུལ་བྱེད་མཁན་གྱི་རྒྱ་སྐྱེད་རིང་ལུགས་པ་ཞིག་ཡིན་སྐོར་སོགས་བརྗོད།
གསར་འགོད་པ། བནྡེ་སྐྱབས།
ཤོག་ངོས་འདི་ཐེངས་ ༡༣༥༥ ལ་བཀླགས་འདུག
གཟིགས་དང་།་་བློ་མཐུན་གསེར་འབྲུག་ལགས། གོང་དུ་རྒྱ་གར་བའི་རིགས་དཔོན་དེས་བཤད་སྟངས་འདི་ལ་བལྟས་ན་རེ་བ་མེད་པའི་ཟོལ་མི་འདུག་འདོད།
བློ་མཐུན་ཅོ་རི་ལགས། ངས་བཤད་འདོད་པ་ནི་རྒྱ་གར་གྱིས་བོད་ལ་ཁ་ལག་གཉིས་ཀྱི་རྒྱབ་སྐྱོར་གནང་དགོས་པ་ནི་རྒྱ་གར་རང་ཉིད་ཀྱི་ཁེ་ཕན་དང་བདེ་སྡུག་དང་བདེ་འཇགས་དང་འབྲེལ་བསྡད་ཡོད་ཙང་མ་གནང་རང་གནང་འདྲ་ཞིག་རེད། གཞི་རྩའི་བོད་རྒྱ་གུང་ཁྲན་གྱིས་བཙན་ཕྲོགས་བྱས་པ་ནས་བཟུངས་རྒྱ་གར་ཉིན་མཚན་མེད་པར་གནས་བཟོད་བདེ་པོ་མེད་པ་རེད་ལ་གཉིད་ཀྱང་སྐྱིད་དུ་མི་འཇུག་པ་དེ་རེད། རྒྱལ་སྲུང་འགྲོ་གྲོན་ནི་ཨ་ཅང་ཅང་གུང་ཁྲན་གྱིས་མཐོང་ཆུང་དང་བརྙས་བཅོས་དེས་རྒྱ་གར་གཉིད་སད་དགོས་པ་མ་ཟད་མལ་ལས་ལངས་དགོས་པའི་དུས་ལ་སླེབས་ཚོད་རེད།
རྒྱ་གར་འདི་དམངས་གཙོའི་རྒྱལ་ཁབ་ཆེ་གྲས་ཞིག་རེད་ལ་མི་འབོར་ཡང་ཨང་གཉིས་པ་རེད། བྱས་ཙང་མི་དམངས་ཡིན་ཅིག་གཉིད་ལས་དཀྲོགས་དགོས་པ་རེད་ལ་མི་དམངས་གོ་རྟོགས་ཇེ་ཆེ་སོང་ན་གཞུང་གི་ལང་ཕྱོགས་གང་དུ་གནས་དགོས་མིན་དེ་མི་དམངས་ཀྱི་ལག་པར་ཡོད་པ་རེད།
མ་གཞི་ང་ཚོའི་འཐབ་རྩོད་དང་ལང་ཕྱོགས་དེ་བརྟན་པོ་མེད་པར་འགྱུར་ཆོག་ཆོག་དཔྱིད་ཀའི་གནམ་གཤིས་འདྲ་པོ་ཞིག་ཡོད་ཙང་བརྒྱབ་སྐྱོར་གནང་མཁན་ཚོ་ཡང་དཀའ་ཁག་ཕྲད་ཀྱི་ཡོད་པ་རེད། དཔེར་ན་ང་ཚོ་གཞུང་དམངས་གཉིས་ཀའི་ལང་ཕྱོགས་རང་བཙན་ཡིན་དུས་བོད་དོན་བརྒྱབ་སྐྱོར་བྱེད་མཁན་ཡག་ཐག་ཆོད་ཡོད་པ་རེད། འགའ་རེས་ལམ་དབུ་མ་གསར་གཏོད་གནང་བ་ནས་བཟུང་བརྒྱབ་སྐྱོར་ཡག་རབས་དང་བཟང་རབས་ལུང་པ་གང་ཡོད་རབས་བཤད་ཀྱི་འདུག། ཁ་ལག་མི་མཐུན་པའི་རྒྱབ་སྐྱོར་གྱིས་ཅང་ཕན་ནི་མ་རེད། བྱས་ཙང་ང་ཚོའི་འཐབ་རྩོད་ཀྱི་་ལང་ཕྱོགས་བརྟན་པོ་གཅིག་དང་ཁྱིམ་མཚེས་རྒྱལ་ཁབ་ཚོས་དྲང་བདེན་གྱི་དཔང་པོ་ཞིག་གནང་ཐུབ་ན་ག་ལེར་རྒྱལ་སྤྱིས་ཁས་ལེན་མ་བྱེད་རང་བྱེད་རེད། དེས་ན་ངས་བོད་དོན་ཨེ་ཤི་ཡའི་འགྱུར་ལྡོག་དེ་གལ་ཆེར་འཛིན་དགོས་པ་ཞིག་བཤད་ཡོད། སྲིད་སྐྱོང་སེངྒེ་ཚང་གིས་བོད་དོན་རྒྱལ་སྤྱིའི་རྒྱབ་སྐྱོར་དང་ཨེ་ཤི་ཡའི་འགྱུར་ལྡོག་གི་གོ་སྐབས་བསྲུང་དགོས་པ་མང་མང་བསྒྲགས་སོང་། འོན་ཀྱང་ཁོང་དངོས་སུ་སྲིད་ཁྲིར་ཕེབས་དུས་འདི་ཚོ་འཇའ་ལྟར་ཡལ་བ་འདྲ་ཞིག་ཆགས་སོང་།
བྱས་ཙང་ངས་གོང་དུ་ཞུས་པ་བཞིན་བོད་ཆུ་འཐུང་མཁན་རིགས་འདི་ཚོར་གླང་དམར་རྟགས་ཅན་གྱི་མངར་ཆུ་ཞིག་བསྟེར་དགོས་པ་དེ་གནད་ཀྱི་དོན་པོ་རེད།
དཔེར་ན་དེང་སང་ཕཱི་ལི་པིན་དང་རྒྱ་ནག་གཉིས་མཚོ་ཁག་གི་རྩོད་རྙོག་ཡལ་མེད་པར་གསོན་པོར་གནས་ཡོད་པ་རེད་ལ། ཉི་ཧོང་ཡང་དེ་དེ་བཞིན་རེད། བྱས་ཙང་ཉི་ཧོང་གིས་༧རྒྱལ་བ་རིན་པོ་ཆེ་དང་སྲིད་སྐྱོང་མཆོག་ཉི་ཧོང་ལ་ཕེབས་དུས་དེ་སྔ་དང་མི་འདྲ་བར་དམིགས་བསལ་དང་བོད་དོན་སྐོར་གླེང་བསློང་ཤུགས་ཆེ་གནང་བ་དེ་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་རེད།
ཨ་རིས་བོད་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་ཐད་རྒྱབ་སྐྱོར་གནང་ཐབས་སྐོར་བཤད་ན་དེ་ནི་ང་ཚོ་གཞུང་དམངས་གཉིས་ཀྱི་ལང་ཕྱོགས་ལ་རག་ལས་པ་རེད། དཔེར་ན་ཤིང་ཅང་རང་བཙན་ཚོགས་པར་ཨ་རིས་བདག་པོ་ཡག་པོ་རྒྱག་གི་ཡོད་པ་རེད་ལ་ཁ་སྔོན་ཨེ་རླུང་རྙོག་གླེང་སྐབས་གྲོས་ཚོགས་མཐུས་མིའི་མཚན་ཐོག་ཡི་གེ་དེ་ནས་མངོན་སུམ་འཛེམས་མེད་ཀྱིས་ཨེ་རླུང་འགྲོ་གྲོན་ཤིང་ཅང་རང་བཙན་ཚོགས་པར་སྤྲོད་འདོད་ཡོད་པ་བཤད་སོང་། གནས་དོན་འདིས་རྒྱ་ནག་ཁ་བྲལ་འགྲོ་རྒྱུར་ཨ་རི་གཞུང་གིས་གཞུང་འབྲེལ་ཐོག་ནས་རྣམ་འགྱུར་སྙིང་རྗེ་པོ་བསྟན་རྒྱུ་དེ་ཆབ་སྲིད་ཀྱི་གཡོ་ཁྲམ་ཡོད་ན་མེད་ན་གཅིག་རེད། འོན་ཀྱང་ཨ་རི་གཞུང་དམངས་གཉིས་ཀའི་བསམ་བློའི་བུག་ཏུ་ཡོད་པའི་དམིགས་འདུན་གལ་ཆེན་ཞིག་རེད། བྱས་ཙང་ང་ཚོས་ལམ་དབུ་མ་འདམས་ནས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་འདུག་འདོད་ཡོད་བཤད་པ་དེས་ཨ་རིས་ཡག་པོ་རེད་དགའ་བསུ་ཡོད་ཟེར་རྒྱུ་མ་གཏོག་ཅང་ལྷག་མེད་པ་རེད། དེ་ནི་ནང་སྲིད་ལྟ་བུ་ཆགས་ཚར་བས་ཨ་རིས་ཐེ་ཇུས་བྱེད་ས་ཁོ་རང་ལྷག་མེད་པ་རེད།
དོན་དངོས་ཨ་རིས་ཡུན་རིང་རེ་སྒུག་བྱེད་ས་དེ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཁག་སྡེབས་ལངས་བརྒྱབས་ཏེས་ཀྲུང་གོ་ཁ་བྲལ་འགྲོ་རྒྱུ་དེ་དམིགས་འབེན་དུ་བཟུངས་ཡོད་པ་རེད་ལ་ཐབས་རྒྱ་ཇུས་སྟོང་གིས་གོ་སྐབས་ལེན་རྒྱུ་ནི་སྨྲོས་མེད་རེད།
ཡང་གཅིག་འབྲི་དགོས་བསམ་ཀྱང་ཉལ་བྲེལ་ལངས་སོང་། སང་ཉིན་དུས་ཁོམས་བྱུང་ན་ཡང་སྐྱར་མཇལ་ཡོང་།
ངའི་སྙིང་སྡུག་མས་ཀྱང་སྐད་བཏང་ནས་གཅིག་འབྲི་རུ་མི་འཇུག་ཐལ། ཧ་ཧ་ཧི་ཧི།