བོད ལྷ་ཀླུ་གཉན་གསུམ།
དྲ་ཐོག་གི་སྤུན་ཟླ་ཚོ་ལགས། ཉིན་མ་འདི་དག་གི་རིང་ལ་ང་རང་ལས་དོན་ཆེན་པོ་ཞིག་གི་རྐྱེན་པས་སྤུན་ཟླ་ཁྱེད་ཅག་རེ་རེ་ལ་དུས་ཐོག་ལན་འདེབས་རེ་རེ་བྱེད་རྒྱུའི་གོ་སྐབས་མ་བྱུང་བ་དེར་དགོངས་དག་ཞུ་བ་དང་འབྲེལ། ལྷག་པར་དུ་རྩོམ་སྒྲིག་པ་མཆོག་ལ་དགོངས་དག་ཞུ།
ངས་དམིགས་བསལ་གྱིས་རྩོམ་སྒྲིག་པ་ལགས་ཀྱི་བསམ་ཚུལ་དང་དྲ་བའི་རིག་གནས་ལ་ངོ་རྒོལ་བྱས་པ་དེ་འདྲ་རྩ་བ་ནས་མིན། ངས་དྲ་བའི་རིག་གནས་ལ་འགན་འཁུར་བླངས་པ་དང་རྩོམ་སྒྲིག་པ་ལགས་ཀྱི་སྟངས་འཛིན་དེར་མོས་མཐུན་བྱས་པ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་རང་ཉིད་ནི་སྨྱུག་མིང་འོག་དུ་ཡིབ་ནས་སྡོད་མཁན་ཞིག་གི་ངོས་ནས་རང་ཉེས་ངོས་ལེན་བྱས་པ་ལས། གཞན་གང་ཡང་མེད།
དེ་ཡིན་དུས་རྩོམ་སྒྲིག་པ་ཁོང་ལ་ཁོ་རང་གི་དྲ་ཚིགས་འདིའི་སྐྱིད་སྡུག་ཅི་བྱུང་ལ་འགན་འཁུར་བའི་དབང་ཚད་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་བདག་གིས་ཀྱང་ལོས་ཤེས། དེ་ཡིན་དུས་རྗེས་ཕྱོགས་མི་སྣ་སྐྱེད་བསྲིང་བྱེད་ཕྱོགས་ཐད་དུ་ རྩོམ་སྒྲིག་པ་ཁོང་གིས་བསམ་བློ་གཏིང་ཟབ་བཏང་ཡོད་ངེས་ཡིན་ལ། དེ་ལ་སེམས་ཁོང་རུས་པའི་གཏིང་ནས་རྒྱབ་སྐྱོར་ཡོད། སྤུན་ཟླ་དག་གི་བསམ་ཚུལ་མི་འདྲ་བ་དེ་གཉིས་ལ་ཡང་ཞིབ་དུ་ཉན་ཟིན་པ་ཡིན།
ད་དུང་། དུས་བབ་ཚང་གི་ལས་བྱེད་ཐུན་མོང་ནས་ད་ལྟའི་བར་དུ་དཀའ་ལས་གྲངས་མེད་ཅིག་བརྒྱབ་ནས་དྲ་ཚིགས་འདིའི་འཆི་གསོན་ལ་འགན་འཁུར་བླངས་ཏེ། དུས་ད་ལྟ་བར་དུ་སླེབས་ཐུབ་པ་དེ་ཡང་ལས་སླ་བོ་ཞིག་གཏན་ནས་མ་རེད་ལ། རྗེས་ཕྱོགས་ཀྱང་མུ་མཐུད་དུ་གནས་པར་གྱུར་ཅིག
རྡ་རམ་ས་ལའི་བོད་ཀྱི་དུས་བབ་ཚང་འདི་ནི་རྡ་རམ་ས་ལའི་བོད་གཞུང་འདི་ཉིད་ཡར་འདེགས་སྲ་བརྟན་གྱི་ཀ་ཆེན་ཞིག་དང་འདྲ་བས་ན། ཀ་ཆེན་འདི་དང་འབྲེལ་ཡོད་ཡལ་འདབ་ལ་སོགས་པའི་ཚེ་ཐག་རིང་དགོས།
དུས་བབ་ཀྱི་ཁ་ལ་ཉན། དུས་བབ་ཀྱི་གཏམ་ལ་བཀུར།
ཁྱེད་ཚོ་སྨྱུག་མིང་བེད་སྤྱོད་མཁན་ཚོས་ལུང་རིགས་ལ་བསམ་ཚུལ་མང་པོ་བཤད་སོང་། ང་ལ་ཡང་ཚིག་འགའ་བཤད་རྒྱུ་ཡོད།
དོ་དགོང་ཁོམ་ན་བཤད་གི་ཡིན། ད་ང་ཅུང་ཙམ་ཐང་ཆད་འདུག ངལ་གསོ་ཞིག་རྒྱག་གི་ཡིན།
goed morgen
སྨྱུག་མིང་སྐོར་ལ་སྐད་ཆ་འགའ་ཤས་ཡོད། ཁ་ཅིག་གིས་དྲ་བའི་ཐོག་ཏུ་སྐད་ཆ་གང་བྱུང་བཤད་པ་དང་། བོད་དོན་ལ་གནོད་པའི་ལས་དོན་སྤེལ་གྱི་འདུག་བསམ་ན་རྩོམ་དེ་རིགས་དང་མཆན་དེ་རིགས་ནི་ངེས་པར་དུ་འགོག་དགོས་ལ། དྲ་འབུ་དེ་དག་ལ་སྙིང་རྗེ་བྱེད་པ་ནི་དུག་སྦྲུལ་རུམ་དུ་འཛིན་པ་དང་འདྲ། གཞན་སྨྱུག་མིང་བཀོལ་དང་མི་བསྐོལ། མིང་གབ་དང་མི་གབ་ནི་རྩོམ་པ་པོའི་རང་དབང་རེད། ཆབ་སྲིད་དང་རྨོངས་དད་གང་རུང་ནས་དབང་སྒྱུར་འོག་ཏུ་ཚུད་པའི་མི་རིགས་ནང་དུ་སྨྱུག་མིང་སྤྱོད་སྲོལ་མང་བར་བསམ་ན། ཡུལ་དུས་གནས་སྐབས་མང་པོ་ཞིག་གི་རྐྱེན་གྱིས་སྐབས་རེ་སྨྱུག་མིང་གི་འོག་ནས་རང་གི་ལྟ་བ་འདོན་དགོས་ཀྱི་ཡོད་ལ། སྨྱུག་མིང་སྤྱོད་པ་ནི་རྩོམ་པ་པོའི་དབང་ཆ་རེད། སྨྱུག་མིང་སྤྱོད་མི་ཆོག་ཟེར་མཁན་དམར་ཤོག་སྒེར་གཅོད་སྤྱི་ཚོགས་ཀྱི་ནང་དུ་ཡང་ཡོང་དཀའ་བས་སྐད་ཆ་དེ་རིགས་ལབ་མི་ཉན་ལ། དེ་ནི་བོད་པའི་ཤེས་ལྡན་པའི་ཞབས་འདྲེན་ཤར་གྱི་རེད། རྒྱ་ནག་ཏུ་དེ་རིང་ཁ་སང་དྲ་བ་དང་ཟིན་བྲིས་ཐོ་འགོད་བྱེད་དགོས་ཟེར་ནས་རང་དབང་འཕྲོག་པ་རེད། བྱེད་སྟངས་དེ་ཚོ་ལ་མི་དམངས་ཉོབ་ཀྱི་རེད། དྲ་བ་ནི་གསར་བྱུང་དངོས་པོ་ཡིན་པས་དཀའ་ངལ་མང་པོ་ཡོ་རེད། རྩོམ་སྒྲིག་པ་ཚོ་ཡང་མགོ་ན་བ་ཡོང་བ་རེད། ཡིན་ཀྱང་བོད་དོན་ལ་ཕན་མིན་དེ་ཚད་མར་འཛིན་དགོས་པ་རེད། བོད་མི་རིགས་ལ་ཕན་མིན་དེ་ཚད་མར་འཛིན་ནས་རྩོམ་དང་མཆན་ཉར་མིན་བལྟ་དགོས་པ་རེད། ད་དུས་ཚོད་མི་འདུག ཨ་ཅག་ལགས་ཀྱིས་སྐད་གཏོང་གི་འདུག རྗེས་མ་སྐད་ཆ་ཡོད།
ད་ཁྱོད་ཚོས་གླེང་རིན་མེད་པའི་རྩོད་པ་དེ་མ་བརྒྱབ་ན་ཨེ་ཆོག་གི་་་་བོད ལྷ་ཀླུ་གཉན་གསུམ། ཞེས་པ་ཁྱོད་དུས་ཚང་ནས་འབུད་འདོད་ན་བུད་དང་རུང་ཁྱད་པར་གང་ཡང་མེད།ནམ་རྒྱུན་སྒེར་དོན་འདྲ་བོ་རེ་ཁྱེར་ཡོང་ཏེ་མི་བཤད་དགུ་བཤད་བྱེད་པ་ལས་ནག་ཐོག་སེ་མེད་སོང་ན་ཧ་ཅང་བཟང།ཁྱོད་ཀྱི་རྩོམ་ཡིག་གི་རིན་ཐང་ཟེར་ན་འདྲ།བསམ་བློའི་དཔྱོད་ཤེས་ཟེར་ན་འདྲ།ཕྱོགས་གང་ནས་བལྟས་ཀྱང་མེད་སོང་ན་མི་ཆོག་པའི་ཚད་ལ་སླེབས་མེད་པས་ཁྱོད་རང་ལྷོད་ལྷོད་བྱས་ཏེ་རྒྱུགས་ཤིག་དང་།ངས་ཁྱོད་ལ་ཉལ་ཐུལ་འོག་ནས་མིག་སྐྱེལ་བྱེད་ངེས།ཨེ་གོ་ཐལ།དྲ་གྲོགས་ཁ་ཤས་ཀྱིས་ཁྱོད་རང་མེད་སོང་ན་མི་འགྲིག་ཚུལ་དང་ཁྱོད་ནི་དུས་བབ་ཚང་གི་རྒྱུ་ནོར་ཡིན་ཚུལ་གྱི་སྐད་ཆ་བཤད་པ་དག་ནི་ཁྱོད་ཀྱི་གདོང་ལ་ཁ་ཡག་གི་མཆིལ་ཞགས་འཕོང་པ་ཙམ་ཡིན་པས།ཁྱོད་ཀྱིས་དེ་ལ་བློ་གཏོད་གང་ཡང་བྱེད་མི་རིགས་ལ།ཁ་ཡག་དེ་དག་ལ་བརྟེན་ནས་རང་ཉིད་རྒྱལ་འདོད་ཀྱང་བྱེད་མི་དགོས།
དོན་ངོ་མ་བཤད་ན་དུས་བབ་ཚང་ནི་ཁྱོད་ལ་ཁ་འབྲལ་མི་རུང་བའི་དགེ་རྒན་ཡག་ཤོས་དེ་ཡིན་པ་ངོ་ཤེས་པར་གྱིས་ཨང།
ཁྱེད་ཅག་གི་རང་རང་གི་བསམ་ཚུལ་གསུངས་པ་དེར་ཡག་པོ་འདུག དམིགས་བསལ་གྱིས་རྡུལ་ཕྲན་ལགས་ཀྱིས་གསུངས་པ་དེ་ནི་བདེན་པ་རེད། ང་ལྟ་བུ་ཞིག་གིས་བོད་སྤྱི་ཚིགས་ལ་བསམ་བློའི་ཞབས་འདེགས་སོགས་གང་ཡང་མི་ཐུབ་པ་དེ་ནི་དངོས་ཡོད་རེད་ལགས། དམིགས་བསལ་གྱིས་དུས་བབ་དྲ་ཚིགས་ལ་གད་སྙིགས་སྤུངས་མཁན་ཞིག་ལས་གང་ཡང་མི་འདུག་པ་བདག་གིས་སྔ་ས་ནས་ཤེས་ཀྱི་ཡོད། ད་ནི་དངོས་ནས་་ཉིད་ནས་གསུངས་པ་ལྟར་ཕྱིར་འཐེན་རང་གིས་རང་ཉེས་ངེས་ལེན་བྱས་དེ་བྱེད་རན་ཡིན་པ་ཤེས་ཀྱི་འདུག ཉིད་ནས་དྲན་སྐུལ་གནང་བ་དེར་སེམས་ཁོང་རུས་་པའི་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
¾ÞP-¼ÛGÅ-i-zºÛ-xÛ-mP-¾Å-hôm-HÛüü
OÛG-GŸÛ-¾ÞP-¼ÛGÅ-¼P-GÛÅ-GÅÞPÅ-z-¿e¼üü
i-z-hï-G¼-JÀïP-m-ºôÅ-¤ôh-ˆP.üü
»¾-G-D-zl¼-z;ôh-¾-„Àô-¤-vôüü
n¤-dôG-¼Û-¤ô-Çkô¤-iºÛ-hˆÛ¾-ºDô¼-¾üü
Å-ºôG-h¼-HÛ-z;ôh-‚ãÅ-ºEãG-¤Dm-hP.üü
¾Å-Pm-i-ºzÞÅ-¢ô¼-z-Ço-±ôGÅ-ˆÛÅüü
hôm-¤ïh-h¤PÅ-¾-JÀïP-GŸÛ-º²âGÅ-ÆÛh-qÅüü
JÀïP-‚-ºhÛ-zŸÛm-¼P-GmÅ-Åô¼-ºWôG-GÛüü
zHÛ-z-zÁ¤Å-m-ºôÅ-zz-Vï-¼Þ-ºhôhüü
༧༽ Metok ma ནས། ཊི་སི་ཨར་སི་ཡིག་གཟགས་བྲིས་འདུག་པ་དེ་ཧི་གཟུགས་ཐོག་བསྒྱུར་བ་ཡུན།
ལུང་རིགས་དྲ་བའི་ཕྱི་ནང་ལས་དོན་གྱི།།
སྒྲིག་གཞི་ལུང་རིགས་རང་གིས་གསུངས་བ་ལྟར།།
དྲ་བ་དེ་གར་གླེང་ན་འོས་མོད་ཀྱང༌།།
ཡལ་ག་ཁ་བརྡར་བཀོད་ལ་བློ་མ་སྤྲོ།།
རྣམ་རྟོག་རི་མོ་སྡོམ་དྲའི་དཀྱིལ་འཁོར་ལ།།
ས་འོག་དར་གྱི་བཀོད་བྱུས་འཁྱུག་མཁན་དང༌།།
ལས་ངན་དྲ་འབུས་སྦྱོར་བ་སྣ་ཚོགས་ཀྱིས།།
དོན་མེད་དམངས་ལ་གླེང་གཞི་འཛུགས་སྲིད་པས།།
གླེང་བྱ་འདི་བཞིན་རང་གནས་སོར་འཇོག་གི།།
བགྱི་བ་བཤམས་ན་འོས་བབ་ཆེ་རུ་འདོད།།