ཀླུ་སྨྱོན།
་་་་སློབ་ཆུང་སློབ་མ་ཡིན་དུས་དབྱར་ཁའི་གུང་གསེང་སྐབས་ནང་དུ་ལོག་པའི་གནས་ཚུལ་ཞིག་དྲན་སོས་པ།
སྨུག་པ་དཀར་པོས་གྲོང་ཚོ་ཆུང་ཆུང་བཏུམས། །
གཡེར་དྲིལ་ལྷང་ལྷང་བོང་བུའི་སྐེ་ནས་སྒྲོགས། །
བྱ་ཕོའི་སྐད་གསེང་རྨི་ལམ་ནང་དུ་ཐོས། །
ཨ་མས་འབྲི་མོ་བཞོས་ནས་ཁྱིམ་དུ་བསླེབས། །
ཀླུ་སྨྱོན་ལགས། པར་ཁྱོད་རང་བྱིས་པའི་སྐབས་རེད་དམ།།
ཐོད་པའི་ཐོད་རྩིད་རྒྱ་ལྟ་ཡིན་ཟེར་ཐལ།།
རྨོ་རྨོ་རྣམ་རྟོག་ས་སའི་སྤུ་ཡིན་ཐལ།།
(སི)་ཚར་ཚར་ལྭ་དབྱར་རྩོག་ཚབ་ཡིན་ཐལ།།
དགུན་ལ་ཐུག་ན་དྲོ་མེད་གོས་ཡིན་ཐལ།།
རྣམ་རྟོག་ཟ་ས་ལ་བཅོས།
ཀླུ་སྨྱོན་ལགས། བཀྲ་ཤིས་བདེ་ལེགས། ཁྱེད་ཀྱི་བཀའ་མ་འཁྱག་ཅིང་ཆུང་མའི་བཀར་མ་འཛེམ་པར་ངོ་དེབ་ཅིག་བཟོས་ཤག དོན་དག་ཡོད་ན་གསུང་རོགས་གནང་། ངོ་དེབ་ཀྱི་གདན་ཞུ་ཡི་གེ་བཏང་ཚར་བས་དེ་ལ་གཟིགས་རོགས།
མ་རིག་མཚོན་བྱེད་བོང་བུ་བཞག་མོད་ཀྱི།
གཡེར་དྲིལ་ལྷང་ལྷང་བོང་བུའི་སྐེ་ནས་སྒྲོགས།
སྔར་ང་གཞོན་པའི་སྐབས་ན་གྲོང་ཡུལ་དུ།
བོང་བུ་ལས་ལ་ཕན་ཐོགས་ཡིན་པ་དྲན།།
་
ཨ་རིའི་ཡུལ་དུ་ཁྲིམས་ལ་དབང་།
འགྲན་པར་ཚོགས་པ་ཟུང་གཅིག་ཡོད།
གཅིག་གི་ངོས་རྟགས་བོང་བུ་ཡིན།
མི་མངས་ལས་བསྐོས་བྱེད་པར་མཚོན།།