ང་དུར་ཁྲོད།
བདག་གིས་སྤྱི་ལོ་ཉིས་སྟོང་བཅུ་ལོར་ཕྱི་བསྐྱོད་ལག་འཁྱེར་དེབ་སེར་པོ་ཐོ་འགོད་བྱས་པ་ཡིན། ཉིས་སྟོང་བཅུ་གཅིག་ལོའི་སྤྱི་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་སྦེང་ལོར་གཞིས་སྤྱི་ལས་ཁུངས་ནས་བདག་གི་དེབ་སེར་པོའི་ investigatory reportཞིབ་བཤེར་སྙན་ཞུ་ཞེས་བའི་ཡི་གེ་བསླེབས་པས་མྱུར་དུ་སྒོར་བརྒྱ་དང་ལྔ་བཅུ་གཞིས་གྲོང་གསུམ་པའི་ཇོ་མགུར་གྲགས་བརྒྱུད་ནས་ཕར་སྤེང་ལོར་ལ་བསྐུར་བ་ཡིན། དེ་ནས་ཟླ་འགའི་རྗེས་ལྡི་ལི་དོན་གཅོད་ཁང་དུ་ཁ་པར་བཏང་སྟེ་དེབ་སེར་པོ་བསླེབས་ཡོད་མེད་ཀྱི་སྐད་ཆ་དྲིས་པ་ཡིན། དོན་གཅོད་ཁང་ནས་ཁྱེད་ཀྱི་དེབ་སེར་པོའི་report བསླེབས་མི་འདུག་བྱས་ཙང་ཐབས་ཤེས་ཡོད་མ་རེད་གསུངས་བྱུང་།
ཕྱི་ཉིན་གཞིས་གྲོང་གསུམ་པའི་ཇོ་མགུར་གྲགས་ལ་སྐད་ཆ་དྲིས་དུས་ཁྱེད་ཀྱི་reportསྦེང་ལོར་ལ་མ་འབྱོར་ཚེ་བདག་གིས་འགན་ཁུར་ངེས་མ་གཏོགས་གཞན་འབྲེལ་བ་ཡོད་མ་རེད་ཡིན་ན་ཡང་སྦེང་ལོར་དུ་འབྱོར་འདུག་ཟེར་བཞིན་འབྱོར་འཛིན་ཡི་གེ་ཞིག་བདག་ལ་སྤྲད་སོང་། ད་དུང་ཅུང་སྒུགས་དང་ལྡི་ལི་ལ་འབྱོར་ངེས་རེད་ཟེར། འབྱོར་འཛིན་དེ་ཡི་སྟེང་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བརྒྱད་པའི་ཚེས་གཅིག་བཀོད་འདུག་ལ་སྦེང་ལོར་གྱི་ཁ་པར་ཨང་གྲངས་ཤིག་ཀྱང་འདུག ཨང་གྲངས་དེའི་སྟེང་ཁ་པར་བཏང་དུས་ལྡི་ལི་ལ་བཏང་ཚར་རེད་གསུངས་བྱུང་།
ཡང་བསྐྱར་ལྡི་ལི་ལ་ཁ་པར་བཏང་སྟེ་སྦེང་ལོར་ནས་བཏང་ཚར་འདུག་ལབ་དུས་སྦེང་ལོར་ནས་བསྐུར་བའི་ཡི་གེ་དེའི་པར་བཤུས་ཤིག་དང་ཚོགས་པ་དང་སྡེ་ཚན་གང་གི་ཡིན་ན་ངོ་སྦྱོར་ཞིག་ཁྱེར་ཤོག་དང་ཛ་དྲག་ཁྲོད་དུ་བཞག་ཆོག་ཟེར། སྦེང་ལོར་ན་ཡོད་པའི་བདག་གི་གྲོགས་པོ་ཞིག་ཆེད་མངགས་ཀྱིས་པར་བཤུས་ལེན་དུ་བཅུག་སྟེ་ངོ་སྦྱོར་ཡི་གེ་དང་མཉམ་དུ་ལྡི་ལི་དོན་གཅོད་ཁང་དུ་སྤྲད། དེ་རྗེས་ཁ་པར་བཏང་ཚད་ལ་ཁྱེད་ཀྱི་ལག་འཁྱེར་རྒྱ་གར་ལས་ཁུངས་སུ་ཡོད་པས་ང་ཚོར་ཐབས་ཤེས་གང་ཡང་མེད་ཅེས་ཁ་གཅོད་ཅི་ཐུབ་བྱེད།
དེ་ལྟར་བྱས་ནས་ཉིས་སྟོང་བཅུ་གསུམ་ཚེས་སོང་སྤྱི་ཟླ་ལྔ་པའི་ནང་ཕྱག་མཛོད་མཆོག་གིས་ཁྱེད་ཀྱི་དེབ་སེར་པོ་རེག་ཐུབ་བྱོས་དང་ར་ཤི་ཡར་གཏོང་གི་ཡིན་ཟེར་བས་ཆེད་དུ་ལྡི་ལི་དོན་གཅོད་ཁང་དུ་ཕྱིན་དུས་འདི་ལྟར་གསུངས་བྱུང་ད་ལོ་ནས་དེབ་སེར་པོའི་འགེངས་ཤོག་ཀློག་ཀླད་དུ་འགེངས་དགོས་པས་ཉིད་ཀྱི་འགེངས་ཤོག་རྙིང་པ་རྩིས་མེད་རེད་གསར་བ་བཀང་ནས་ཚུར་སྐུར་རོགས། investigatory reportརྙིང་པ་དེ་ཡིས་འགྲིག་གི་རེད་ལ་ཚོགས་པའི་ངོ་སྦྱོར་ཞིག་ངེས་པར་དགོས་གསུངས་བྱུང་། གྲོགས་པོ་ཞིག་བརྒྱུད་ནས་དེ་དེ་བཞིན་དུ་བགྱིས་བ་ཡིན་ལ་འདི་ནི་བདག་གི་དེབ་སེར་པོ་ཛ་དྲག་ཁྲོད་དུ་འཇོག་ཐེངས་གཉིས་པ་དེ་རེད།
ད་དུང་སྒོར་ཆིག་སྟོང་བརྒྱ་ཡི་འབྱོར་འཛིན་ཞིག་སྤྲད་དེ་རྗེས་ཕྱོགས་འབྲེལ་བ་བྱེད་ཚེ་འདིའི་སྟེང་གི་ཨང་གྲངས་འདི་ལབ་རོགས་ཛ་དྲག་ཁྲོད་དུ་བཞག་ཡོད་པས་ཕལ་ཆེར་ཟླ་གཅིག་ལྷག་གི་རྗེས་འཐོན་གྱི་རེད་ཅེས་གསུངས་བྱུང་ཟེར། དེ་རྗེས་ཁ་པར་མང་པོ་བཏང་བ་ཡིན་མོད་ཕྱིར་མ་མི་མིན་མེད་གྱི་བརྡ་ལན་རྐྱང་རྐྱང་རེད། མཚམས་མཚམས་སུ་རྒྱ་གར་ལས་ཁུངས་ན་ཡོད་རབས་དང་མཚམས་མཚམས་སུ་སླེབས་གྲབས་ཡོད་རབས་བཤད་དེ་ལོ་དེ་དེ་ལྟར་ཐད་སོང་་ལ། སྤྱི་ཟླ་བརྒྱད་པ་ཚེས་པས་ར་ཤི་ཡར་འགྲོ་མཁན་དག་ཀྱང་འགྲོ་སོང་། དེའི་རྗེས་ནས་ཨ་རི་དང་ཡོ་རོབ་སོགས་སུ་འགྲོ་བའི་གོ་སྐབས་དག་ཀྱང་དེ་ལྟར་ཤོར་སོང་མོད་དེབ་སེར་པོ་མེད་ན་བྱ་ཐབས་ཅི་ཡང་མི་འདུག
ད་ལོ་ལ་དྭགས་གསུངས་ཆོས་ལ་སོང་ནས་ཕྱིར་ཡོང་ཁར་དོན་གཅོད་ཁང་དུ་ཞོར་འགྲོ་ཞིག་བྱས་པ་ཡིན་དེ་དུས་དོན་གཅོད་ལས་བྱེད་པས་ཉིད་ཀྱི་དེབ་སེར་པོའི་ investigatory reportཞིབ་བཤེར་སྙན་ཞུ་རྙིང་པ་དེ་རྩིས་མེད་ཆགས་པས་ཡང་བསྐྱར་གསར་པ་བཏང་ཡོད་ཟེར། ཟླ་ཇི་ཙམ་འགོར་མིན་དྲིས་དུས་དེ་ཧ་གོ་ཡི་མ་རེད་ལྷོ་ཕྱོགས་གཞིས་སྤྱི་ལས་ཁུངས་སུ་འབྲེལ་བ་བྱོས་གསུངས་བྱུང་། ལྷོ་ཕྱོགས་ལ་བསླེབས་ནས་ཉིན་འགའི་རྗེས་ལྡི་ལི་དོན་གཅོད་ཁང་ནས་ཡི་གེ་ཞིག་བསླེབས་སོང་ཉིད་ཀྱི་དེབ་སེར་པོ་བསླེབས་ཡོད་པས་སྐུ་ཉིད་ཕེབས་ཐུབ་ན་ཡག་ཤོས་དང་། དེ་མིན་གྲོགས་པོ་ཞིག་གི་ལག་ཏུ་ངོ་སྦྱོར་བཞག་ཀྱང་ཆོག་ལ་སྦྲགས་ཁང་དུ་སྐུར་དགོས་ནའང་སྐུར་ཆོག་མོད་བོར་བརླག་བྱུང་ན་འགན་མི་འཁུར་ཞེས་གསལ་བོར་བཀོད་འདུག།
ཟླ་འདིའི་ཚེས་བཅུ་དྲུག་ཉིན་ལྷོ་ཕྱོགས་ནས་དེབ་སེར་པོའི་ཆེད་དུ་ཡང་བསྐྱར་ལྡི་ལིར་ཕྱིན་ཏེ་གཟའ་ལྷག་པའི་ཉིན་རོགས་པ་རྒན་ཞིག་དང་མཉམ་དུ་དོན་གཅོད་ཁང་དུ་བསྐྱོད་པ་ཡིན། དོན་གཅོད་ཁང་གི་ཉིས་ཐོག་གི་སྐད་ཆ་འདྲི་ས་དེར་སོང་ནས་འབྱོར་འཛིན་དེ་ལག་པར་བཞག་པ་ཡིན། སྐབས་དེར་ལས་བྱེད་པ་དེས་ཁོ་བོར་འདི་ཉིས་སྟོང་བཅུ་ལོར་སྤྲད་པ་ཞིག་རེད་འདུག རྗེས་ལ་འབྱོར་འཛིན་གསར་པ་འདྲ་སྤྲད་མ་སོང་ངམ་ཟེར།
དེ་ནས་གསར་དུ་ཐོ་བརྒྱབས་པའི་ལོ་གཅིག་གི་སྔོན་གྱི་འཛིན་གསར་པ་དེ་བསྟན་དུས་ཨ་ལེ་ཉིད་ཀྱི་དེབ་སེར་པོའི་report བསླེབས་མི་འདུག་ཟེར། ང་ལ་ཡི་གེ་འདི་འདྲ་ཞིག་བཏང་འདུག་ཅེས་ཉིན་འགའི་སྔོན་ལྷོ་ཕྱོགས་སུ་འབྱོར་བའི་ཡི་གེ་དེ་བསྟན་པ་ཡིན། འདི་ཁྱེད་རང་གི་ཡིན་ས་མ་རེད་གཞན་པ་ཞིག་གི་ཡིན་རྒྱུ་རེད་ཟེར་བར་ངས་རང་ཉིད་ཀྱི་མིང་ཐོག་ཏུ་བཏང་བ་ཡིན་རབས་བཤད་ཀྱང་སྣང་མེད་དུ་བསྐྱུར་སོང་། དེ་ནས་ངའི་རོགས་པ་རྒན་དེས་འདི་གསུམ་བསླེབས་འདུག་གམ་ཞེས་སློབ་གྲྭ་བ་གསུམ་གྱི་ལག་དེབ་བསླེབས་ཡོད་མེད་དྲིས་བྱུང་རེ་རེ་བཞིན་བསླེབས་མི་འདུག་ཟེར།
འོ་ན་ག་དུས་ཡོང་གི་རེད་ཟེར་བར་དེ་ཧ་གོ་ཡ་ཡོད་པ་མ་རེད་ཟེར། ལོ་གཉིས་དང་ཟླ་འགའ་འགོར་ཚར་རེད་ད་ཧ་མི་གོ་ན་ག་དུས་ཧ་གོ་ཡི་རེད་སོགས་རྩད་ཅུང་ཙམ་བརྒྱབས་སོང་བར་ང་ཚོས་ཧ་གོ་ཡི་མེད་འགན་འཛིན་ལ་དྲིས་ཟེར།
འགན་འཛིན་ལགས་ཕར་ཕྱོགས་ཀྱི་ཁང་པ་དེའི་ནང་འདུག དེར་ཕྱིན་ཏེ་འགན་འཛིན་དང་རྒན་གཉིས་ཀས་རྩད་ཅུང་ཙམ་བརྒྱབས་པའི་རྐྱེན་གྱིས་གཞི་ནས་བདག་གི་ལག་འཁྱེར་ཐོན་ཡོད་མེད་ལ་དོ་སྣང་ཆེན་པོ་བྱས་སོང་། སྐབས་དེར་ཁོང་གིས་ཀློག་ཀླད་དུ་ཨང་གྲངས་འགའ་གཏགས་རྗེས་ཕར་ཕྱོགས་སུ་ཁྲིད་སོང་ཆ་སྒམ་ཆེན་པོ་ཞིག་གི་ནང་ལག་འཁྱེར་སེར་པོ་ཆག་པ་ཆག་པ་བྱས་ནས་བསྒྲིགས་འདུག་ལ་དེའི་ནང་དུ་བདག་གི་ལག་འཁྱེར་ཡང་འདུག ཁ་ཕྱེས་ནས་བལྟས་དུས་ཉིས་སྟོང་བཅུ་གཅིག་ནས་རྩ་གཅིག་པར་བྲིས་འདུག
བདག་གི་ལག་དེབ་ནི་ཉིས་སྟོང་བཅུ་གཅིག་ལོ་ནས་ཐོན་འདུག་མོད་དོ་བདག་ལ་མ་སྤྲད་པར་སྒམ་འདིའི་ནང་མནན་འདུག དེ་ནས་རྒན་གྱིས་ལྟོས་དང་ཁྱོད་ཚོས་ལས་ཀ་བྱེད་སྟངས་འདི་འདྲ་རེད་ཅེས་ཕར་ལབ་དུས། གཞི་ནས་འགན་འཛིན་གྱིས་འདི་ནི་ང་ཚོའི་ནོར་འཁྲུལ་རེད། ནོར་འཁྲུལ་ཏོག་ཙམ་ཤོར་སྲིད་པ་ཞིག་རེད་ཟེར་རྒྱུ་ལས་གཞན་བཤད་རྒྱུ་ཅི་ཡང་མི་འདུག
འདི་ནི་དོན་གཅོད་ཁང་དང་བོད་གཞུང་ལ་མཚོན་ན་དོན་ཆུང་ཞིག་ཡིན་ན་ཐང་མོད། ཁོ་བོ་ལ་མཚོན་ན་དོན་ཆེན་ཞིག་ཡིན་ལ། འདིའི་ཆེད་དུ་རང་གི་ཁུགས་མའི་ནང་ཡོད་པའི་ཀུན་དགའ་དོན་འགྲུབ་ཀྱང་མང་པོ་འགྲོ་སོང་། སྣང་མེད་ཁོ་ནས་ལས་ཀ་བྱེད་སྟངས་འདིར་བལྟས་པས། ཁོ་བོ་གཞི་ནས་བློ་ཕམ་ཆེན་པོ་བྱུང་། བདག་གི་དེབ་སེར་པོ་ཡོད་པའི་སྒམ་དེའི་ནང་གི་དེབ་སེར་པོ་དེ་དག་གི་དོ་བདག་ཚང་མ་ཤི་ཡོད་རྒྱུ་མ་རེད། དེ་དག་གིས་ཡང་བསྐྱར་དེབ་སེར་པོ་རེ་བཟོས་ནས་སོ་སོའི་ཁང་མིག་གཡར་མའི་ནང་བསྒུགས་བསྡད་ཡོད་པ་དྲན་ན་ངོ་མ་ཡིད་སྐྱོ་བ་ཞིག་རེད།
དེའི་རྐྱེན་ཁོ་བོས་རྩོམ་ཡིག་འདི་བྲིས་ཏེ་སྒམ་དེའི་ནང་གི་དོ་བདག་ཚོར་དེབ་སེར་པོ་ལེན་དུ་ཤོག་ཅེས་དོན་གཅོད་ལས་ཁུངས་ཀྱི་ཚབ་བྱས་ཏེ་གསལ་བསྒྲགས་བསྐྱངས་པ་ཡིན། ཁོ་བོས་དངོས་སུ་མཐོང་བ་ནི་ཆ་སྒམ་གཅིག་གི་ནང་དུ་ཡོད་པའི་དེབ་སེར་པོ་དེ་ཡིན་པས། དེ་མ་ཡིན་པའི་ཆ་སྒམ་གཞན་དང་། ངས་མ་མཐོང་བའི་དེབ་སེར་པོ་ག་ཚོད་ཡོད་པ་དེབ་བཟོ་མཁན་སོ་སོ་དང་དོན་གཅོད་ཁང་ཁོ་ནས་ཤེས་པ་ཞིག་རེད། བདག་གི་དེབ་སེར་པོ་ངས་ཁྱེད་ལ་བསྒུགས་པ་ལྟར་ཁྱེད་ཀྱིས་ཀྱང་ང་ལ་བསྒུགས་འདུག མི་ལོ་བཞི་ལ་ས་རྡུལ་དང་འཚང་ཁའི་ཁྲོད་ནས་བསྒུགས་འདུག
ད་ནི་ཁྱེད་ཀྱི་ཚེ་ཚད་ཀྱང་རྫོགས་ལ་ཉེ་ལ་ངའི་སེམས་ཀྱི་རེ་ཐག་ཀྱང་ཆད་ལ་ཉེ། འདི་ནི་ལྡི་ལི་དོན་གཅོད་ཁང་གི་ལས་བྱེད་ཚོས་ལས་ཀ་ཇི་ལྟར་བྱེད་པའི་བདེན་དབང་ཞིག་རེད་ལ་བདག་གིས་ལྡི་ལི་དོན་གཅོད་ཁང་གི་ལས་བྱེད་ཚོར་ཡིད་ཆེས་བྱས་པའི་རྔན་པ་རེད།
ལས་ཀ་བྱེད་སྟངས་འདི་ལ་དཔག་ན་སྔོན་རང་བཙན་ལག་དེབ་ཐད་བཟོ་བཅོས་རྒྱག་དགོས་པ་སོགས་ཀྱི་ཐད་མི་མང་པོ་ཐང་ཆད་འདུག་པ་ཡང་ཁག་མི་འདུག་དྲན་བྱུང་ལ། ངོ་ཆེན་དབང་ཆེན་གྱི་རྒྱབ་རྩ་མེད་ན་བོད་གཞུང་ལས་ཁུངས་ནས་ཡིག་ཆ་བཟོ་བ་སོགས་ཀྱི་ཐད་བྱས་པ་མེད་རབས་ཟེར་བ་དེ་ཡང་དེ་རིང་ནས་བདག་གིས་བདེན་པར་མཐོང་ལ། བཙན་བྱོལ་གྱི་ལས་བྱེད་ཚོ་སྐུ་དྲག་ཆགས་འདུག་ཅེས་པ་འདིའི་དོན་ཡང་དེ་རིང་ནས་རྟོགས་སོང་།
གཞན་ལག་དེབ་སེར་པོ་བཟོ་བཞིན་པ་དང་བཟོ་འཆར་ཡོད་མཁན་རྣམ་པས་རྗེས་ཕྱོགས་དེབ་སེར་ཐོན་ཡོད་མེད་ལ་རྩད་ཞིབ་བྱེད་ན་དོན་གཅོད་ཁང་གི་འགན་འཛིན་དང་ལས་བྱེད་ཚོར་སྐད་ཆ་དྲིས་པ་ཙམ་དང་ཁ་པར་བཏང་བ་ཙམ་གྱིས་མི་ཕན་པས། རང་ཉིད་དངོས་སུ་དོན་གཅོད་ཁང་དུ་ཡོང་སྟེ་མར་མནན་པའི་དེབ་སེར་པོ་ཚོ་ལ་ཞིབ་བཤེར་བྱེད་རྒྱུ་གལ་ཞེས་པ་འདི་ནི་ངའི་ཉམས་མྱོང་ཚད་མ་ཡིན། ཚད་མ་འདི་ནི་ཁ་ཡག་ངོ་དགའི་ཁྲོད་ནས་རྙེད་པ་མིན་ལ། གཡོ་སྒྱུ་མགོ་གཡོག་ཁྲོད་ནས་རྙེད་པ་ནི་དེ་བས་ཀྱང་མིན།
འདི་ནི་རང་གཞུང་ལ་ཡིད་ཆེས་ཤིང་མར་ཅི་གསུང་ལ་བཀའ་རུ་བརྩིས་པའི་མཇུག་འབྲས་ངོ་མའི་ཁྲོད་རྙེད་པ་ཡིན་པས། ཆེན་པོ་ལ་ངོ་སྲུང་བའི་གཅམ་བུའི་ཚིག་དང་། གཞན་ལ་དགའ་མིན་ཕྲག་དོག་གི་ཕྱོགས་ལྷུང་ལྟ་བུས་ནམ་ཞར་འགྲན་མི་ཐུབ་པའི་བདེན་དཀར་དཀར་ལུ་གུ་འདྲ་བོ་ཡིན་པས་ཀུན་པོས་སེམས་ལ་བཅངས་ཤིང་ལག་ལེན་དུ་སྟར་རིགས་སོ།། ཞེས་པ་འདི་ཡང་རྒྱུ་མེད་དབང་མེད་མི་མང་དཀྱུས་མ་ཚོར་ཕན་པ་ཁོ་ནར་དམིགས་ཏེ་ལྷོ་ཕྱོགས་སུ་སྐྱོད་པའི་མེ་འཁོར་ཞིག་གི་ནང་ནས་ཆང་དུ་འབོད་པས་ཤར་མར་བྲིས་པའོ།།
2014/8/21
ཡིད་སྐྱོ་དགོས་པ་ཞིག་རེད་་་་འདི་འདྲ་མང་པོ་འདུག་་་་ངའི་རང་བཙན་ལག་དེབ་ཆེད་དེ་ལས་ཀྱང་ལོ་རྒྱུས་འབྲི་མི་ཐུབ་པ་ཞིག་ཡོད་པ་རེད་་་་ད་འདི་ཚོ་བཤད་ནས་ཅི་ཡོང་
ཨ་མདོ་བ་ཚོ་ལ་དེབ་དེ་ལས་སླ་པོར་སྤྲད་མི་ཡོང་རབས་ཡོད་ཐལ།
ཨ་སི་དང་ཨེ་སི། དོ་བླང་བཅའ་ཁྲལ་གསུམ་གྱི་སྐོར་བཤད་བཞིན་འདུག་པས་ངས་ཀྱང་ཚིག་རེ་གཉིས་བཤད་ཀྱི་ཡིན། དེ་ཡང་དོ་རྒྱལ་ཚོགས་པའི་བོད་རིགས་མི་དམངས་ཀྱི་ཆེད་དུ་བཤད་ཀྱི་ཡིན། ང་ཚོས་ངོས་ནས་དོལ་རྒྱལ་ཚོགས་པའི་བོད་རིགས་མི་དམངས་དང་༧རྒྱལ་བ་རིན་ཆེན་བར་དུ་གྲོས་མོས་ཀྱི་ལམ་ནས་གནད་དོན་ཐག་གཅོད་ཐོག་བོད་མི་རིགས་རྡོག་རྩ་ཆིག་སྒྲིལ་གནང་རོགས་ཅེས་རྩོམ་ཡིག་བྲིས་པ་ཡིན། རེ་བ་བཏོན་པ་ཡིན།
ཡིན་ཀྱང་་སྲིད་སྐྱོང་སེང་གེ་དང་ཚོགས་གཙོ་སྤེན་པ་གཉིས་ཀྱིས་བོད་མི་རིགས་ཆིག་སྒྲིལ་གྱི་ལམ་དུ་ཁྲིད་ཀྱི་ལས་ལྡོག་ཏེ་ཧམ་བཤད་དང་ལོག་བཤད་བྱས་པ་མ་ཟད། རྫུན་བཤད། རྒྱུ་མཚན་ལྟ་སྣང་བཀོད་ནས་བོད་མི་རིགས་ཁ་འཐོར་དགུ་འཐོར་གཏོང་གང་ཐུབ་གནང་གི་ཡོད།
དོལ་་རྒྱལ་ཚོགས་པའི་མི་དམངས་ལ་དབྱེ་འབྱེད་བྱས་མེད། མེད་པའི་རྒྱུ་མཚན། RC IC དང་བླང་བཅའ་ཁྲལ་ལག་དེབ་སོགས་ཡོད་པའི་ཕྱིར་ཞེས་རྟགས་བཀོད་འདུག རྟགས་འདི་རྟགས་ཡང་དག་ཞིག་མ་རེད། བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་རྩོམ་པ་པོ་རྒྱལ་གཅེས་པ་ཁྲི་བྱང་རིན་པོ་ཆེན་དང་། རྒྱ་གུན་ཁྲན་དང་དམག་འཐབ་བྱས་སྐབས་སུ་མེ་རྒྱོབ་རྒྱག་མཁན་གོ་བ་བསྟན་པ་རྒྱལ་མཚན་སོགས་གཙོ་བོ་གྱུར་པའི་ཤུགས་ལྡན་ཚོགས་པའི་མི་དམངས་ཀྱི་ཕ་རྩ་བུ་རྒྱུད་ལ་་་་RC IC་སྤྲད་མཁན་སྤེན་ཚེ་དང་བློ་སེང་གཉིས་ཨེ་རེད། ་་ཧཧཧ
འདི་ལ་གཏམ་ཨ་ཕའི་བཤད་ཀྱི་དེར་མནའ་མས་བཤད།
ཁྱི་བདག་པོའི་བཀག་དེར་རྐུ་མས་བཀག་ཅེས་པ་ལྟར་་་རྒྱལ་གཅེས་པ་ཁྲི་བྱང་རྡོ་རྗེ་འཆང་དང་ཨ་འབྲུག་མགོན་བཀྲ་ཤིས་སོགས་གཙོ་གྱུར་པའི་ཕ་མེས་ཚོས་བཀའ་དྲིན་གྱིས་རྒྱ་གར་ལུང་པ་ལ་བསླེབས་ཐུབ་པ་དང་སྐྱབས་བཅོལ་རག་སོང་བ་རེད་ཅེས་་་་ཁ་གསལ་པོ་དང་སྤོབས་པའི་ཐོགས་ནས་ལབ་ཀྱི་ཡིན།
ཨ་སེ་དང་ཨེ་སེ་སོགས་བཙན་བྱོལ་སྒྲུག་འཛུགས་ཀྱི་དཔོན་ངན་ཚོས་ཚོང་རྫས་ག་འདྲ་བྱས་མྱངས་ཡོད་མེད་བཤད་མི་དགོས་པར་ཚང་མས་ཤེས་གསལ་རེད། ད་དུང་་་དང་བླང་བཅའ་ཁྲལ་ལག་དེབ་ཚོང་རྫས་ག་ཚོད་བཟོས་ཡོད། རྐུ་ངོ་ཚོ།
ད་དུང་ཕྱི་རྒྱལ་གྱི་visa ག་ཚོད་བཙོང་ཡོད། མྱི་བཏང་མཁན་མང་ཆེ་བ་རྐུ་ངོ་ཤ་དག་ཡིན་པ། གལ་སྲིད་ཁྲིམས་ཀྱི་མདུན་ས་མིང་བཏོན་དགོས་པ་བྱུང་ན་བཏོན་ཆོག
ངས་རེ་བ་ལ་་་ཧམ་བཤད་དང་ལོག་བཤད་བྱེད་ཀྱི་མཚམས་བཞག་ནས་ཤུགས་ལྡན་ཚོགས་པའི་མི་དམངས་མཉམ་དུ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ལ་འབད་བརྩོན་གནང་རོགས་བྱོས་ཅེས་རེ་བ་ཡིན། གལ་སྲིད་མུ་མཐུད་ནས་བོད་མི་རིགས་ཁ་བྲལ་གཏོང་གང་ཐུབ་བྱེད་ན་ཁ་བྲལ་གཏོང་མཁན་དེ་ཉིད་བོད་མི་རིགས་ཀྱི་དོན་དངོས་པོའི་ཐོག་གི་དགྲ་བོ་ངོ་མ་དེ་ཆགས་འགྲོ་གི་རེད་དོ།།།།
དོལ་རྒྱལ་ཚོགས་པ་ནི་བསྟན་དགྲ་ངོ་མ་རེད། མགོ་གོང་ས་མཆོག་ནས་འཇུག་བོད་མི་མང་བར་གྱིས་དོལ་ཚོགས་ལ་བསམ་ཤེས་མ་བྱས་པ་གང་ཡང་མེད། བསམ་ཤེས་མི་བྱེད་མཁན་དོལ་རྒྱལ་བ་ཁོ་རང་ཚོ་རེད། ཁོ་ཚོས་མི་གསད་སོང་ལ་འཇིག་སྐུལ་བྱས་སོང་། ད་དུང་དགྲ་བོ་རྒྱ་དམར་ལ་མགོ་བཏག་ནས་བོད་གངས་ཅན་པའི། ཕ་ཆུས་གནམ་ལྕགས་རལ་གྲི་དེ་ལྟོག་ནས་ཤ་དང་རྗེས་སོང་ལ། དམ་ཚིག་དར་དཀར་ཡུག་ཅིག་དེ་འཁྱག་ནས་གོས་དང་རྗེས་སོང་། དེས་ན་དོལ་རྒྱལ་བ་དང་འགྲིག་མཐུན་དགོས་ན་དོལ་རྒྱལ་གསོལ་རྒྱུ་མཚམས་འཇོག་བྱེད་དགོས་ལ། གོང་ས་མཆོག་དང་བོད་མི་མང་གི་མདུན་ལ་སྔར་འགྱོད་འཕྱིས་སྡོམ་བྱེད་དགོས།
རྐུ་ངོ་ལུང་རྟོགས་ལགས། བཀྲ་ཤིས་བདེ་ལེགས། ངས་ཁྱོད་སྒུག་ནས་བསྡད་ཡོད། རྒྱ་བོད་གཉིས་ཀྱི་ཐུན་མོང་གི་རྟོག་གཞིར་འཚོལ་བ་ཞེས་པ་དེའི་འོག་ཏུ་མཆན་བུ་ལྔ་བརྒྱབས་ཡོད། ལན་འདྲ་དང་རྒྱུ་མཚན་འདྲ་ཡོད་ན་ནི་གསུང་རོགས་བྱོས། མེད་ན་ཁ་ནང་མཛུབ་མོ་བཅུག
བོད་མི་རིགས་མཐུན་སྒྲིལ་ཆགས་འོང་ས་རེད་བསམས་ནས་ཨེ་སྐྲག་ཁུ། སྔར་ཕྱི་མ་གཏོགས་ཆིག་སྒྲིལ་གྱི་ཕྱོགས་སུ་གོམས་ཁ་སྤྱོད་ངེས་རེད།
༡་་་དོལ་རྒྱལ་ཚོགས་པའི་མི་དམངས་ལུང་རྟོགས་གཉིས་ཀྱི་བསྟན་པའི་དགྲ་བོ་མིན་ལ་་་ཡིན་པའི་རྒྱུ་མཚན་སྣེ་གཅིག་མེད།
༢་་་་དོལ་རྒྱལ་ཚོགས་པས་བོད་མི་དམངས་གནོན་པ་བྱེད་ཀྱི་ལས་ལྡོག་ཏེ་ཕན་ཐོགས་གི་ཡོད། དམངས་གཙོ་ཡར་རྒྱས་གཏོང་གི་ཡོད།
༣་་་་དགྲ་བོ་རྒྱ་དམར་ལ་མགོ་བཏགས་ནས་བོད་གངས་ཅན་པའི། ཕ་ཆུས་གནམ་ལྕགས་རལ་གྲི་དེ་ཤ་དང་བརྗེ་ཆེད་མའོ་ཙི་ཏུང་གི་བུ་ལྟ་བུ་ཡིན་ཟེར་མཁན་དོལ་ཚོགས་ཨེ་རེད།།།
༤་་་་་ཅིའི་ཕྱིར་་་་དོལ་རྒྱལ་ཚོགས་པའི་མི་དམངས་བཙན་བྱོལ་སྒྲིག་འཛུགས་ནང་དུ་ཕྱི་ལོག་དང་མཐུན་ལམ་བྱེད་པར་དོལ་རྒྱལ་བརྟེན་མཚམས་འཇོག་དགོས་རེད་དམ། ཆོས་དད་རང་དབང་ཡོད་ཟེར་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ནང་དུ་ཡང་བཀོད་འདུག་ག
བོད་མི་རིགས་མཐུན་སྒྲིལ་ཆགས་མི་བཅུག་མཁན་དོལ་ཚོགས་རེད། ཁོ་ཚོས་བདུག་འདྲེ་ཞིག་ཁ་ལ་ཁྱེར་ནས་པད་ཤག་དམར་པོའི་ཆེད་དུ་དགྲ་བོ་ལ་མགོ་སྒུར། གོང་ས་མཆོག་ལ་སྐུར་པ་བཏབ་པ་སོགས་ལས་ངན་འདི་འདྲ་བྱས་མེད་ན་མཐུན་སྒྲིལ་ལ་གཏོར་བཤིག་འགྲོ་དོན་མེད་པ་རེད། ཁོ་ཚོས་དམ་སྲི་ཞིག་ལ་བློ་སྙིང་དྲང་གསུམ་གཏད་ནས་རྩ་བའི་བླ་མའི་བཀའ་བཅག། རྡོ་རྗེའི་སྤུན་ལ་མཚོན་སྣུན། བསྟན་དགྲ་དམར་པོར་མགོ་བཏག་པ་འདི་ལུངས་རྟོགས་ཀྱི་བསྟན་པ་བཤིག་པ་མིན་ན་ཅི་ཡིན། གཉིས་ནས་དམངས་གཙོ་ཞེས་པ་དེ་མི་མང་གིས་རང་ཁྲིམས་རང་གིས་སྲུང་ནས་སྤྱི་ཚོགས་ནང་ཕུང་དཀྲུག་མེད་པར་རང་དབང་ལོང་སུ་སྤྱོད་པ་ཞིག་ལ་ཟེར་བ་རེད་མ་གཏོགས། སྨྱོན་པ་བཞིན་གང་བྱུང་བྱེད་ཅིང་གང་དྲན་བཤད་པ་དེ་དམངས་གཙོ་མ་རེད་དོ། དེ་དམངས་གཙོ་ཡིན་ཁ་ཆེའི་དྲག་སྤྱོད་པ་ཚོས་གང་འདོད་དུ་མིའི་སྐེ་བཏུབ་ནས་གསད་པ་དེ་ཡང་དམངས་གཙོ་ཡར་རྒྱས་གཏོང་བ་མིན་ན་ཅི། དོལ་རྒྱལ་སྟེན་པ་དེ་ཆོས་དད་རང་དབང་རེད་ཟེར་ན་དེ་ནི་ཆོས་གཏན་ནས་མི་ཤེས་པའི་སྐད་ཆ་རེད། འཇིག་རྟེན་དྲེག་པ་ཞིག་སྐྱབས་གནས་ཀུན་འདུས་སུ་རྩིས་ནས་སྐྱབས་སུ་སོང་ན་སྐྱབས་འགྲོའི་སླབ་བྱ་དང་ཡང་འགལ་གྱི་ཡོད་པས་ཆོས་ཀྱི་སྐད་ཆ་ཞིག་གང་ནས་བྱུང་བ་རེད་དམ།
གནས་ཚུལ་དེ་བདེན་པ་ཡིན་ན་ཐབ་སྐྱོ་པོ་རེད། ཕལ་ཆེར་བདེན་པ་ཡིན་གྱི་རེད་དྲན། རྒྱུ་མཚན་ནི་དེ་སྔོན་ངའི་གྲོགས་པོ་ཞིག་དེབ་སེར་པོ་བཟོ་བ་ཕྱིན་ཞིང་། སྐབས་དེར་རྒྱ་གར་གནས་སྡོད་ཆོག་པའི་ལག་འཁྱེར་དང་དེབ་སེར་པོ་གཉིས་ཀྱི་སྐྱེས་ཚེས་མ་མཐུན་པར་བརྟེན་དོན་གཅོད་ནས་རྒྱབ་གཉེར་གནང་རོགས་ཞེས་རེ་སྐུལ་ཞུས་ཀྱང་ཡ་ལེན་ཁྱོན་ནས་མ་བྱས་མཐར་འུ་ཐུག་སྟེ་རྩོད་པ་ཤུགས་ཆེ་རྒྱབ་པས་གཞི་ནས་རྒྱབ་གཉེར་སྤྲད་པ་རེད། གནས་སྟངས་དེ་འདྲ་རེད། རེ་སྐུལ་ཞུ་དུས་མ་སྤྲད། འཁྲུག་རྩོད་རྒྱབ་སྐབས་གཞི་ནས་སྤྲད་པ་རེད།
ཆབས་ཕུན་གྱིས་གནད་དོན་ཞིག་བཤད་འདུག བོད་པ་ཚོ་རྫུན་བཤད་རྫུན་ལས་ལ་དགའ་བས་ངའི་གཡས་གཡོན་ལ་ཡང་RC དང་རང་བཙན་ལག་དེབ་གཉིས་ཀྱི་མིང་དང་ལོ་ཚད་སྐྱེས་ཚེས་སོགས་མ་མཐུན་པར་དཀའ་ངལ་ཆེན་པོ་འཕྲད་མཁན་མང་པོ་ཞིག་འདུག འདི་ནི་ར་རྩིད་འུར་རྡོ་ར་ཕོའི་མགོ་ལ་ཕོག་པའི་དཔེ་རེད། དེས་ན་ཚང་མ་གཞུང་དང་ལས་བྱེད་ཚོས་མ་འགྲིག་རབས་རྐྱང་བཤད་མ་སྡད་པར་རང་ཉིད་ཀྱིས་ཀྱང་ཅི་ཞིག་བྱེད་ཀྱི་ཡོད་པ་དེ་ཤེས་དགོས་ཀྱི་འདུག
ཡ་་ཅོ་རི་ཉི་མ་ཟེར་བ་འདི་དོལ་རྒྱལ་ཚོགས་པའི་ཚོགས་མི་ཞིག་ཡིན་པ་དེ་རིང་མ་གཏོགས་ཤེས་མ་སོང་་་་སྔོན་མ་དུས་བབ་ཟིན་བྲིས་པའི་ཁོངས་སུ་ཡོད་སྐབས་ང་ཚོས་ཕན་ཚུན་ལ་བགྲོ་གླེང་བྱས་ནས་ཕུན་ཚུན་གྱི་བསམ་བློ་བརྗེ་རེས་བྱས་པ་རེད་་་འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་བར་སྐབས་ཤིག་ནས་ཁོང་ཚོགས་པའི་ནང་དུ་ཞུགས་འདུག་་་་དྲ་གྲོགས་རྙིང་པ་ཞིག་དྲེ་ཁོངས་སུ་ཞུགས་འདུག་པས་བློ་ཕམ་ཆེན་པོ་བྱུང་་་་
བསམ་བློ་གཏོང་སྟངས་ནོར་བའམ་སྒོར་མོའི་དབང་ཤུགས་ཆེ་དྲགས་པས་གང་ལྟར་འུ་ཚང་གི་མི་བུ་དུ་མ་ཞིག་ཤིང་སྡོང་ཁོག་རུལ་ལྟ་བུ་ཞིག་རྒྱ་འདྲེ་ཚང་གིས་བཟོས་སོང་་་་ད་་་མི་འདི་ཚོར་རྩོད་པ་ཅི་ཙམ་བྱས་ཀྱང་ཕན་ཐོགས་མེད་པ་ཤེས་ཀྱི་འདུག་་་་་བླ་མ་དང་མི་རིགས་གང་ལ་ཡང་བསམ་བློ་མ་བཏང་ན་སྐད་ཆ་ཞིག་བཤད་ནས་ཅི་ཕན་་་་ད་ནས་བཟུང་མི་འདི་ཚོར་གླེང་མོལ་བྱ་འདུན་མེད
ཡི་གེ་བྲིས་བ་དང་ལྷན་དུ་དཔང་རྟགས་གསལ་པོ་ཡོད་དགོས་པ་ཡིན། ཡག་ཤོས་བྱུང་ན་སྐབས་དང་དུས་ལ་བལྟ་ནི་འདྲ་པར་ཡོད་པ་དགོས་རྒྱུ་ནི་དཔང་རྟགས་ངོ་མ་རེད།
བརྗོད་གཞི་རྩོམ་དང་འབྲེལ་བའི་མཆན་རེ་བཏབ་ན་ཀློག་འདོད་འདུག དེ་མིན་ཉ་ཉུང་བསྲེས་ནས་མཆན་བཏབ་པ་དེ་ཚོ་ཀློག་འདོད་མེད་དོ།།
ཨ་ཙི་་་ཆུང་ཐིག་ལགས། ཁྱོད་ཀྱིས་ང་ལ་དོལ་རྒྱལ་ཚོགས་པའི་ཚོགས་མི་རེད་ཟེར་བ་འདི་ལ་ཁུངས་ལུང་ག་རེ་འདུག་གམ། ཁྱོད་ཚོ་འདི་འདྲ་རེད། སོ་སོའི་བསམ་བློ་དང་མི་མཐུན་དུས་་་ཕར་ཕྱོགས་མྱི་དེ་དོལ་ཚོགས་རེད། ཚུར་ཕྱོགས་མྱི་འདི་རྒྱའི་ཕོག་གཟན་རེད་ཟེར་ནས་ཧམ་བཤད་དང་ལོག་བཤད། རྫུན་བཤད་གསུམ་པག་ཟ་ཟ་བྱས་བསྡད་རེད། སྙིང་པོ་ག་རེ་འདུག་གམ། ཧཧཧ
ཁྱོད་ཚོས་གྲལ་གྱིས་ལབ་གི་རེད། གླེང་མོ་བྱ་གི་མིན། སྐད་ཆ་བཤད་ཀྱི་མིན། མཉམ་དུ་མོ་ཊའི་ནང་དུ་འགྲོ་གི་མིན། མཉམ་དུ་ཟས་ཁང་གཅིག་ནང་དུ་ཁ་ལག་ཟ་གི་མིན། དོལ་རྒྱལ་བ་ཚོང་ཁང་དང་ཟས་ཁང་ནང་དུ་མ་ཡོང་རོགས་ཟེར་ཡི་གེ་སྦྱར། ཁ་དང་ཁ་སྤུ་དབྱེ་འབྱེད་བྱེད་ཀྱི་ཟེར་ནས་བོད་མི་རིགས་ཁ་འཐོར་དགུ་འཐོར་ཕྱིན་པ་རེད། རྒྱལ་སྤྱིའི་ཁྲིམས་དང་འགལ།
ལམ་དབུ་མ་ཡིན། རྒྱ་མི་དང་མཉམ་དུ་སྡོད་ཀྱི་ཡིན། རྩ་ཁྲིམས་གཅིག་གི་སྒྲོལ་གཞིའི་འོག་ཏུ་སྡོད་ཀྱི་ཡིན། རྒྱལ་ཁབ་གཅིག་གི་ནང་དུ་་སྡོད་ཀྱི་ཡིན། མཉམ་ཟ་ཡིན། མཉམ་འཐུང་ཡིན། རྒྱ་རིགས་སྤུན་ཟླ་ཡིན་ཟེར་བ་སོགས་རེད། ཐུགས་བསམ་ཡག་པོ་ཞིག་བཞེས་དང་་་སྨྱོན་གྱི་ཡོད་པ་་དང་ཡིན་གྱི་མ་རེད་བ་་་་་་་ཧཧཧ
ཨོ་རེད་་་ད་དུང་་དངུལ་ཆེད་དུ་ཡིན་པའི་ཚོད་དཔག་བྱས།་་་་ཧཧཧ སོ་སོ་རྐུ་མ་ཡིན་དུས་་་་མི་གཞན་དག་དེ་ཡང་རྐུ་མ་རེད་བསམས་ཀྱི་རེད། སོ་སོ་དངུལ་གྱི་ཆེད་དུ་མི་ལུས་ལེན་པའི་གང་ཟག་ཞིག་ཡིན་ན་གཞན་དག་དེ་ཡང་དངུལ་གྱི་ཆེད་དུ་མི་ལུས་ལེན་པ་ཡིན་རེད་བསམས་ཀྱི་རེད། དེ་ཁྱོད་རང་ཚོའི་འཁྲུལ་སྣང་རེད།་་་་་ཧཧཧ
ཉོན་ཨ་་་ལུང་རྟོགས་་་་་འཇིག་རྟེན་པའི་ལྷ་ལ་དད་པ་བྱས་པ་དེ་ཆོས་དད་མིན་ན་་་མུ་སྟེགས་པ་དབང་ཕྱུག་ཆེན་པོ་ལ་དད་པ་བྱས་པ་དེ་ཆོས་དད། ཆོས་དད་རང་དབང་ཀྱི་ཁུངས་སུ་ཨེ་ཚུད། ཆོས་ཡིན་ན་ནང་ཆོས་ཡིན་པའི་ཁྱབ་པ་ཐལ།་་་་་ཧཧཧ
ཟམ་གདོད་བླ་མ་ཁྱོད་གཉིས་ལ་ལྷ་ཆོས་མི་ཆོས་གང་གི་ཐོག་ཏུ་ཤེས་ཚོད་མེད་པ། ཁྱོད་ཚོས་ཤེས་པ་དེ་རྫུན་དང་ཧམ་པ། དཀྲུགས་ཤིང་ཡིན་པ།་་
ཅོ་རི་ཟེར་བ་དངོས་གནས་གདོན་འདྲེ་ཞུགས་ཞག དོ་བདག་གི་ལག་དེབ་སེར་བོའི་སྐོར་བསྐྱུར་ནས་དོལ་ཚོགས་ཀྱི་ཕྱོགས་ལ་རང་དབང་མེད་པར་ཤོར་འགྲོ་ཀི ཧ་ཧ་ཧ་་་་་་
ཁྱུང་དཀར་ལགས།
ངས་ངོས་ནས་བྱས་ན་ད་ལྟའི་དུས་སྐབས་འདི་ལ་གནད་དོན་གལ་ཆེན་ཤོས་བོད་མི་རིགས་ནང་ཁུལ་མདུ་ཐུན་སྒྲིལ་ཡོང་དགོས་པ་འདིར་ཡིན། བོད་མི་ནང་ཁུལ་དུ་མཐུན་ལམ་ཡར་གཏོང་དགོས་ས་ཕྱོགས་གཉིས་ཡོད། གཅིག་ནི་བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཞིའི་འཕགས་པ་ལགས་གཙོ་བོ་གྱུར་པའི་བོད་མི་གུན་ཁྲན་ཏང་མི་རྣམས་དང་། ཕྱོགས་གཞན་པ་དེ་ནི་དོལ་རྒྱལ་ཚོགས་པའི་མི་དམངས་དང་༧རྒྱལ་བ་རིན་ཆེན་བར་དུ་ཡིན། འདི་གཉིས་བསྒྲུབ་མ་ཐུབ་ན་་་བོད་དོན་འཐབ་རྩོད་སྟོང་པ་ཡིན། འདི་ནི་ངའི་སྒེར་གྱི་བསམ་ཚུལ་ཙམ་མིན། བོད་མི་ཤེས་ཡོན་ཅན་མང་པོ་བསམ་ཚུལ་གཅིག་མཐུན་ཡིན།
དེ་ལུགས་དགོངས་པ་བཞེས་བྱོས། དོལ་རྒྱལ་ཚོགས་པའི་མི་དམངས་དང་མཐུན་ལམ་ཡོང་དགོས་པ་ནི་བོད་མི་རིགས་ཀྱི་རྩ་དོན་ཆེད་དུ་གལ་ཆེ་དོན་ཆེན་ཡིན། སུ་ཡིས་རྡོག་རྩ་ཆིག་སྒྲིལ་ཡོང་བ་ལ་འགོག་སྐྱོན་བྱེད་ན་མི་དེ་ཉིད་བོད་མི་རིགས་ལང་མི་ཐུབ་པར་བཟོས་མཁན་གྱི་ཉེས་ཅན་པ་ཞིག་རང་བཞིན་གྱི་ཆགས་འགྲོ་གི་རེད་དོ།
སྤྱི་ཏང་ཅོ་རི་ཉི་མའི་སྐད་ཆ་དེ་བདེན་བདེན་འདྲ་འདུག་སྟེ་ ཡིན་ནའང་བསམ་བློ་ཞིབ་དུ་བཏང་དུས་ཅོ་རི་ཉི་མ་ལ་དྲི་བ་ཞིག་མ་འདྲི་ཀ་མེད་ཐུགས་སོང་ ངས་དུས་རྒྱུན་དུ་ཅི་ཉི་འདི་མི་དྲང་པོར་མདའ་འདྲ་བ་ཞིག་དང་རང་མི་རིགས་ལ་ཤ་ཚ་ཡོད་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ ཁྱེ་ཅོ་རི་ཉི་མས་ག་དུས་ཡིན་རུང་མི་རིགས་ཀྱི་ལ་རྒྱ་བསམ་ནས་དོལ་་ཚོགས་ལ་རྒྱབ་སྐྱོར་ག་ཚད་བྱས་ཀྱང་ ཁོ་ཚོ་ནི་དེ་ལས་ལྡོག་ཏེ་འདྲེ་དེའི་དོན་དུ་མི་རིགས་ཀྱི་ལ་རྒྱ་ནི་རྟིང་བརྗེད་རེད་ དོལ་ཚོགས་ནས་ད་བར་དུ་བོད་མི་རིགས་ཀྱི་དོན་དུ་ལས་འགུལ་ཉི་མ་གཅིག་སྤེལ་བ་མཐོང་མ་མྱོང་ལ་ཐོས་ཡང་མ་སོང་ བོད་རིགས་དཔའ་བོ་དཔའ་མོ་རྒྱ་དང་སུམ་བཅུ་ལྷག་གིས་མེ་སྲེགས་བཏང་ན་འང་དེ་ཚོའི་མཆེད་དུ་མཆོད་འབུལ་ཉི་མ་གཅིག་བྱས་པ་གོ་མ་སོང་ མི་དགོས་རྒྱུ་འདྲེ་དེའི་ཆེད་དུ་མི་རྒྱུ་གཉིས་ཀྱིས་འགྲོ་སོང་བཏང་ནས་འཛམ་གླིང་གང་སར་ག་འདྲ་ལས་འགུལགཞི་རྒྱ་ཆེན་པོར་སྤེལ་ཐུབ་ཀྱི་འདུག་ དེ་འདྲ་སོང་ཙང་ཁྱེད་ཅོ་རི་ཉི་མའི་ལྷགས་བསམ་ལ་གུས་པ་ཡིད་ཆེས་ཡོད་ ཡིནའང་ཁོང་ཚོ་ལ་དེ་འདྲ་བྱེད་རིན་མི་འདུག་།
བློ་མཐུན་ཅོ་རི་ལྷ་འདྲེ་ལ་ཡིད་བརྟེན་མི་བྱེད་པར་ཡིད་ཆེས་ཡོད། གཞི་རྩའི་དོལ་ཚོགས་འདི་ཆོས་ལུགས་རང་དབང་འཐབ་རྩོད་པ་ཞིག་ཁྱོན་ནས་མ་རེད། རྒྱུ་མཚན་༧རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བརྟེན་སྲོལ་བྱེད་པའི་ལམ་ལུགས་དེ་ལོ་རྒྱུས་ཆོས་འབྱུང་གང་ལ་བལྟས་ཀྱང་ཡང་དག་མ་ཡིན་པའི་བླང་རྡོར་བཀའ་སློབ་གནང་བ་ཙམ་ལས་བཀག་སྡོམ་ཁྱོན་ནས་གནང་མེད་པ་རེད་ལ། དམངས་གཙོའི་སྤྱི་ཚོགས་འདིར་བཀག་སྡོམ་གནང་བའི་སྐུ་དབང་ཡང་མེད་པ་རེད། ལྷག་པར་དུ་དོལ་རྒྱལ་བརྟེན་མཁན་ཚོས་སྔར་ལྷག་གོང་འཕེལ་དང་འཛེམས་དོག་ཅི་ཡང་མེད་པར་བརྟེན་དང་བརྟེན་་ཞིན་པ་རེད་ལ་བརྟེན་པའི་རངབ་དབང་ཆ་ཚང་ཡོད་པ་མ་ཟད་༧རྒྱལ་བ་རིན་པོ་ཆེར་ངོ་རྒོལ་དང་ཚད་རྒལ་གྱིས་མཚན་སྨོད་ཞུ་བའི་རང་དབང་ཆ་ཚང་འདུག། ད་དུང་ཀྲུང་གོའི་རྒྱལ་ནང་དུ་འཁོན་འཁོན་ཐོགས་ཐོགས་མེད་པར་ཕར་འགྲོ་བརྒྱ་དང་ཚུར་འོང་སྟོང་གི་རང་དབང་ཁྱད་མཚར་ཞིག་ཀྱང་འདུག། ལར་ནས་དུས་རབས་ཉེར་གཅིག་འདིར་རྨོངས་དད་ཀྱི་དུས་རབས་མཇུག་སྒྲིལ་དང་སྒྲིལ་བཞིན་པའི་སྐབས་འདིར་ལྷ་འདྲེ་གསོན་པོ་ཞིག་གསར་དུ་ཞེངས་སྐྲུན་གྱིས་གློ་སྙིང་བྲང་གསུམ་གཏད་དེས་ལྷ་འདྲེའེ་དོན་དུ་མི་རིགས་ཀྱི་ལྟ་བ་དང་ལ་རྒྱ། མི་རིགས་ཀྱི་འདུ་ཤེས། སྤུན་ཟླའི་འདུ་ཤེས་རྦད་དེ་བརྗེད་སོང་བ་དེ་རེད། དེ་ལྟ་བས་ན་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱིས་སྐུ་ལུས་མེར་བསྲེག་དང་ཡོད་ཚད་བློས་གཏོང་གིས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་རང་དབང་འཐབ་རྩོད་བྱེད་དུས་འདི་ན་ལྷ་འདྲེ་ཞིག་གི་དོན་དུ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་སྟངས་འདི་ཡག་རྟགས་ཁྱོན་ནས་མ་རེད་ལ་ཡིད་སྐྱོ་དགོས་པའི་བྱ་བ་ཞིག་མ་རེད་པས། འདི་ཀྲུང་གོས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པ་ཇེ་གསལ་ཇེ་གསལ་རེད། ད་ཆ་ཆབ་སྲིད་ཀྱི་དགོས་མཁོར་བལྟས་ནས་བེད་སྤྱོད་བྱེད་ཀྱིན་ཡོད་ཀྱང་ནམ་ཞིག་དགོས་མཁོ་མེད་ན་བསྡུ་གསོག་བརྒྱག་རྒྱུ་དེ་འདས་པའི་ཀྲུང་གོའི་བྱེད་ལུགས་ལས་བལྟས་ནས་ཤེས་འོང་།
འོན་ཀྱང་བློ་མཐུན་ཅོ་རིས་རྒྱལ་ཞེན་དང་མི་རིགས་ལྟ་བ། ལ་རྒྱ། མི་རིགས་ཀྱི་གདུང་ཞེན། སྤུན་ཟླའི་འདུ་ཤེས་ཀྱིས་དོལ་ཚོགས་དང་༧རྒྱལ་བ་རིན་པོ་ཆེའི་དབར་རང་ལྟ་མཆོག་འཛིན་ཆོས་ལུགས་ཀྱི་འགལ་ཟླ་དེ་དོར་ནས་ཐུན་མོང་གི་གཞི་རྟེན་ལམ་བུའི་སྟེང་རྩ་དོན་འཐབ་རྩོད་ཆེད་དུ་བཤད་ཀྱིན་ཡོད་ན་ནི་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད།
དོལ་ཚོགས་ཡིན་པར་ཁུངས་ལུང་གསལ་བོ་ཞིག་གོང་དུ་རང་གིས་བྲིས་འདུག་་་་དེ་ལས་གསལ་ཞིག་རྒྱ་གཞུང་གིས་ཀྱང་འབྲི་ཐུབ་ས་མ་རེད་་་རང་གི་སྐད་ཆས་ཁུངས་སྐྱེལ་བྱས་པ་ཤེས་ཀྱི་འདུག་གམ
བོད་ཁམས་སྡེ་ལགས། ཁྱོད་ཀྱིས་ཅོ་རི་བོད་མི་རིགས་ལ་ཤ་ཚ་ཡོད་མཁན་ཞིག་དང་དྲང་པོ་ཞིག་མཐོང་གི་པར་དགའ་པོ་བྱུང་། ཐུགས་རྗེ་ཆེ།
༧རྒྱལ་བ་རིན་པོ་ཆེན་ངོས་ནས་ཤུགས་ལྡན་བཀག་ཆེད་དུ་སོ་སོའི་དགེ་བའི་བཤེས་གཉེན་དང་འབངས་མི་སེར་གྱི་ལ་རྒྱ་མ་སྲུང་པར་ཁ་དང་ཁ་སྤུ་དབྱེ་འབྱེད་དང་། ཆོས་དང་ཟང་ཟིང་གི་འབྲེལ་བ་རང་གིས་བཅད་པ་དང་། འབངས་མི་སེར་གྱི་ནང་ཁུལ་དུ་བཅད་བཅུག་པ་ནི་མིག་མཐོང་ལག་ཟིན་རེད། མ་གཏོགས་ཤུགས་ལྡན་ཚོགས་པས་ངོས་ནས་ཚུར་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད། ཁ་དང་ཁ་སྤུ་དབྱེ་འབྱེད་བྱས་པ་ཤིག་རྩ་བ་ནས་མ་རེད། ཚུར་ལ་རྒྱ་མེད་པའི་ལས་ཀ་བྱས་པ་མ་རེད་བསམས་ཀྱི་འདུག
ལྷ་འདྲེ་དེའི་ཆེད་དུ་སུ་ཡིས་བོད་མི་རིགས་ཀྱི་ལ་རྒྱ་གཏིང་བརྗེད་སོང་ཡོད་ན་མི་དེས་ཚུར་མཐུན་ཐབས་བྱེད་ཀྱི་མ་རེད། ཤུགས་ལྡན་ཚོགས་པས་ངོས་ནས་ཚུར་འོང་གི་ཡིན། ལྷ་བརྟེན་ཆོག་པའི་ཐོབ་ཐང་སྤྲོད་རོགས་བྱོས་ཟེར་བཞིན་འདུག ༧རྒྱལ་བ་རིན་པོ་ཆེན་ཕྱོགས་ནས་ཤུགས་ལྡན་བརྟེན་ན་ཡོང་མི་དགོས་ཟེར་བཞིན་འདུག ངའི་ཆོས་བཤད་ས་སླེབས་མ་འོང་གསུངས་ཀྱི་འདུག ངས་བལྟས་ན་རྒྱལ་བ་རིན་པོ་ཆེན་མི་དྲང་པ་རེད་བསམས་ཀྱི་འདུག
དོལ་རྒྱལ་ཚོགས་པས་གནས་ཆུང་བརྟེན་གྱི་མཚམས་མ་བཞག་ན་༧རྒྱལ་བ་རིན་པོ་ཆེན་དང་ཆོས་དང་ཟང་ཟིང་གི་འབྲེལ་བཅད་ཀྱི་ཡིན་ཟེར་བའི་དབང་དུ་བཏང་ན་རྒྱལ་བ་རིན་པོ་ཆེན་གྱིས་གནས་ཆུང་བརྟེན་གྱི་མཚམས་བཞག་གི་རེད་དམ་མ་རེད། ངས་བལྟས་ན་བཞག་གི་མ་རེད། དེ་འདྲ་ཡིན་དུས་༧རྒྱལ་བ་རིན་ཆེན་དྲང་པོ་མ་རེད་བ།
དོལ་རྒྱལ་ཚོགས་པའི་ཚོགས་མི་བློ་བཟང་དཔལ་ལྡན་གྱིས་༧རྒྱལ་བ་རིན་པོ་གྱིས་གནས་ཆུང་དང་ཚེ་རིང་མཆོད་ལྔ་སོགས་ལྔ་དྲུག་ཞིག་བརྟེན་གྱི་འདུག ང་ཚོས་ཤུགས་ལྡན་བརྟེན་མི་ཆོག་གསུངས་ན་དྲང་བདེན་མ་རེད། ཁོང་རང་གིས་ལྷ་འདྲེ་ཙ་རེ་ཙི་ར་འདི་དག་བརྟེན་གྱི་མཚམས་ཞོག་དང་། ཉིན་མོ་དེ་ནས་ཁོ་རང་གིས་ཤུགས་བརྟེན་གྱི་མིན་ཟེར་བཞིན་འདུག དེ་མིན་ན་་་དྲང་པོ་མ་རེད་ཟེར་བཞིན་འདུག
གཉིས་པ། བོད་དོན་ཆེད་དུ་ངོ་རྒོལ་ལས་འགན་ནང་དུ་ཞུགས་མ་ཞུགས་ནི་ཕྱོགས་གཉིས་ཀ་འདྲ་འདྲ་རེད། ༧རྒྱལ་བ་རིན་པོ་ཆེན་བོད་དོན་ཆེད་དུ་ངོ་རྒོལ་སྐད་འབོད་དང་ལས་འགན་ནང་དུ་མ་ཞུགས་ནས་རྒྱུན་རིང་རེད། དོལ་རྒྱལ་ཚོགས་པ་དང་སྐུ་སྒེར་ཡིག་ཚང་གཉིས་ཀ་བོད་དོན་གྱི་ཆེད་དུ་ངོ་རྒོལ་ལས་འགུལ་ལ་ཞུགས་ཀྱི་མེད་པ་གཅིག་པ་རེད། ཁྱད་པ་ཅི་མ་མཐོང་།
༧རྒྱལ་བ་རིན་པོ་ཆེན་མཆོད་འབུལ་སྨོན་ལམ་འདྲ་ནི་བྱས་ཀྱི་ཡོད་ཀྱི་རེད། བསྔོ་རྟེན་ཕུལ་ཡོང་དུས་སྨོན་ལམ་ཞིག་མ་འདོན་ན་རྒྱུ་འབྲས་ལ་ཡང་རུང་གི་མ་རེད་བ། དོལ་རྒྱལ་པ་ལ་ནི་བསྔོ་རྟེན་འདྲ་ཕུལ་མཁན་ཡང་བྱུང་ཡོད་ཀྱི་མ་རེད། སྨོན་ལམ་འདྲ་འདོན་གྱི་ཡོད་མེད་མི་ཤེས། བོད་ནང་གི་རང་ལུས་མེར་སྲོག་བཏང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་༧རྒྱལ་བ་རིན་ཆེན་མཚན་ནས་འབོད་བཞིན་མེ་སྤར་བ་རེད།
མདོ་དོན་་་ང་ཚོས་གཅིག་བཟང་གཅིག་ངན་གྱི་སྐད་ཆ་བཞག་ནས་་་ཕྱོགས་གཉིས་ཀྱི་བར་དུ་མཐུན་ལམ་ཡོང་ཐབས་ལ་འབད་བརྩོན་བྱེད། དཔེར་ན། ༧རྒྱལ་བ་རིན་པོ་ཆེན་གྱིས་དོལ་རྒྱལ་བརྟེན་དང་མི་བརྟེན་སོ་སོའི་འདོད་པ་བྱོས། ཆོས་དང་ཟང་ཟིང་གི་འབྲེལ་བ་བྱེད་ཀྱི་ཡིན། བཙན་བྱོལ་སྤྱི་ཚོགས་ནང་དུ་དབྱེ་འབྱེན་རྩ་བ་ནས་མེད། སྔོན་མ་ནང་བཞིན་ཡིན། ཆོས་དད་རང་དབང་ཡིན་གསུང་ན་་་ད་དུང་དོལ་རྒྱལ་ཚོགས་པས་ཉན་གྱི་མིན་ཟེར་ན་་་་དེ་ནས་རྒྱ་ཕོག་ཟ་མཁན་དང་ལ་རྒྱ་མེད་མཁན་རེད་ལབ་ན་འགྲིག་པ་རེད། རྗེས་སུ་ཤེས་ཡོང་གི་རེད་འདོད།
ཀློག་པ་པོ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བློ་མཐུན་གཞོལ་གཡག་འབྲོང་རྒྱུད་ལགས། ཕེབས་པར་དགའ་པོ་བྱུང་། ཁྱོད་ཀྱིས་གསུངས་པ་ལྟར་ངས་རང་ངོས་ལྷ་འདྲེ་སུ་བརྟེན་གྱི་མེད་ལ་ཡིད་ཆེས་ཡང་མེད། བོད་ཀྱི་སྲུང་མ་མདའ་ཁུར་མདུང་ཁུར་འཇིགས་སྐུལ་དྲག་སྤྱོད་པའི་ཟོལ་ལྟར་ཡོད་མཁན་འདི་དག་དཔལ་ན་ལན་ཌའི་ཆོས་ལུགས་ཀྱི་ལུགས་སྲོལ་ཞིག་ཀྱང་མ་རེད་བསམས་ཀྱི་ཡོད། ཡིན་ཀྱང་རྨོངས་དད་མགོ་རྣམས་ལ་བཤད་ས་མི་འདུག་ག
གཉིས་པ། ༧རྒྱལ་བ་རིན་པོ་རིན་གྱིས་དོལ་རྒྱལ་བ་ལ་དབྱེ་འབྱེད་དང་བཀག་སྡོམ་བྱས་ཡོད་པ་ནི་མིག་མཐོང་ལག་ཟིན་རེད་འདུག གློག་བརྙན་བལྟ་ཡ་འདུག
གསུམ་པ། ལྷ་འདྲེ་ཁུངས་དག་མིན་རྩོད་ནས་ཕན་ཐོགས་མེད། ལྷ་ཡིན་ན་ཡིན། འདྲེ་ཡིན་ན་ཡིན། རྟོག་བཏགས་ཁོ་ན་ཡིན་ན་ཡིན། ཁ་ཆེ་ཡིན་ན་ཡིན། ཡེ་ཤུ་ཡིན་ན་ཡིན། བོད་མིའི་ལུས་ལེན་པའི་མི་ཡོངས་རྫོགས་ལ་ཐོང་ཐང་འདྲ་མཉམ་དགོས། དབྱེ་འབྱེད་བྱེད་ན་འགྲིག་གི་མ་རེད་བསམས་ཀྱི་འདུག
བཞི་པ། ང་རང་ཚོས་སྔ་ནས་ཆིག་སྒྲིལ་རྩ་བའི་རྩ་དོན་ཞིག་ངོས་འཛིན་བྱུང་བ་ལྟར་དོལ་ཚོགས་དང་ཆིག་སྒྲིལ་ཡོང་དགོས་པ་ནི་གལ་ཆེན་དོན་ཆེན་ཡིན།
ཨོ་ཡ་་་་ཚེ་རིང་རྒྱུ། ཉལ་རན་སོང་། སང་ཉིན་མུ་མཐུད་བཀའ་མོས་ཞུ་ཆོག གྲོས་སྡུར་བྱེད་ཆོག དཀོན་མཆོག་གསུམ་གིས་སྐྱོབས།
ངོ་མ་དོན་དངོས་རེད་བསམ་གི
ཅི་རི་ཨབ་ཕྲུག དོལ་རྒྱལ་ཚོགས་པ་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་ནས་ཁ་དང་ཁ་སྤུ་དབྱེ་འབྱེད་བྱེད་དགོས་དོན་ཨེ་ཤེས། དེ་ལྟར་མ་བྱས་པའི་སྔོན་ལ་ཁོ་ཚོས་ཅི་ཞིག་བྱས་འདུག་ཁྱོད་རང་མིག་ཡོད་མཁན་ཞིག་ཡིན་ན་ཡག་པོ་ལྟོས། སེམས་ཡོད་མཁན་ཞིག་ཡིན་ན་ཡག་པོ་སོམས། བོད་ལ་ཤུགས་ལྡན་སྟེན་གསོལ་དར་ཁྱབ་བྱུང་བ་དེས་ཆོས་རྒྱུད་བར་གྱི་མཐུན་སྒྲིལ་ལ་གནོད་སྐྱོན་ཤུགས་ཆེན་པོ་བྱུང་ཡོད་པ་རེད། དོལ་རྒྱལ་རྗེས་འབྲང་བ་ཕ་ཝོང་ཁ་པའི་སློབ་མ་ལྕང་མ་རྟོག་ལྡན་སོགས་ཀྱིས་ཁམས་སྨར་ཁམས་སོགས་སུ་གུ་རུའི་སྐུ་བཤིག་པ་དང་། པདྨ་མ་བཀའ་ཐང་མེ་ལ་སྲེག་པ་སོགས་རིག་གསར་ཆུང་ཆུང་ཞིག་སློང་མྱོང་བ་རེད། དེ་བཞིན་རྙིང་མ་བཀའ་རྒྱུད་ཚོས་དོལ་རྒྱལ་གྱི་མིང་ཐོས་པ་ཙམ་ལ་ཡང་རྣམ་རྟོག་རྩི་ཡི་ཡོད་པ་རེདལ། དོལ་རྒྱལ་བ་ཚོས་རྙིང་མའི་དཔེ་ཆ་ཙམ་ཞིག་ནང་ལ་བཞག་པར་ཡང་རྣམ་རྟོག་རྩི་ཡི་ཡོད་པ་རེད། གོང་ས་མཆོག་གིས་གནས་སྟངས་དེ་མཁྱེན་པའི་ཐོག་ནས་ཆོས་རྒྱུད་ནང་ཁུལ་གྱི་མཐུན་སྒྲིལ་དང་དམ་ཚིག་འོ་ཆུ་ཅིག་འདྲེས་ཡོང་ཆེད་དོལ་རྒྱལ་དམ་བསྒྲགས་གནང་བ་རེད། ཁྱོད་རང་གིས་བསམ་བློ་ཞིག་ཐོངས། ཆོས་རྒྱུད་བར་གྱི་མཐུན་སྒྲིལ་གལ་ཆེ་ཡི་རེད་དམ་འཇིག་རྟེན་དྲེག་པ་ཞིག་སྟེན་གསོལ་བྱེད་པ་དེ་གལ་ཆེ་ཡི་རེད། དོལ་རྒྱལ་སྟེན་གསོལ་གྱི་གནོད་སྐྱོན་ཤེས་བཞིན་དུ་ཁྱོད་ཚོ་ཚུར་ཤོག་དོལ་རྒྱལ་སྟེན་གསོལ་གྱིས་ཞེས་ཇི་ལྟར་གསུང་ཤེས་ཀྱི་རེད། ཁྱོད་རང་ཅོ་རི་ཉི་མ་རང་ཉིད་ཀྱི་ཁ་ཕོར་ཁོ་ན་ལས་སྤྱི་དོན་ལ་བསམ་བློ་མཁོར་མ་མྱོང་བ་ཞིག་ཡིན་དུ་བསམ་བློ་དེ་འདྲ་འཁོར་ཆོག་ཆོག་ཡོད་པ་རེད་དེ། བོད་སྤྱི་དོན་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ན་དོལ་རྒྱལ་བ་ཁ་ཤས་ཚུར་འགུག་ཆེད་དོལ་རྒྱལ་སྟེན་ཆོག་པ་ཞིག་བཟོ་བའི་བསམ་བློ་འཁོར་མི་སྲིད་པ་རེད། གནས་ཆུང་སྟེན་མཁན་ཚོས་བོད་སྤྱི་ལ་གནོད་པའི་ལས་ཀ་གང་ཡང་བྱས་མེད་པ་རེད་ལ། དོལ་རྒྱལ་བས་གནོད་པ་བྱེད་ཀྱི་ཡོད་པ་ནི་གོང་དུ་བཤད་པ་ལྟར་རེད། དེ་བཞིན་དོལ་རྒྱལ་དམ་ཉམ་བདུག་འདྲེ་ཞིག་དང་གནས་ཆུང་བསྟན་སྲུང་ཚུལ་ལྡན་ཞིག་སྡུར་བ་བྱེད་པ་ནི་གསེར་དང་ར་གན་སྡུར་བ་རང་རེད། ཁྱེད་རང་གིས་བཟང་དང་ངན་ཡག་དང་བཙོག་གི་དབྱེ་བ་མེད་པར་ཚང་མ་མཚུང་སྡུར་བྱེད་པ་ནི་རང་ལ་བཟང་ངན་དབྱེ་འབྱེད་ཀྱི་རྣམ་དཔྱོད་མེད་པའི་རང་རྟགས་གསལ་པོ་བསྟན་འདུག ངོ་རྒོལ་སྐད་འབོད་ནང་ལ་མ་ཞུགས་ན་བོད་དོན་སྒྲུབ་ཀྱི་མེད་པ་རེད་དམ། རྒྱལ་བ་རིན་པོ་ཆེས་ཉིན་མཚན་དུས་དྲུག་ཏུ་བོད་དོན་གྱི་ཆེད་དུ་སྐུ་ལས་སྐྱོན་སྐད་ཆ་བཤད་པ་ལ་རྟེན་ནས་བོད་པ་ཟེར་དུས་མགོ་བོ་སྟེག་ནས་འགྲོ་ཆོག་པ་འདི་བྱུང་བ་རེད་ལ། ཁོང་གི་བཀའ་དྲིན་ལ་རྟེན་ནས་བཙན་བྱོལ་སྒྲིག་འཛུགས་དང་སློབ་གྲྭ་ཁག་བཙུག་ནས་ལས་བྱེད་སང་སློབ་ཕྲུག་སྟོང་ཕྲག་མང་པོ་གསོ་སྐྱོང་བྱེས་ཐུབ་པ་བྱུང་བ་རེད། ཁྱོད་ཅོ་རི་ཉི་མ་ཡང་ལོ་ཁ་ཁས་དགོན་སྡེའི་ནང་ལ་འབྲས་ལྡ་ལི་ཟ་ཡ་རག་པ་དེ་ཡང་། དཔའ་རྒྱ་ཚ་ལྷ་བབ་བྱུང་བ་དེ། བསམ་ཤེས་ན་ཨ་ཁུའི་བཀའ་དྲིན་རེད། དོ་རྒྱལ་བ་ཚོས་བོས་ལ་ཕན་པའི་ལས་ཀ་ཅི་ཞིག་བྱེད་མྱོང་བ་རེད། སྣ་ཁ་ཅིག་སྟན་རྒྱུ་འདུག་ན་ངས་ལོ་བཅུ་ལ་རྩམ་པ་མི་ཟ་བའི་དམ་བཅའ་ལེན་ཆོག
དེང་སང་གཞོན་སྐྱེས་མང་པོས་རང་གཞུང་ལ་བསུན་སྣང་སྐྱེ་དགོས་དོན་ཀྱང་འདི་ལ་ཐུག་ཡོད། ད་དུང་མུ་མཐུད་ནས་འདི་འདྲ་གནང་ན་འབྲེལ་ཡོད་དོན་གཅོད་ཁག་ལ་ཡིད་ཆེས་མེད་པ་མ་ཟད། ཕྱིན་ཆད་སྒོ་བརྒྱག་པར་ཤོག་ཅིག་སྨོན་ལམ་འདེབས་སར་ཐུག་ཡོད། ང་དང་ངའི་གྲོགས་པོ་མང་པོར་R.C དང་དེབ་ལྗང་གཉིས་ཀྱིས་དཀའ་ངལ་ཚད་མེད་སྤྲད་དེ་རྒྱལ་ཁབ་གཞན་གྱི་ལག་ཁྱེར་བཟོ་མཁན་ཀྱང་ཉུང་ཉུང་གཏན་ནས་མིན། འདིའི་ཐོག་ཏུ་རང་གཞུང་ནས་ཐུགས་ཁུར་མང་ཙམ་གནང་རོགས་ཞུ།
འདི་དཀའ་ངལ་སྣོན་མ་ཞིག་རེད། ང་ཚོ་ཕལ་བ་ཚོར་འཕྲད་པའི་དཀའ་ངལ་ཞིག་རེད། བྱེད་སྟངས་འདི་འདྲ་ཇེ་མང་ཇེ་མང་རེད།
སྔར་དྲོ་བདེ་ལེགས་དྲ་གྲོགས་ཚོ། བློ་མཐུན་གཞོལ་གཡག་ལགས། མུ་མཐུད་ཀྱི་ཡིན་ད།
སྐུ་ཉིད་ཀྱིས་གསུངས་པ་ལྟར་རྒྱ་གཞུང་དང་དོལ་ཚོགས་བར་གྱི་འབྲེལ་དང་། ཕོག་ཟ་གི་ཡོད་མེད་སོགས་ཀྱི་སྐབས་ནས་གླེང་།
ང་ཡང་དོགས་པ་ཏོག་ཙམ་ཟ་གི་ཡོད། དོལ་ཚོགས་པའི་མི་རེ་གཉིས་ལ་དོགས་པ་ཏོག་ཙམ་རེ་ཟ་གི་ཡོད། ༦རྒྱལ་བ་རིན་ཆེན་ཕྱོགས་ལ་དེ་ལས་དོགས་པ་མང་ཟ་གི་ཡོད།
༡་་་་ཡིན་ཀྱང་དོལ་རྒྱལ་ཚོགས་པའི་མི་རེ་གཉིས་ཀྱིས་རྒྱ་ཕོག་ཟ་གི་ཡོད་ན་ནི་མི་ཤེས། མི་དམངས་ཀྱིས་ཟ་གི་མེད་པ་ངས་ཡིད་ཆེས་བྱེད་ཀྱི་ཡོད། གལ་སྲིད་རྒྱ་ཕོག་ཟ་མཁན་རེ་གཉིས་ཡོད་པའི་དབང་བཏང་ཡང་དོལ་ཚོགས་དང་ཆིག་སྒྲིལ་ངེས་པ་ཏུ་བྱ་དགོས།
༢་་་ང་རང་ཚོས་སྔོན་མ་ནས་གྲོས་སྡུར་བྱས་ཟིན་པ་ལྟར་་་རྒྱའི་ཕོག་གཟན་པ་དངོས་གནས་ཀྲུང་ཞིའི་འཕགས་པ་གས་གཙོ་བོ་གྱུར་པའི་བོད་མི་རྒྱའི་ལས་བྱེད་པ་ཡོངས་རྫོགས་དང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་ལ་ནི་འགྱུར་བ་ཡང་མེད། ཁོང་ཚོ་ནི་ཕོག་གཟན་དངོས་གནས་རེད།
༣་་་་སྔོན་མའི་ལུགས་རྙིང་ཞིག་ལ་་་ཁྱོད་ཐད་ཝན་ཕོག་རེད་ཕར་རྒྱུགས་ཟེར་ནས་ཕུད། ཁྱོད་རྒྱ་ཕོག་ཟ་མཁན་རེད་ཟེར་ནས་ཕར་ཕུད། དེ་ནས་ཕར་ཕར་ཐག་རིང་དུ་བཏང་བསྡད་པ་རེད། ངས་བསམས་ན་འདི་དག་ནོར་འཁྲུལ་རེད་འདུག སྔོན་མ་མི་མང་པོ་ཐད་ཝན་ཕོག་རེད་ཟེར་ནས་སྤྱི་ཚོགས་ནང་ནས་རྒྱང་རིང་བཏང་སོང་། ག་རེ་ཕན་སོང་ངམ།
༤་་་་༧རྒྱལ་བ་རིན་པོ་ཆེན་ཕྱོགས་ཀྱིས་རྒྱ་ཕོག་ཟ་གི་མེད་པ་སུ་ཡིས་ཤེས། རྒྱ་ལོ་དོན་འགྲུབ་ཧོང་ཀོང་བཞུགས་ཡོད་རེད། རྒྱའི་ལུང་པ་རེད། རྒྱ་གཞུང་འོག་ཏུ་བསྡད་ཡོད་རེད། རྒྱ་ལོའི་བུ་ཐད་ཝན་ཕོག་གཟན་ཡིན་པར་ལི་ཐང་ཨ་ཐར་གྱིས་གསལ་པོ་དག་པོ་བཤད་འདུག རྒྱ་མི་ཕོག་ཟ་གི་མེད་པའི་ཡིད་ཆེས་སུ་ལ་ཡོད། རྒྱ་གཞུང་ཡིན་ནའང་ཕོག་སྤྲོད་ན་མི་འདི་འདྲ་སྤྲོད་རེད་མ་གཏོགས་་་བོད་པའི་སྤྱི་ཚོགས་ནང་དུ་ནུས་མེད་དོལ་ཚོགས་མི་དམངས་ལྟ་བུ་ལ་སྤྲད་ན་རྒྱ་གཞུང་ལ་ཁེ་ཕན་ཆུང་ཆུང་རེད་བ།
༥་་་་ངས་བསམ་ཚུལ་བྱས་ན་་་ཕོག་གཟན་སུ་ཡིན་ན་ཡིན། ཕོག་གཟན་པ་འཕགས་པ་ལགས་ཡིན་ནའང་མཐུན་སྒྲིལ་བྱ་དགོས། སྔོན་ནས་ང་རང་ཚོས་ཏང་མི་ཕོག་གཟན་པ་རྣམས་དང་མཐུན་སྒྲིལ་བྱ་དགོས་བཤད་ཡོད་ལ་མུ་མཐུད་ནས་ལག་ལེན་ཐོགས་སྐུལ་དེད་གཏོང་དགོས།
༦་་་་རྒྱ་ཕོག་ཟ་མཁན་ལས་བོད་སྤྱི་པའི་སྤྱི་དངུལ་ལྐོག་ཟ་བྱེད་མཁན་འདིི་དག་བོད་མི་དམངས་ཀྱི་ཁ་ཕོར་འཕྲོག་མཁན་ངོ་མ་རེད། ལྐོག་ཟ་རུལ་སུངས་ཀྱི་ཁེངས་བའི་ཡུལ་ལུང་ཞིག་ལ་རང་བཙན་དང་རང་སྐྱོང་གང་ཡོད་ཀྱང་་་་མི་དམངས་ཉམ་ཆུང་རྣམས་ལ་ཁེ་ཕན་རག་མི་སྲིད། མི་དམངས་ཉམ་ཆུང་ཚོས་ཁེ་ཕན་མ་ཐོབ་ན་རང་བཙན་ཡོད་ཀྱང་ཕན་ཐོགས་མེད། ལྐོག་ས་རུལ་སུངས་ནི་མི་དམངས་ཀྱི་དགྲ་བོ་ང་མ་ཡིན།
༧་་་་མདོ་དོན་བོད་ལུས་ལེན་ཚད་ཚང་མས་མཐུན་སྒྲིལ་བྱ་དགོས། བོད་ཆེན་པོའི་དར་ཆ་འཕྱར་དགོས། བོད་ཆེན་པོའི་ལ་རྒྱ་འཛིན་དགོས། བོད་ཆེན་པོའི་གནད་དོན་དེ་ཉིད་རང་གི་དོན་དག་ཡིན་པར་ཤེས་བཅུག་དགོས། བོད་ལུས་ལེན་ཚད་ཐམས་ཅད་ཆིག་སྒྲིལ་བཟོ་ཐུབ་པའི་ཉིན་མོར་བོད་ལ་རྒྱལ་ཁ་ཐོབ་ཚར་བ་ཡིན། དེའི་ཕྱིར། བོད་མི་ཁུལ་དུ་འགལ་ཟླ་ག་ཚོད་ཡོད་ན་གཉིས་ཕན་དང་གྲོས་མོས་རྒྱུད་ནས་དཀའ་ངལ་སེལ་ཐུབ་པ་བྱ་དགོས་པ་འདོད་ཀྱི་ཡོད་ལགས།
ཐུགས་རྗེ་ཆེ།
ལུང་རྟོགས་ལགས་་་སྔ་དྲོ་བདེ་ལེགས།
༡་་་་དོལ་རྒྱལ་བརྟེན་མཁན་ཚོས་གུ་རུའི་འབུམ་འཚོགས་ལ་ཡོང་གི་མི་འདུག གུ་རུའི་སྐུ་ཆུ་ལ་གཡུགས་སོང་། ཆོས་ལུགས་མཐུན་སྒྲིལ་ལ་གནོད་ཀྱི་འདུག བཀའ་རྒྱུད་པའི་དགོན་པ་ཞིག་གི་ནང་དུ་༧རྒྱལ་བ་རིན་པོ་ཆེན་ཕེབས་དུས་བཀའ་རྒྱུད་པ་ཚོས་ཁོང་གི་མཉམ་དུ་འདྲེ་ཞིག་བསླེབས་འོང་འདུག་ཟེར་བའི་སྐད་ཆ་འདི་དག་ལ་སྙིང་པོ་གང་ཡང་མི་འདུག
ངས་སྔོན་མ་ནས་ལབ་ཡོད། བཀའ་རྒྱུད་དང་ཇོ་ནང་། རྙིང་མ་དང་བོན་པོ། ཆོས་རྒྱུད་བཞི་ཀའི་དགྲ་བོ་ངོ་མ་དེ་ནི་སྐུ་ཕྲེང་ལྔ་པ་རེད། ཆོས་རྒྱུད་དེ་དག་གི་གྲྭ་པ་སྟོང་ཕྲག་དང་སྟོང་ཕྲག་བསད་མཁན་སྐུ་ཕྲེང་ལྔ་པ་རེད། དགོན་སྡེ་བརྒྱ་ཕྲག་མང་པོ་དགེ་ལུགས་ལ་་བསྒྱུར་མཁན་སྐུ་ཕྲེང་ལྔ་པ་རེད། ལྷ་རྟེན་ཆོས་གསུམ་མེ་ལ་བསྲེགས་སྐུ་ཕྲེང་ལྔ་པ་རེད། གུ་རུའི་སྐུ་ཞིག་ཆུ་ལ་གཡུགས་སོང་ཟེར་ལྟ་བུ་མ་རེད། ཆོས་རྒྱུད་ཤིག་རྩ་མེད་གཏོང་ཆེད་དུ་མེར་བསྲེགས་བྱས་པ་རེད།
འདི་ལ་་་་རང་སྐྱོན་རི་འདྲ་བ་དེར་བསྐུངས་ནས་བཞག གཞན་སྐྱོན་རིལ་མ་འདྲ་བ་དེར་བཙལ་ནས་རྒྱུགས་ཟེར་ལེ་རེད།།།
༢་་་སྐུ་ཕྲེང་ལྔ་པ་ལ་དད་པ་བྱས། ཕྱག་འཚལ། སྨོན་ལམ་འདེབས། སྐུ་ཕུང་གསེར་དངུལ་ནང་དུ་བཅུག་ནས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་ཁང་ནང་དུ་བཞག་ཡོད་རེད། འདིས་ཆོས་ལུགས་མཐུན་འབྲེལ་ལ་མ་གནོད་ན་་དོལ་རྒྱལ་ཟེར་བའི་དངོས་མེད་ལྷ་འདྲེ་ཞིག་གིས་ཆོས་ལུགས་མཐུན་འབྲེལ་ལ་གནོད་དགོས་པའི་རྒྱུ་མཚན་རྩ་བ་ནས་མི་འདུག ཧམ་བཤད་དང་ལོག་བཤད་དེ་དག་ཁས་ལེན་གྱི་མིན་ལ་གནད་ལུགས་ཀྱི་ངོས་ནས་ཁས་ལེན་གྱི་མ་རེད།
༣་་་་་ཨོ་རེད་་་ད་་་གནས་ཆུང་གསེར་དང་ཤུགས་ལྡན་རག་རེད། དགེ་འདུན་ཆོས་ཀྱི་ཉི་མ་སྤྲུལ་སྐུ་དང་རྒྱལ་མཚན་ནོར་བུ་སྤྲུལ་རྫུན། ཨོ་རྒྱུན་རྡོ་རྗེ་་་ཀརྨ་པ་དངོས་དང་མཐའ་ཡས་རྡོ་རྗེ་རྫུན་མ་རེད་ཟེར་བ་འདི་དག་ཁུངས་དང་ལུང་། རྒྱུ་མཚན་ཡང་དག་ཞིག་རྩ་བ་ནས་མི་འདུག ཚང་མ་གཅིག་པ་རེད་འདུག གསེར་འབུམ་དཀྲུགས་པ་འདྲ་འདྲ། རྟོག་བཏགས་ཡིན་པར་འདྲ་འདྲ།
འདི་འདྲ་བའི་དངོས་ཡོད་གནས་ཚུལ་དང་འགལ་བ། དངོས་སྟོབས་རིག་པ་དང་འགལ་བའི་སྐད་ཆ་རྐྱང་རྐྱང་བཤད། ལས་ཀ་རྐྱང་རྐྱང་བྱས་ནས་རྙོག་དྲགས་རྫོགས་རྒྱུ་མེད་པ་རེད། ཤེས་སོང་ངམ།
སྔོན་མ་་ཆོས་ལུགས་ཁག་གིས་ལྟ་བ་དང་གྲུབ་མཐའ་བཟང་ངན་བརྩད་ནས་ཤཀྱའི་རྒྱལ་པོ་རྐང་ནས་འདྲེན་ཡོད་པ་ནི་གསལ་པོ་རེད། མུ་མཐུད་རྐང་འདྲེན་གྱི་ཡིན་ནམ།
ཨོ་རེད་་་ལུང་རྟོགས་ལགས། ཁྱོད་ཀྱིས་ང་ཅོ་རི་ཁ་ཕོར་ཁོ་ནར་བསམ་བློ་བཏང་མཁན། དོལ་ཕྲུག རྒྱ་དགའ། རྒྱའི་རྒྱུགས་ཁྱི། སོགས་རེད་ཟེར་གི་རེད། འདིི་དག་ཐམས་ཅད་ལ་བདེན་པ་ཟེར་བ་སྤུ་རྐང་གཅིག་ཀྱང་ཡོད་མ་རེད། ཁྱོད་ཚོས་འདི་འདྲ་བཤད་བཤད་ཀྱིས་ཁྱོད་རང་ཚོའི་སྐད་ཆ་ལ་ཡིད་ཆེས་བརླགས་སོང་བ་རེད།
ཁྱོད་ཀྱི་བཤད་པ་ལྟར་ང་ཅོ་རི་མི་དེ་འདྲ་ཞིག་མིན་པར་ངས་ཤེས་ཀྱི་ཡོད། ཁྱོད་ཀྱིས་ང་ལ་མ་ཉེས་ཁ་གཡོགས་བྱས་ཀྱི་ཡོད་པར་ངས་ཤེས་ཀྱི་ཡོད། ངའི་སེམས་ལ་ག་རེ་དྲན་འོང་གི་འདུག་ཟེར་ན་་ཁྱོད་ཚོས་མི་གཞན་ལ་ཡང་མ་ཉེས་ཁ་གཡོགས་ང་ལ་བྱས་པ་ལྟར་བྱས་ཀྱི་ཡོད་ཀྱི་རེད་བསམས་ཀྱི་འདུག བྱས་ཙང་ཁྱོད་ཚོའི་སྐད་ཆ་ལ་ཡིད་ཆེས་མེད། ཚུལ་གསུམ་རིགས་པ་ཁོ་ནས་དཔྱོད་ཀྱི་ཡིན་མ་གཏོགས་ཁྱོད་ཚོའི་སྐད་ཆ་ལ་ཡིད་ཆེས་རྩ་བ་ནས་བྲལ་སོང་།
ཁྱོད་ཀྱིས་ང་ཅོ་རི་ཁ་ཕོར་ཁོ་ནར་བསམ་པ་མ་གཏོགས་བོད་པའི་སྤྱི་དོན་བསམ་མཁན་མ་རེད་ཟེར་གྱི་ཡོད་རེད། ངས་ངོས་ནས་བོད་མི་ཡོངས་རྫོགས་ང་ཅོ་རི་ལྟ་བུ་ཡིན་ན་བོད་རང་བཙན་འཐོབ་ངེས་རེད་བསམས་ཀྱི་ཡོད། དཀོན་མཆོག་གསུམ་པོ་དཔུང་དུ་བཙུགས། སོ་སོས་སོ་སོར་ལ་རིན་ཐང་དེ་ཙམ་སྤྲད་ཀྱི་ཡོད་ལ་དོན་དངོས་པོའི་ཐོག་ཏུ་ང་ཅོ་རི་མྱི་དེ་འདྲ་ཞིག་སྐྱེས་ནས་ཡོད།་ངའི་ལས་དབང་རེད། མཚམས་མཚམས་བོད་པའི་སྤྱི་དོན་བསམས་མང་དྲགས་ནས་རྒྱོབ་རྒྱག་ཡང་བརྗེད་འགྲོ་གི་འདུག་་ཧཧཧ་་་་ཁ་ཕོར་བསམ་གྱི་ག་པ་ག་པ
མདོ་ན་བོད་ཡོངས་ཀྱིས་ཤེས་དགོས་པ་ནི་ཆིག་སྒྲིལ་མེད་ན་རྒྱལ་ཁ་འཐོབ་ཀྱི་མེད་པ་དེར་ཤེས་དགོས། བོད་ཀྱི་སྲིད་སྐྱོང་སེང་གེ་གཙོ་བོ་གྱུར་པའི་གཞོན་སྐྱེས་ཤེས་ཡོན་ཅན་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་ནི་བོད་དོན་འཐབ་རྩོད་ཀྱི་རྩ་དོན་གལ་ཆེན་ཤོས་ལ་ངོས་འཛིན་གནང་ཡོད། རྒྱལ་གཅེས་དཔའ་བོ་དཔའ་མོ་རང་ལུས་མེར་སྲེག་བཏང་མཁན་ཚོས་ང་ཚོ་ལ་མཐུན་སྒྲིལ་བྱོས་ཟེར་ནས་ཁ་ཆེམས་བཞག་ཡོད།
བློ་མཐུན་ལགས། གཞི་རྩའི་རྒྱ་ཕོག་ཟ་མཁན་ཚོ་སྒེར་ལ་ཁེ་བཟང་བྱུང་བ་མ་ཟད་འབྱོར་ལྡན་དུ་གྱུར་པ་ཡང་མང་པོ་རེད། འོན་ཀྱང་རང་དབང་ལུང་པའི་ནང་གི་རྒྱ་ཕོག་ཟ་མཁན་དང་བོད་ནང་ཡོད་པའི་རྒྱ་ཕོག་ཟ་མཁན་ལ་དབྱེ་གཞི་ཏོག་ཙམ་འཇོག་དགོས་མེད་དམ་དྲན་ཡོད། ལྷག་པར་དུ་ཐེ་ཝན་གྱི་བོད་སོག་ལས་ཁུངས་བརྒྱུད་ནས་ཕོག་ཟན་པ་ཚོའི་དུས་རབས་མཇུག་སྒྲིལ་ཟིན་པ་རེད་ལ་དེའི་ཁོངས་སུ་བོད་ཀྱི་བླ་ཆེན་དཔོན་ཆེན་ཡང་མང་པོ་ཚུད་ཡོད་པ་རེད། འོན་ཀྱང་བོད་སོག་ལས་ཁུངས་ནུས་མེད་དུ་སོང་བ་དང་མཉམ་དུ་ཕོག་ཁང་གི་ཕོག་རྫས་ཡང་རྫོགས་པ་དུས་མཉམ་རེད་ལ་ཟ་མཁན་ཚོ་ཡང་ཁེ་བཟང་བྱུང་བ་དངོས་ཡོད་རེད། འདི་ནི་རྒྱལ་ཁབ་གཅིག་དང་མི་རིགས་མི་རིགས་གཅིག་གི་རྩ་དོན་འཐབ་རྩོད་ལ་གནོད་སྐྱོན་གང་ཡང་བྱུང་མེད་པ་རེད། གལ་ཏེ་བོད་སོག་ལས་ཁུངས་རྒྱུན་གནས་ཐུབ་པ་མ་ཟད་ནུས་ལྡན་དུ་གྱུར་ཡོད་ན་བོད་ཀྱི་རྩ་དོན་འཐབ་རྩོད་དེ་ཡང་གནས་བབས་གང་འདྲ་ཞིག་གི་འོག་ཏུ་འགྲོ་དགོས་མིན་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད་པ་རེད། དཔེར་ན་བོད་སོག་ལས་ཁུངས་ཀྱི་དམིགས་ཡུལ་ནི་གུང་ཁྲན་ཏང་དང་བོད་སོག་པོ་བཅས་པ་གོ་མིན་ཏང་གི་དབང་གྱུར་འོག་གནས་དགོས་པ་བཤད་ཀྱིན་པ་རེད། འདི་ནི་གྲུབ་ཏུ་མི་བཏུབ་པའི་དམིགས་ཡུལ་ཞིག་རེད་དྲན་ཡོད་ལ་གཉིད་མ་ཉམ་གོང་གི་རྨི་ལམ་འདྲ་པོ་ཞིག་ཆགས་ཡོད་པ་རེད། གང་ལྟར་འདི་ནི་ཁེ་ཕན་ལེན་མཁན་དང་མི་ལེན་མཁན་ཁེ་ཕན་ཐོབ་མཁན་དང་མ་ཐོབ་མཁན་དབར་གྱི་རྩོད་རྙོག་འདྲ་པོའི་གནས་སྟངས་ཞིག་ལས་རྩ་དོན་ལ་གཡོ་འགུལ་གང་ཡང་ཕྱིན་མེད་པ་འདྲ་པོ་རེད།
དེ་དེ་བཞིན་བོད་ནང་གི་གུང་ཁྲན་ཏང་མི་རྒྱ་ཕོག་ལེན་མཁན་ནང་ལ་རིམ་པ་གསུམ་ཙམ་གྱི་དབྱེ་གཞི་འཇོག་དགོས་མེད་དྲོ། རིམ་པ་དང་པོ་དེ་༧པཎ་ཆེན་རིན་པོ་ཆེ་དབུས་པའི་ང་འཕོད་ལ་སོགས་པའི་མཐོ་རིམ་ལས་བྱེད་མང་པོ་ཞིག་ཡོད་པ་རེད། ཁོང་རྣམས་ནི་ཀྱག་ཀྱོག་གི་ལམ་ཕྲན་མང་དག་བརྒྱུད་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལ་རྒྱ་གདུང་ཞེན་དོར་མེད་པའི་མི་རིགས་ཀྱི་དོན་དུ་ལས་མཁན་བ་ཞིག་ཕལ་ཆེར་རེད།
རིམ་པ་གཉིས་པ་དེ་ཕྱིས་བྱུང་གི་གུང་ཁྲན་ཏང་མི་རྒྱལ་མཚན་ནོར་བུ་དང་རག་སྡིས། བྱམས་པ་ཕུན་ཚོགས། ད་ལྟའི་བློ་བཟང་རྒྱལ་མཚན་དང་པདྨ་འཕྲིན་ལས་སོགས་རེད། འདི་ཚོ་ཕལ་ཆེར་རང་ཁེ་སྒྲུབ་མཁན་དང་རང་གི་རྐུབ་སྟེགས་ཤོར་ཉེན་གྱིས་ཡར་ཏང་ལ་སྤྲེལ་ལད་འཁྲབ་མཁན་དང་མར་བོད་རིགས་མི་དམངས་ཀྱི་མངོན་འདོད་ལ་རྡོག་རྫིས་དང་མི་དམངས་ཀྱི་བསམ་ཚུལ་ལ་མི་ལྟ་བར་བཙན་གནོན་དྲག་གནོན་འོག་ཏང་གི་ཅི་གསུངས་བཀའ་སྒྲུབ་ཞུ་གང་ཐུབ་ཞུ་འཇུག་མཁན་གྱི་གྲས་རེད་དྲན་ཡོད། གཅིག་བྱས་ན་དབང་ཤུགས་བེད་སྤྱོད་ཀྱི་རང་དབང་ཡོད་མིན་ཡང་མི་ཤེས་མོད། གོ་གནས་དང་དབང་ཤུགས་གང་ཙམ་ཡོད་པའི་ཏང་ཡོན་དེ་ཚོས་མི་དམངས་ལ་ཞབས་འདེགས་མི་དམན་པ་གྲུབ་ཐུབ་པའི་གོ་སྐབས་གཏན་གཏན་ཡོད་པ་རེད། འོན་ཀྱང་དེ་ཚོའི་ནང་དངོས་གནས་མི་རིགས་ཀྱི་ལྟ་བ་དང་ཞེན་ཁོག། ལ་རྒྱ་ཡོད་མིན་ཞིབ་འཇུག་བྱེད་དགོས་པའི་གནས་དོན་ཞིག་ཀྱང་རེད།
དེ་ནས་རིམ་པ་གསུམ་པ་དེ། བོད་ནང་གི་རྒྱ་ཕོག་ལེན་མཁན་ཏང་གི་ལས་བྱེད་ཏང་ཡོན་དང་ཏང་ཡོན་མ་ཡིན་པའི་ལས་བྱེད་དཀྱུས་མ་ཚོ་རེད་ཁོ་ཚོ་མང་ཆེ་བ་ནི་རང་རང་གི་ལས་འགན་བསྒྲུབ་རྒྱུ་ལས་དབང་ཚད་ཅི་ཡང་མེད་པ་རེད། རེད་དེ་ཞིང་ཆེན་དང་རྫོང་དང་ཤང་རིམ་པ་ཁག་གི་ལས་བྱེད་ནང་ཡང་རྣམ་པ་མི་འདྲ་བ་མང་པོ་ཡོད་པ་རེད། འགའ་རེ་ནི་མི་དམངས་ལ་ཞབས་འདེགས་སྒྲུབ་མཁན་དང་ལ་རེ་ནི་མགོ་བདེ་དྲན་འཁྲུལ་གྱིས་མི་དམངས་ལ་དབང་ཆ་བེད་སྤྱོད་ལོག་པར་གཏོང་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་རེད། གང་ལྟར་ཕྱོགས་སྡོམས་བྱས་ན་རང་རང་གི་ལྟོ་གོས་གཏམ་གསུམ་དང་ཁྱིམ་ཚང་གི་དོན་དུ་མ་བྱེད་རང་བྱེད་འདྲ་ཞིག་རེད་ལ་འདོད་བློ་ཁེངས་པ་ཞིག་རྩ་བ་ནས་ཡོད་རྒྱུ་མ་རེད་སྙམ།
དེས་ན་བཙན་བྱོལ་རང་དབང་དུ་ཡོད་པའི་རྒྱ་ཕོག་ལེན་མཁན་ཚོ་ནི་རང་ཁེ་དོན་གཉེར་འབའ་ཞིག་ལས་མི་རིགས་ཀྱི་རྩ་དོན་འཐབ་རྩོད་བསམ་བློ་གཏོང་གི་མེད་པ་རེད་ལ་མི་རིགས་ཀྱི་ལྟ་བ། ལ་རྒྱ། གདུང་ཞེན། མི་རིགས་ཀྱི་འདུ་ཤེས་མེད་པ་གསལ་གསལ་དག་དག་རེད། རྒྱུ་མཚན་དེ་ལྟ་བས་ན་དབུས་འཐབ་ཕྱོགས་གཅིག་གྱུར་པུས་ལོ་གཉིས་ཙམ་གོང་ནས་འདིའི་ཐོག་ཐབས་རྒྱ་ཇུས་སྟོང་འཐེན་བཞིན་པའི་དམིགས་ཡུལ་དང་མཇུག་འབྲས་ལ་ང་ཚོས་བསམ་བློ་ངེས་ཅན་གཏོང་དགོས་པ་དེ་ཡང་གནད་ཀྱི་དོན་པོ་རེད།
གཞི་རྩའི་རྡོག་རྩ་གཅིག་སྒྲིལ་གལ་ཆེན་རེེད་ལ་ནང་རུལ་ལ་དོག་ཟོན་དང་ཐེར་འདོན་བྱེད་རྒྱུ་དེ་ཡང་རྒྱལ་ཁབ་ཡོད་མིན་ལ་མ་ལྟོས་པར་རྩ་དོན་བསྒྲུབ་མཁན་ཚང་མར་ཡོད་བསྡད་པ་རེད་ལ་རྩ་དོན་གྲུབ་པར་འགག་རྡོ་ཡོད་ན་མེད་ན་ཞིག་ཀྱང་རེད་དྲན་ཡོད།
དེ་ལྟ་བས་ན་དོལ་རྒྱལ་ཚོགས་པས་ཆོས་ལུགས་མཆོག་འཛིན་གྱི་བསམ་བློ་དོར་ནས་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་ལག་གདང་སྦྲེལ་ཡོད་ན་ནང་ཁུལ་ལྟ་གྲུབ་ཅུང་ཟད་མི་མཐུན་པའི་རྙོག་འཛིང་འདི་རང་བཞིན་གྱིས་ཞི་འགྲོ་བ་སྨྲོས་མེད་རེད།
བྱས་ཙང་དོལ་ཚོགས་ཀྱིས་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཞོར་ལ་བཞག་ཏེས་རྒྱལ་སྤྱིའི་སྟེང་ཆོས་ལུགས་ཁ་ལ་འཁྱེར་ནས་འཐབ་རྩོད་བྱེད་སྟངས་འདི་ཡང་ཡག་པོ་ཞིག་ཁྱོན་ནས་མ་རེད། ལྷག་པར་དུ་༧ཏཱ་ལའི་བླ་མར་དད་མོས་རང་དབང་ཡིན་ཡང་ཁོང་ལོ་རྒྱུས་རང་བཞིན་གྱི་བཀོད་བཞག་པའི་མི་སྣ་ཞིག་ཡིན་ཙང་གུས་ཞབས་བྱེད་རྒྱུ་དེ་རང་དབང་ཡོད་པའི་རྒྱལ་ཁབ་ཚང་མའི་འགྲོ་སྟངས་ཞིག་རེད་ལ་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་གལ་ཆེན་ཆགས་ཡོད་པ་རེད། བྱས་ཙང་ཉེ་འཆར་ནོར་ཝེའི་མཐོ་རིམ་དཔོན་རིགས་ཀྱིས་རྒྱ་ནག་གི་གནོན་ཤུགས་ལ་ལྟོས་ཏེས་ཁོང་ལ་མཇལ་འཕྲད་མ་ཞུས་པ་དེ་དོལ་ཚོགས་ཀྱིས་དགའ་བསུ་ཞུས་པ་རེད་ལ་ཀྲུང་གོས་ནམ་རྒྱུན་བེད་སྤྱོད་བྱེད་བཞིན་པའི་སྨོད་ཚིག་དེ་ཚོ་བསྐྱར་ཟློས་ཡང་ཟློས་བྱེད་ཀྱི་འདུག། བྱེད་སྟངས་བཤད་སྟངས་འདི་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་འདོད་ཐོག་ལ་རྟ་རྒྱུག་གིན་མེད་དྲོ་སྙམ་པའི་དོགས་པ་མ་ཟ་རང་ཟ་རེད།
དེས་ན་བོད་རྒྱ་གཉིས་ཀྱི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཇི་བཞིན་ང་ཚོས་ཐུན་མོང་གི་གཞི་རྟེན་ངོ་མ་ཞིིག་ཇི་ལྟར་འཚོལ་དགོས་མིན་བསམ་བློ་གཏོང་དགོས་པ་དེ་ཡང་གལ་ཆེན་རེད་སྙམ།
ཅོ་རི་བློ་མཐུན་གྱིས་ཆིག་སྒྲིལ་བཤད་པ་ཞིག་དེ་རིང་ཁ་སང་མ་གཏོགས་གོ་མ་མྱོང་། དོལ་ཚོགས་ཕམ་ཉེས་ལ་འགྲོ་གྲབ་ཡོད་དུས་གཞི་ནས་ཅོ་རིའི་ཆིག་སྒྲིལ་བཤད་ཤེས་ཡོང་བ་རེད་དམ། ཧཧཧ ཁྱོད་ཅོ་རི་ལ་སྤྱི་སེམས་དེ་འདྲ་ཞིག་ཡོད་ན་དེ་སྔ་ཡན་ཆད་བོད་དོན་ཆེད་དུ་ལས་ཀ་ཅི་ཞིག་བྱེད་མྱོང་ཅིག་གསུང་དང་། ང་ཁ་བརྡ་དྲ་རྒྱར་སླེབས་ནས་ལོ་ཁ་ཤས་ཡིན་ཡང་། ཅོ་རི་ཉི་མས་རྟག་པར་བོད་རང་ཉིད་ཀྱི་བླ་མ་དང་དབུ་ཁྲིད་ཚོར་ཁ་གཏོང་ནས་སྡད་པ་ལས། ཁ་ཕར་སྐོར་ནས་རྒྱ་གུང་ཕྲན་ལ་ངོ་རྒོལ་གྱི་སྐད་ཆ་ཚིག་ཅིག་བཤད་པ་ཞིག་མཐོང་མ་མྱོང་། ཅོ་རིས་རང་བཙན་རྩོད་ས་དེ་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ཡིན་པ་འདྲ་རེད་དམ། ངས་ཀྱང་རྒྱ་ཁྱི་དང་དོལ་ཚིགས་སོགས་གང་བཤད་ཀྱང་གནས་ལུགས་རྒྱུ་མཚན་ཞིག་ལ་འཇུས་ནས་བཤད་པ་ལས་གཞི་མེད་སྐྱོན་བརྗོད་བྱས་པ་ཅིག་ཀྱང་མི་དྲན། ཁྱོད་ཅོ་རིའི་བསམ་ཚུལ་དང་མ་མཐུན་ན་དངོས་ཡོད་གནས་ཚུལ་དང་འགལ་བ་དངོས་སྟོབས་རིག་པ་དང་འགལ་བ་ཡིན་པ་འདྲ། ཧཧཧ དེ་འདྲའི་དགོད་བྲོ་བའི་སྐད་ཆ་བཤད་ན་ངོ་མི་ཚའམ། གང་ལྟར་བཟང་དང་ངན་བདེན་པ་དང་རྫུན་མ་ཞེས་པ་དེ་ནི་དགའ་སྡུག་གི་རྣམ་རྟོག་མ་ཟད་བར་དུ་འཇིག་རྟེན་འདིས་སྟེང་ལ་གྲུབ་ཟིན་པ་ཞིག་ཡིན་དུས་བཀག་ཐབས་མེད་པ་རེད། གནས་ཆུང་གསེར་དང་ཤུགས་ལྡན་རག་ཡིན་པ་དངོས་དོན་རེད་ལ། དགེ་འདུན་ཆོས་ཀྱི་ཉི་མ་ཡང་སྲིད་ངོ་མ་དང་རྒྱལ་མཚན་ནོར་བུ་རྫུན་མ་ཡིན་པ་དངོས་དོན་རེད། འདི་ཚོ་ནི་ཚད་མས་ཐག་གཅོད་ཟིན་པ་ཞིག་ཡིན་པས་སུས་ཀྱང་ལྡོག་ཐབས་མེས་པ་རེད། ཁྱོད་རང་གི་བློ་ལ་མ་བབ་པའི་སྐད་ཆ་དེ་ཚོ་ལ་སྙིང་པོ་གང་ཡང་ཡོད་རྒྱུ་མ་རེད་དེ། གནས་ལུགས་ཞིས་པ་དེ་ཁྱེད་རང་གི་བློ་ལ་བབ་མ་བབ་ཀྱིས་ཐག་ཅོད་རྒྱུ་ཞིག་མ་རེད་དོ། གོང་ས་སྐུ་འཕྲེང་ལྔ་པ་མི་གང་འདྲ་ཞིག་ཡིན་མིན་བོད་མི་ཚང་མས་ཤེས་ཀྱི་རེད། ཆོས་ལུགས་བསྒྱུར་མཁན་དང་གྲྭ་པ་བསད་མཁན་ནི་དགེ་ལུགས་པའི་བླ་རྒན་ཕྱོགས་ཞན་ཅན་ཁ་ཤས་དང་སོག་དམག་རེད་མ་གཏོགས་གོང་ས་སྐུ་འཕྲེང་ལྔ་པ་མ་རེད། དེའི་རྒྱུ་མཚན་ཡང་རྒྱལ་བ་སྐུ་འཕྲེང་རིམ་བྱོན་གྱི་ནང་ནས་རིས་མེད་ལ་དོ་སྣང་དང་ཉམ་ལེན་གནང་མཁན་ནི་གོང་ས་སྐུ་འཕྲེང་ལྔ་པ་དང་བཅུ་བཞི་པ་ཆེན་པོ་གཉིས་ཡིན་པ་ལོ་རྒྱས་དང་གསུང་འབུམ་ལ་ལྟས་ན་ཤེས། དེས་ན་འདི་གཉིས་ལ་སྡང་ཟུག་བྱེད་མཁན་རྣམས་ནི་ཕྱོགས་ཞེན་ཁོ་ནས་དུས་འདའ་བའི་དོལ་རྒྱལ་རྗེས་འབྲང་འབྲང་མཁན་ཡིན་པ་གསལ་པོ་སྟན་པ་རེད། ཤེས་ཨེ་སོང་།
བློ་མཐུན་འབྲོང་ལགས་་་དཀོན་མཆོག་གིས་སྐྱོབས།
དེ་རིང་བློ་སྒོ་གསར་པ་ཞིག་ཕྱེས་བྱུང་། བོད་རྒྱ་ཐུན་མོང་གི་རྟེན་གཞི་འཚོལ་བའི་སྔོན་དུ་་་བོད་ཆེན་པོའི་མི་རིགས་ཀྱི་ཐུན་མོང་གི་གཞིར་འཚོལ་དགོས་པ་ནི་གལ་ཆེན་དོན་ཆེན་རེད། བོད་ཆེན་པོའི་མི་རིགས་ཀྱི་ཐུན་མོང་གི་རྟེན་གཞི་ཞིག་འཚོལ་མ་ཐུབ་པའི་སྔོན་དུ་རྒྱ་བོད་གཉིས་ཐུན་མོང་གི་རྟེན་གཞི་འཚོལ་ཡིན་ཟེར་བ་འདི་ཨ་མ་སྒོ་རྒྱབ་ཕུད་ནས་བྱང་ཆུབ་ཀྱི་སེམས་སྐྱེད་ཀྱི་ཡིན་ཟེར་བ་དང་གཅིག་པ་རེད།
བོད་ཆེན་པོའི་མི་རིགས་ཀྱི་ཐུན་མོང་གི་རྟེན་གཞི་འཚོལ་བར་ལྟ་གྲུབ་དང་རིག་གནས་ག་འདྲ་ཞིག་བེད་སྤྱོད་དགོས་མིན་ཐོག་ཏུ་ཐུགས་ཞིབ་བཞེས་གནང་རོགས་བྱོས། རྗེས་སུ་ང་རང་ཚོས་མཉམ་གླེང་བྱེད།
རྐུ་ངོ་ལུང་རྟོགས་ལགས།
ཁྱོད་ཀྱིས་ང་ཅོ་རིས་ཆིག་སྒྲིལ་དེ་རིང་ཁ་སང་མ་གཏོགས་བཤད་མ་སོང་ཟེར་བའི་འདི་གཅིག་པོའི་དྲ་བ་འདི་ལ་འཁོར་བའི་བོད་མི་ཡོངས་གྱིས་ཁྱོད་རང་རྫུན་བཤད་མཁན་ཞིག་ཡིན་པ་ཤེས་སོང་བ་རེད། གཅིག་རེད།
གཉིས་པ། རྡ་སའི་བླ་དཔོན་རྣམས་ལ་སྐྱོན་བརྗོད་བྱེད་ཀྱི་འདུག་ཟེར་བ་ནི་ཁྱོད་རང་བདེན་པ་བདེན་རྐྱང་ཡིན། ངས་སྔ་ཡང་སྐྱོན་བརྗོད་བྱས་ཡོད་ལ་མ་འོངས་པ་མུ་མཐུད་ཀྱི་ཡིན། ཇི་སྲིད་བོད་མི་རིགས་ལ་སྒེར་གཅོད་བྱེད་མཁན་གྱི་བླ་དཔོན་ཚོས་སྒེར་གཅོད་དང་ལྐོག་ཟ་བྱེད་ཀྱི་མཚམས་མ་བཞག་བར་དུ་ངས་ངོ་རྒོལ་དང་སྐྱོན་བརྗོད་བྱ་ངེས་ཡིན། མ་ཟད་རང་སྲོག་རྟ་རྔ་འདྲ་བ་འདི་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་་ཚོས་ལག་ཏུ་ཤོར་ནའང་འགྱོད་པ་སྤུ་ཙམ་མེད། བོད་མི་རིགས་ཀྱི་དགྲ་བོ་ངོ་མ་རེད།
གསུམ་པ། སྤྲུལ་སྐུ་གཅིག་རྫུན་མ་ཡིན་པ། གཅིག་དངོས་གནས་ཡིན་པ། ལྷ་གཅིག་རྫུན་མ་ཡིན་པ། གཅིག་དངོས་གནས་ཡིན་པར་ཚད་མས་ཐག་བཅད་ཨེ།་་་་ཧཧཧཧཧཧཧ ཁྱོད་ཚོས་སྤྲུལ་སྐུ་ཐག་གཅོད་བྱེད་རྐྱེན་གསེར་བུམ་དེ་ཚད་མ་ཨེ་རེད། ངས་ལབ་ཡིན་པ་་་ཁྱོད་ལ་ལྷ་ཆོས་མི་ཆོས་གང་ཐོག་ཏུ་ཡང་ཤེས་ཚོད་མི་འདུག་ལབ་པ་ཡིན། ལྟོས་དང་། སྐྱེ་བ་སྔ་ཕྱི་ཐག་གཅོད་ཐུབ་པའི་གསེར་བུམ་ཚད་མ་ཞིག་ཡོད་ན་་་དཔལ་ན་ལེན་ཌའི་སློབ་དཔོན་ཚོས་རྟོག་གེ་རིགས་པའི་ཐོག་ནས་སྒྲུབ་དགོས་པའི་དོན་མེད་པའི་ཕྱིར། འཁོར་གསུམ།་ཡིན་ད།
བཞི་པ། ཕྲེང་ལྔ་པས་ལོ་རྒྱུས་ཐོག་ཏུ་བྱས་མྱངས་བའི་ནོར་འཁྲུལ་གྱི་རི་མོ་དེར་ཐལ་བས་བཀག་ཐུབ་ཀྱི་མ་རེད། བདེན་པ་ཐལ་བས་བཀག་ཐུབ་སོང་ན་་་ལས་རྒྱུ་འབྲས་ཟེར་བ་མེད་ངེས་ཡིན།
ལྔ་པ། ཁ་རྒྱ་ལ་འཁོར་སྐད་ཆ་གཅིག་ཀྱང་བཤད་མ་སོང་ཟེར་གི་ཡོད་རེད། དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲུང་ཝན་ཆིང་ལ་དགག་རྩོམ་བྲིས་མྱངས་ཡོད། ༢༠༡༡་ལོེར་རེད། ཏྭ་ལའི་མས་ང་རྒྱ་གར་བུ་ཡིན་ཟེར་བའི་་་ཡེ་རྡོ་ཡི་དགག་རྩོམ་ལ་དགག་ལན་བརྒྱབས་མྱངས་ཡོད། ད་དུང་ཡོད། མང་པོ་ཡོད། ཟམ་གདོང་བླ་མ་ཁྱོད་གཉིས་རྫུན་ལ་བལྟ་ཡ་ག་རེ་ཡོད།་་་་ཧཧཧ
དྲུག་པ། བོད་རང་བཙན་རྩོད་དགོས་ས་དང་པོར་དབུ་མའི་ལམ་ཚང་ཡིན། དབུ་མའིོ་ལམ་ཕྱིར་སྡུད་མ་བྱེད་ན་བོད་རང་བཙན་ཡོང་ཐབས་མེད། གུན་ཁྲན་ཏང་གི་མཉམ་དུ་བོད་རང་བཙན་རྩོད་སའི་ཁོར་ཡུག་མེད། ངའི་བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་མའི་ནང་དུ་གསལ་གསལ་དག་དག་བཀོད་ཡོད། ༢༠༡༠་ལོར་བྲིས་པ་ཡིན།ང་ཅོ་རི་ཕུགས་བསམ་སྣེ་གཅིག་མེད་པའི་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོ་ནང་བཞིན་མིན། བོད་མི་རིགས་ཀྱི་ཆེད་དུ་ཕུགས་བསམ་རིང་པོ་ཡོད།
ལུང་རྟོགས་ལགས། རྒྱ་ནག་ལ་ཅིག་ལབ་དགོས་ན། ཐོག་མར་མའོ་ཚེ་ཐུང་ལ་ལབ་དགོས་རེད་དེ། གོང་ས་མཆོག་གིས་མའོ་ནི་ཡབ་ལྟ་བུ་ཡིན་གསུངས་ཟིན་་པས། ད་བྲོས་བྱོལ་སྤྱི་ཚོགས་ནང་དུ་བཤད་ཕོད་མཁན་དཀོན་སེ་མིན་འགྲོ
ཇོ་རུ་ཉི་མ་ཟེར་བ་འདྲེ་ཡིན་པ་དེ་རིང་མ་གཏོགས་མ་ཤེས་། ཇོ་འདྲེ་ བོད་རིགས་ནང་ཁུ་མཐུན་སྒྲིག་དགོས་དང་དགོས་། འདྲེ་རྟེན་ན་ལྷ་རྟེན་ན་སོ་སོའི་འདོད་པ་རེད། རྒྱལ་བ་རིན་པོ་ཆེར་མ་ཉེས་ཁག་གཡོག་བྱེད་དོན་ཅི་རེད། རྒྱལ་བ་རིན་པོ་ཆེ་རྐང་མགོར་དྲུད་ནས་འགྲོ་དགོས་དོན་ཅི་རེད། རྒྱལ་བ་རིན་པོ་ཆེ་ལ་དམའ་འབེབས་བྱེད་དགོས་དོན་ཅི་རེད། རྒྱ་འདྲེ་ཁྱོད་ཙུམ། དྲ་ལམ་ནས་ཁྱེད་ཅག་གི་ངོ་དགོང་མཐོང་གི་རེད། རེ་རེ་བཞིན་དག་དག་བཟོས་ཆོག། ད་ཁྱེད་ཚོ་ལང་ཤོར་དུ་གཏོང་འདོད་བསམ་ཡིད་ན་མེད། མེད་པ་གཏོང་ཁོ་ཐག་ཡིན། དམྱལ་བའི་ས་ཞབས་ནས་སྐྱེ་རྒྱུ་བོ།
ཅོ་རི་བློ་མཐུན་ལགས། དེ་རིང་ཁར་སང་གི་སྐད་ཆ་འདི་མིན་པའི་ཆིག་སྒྲིལ་ཞིག་གང་དུ་བཤད་མྱོང་ན་ཅིག་སྟོན་དང་ཇི་ལྟར་བཤད་ཡོད་མེད་ལྟ་འདོད་ཡོད། གཉིས། བོད་མི་རིགས་ལ་སྒེར་བཅོད་དང་ལྐོག་ཟ་རུལ་སུང་བྱེད་མཁན་ནི་རྒྱ་ནག་དམར་ཤོགས་ཀྱི་དཔོན་པོ་རྣམས་རེད། ཁྱོད་ཅོ་རི་ལ་སྒེར་གཅོད་དང་རུལ་སུང་ལ་ངོ་རྒོལ་ཆད་དུ་ཤི་རྒྱུར་མི་འཇིགས་པ་དཔའ་དེ་འདྲ་ཞིག་ཡོད་ན་བོད་ནང་ལ་སོང་ནས་དེ་ཚོ་ལ་ངོ་རྒོལ་ཞིག་གྱིས་དང་ངས་ཁྱོད་རང་གི་རྐང་པ་ལ་ཕྱག་འཚལ་ཆོག སྐྲག་མི་དགོས་ས་ལ་དཔའ་སྐད་སུས་ཀྱང་མཐེན་ཕོད་ལེ་རེད། ལུང་སྟོང་ནང་ལ་ཀི་རྒྱས་རྒྱང་མཁན་དེ་འདྲ་ལ་དཔའ་བོ་ཟེར་ལེ་མ་རེད་དོ། གསེར་བུམ་ཚད་མར་འཛིན་མཁན་རྒྱ་ནག་གཞུང་རེད་མ་གཏོགས་བོད་གངས་ཅན་པས་ལྷ་བླའི་ལུང་སྟན་ལ་རྟེན་ནས་ཡང་སྲིད་ཐག་བཅོད་བྱེད་པ་ལས་གསེར་བུམ་ལ་ཡིད་ཆེས་བྱས་པའི་ལོ་རྒྱུས་མེད། ལྷ་བླའི་ལུང་སྟན་རྫུན་མ་རེད་ཟེར་བ་ཡིན་ན་ཁྱེད་རང་དམར་ཤོག་གི་ལྟ་བ་འཛིན་མཁན་ཞིག་གིས་དེ་ལྟར་བསམ་ཆོག་ན་ཡང་། ང་ཚོ་སྐྱེ་བ་སྔ་ཕྱི་དང་ལྷ་དང་བླ་མ་ཁས་ལེན་མཁན་ཚོས་དེ་ལྟར་ཁས་ལེན་གྱི་མེད། བཞི། སྐུ་འཕྲེང་ལྔ་པས་ཅི་ཞིག་གནང་ཡོད་མེད་ལོ་རྒྱུས་ནང་ལ་གསལ་ལྷང་ངེར་ཡོད་པས་ཁྱོད་རང་གིས་བདེན་པ་ཐལ་བས་བཀབ་དགོས་བསམ་ན་ཡང་ཡོང་ཐབས་མེད་པ་རེད། ལྔ། ཁྱོད་རང་གིས་རྒྱ་ལ་ཅིག་བཤད་ཡོད་མདོག་བྱེད་ཀྱི་འདུག་ཀྱང་དོན་ལ་བོད་རྒོལ་ལས་རྒྱ་རྒོལ་བྱས་པའི་ལོ་རྒྱུས་མེད། དབུ་མའི་ལམ་ཕྱིར་སྡུ་བྱས་ན་བོད་རང་བཙན་ལེན་ཐུབས་པའི་ཐབས་ལམ་ཅི་ཞིག་ཡོད། ཐབས་ལམ་དང་གདེང་ཚོད་གང་ཡང་མེད་པར་ཁ་སྟོང་ནང་ནས་ཚིག་སྟོང་བཤད་པས་བོད་རང་བཙན་ལེན་མི་ཐུབ། དེ་ཐུབ་ན་ཁྱེད་རང་གིས་བོད་རང་བཙན་སྔ་ནས་ལེན་ཚར་བ་ཡོད།
ཀར་བློ་ལགས། མའོ་ཤི་ནས་རོ་ཡང་རུལ་ཚར་བ་རེད། ཤི་བླ་རྡུང་སྡད་པས་ཅི་ཕན། བོད་ལ་དཀའ་ངལ་སྤྲད་མཁན་ནི་ད་ལྟའི་མགོ་ཁྲིད་ཚོ་རེད། འོན་ཀྱང་ཅོ་རི་ཁྱེད་རང་གཉིས་ཀྱི་ཕ་རྒན་འདི་ཚོ་ཡིན་དུས་ཁྱེད་རད་གཉིས་ཀྱིས་ཅིག་ལབ་རྒྱུའི་རེ་བ་གང་ཡང་མེད་དོ། ཧཧ
ཨོ་ཡ་་་་ད་ཁྱོད་ཚོ་ལ་གནད་ལུགས་རྒྱུ་མཚན་དེ་ལས་བཤད་མེད་དུས་ངས་དེ་རིང་གླེང་མཚམས་འདིར་བཞག་གི་ཡིན། གསོད་ཀྱི་ཡིན་དང་རྡུང་གི་ཡིན་ཟེར་མཁན་གྱི་འཇིགས་དྲག་སྤྱོད་པའི་ཕྱོགས་ཁག་བསླེབས་སོང་།
ང་ཅོ་རི་ལ་དམ་བཅའ་ཞིག་ཡོད་ནི་འདི་ཡིན།
ཉམ་ཆུང་མི་ཡི་གཉའ་ནས་མི་གནོན་ཞིང་།
སྒེར་གཅོད་མདུན་དུ་པུས་མོ་མི་འཛུགས་པ།
འདི་ནི་ཅོ་རིའི་དམ་ཚིག་དང་པོ་སྟེ།
སྲོག་ལ་བབ་ཀྱང་འབད་པའི་སྲུང་བ་ངེས་།་་་་་་་་་་ཅེས་པ་འདི་ཡིན། ཁྱོད་ཚོ་བཞུགས་གདན་འཇག
ཨོ་རེད་་་ཁྱོད་ཚོས་་ང་ཅོ་རི་ལ་རྒྱུ་མཚན་བཤད་རེའི་བྱས་ནས་མ་ཐུབ། རྟགས་བཀོད་རེའི་བྱས་ནས་མ་ཐུབ། ལོ་རྒྱུས་བཤད་རེའི་བྱས་ནས་མ་ཐུབ དྲང་བདེན་གྱི་ཐོག་ནས་མ་ཐུབ། མཐའ་མ་་ཁྱོད་ཚོས་གྲི་འཕྱར་ནས་ངའི་ཐོག་ཏུ་རྒྱུགས་དགོས་པའི་དུས་ཚོད་ཤིག་བྱུང་ན་་་ངས་མི་ཚེ་འདི་ལ་སློབ་སྦྱོང་བྱས་པ་རྣམས་དོན་མེད་དུ་ཕྱིན་མ་སོང་བསམ་ཀྱི་ཡིན། བཞུགས་གདན་འཇག
དོལ་ཁྱི་འདི་ཚོ་དགྱ་ཁྱི་ལས་ཀྱང་སྡུག་པ། དགྱ་ཁྱི་འདི་ཚོ་དགྱ་མི་ལས་ཀྱང་སྡུག་པ། སྡུག་ཁྱི་འདི་ཚོའི་བར་ནས། རྣ་ལ་དལ་བ་མི་འདུག། སེམས་ལ་བདེ་བ་མི་འདུག།
མགོ་ཁ་ཆེ་ལག་པར་ལྷུང་དུས་དཔའ་བཤད་འདི་འདྲ་ཡོད་ན་སྐྱིད་པ་ལ། མ་གཞི། དཔའ་བོ་ཞིག་ཡིན་ན། དགྲ་ནང་ལ་བཞག་ནས་ཕྱི་ལ་བྲོས་བ་བརྗེད་སོང་བ་རེད་དམ། ངོ་ཚ་མ་ཤེས་བ་རེད།
བརྗོད་བྱ་དང་འབྲེལ་མེད་གླེང་ཉོག་མང་བ་ལ།
བོད་རྒྱལ་ཁབ་དང་མི་རིགས་གཅིག་གི་རྩ་དོན་འཐབ་རྩོད་བྱེད་ཀྱི་ཡིན་ན་ལྷ་རྩོད་འདྲེ་རྩོད་ཀྱི་འཐབ་རྩོད་ནང་དུ་མགོ་བཅུགས་སྡོད་པའི་དུས་ཚོད་ཞིག་མ་རེད་ལ། མཛུབ་མོ་ལྔ་བཅིངས་ཀྱི་ཁུ་ཚུར་དགྲ་ལ་རྡེག་དགོས་པའི་དུས་ཞིག་ཅི་ལ་མིན། འོན་ཀྱང་ལྷ་རྩོད་འདྲེ་རྩོད་འདིས་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་མུག་ཟད་ལ་འཐེབ་འཇུག་རྩིས་མིན་ནམ་སྙམ།
མ་གཞི་དོལ་ཚོགས་སྐོར་དེ་༧རྒྱལ་བ་རིན་པོ་ཆེས་ལམ་སྟོན་བཀའ་སློབ་དེ་ག་རང་འཇག་བཞགས་ནས་དོ་བདག་སོ་སོས་བླང་རྡོར་གནས་ལ་འཇུག་མིན་ལ་རག་ལུས་པ་ལས་གཞན་ཐབས་ལམ་མེད་པ་རེད། འོན་ཀྱང་ཟམ་གདོང་བཀའ་ཤག་གིས་གཞུང་རྒྱུ་བཏང་ནས་ལྷ་འདྲེ་གདོན་བགེགས་འདུལ་བའི་སྲིད་ཇུས་དང་ཁ་དང་ཁ་སྤུ་དབྱེ་འབྱེད་ཀྱི་སྲིད་ཇུས་དེ་ཡང་དག་ཞིག་ཁྱོན་ནས་མ་རེད་ལ། མཇུག་འབྲས་ད་ལྟ་མངོོན་གྱུར་གྱིས་༧རྒྱལ་བ་རིན་པོ་ཆེ་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་ལ་ཆིབས་བསྒྱུར་གྱི་གོ་སྐབས་བཟུངས་ནས་ངོ་རྒོལ་སྐད་འབོད་བྱེད་པ་མ་ཟད། བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་ནག་ཐིག་ཞིག་འཇོག་གིན་པ་རེད། ལྷག་པར་དུ་དབུས་འཐབ་ཕྱོགས་གཅིག་གྱུར་པུས་ལག་པ་འཆངས་ཀྱིན་མེད་དམ་སྙམ་པའི་དོག་པ་ཇེ་ཆེ་རེད། རྒྱུ་མཚན་དོལ་ཚོགས་ཆོས་ལུགས་རང་མོས་འཐབ་རྩོད་པ་ཞིག་ཡིན་ན་༧རྒྱལ་བ་རིན་པོ་ཆེ་གཏན་འཇགས་བཞུགས་གནས་རྡ་རམ་ས་ལར་སྐད་འབོད་མི་བྱེད་པར་ཆབ་སྲིད་ཀྱི་འཚོར་བ་རྐྱེན་པའི་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་ཅིའི་ཕྱིར་སྐད་ལོག་བརྒྱབ་ཀྱིན་པ་རེད།
དེས་ན་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་བསམ་བློའི་འདུ་ཤེས་རྣལ་མ་ཞིག་ཡོད་ན་ལྷ་རྩོད་འདྲེ་ཕྱོགས་ཕན་ཚུན་གཉིས་ཀས་བཟོད་སྲན་དང་འཚམས་འཇོག་བྱས་ན་ཅི་མ་རུང་།
གནས་ལུགས་རལ་གྲི་ཤུབ་ནས་ཕྱུང་བའི་དུས།།
དགྲ་བོོ་ཅོ་རི་ཝ་རྔ་ཤ་ལེར་བྲོས།།
དཔའ་གཏམ་དཔུང་པ་འཕུར་བའི་ཅོ་རི་ལ།།
བློ་ཁོག་འདི་ལས་མེད་ན་ཤ་རེ་ཚ།།
ཧཧཧཧ
བཙན་པོ་རྒྱ་དམར་དཔོན་པོ་ཟུར་ལ་བཞག།
ཉམ་ཆུང་བོད་མིའི་དབུ་ཁྲིད་སྟེང་ལ་ངར།།
ཕྱི་ནང་བཟང་ངན་དབྱེ་བ་མི་ཤེས་པའི།།
ཅོ་རི་གླེན་པ་ཁྱོད་ལ་སྙིང་རེ་རྗེ།།
མང་པོ་མི་བཤད་ལ་བཤད་ལོང་ཡང་མེད། གོང་དུ་གཞོལ་གཡག་འབྲོང་གིས་གནས་ལུགས་བཤད་པ་དེར་མོས་མཐུན་ཡོད། དོལ་ཚོགས་གིས་སྐད་འབོད་རྒྱ་གར་ནས་མི་བྱེད་པར་རྒྱལ་དབང་མཆོག་ནུབ་ཕྱོགས་ཡུལ་ཁག་ཏུ་ཕེབས་སྐབས་རྗེས་འདེད་གདོང་དོན་ཅི་རེད། འགྲོ་སོང་དེ་འདྲ་སུས་གཏོང་བ་རེད། བཏང་ནས་ཅི་ཞིག་སྒྲུབ་བཅུག་གི་འདུག འདི་རིགས་ལ་བསམ་བློ་གཏོང་རྒྱུ་ཏན་ཏན་ཡོད་རེད། ད་དུང་འདི་ལྟར་བྱས་བསྡད་ན་དོལ་ཚོགས་ལྷན་དུ་ཆིག་སྒྲིལ་ཞིག་ག་ནས་འོང་། ཆིག་སྒྲིལ་བྱེད་འདོད་ན་དོལ་ཚོགས་ཀིས་ཀྱང་མ་མཐའ་ཡང་རང་ཉིད་བོད་མི་ཞིག་ཡིན་པའི་འགན་དེ་ནམ་ཡང་འཁུར་དགོས་རེད། དེ་མེད་ན་བསམ་ཤེས་བྱེད་དོན་མེད་ལ་བྱས་ཀྱང་རང་སྡུག་རང་གིས་ཉོས་པ་ལས་ཕན་ཐོགས་སྐར་མ་གང་ཡང་མེད་པ་ཤེས་དགོས།
ཨ་ར་དཀར་པོ་ལགས། འདི་ལ་ཐེ་ཚོམ་ཟ་དགོས་དོན་ཅི་ཡོད། དོལ་ཚོགས་ལ་འགྲོ་སོང་རྒྱ་གཞུང་གིས་བཏང་གི་ཡོད་པ་རེད་ལ། བཏང་ནས་བོད་པ་ནང་ཁུལ་དཀྲུག་བཅུག་གི་ཡོད་པ་གསལ་པོ་གསལ་རྐྱང་རེད། དོལ་རྒྱལ་བ་དེ་ཚོས་ཀྱང་ཁ་ནས་དོལ་རྒྱལ་བཤད་ཁུལ་བྱས་པ་ལས་དོན་ལ་པད་ཤག་དམར་པོའི་བམ་ཁ་ལ་ལྟས་ནས་ལས་ཀ་བྱེད་ཀྱི་ཡོད་པ་མངོན་གསལ་རེད། མི་འདིས་རིགས་ལ་ཕར་བསམ་ཤེས་ག་ཚོད་བྱས་ཀྱང་ཚུར་བསམ་ཤེས་མི་བྱེད་པ་ནི་འདས་པའི་ལོ་རྒྱུས་ལས་ཤེས།
དེབ་སེར་དེ་ངོ་མ་རྙོག་བྲ་ཆེན་པོ་ཡིན་ཡ
དོལ་ཚོགས་དང་ཐོག་གཅིག་འོག་ལ་རླུང་མཉམ་དུ་མི་བརྔུབ་ཐག་གཅོད་ཡིན། ཅོ་རི་ཁོ་ཡང་དོལ་ཁྱི་དམར་ཞ་གྱོན་པ་ཞིག་རེད། ཤོད་ཅི་དགོས། དོལ་ཁྱི་དེ་ཚོ་ཁྱི་ལས་ལོད།
དོལ་ཚོགས་རྒྱུད་འཛིན་པས། གུ་རུ་སྐུ་ག་ཚད་ཆུ་ལ་གཡུག་ཡོད། པདྨ་བཀའ་ཐང་མེ་ལ་སྤར་ཡོད། རྙིང་མའི་བླ་མ་ག་ཚད་མགུལ
ཐག་བསྡམས་ཡོད། དེ་ཚོས་ལས་ནག་པོ་བཟོ་མཁན། རི་བོ་དགེ་ལྡན་པ་མ་རེད། རྗེ་ཡབ་སྲས་ཀྱི་རྒྱུད་རྣམ་དག་ཅན་པོ་མ་རེད། དེ་ནི་རུ་བོ་དགེ་ལྡན་བསྟན་ལ་དམ་སེལ་བཟི་མཁན་རྒྱལ་འངྲེ་འགོང་པོ་སྐྱབས་རྟེན་བཟོ་མཁན་ཚོགས་རེད། དིལ་ཚོགས་ལ་་ས་སྐྱ་བ་དང་། བཀའ་རྙིང་དང་། རི་བོ་དགེ་ལྡན་པ། ཇོ་ནང་བཅས་ཀྱི་འགལ་ཟླ་དམ་སེལ་ཁི་ན་ཡིན།
ད་མ་རྩོམ་དང་འབྲེལ་ནས་བསམ་ཚུལ་འགའ་བཤད་རྒྱུ་ཡིན། དེབ་སེར་པོའམ་ IC དེ་ཕྱི་མི་རྒྱ་གར་ནང་གནས་སྡོད་ཀྱི་ཕྲལ་སེལ་འགྲོ་སྐྱོད་ཀྱི་ལག་འཁྱེར་ཞིག་རེད། ཕྱོགས་གཅིག་ནས་རྒྱ་གར་གནས་ཚང་བཀའ་དྲིན་ཆེན་པོ་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན་ལག་དེབ་འདིའི་དཀའ་ངལ་རྫོགས་མཐའ་མེད་ཡ། མ་གཞི་ལག་དེབ་འདི་སྐྱབས་བཅོལ་ཚད་ལྡན་ཞིག་ངོས་འཛིན་མེད་པ་རེད་ལ་བོད་གཞུང་གིས་མི་དགོས་ཞེས་ལབ་པ་ཡིན་ནའང་འདྲ་རྒྱ་གར་གཞུང་གིས་མ་གནང་བ་ཡིན་ནའང་འདྲ། གང་ལྟར་འཛམ་གླིང་སྤྱི་ཡོངས་ཀྱི་སྐྱབས་བཅོལ་ལག་དེབ་སྤྲོད་སྟངས་དང་མཚུངས་ཀྱི་མེད་པ་དེ་རེད་ལ་ཁྲིམས་མཐུན་གྱིས་རྒྱལ་སྤྱིར་དེབ་སྐྱེལ་བྱས་མེད་པ་དེ་རེད། དེར་བརྟེན་ལག་དེབ་སེར་པོ་ལག་ཐོག་ཏུ་ཡོད་པ་མ་ཟད་གཞུང་ཚབ་ག་གེ་མོས་མཐོང་མཆན་ཚད་ལྡན་སྤྲད་ཟིན་པ་ཞིག་ཡིན་ན་ཡང་། ས་མཚམས་དང་གནམ་ཐང་སོགས་སུ་ལག་འཁྱེར་ཞིབ་བཤེར་ཁང་དུ་ལག་དེབ་གཞན་དང་མི་འདྲ་བ་འདྲི་རྩད་དང་འགའ་རེས་མཐོང་མྱོང་ཐོས་མྱོང་མེད་རབས་ཀྱིས་ཡར་འཁྱེར་མར་འཁྱེར་གྱིས་རྩད་གཅོད་ཀྱི་དུས་ཚོད་གང་འཚམས་འགོར་རྒྱུ་གཏན་འཁེལ་རེད་འདུག།
དང་པོ་ལག་དེབ་ཞུ་བའི་དུས་ཡུན་རང་རྩོམ་པོ་པོས་གསུངས་པ་ཇི་བཞིན་རེད། འདི་འཛམ་གླིང་ནང་ཕྱི་སྐྱོད་ལག་འཁྱེར་ཞུ་ཡུན་རིང་ཤོས་དེ་ཡིན་རྒྱུ་ཐག་གིས་ཆོད། མ་ཟད་དཀའ་ངལ་འདི་བསེལ་ཐབས་དབུས་སྒྲིག་འཛུགས་གཞུང་ལ་གཏན་གཏན་ཡོད་རྒྱུ་རེད་དེ་དབུས་གཞུང་གིས་དོ་སྣང་མི་བྱེད་པའི་རྒྱུ་མཚན་མི་ཤེས། གང་ལྟར་རྒྱབ་རྟགས་ཡོད་ན་ནི་དུས་ཡུན་རིང་པོ་སྒུག་མི་དགོས་པ་ལས་སླ་པོའི་ཐོག་ནས་རེག་གི་ཡོད་པ་མཐོང་ཆོས་མྱོང་གྱུར་རེད། ད་དཀའ་ངལ་འདི་བསེལ་ཐབས་ཇི་ལྟར་ཡོད་མེད་ལ་འཚོལ་ཞིབ་བྱེད་རྒྱུ་དེ་རེད།
ད་མ་རྩོམ་དང་འབྲེལ་ནས་བསམ་ཚུལ་འགའ་བཤད་རྒྱུ་ཡིན། དེབ་སེར་པོའམ་ IC དེ་ཕྱི་མི་རྒྱ་གར་ནང་གནས་སྡོད་ཀྱི་ཕྲལ་སེལ་འགྲོ་སྐྱོད་ཀྱི་ལག་འཁྱེར་ཞིག་རེད། ཕྱོགས་གཅིག་ནས་རྒྱ་གར་གནས་ཚང་བཀའ་དྲིན་ཆེན་པོ་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན་ལག་དེབ་འདིའི་དཀའ་ངལ་རྫོགས་མཐའ་མེད་ཡ། མ་གཞི་ལག་དེབ་འདི་སྐྱབས་བཅོལ་ཚད་ལྡན་ཞིག་ངོས་འཛིན་མེད་པ་རེད་ལ་བོད་གཞུང་གིས་མི་དགོས་ཞེས་ལབ་པ་ཡིན་ནའང་འདྲ་རྒྱ་གར་གཞུང་གིས་མ་གནང་བ་ཡིན་ནའང་འདྲ། གང་ལྟར་འཛམ་གླིང་སྤྱི་ཡོངས་ཀྱི་སྐྱབས་བཅོལ་ལག་དེབ་སྤྲོད་སྟངས་དང་མཚུངས་ཀྱི་མེད་པ་དེ་རེད་ལ་ཁྲིམས་མཐུན་གྱིས་རྒྱལ་སྤྱིར་དེབ་སྐྱེལ་བྱས་མེད་པ་དེ་རེད། དེར་བརྟེན་ལག་དེབ་སེར་པོ་ལག་ཐོག་ཏུ་ཡོད་པ་མ་ཟད་གཞུང་ཚབ་ག་གེ་མོས་མཐོང་མཆན་ཚད་ལྡན་སྤྲད་ཟིན་པ་ཞིག་ཡིན་ན་ཡང་། ས་མཚམས་དང་གནམ་ཐང་སོགས་སུ་ལག་འཁྱེར་ཞིབ་བཤེར་ཁང་དུ་ལག་དེབ་གཞན་དང་མི་འདྲ་བ་འདྲི་རྩད་དང་འགའ་རེས་མཐོང་མྱོང་ཐོས་མྱོང་མེད་རབས་ཀྱིས་ཡར་འཁྱེར་མར་འཁྱེར་གྱིས་རྩད་གཅོད་ཀྱི་དུས་ཚོད་གང་འཚམས་འགོར་རྒྱུ་གཏན་འཁེལ་རེད་འདུག།
དང་པོ་ལག་དེབ་ཞུ་བའི་དུས་ཡུན་རང་རྩོམ་པོ་པོས་གསུངས་པ་ཇི་བཞིན་རེད། འདི་འཛམ་གླིང་ནང་ཕྱི་སྐྱོད་ལག་འཁྱེར་ཞུ་ཡུན་རིང་ཤོས་དེ་ཡིན་རྒྱུ་ཐག་གིས་ཆོད། མ་ཟད་དཀའ་ངལ་འདི་བསེལ་ཐབས་དབུས་སྒྲིག་འཛུགས་གཞུང་ལ་གཏན་གཏན་ཡོད་རྒྱུ་རེད་དེ་དབུས་གཞུང་གིས་དོ་སྣང་མི་བྱེད་པའི་རྒྱུ་མཚན་མི་ཤེས། གང་ལྟར་རྒྱབ་རྟགས་ཡོད་ན་ནི་དུས་ཡུན་རིང་པོ་སྒུག་མི་དགོས་པ་ལས་སླ་པོའི་ཐོག་ནས་རེག་གི་ཡོད་པ་མཐོང་ཆོས་མྱོང་གྱུར་རེད། ད་དཀའ་ངལ་འདི་བསེལ་ཐབས་ཇི་ལྟར་ཡོད་མེད་ལ་འཚོལ་ཞིབ་བྱེད་རྒྱུ་དེ་རེད།
བཙན་བྱོལ་བ་མང་པོ་ཞིག་ལག་འཁྱེར་གྱི་ཕངས་ནས་ཡོད་པ་འདྲ་སྐད་ཆ་དྲང་མོར་བཤད་ན་དེང་སང་བོད་དོན་ཟེར་ནོ་ཁེ་ཕན་ཞིག་གམ་ཡང་ན་དམིགས་ཡུལ་གཞན་ཞིག་གི་ཆེད་དུ་ཚང་མས་འཚོལ་སྒྲུབ་བྱེད་ནས་བསྡད་ཡོད་པ་ཧ་ཅང་གསལ་གཞིས་ཆགས་པ་ཡིན་ད་ཡིན་གསར་འབྱོར་བ་དག་ལ་ཡང་དེང་སང་རིགས་ལམ་ངན་པ་འདི་ཆགས་ཚར་འདུག་མི་རིགས་ལ་ཁག་བཞག་བོད་དོན་ལ་ཁག་བཞག་རིག་གཞུང་ལ་ཁག་བཞག་མདོར་ན་སོ་སོའི་ཁ་ཕོར་གྱི་ཆེད་དུ་ཡིན་འདི་དག་ལ་བསམ་ན་ཤུལ་དུ་ལུས་པའི་བོད་མི་དག་སྙིང་མ་རྗེ་མང་པོ་ཞིག་ཕྱི་ལོག་ལ་སོང་ནས་སོ་སོ་ལ་བསྡད་སའི་གནས་སམ་ལས་ཀ་ཙག་ཙིག་ཞིག་རག་ཚར་དུས་ད་བཟོད་རང་ཉིད་ཀྱི་དམིགས་ཡུལ་ལེགས་་གྲུབ་བྱུང་བ་ཡིན་པ་འདྲ་ནམ་ཞིག་གི་ཚེ་རང་ཉིད་ཀྱི་སྤུ་མདོག་ཅུང་ཡག་རུ་ཆགས་ཡོང་དུས་གནས་དེ་ན་རང་དབང་ལ་བཀག་འགོག་མེད་མོད་གནས་དེ་ན་ཅི་བཤད་ལ་ཚོད་འཛིན་མེད་མོད་གནས་དེ་ན་སུ་ལ་སྐྲ་མི་དགོས་པའི་རྐྱེན་ཀྱིས་སྨྱུག་ཁ་ནང་ལ་འཁོར་ནས་ཅི་ཡིན་འདི་ཡིན་མེད་པར་ཐགས་ཅད་ལ་ཁ་ལོག་ཚིག་ལོག་གིས་ཉི་མ་འཆོལ་ནས་ཡོད།
ཨ་ལས། ད་བྱེེད་དུས་བླ་ཆེན་མི་ཆེན་དཔོན་ཆེན་ཚོའི་རྒྱབ་རྟགས་མེད་ན་ཉམས་ཆུང་ཚོར་བདེ་སྡུག་ཞུ་ས་མེད་ཡིན་པ་རེད།
སྲིད་སྐྱོང་གི་གཙོས་པའི་གཞུང་གི་ལས་བྱེད་པའི་ལས་ཀ་བྱེད་སྟངས་ནི་ཁ་བཤད་ལག་ལེན་མི་མཐུན་པ་ཤ་སྟག་རེད། ཁོང་ཚོས་གསུང་བཤད་འདྲ་ཆགས་པོ་ཞེ་དྲགས་ཡོ་རེད། དངོས་སུ་ལས་ཁུངས་སུ་བཅར་ཏེ་དོན་དག་ཞུ་བར་ཕྱིན་དུས་དེ་མིན་པ་ཞིག་ལན་རྒྱབ་ཀྱི་རེད། དེང་སང་བོད་མིའི་དཔྱ་ཁྲལ་ལག་དེབ་བཟོ་རྒྱུར་ཡང་དཀའ་ངལ་མང་པོ་ཞིག་ཆགས་ཡོད་ས་རེད། ཉན་བསྡད་དུས་དཀའ་ངལ་མང་ཆེ་བ་དཔལ་འབྱོར་ལས་ཁུངས་ནས་བཟོས་པ་རེད་འདུག ཡིན་ནའང་དཔལ་འབྱོར་བཀའ་བློན་ནས་དཔྱ་ཁྲལ་ལག་དེབ་བཟོ་དགོས་པ་གལ་ཆེ་ཡིན་ཚུལ་དང། ལག་དེབ་ནི་བོད་པ་ཡིན་པའི་སྤོབས་པ་མཚོན་པའི་སྐོར་ལབ་ཀྱི་འདུག་ག RC ལའང་དཀའ་ངལ་འཕྲད་པ་དངོས་ཡོད་རེད། ངས་RC ལས་ཀ་བྱེད་མཁན་ལས་བྱེད་པ་རྒྱུད་མངའ་ཡོད། རྒྱབ་རྟེན་སྟོན་རྒྱུ་ཡོད་ན་ཁོང་ཚོར་ལབ་ན་བཟོ་རོགས་བྱེད་ཀྱི་རེད། དེ་ལས་དོན་གཅོད་ངོ་ཤེས་ན། དོ་དག་ངོ་མ་དོན་གཅོད་དུ་ཕྱིན་མི་དགོས་པར་ཁ་པར་གཏོང་བ་ཙམ་གྱིས་དོན་གཅོད་ཀྱིས་ལས་བྱེད་པར་བཀའ་བཏང་སྟེ་དེ་བས་ལས་སླ་པོར་གྲུབ་འགྲོ་བ་རེད། ཐ་ཤལ་གྱི་ལས་ཀ་དེ་དག་གིས་ལས་བྱེད་པ་སྤྱི་ཡི་མཐོང་ཚུལ་ལ་གནོད་པར་འགྲོ་བ་ནི་བོད་མི་དཀྱུས་མ་ཚོའི་ཡིད་ཆེས་རླགས་འགྲོ་བ་རེད། ལས་བྱེད་འགའ་ཀྱི་སྐྱུག་དྲོ་བའི་བྱེད་སྤྱོད་ལ་ནོ་བསམ་གཏོང་དུས་སྟོད་མགོ་ན་བ་འདུག
དགོངས་དག་IC ལ་བཅོས་རོགས།
ད་དེ་འདྲ་རེད་ ང་རང་ལའང་བོད་གཞུང་ལས་བྱེད་པ་མཐོ་བ་རྣམས་ཀྱིདྲང་པོ་མ་བྱས་པའི་སྒྲུང་མང་པོ་བཤད་རྒྱུ་ཡོད་ ཡིན་ནའི་
བོད་ནས་ཡོང་དུས་དེ་འདྲ་ཞིག་ཡོད་རེད་བསམ་པ་རྩ་བ་ཉིད་ནས་མེད་ ད་ཡིན་ནའི་རྒྱ་མིའི་འོག་ནས་ཡོད་ཚད་ཀློད་གཏང་ནས་ཕྱི་ལ་སླེབས་དུས་བོད་གཞུང་ལ་ཁ་གཏང་ནས་ཆོ་མིན་འདུག་ ད་གང་ལྟར་སྔོན་ཆད་བོད་ལ་བསྡད་དུས་རྒྱ་མིའི་གཞུང་ནས་སྐར་མ་གཅིག་ཟ་མ་མྱོང་ལ་རྒྱ་གར་ལ་འབྱོར་ནས་བོད་གཞུང་ནས་སྐར་མ་གཅིག་ཟ་མ་མྱོང་ ང་རའི་ལས་དབང་གི་མི་ཚེ་འདི་ལ་རང་མགོ་རང་མཐོན་རང་ཡིན་པས་སུ་གང་ལ་ཁ་མི་གཏང་ལ་སུ་གང་ལ་བཀའ་འདྲིན་རྗེས་དྲན་ཞུ་དགོས་པ་མེད་ ཚང་མ་ང་རང་གི་ལས་རང་རྩིས་ཀྱི་ཡོད།
ད་སྐབས་ཁ་བརྡ་དྲ་བ་ནང་ན་ཡིག་རྨོངས་པ་ཅི་རི་ཉི་མ་སོགས་ཀྱི་བསྟན་པ་དར་འདུག་ག བརྡ་དག་གི་འགྲོ་སྟངས་མི་ཤེས་པའི་ཡིག་རྨོངས་པ་ཞིག་གིས་དགག་སྒྲུབ་བྱེད་བཞིན་འདུག ངས་དེའི་ཕྱོགས་དེ་སྙིང་རྗེ་གི སྙིང་མ་རྗེ།
དྲན་བསྐུལ་ཞིག ཧོར་གཙང་འཇིགས་མེད།
འདོན་སྤེལ། ༢༠༡༠/༠༥/༡༤
སྔོན་ཆད་རྒྱ་གར་དུ་སྡོད་པའི་སྐྱབས་བཅོལ་བ་རྣམས་ཕྱི་རྒྱལ་ཁག་ཏུ་འགྲོ་དགོས་ན། ངེས་པར་དུ་འགྲོ་ཡུལ་ཕྱི་རྒྱལ་བ་ཞིག་གིས་ལམ་གྲོན་དང་སྡོད་གནས་སོགས་ཁག་ཐེག་བྱས་པའི་ཁྲིམས་མཐུན་གྱི་ཡིག་ཆ་ཚད་ལྡན་མེད་ན་ལག་དེབ་སེར་བོ་ (I.C) བཟོ་མི་ཐུབ། ལོ་ཚིགས་གསལ་བོར་མི་དྲན་ཡང་སྤྱི་ལོ་ ༢༠༠༠ ལོ་ཡས་མས་ཤིག་ལ་རྒྱ་གར་གཞུང་གིས་དེ་ལ་འགྱུར་བ་ཆེན་པོ་ཞིག་བཏང་སྟེ། རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་ཨར་སི་ (R.C) ཡོད་མཁན་སུས་ཀྱང་ལག་དེབ་སེར་བོ་བཟོ་ཆོག་པ་བྱུང༌།
གསལ་བརྡ་དེ་སྤྱི་ཚོགས་ཁྲོད་ཁྱབ་མ་ཐག བོད་མི་འདུས་སྡོད་བྱེད་པའི་ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྒོ་མདུན་དུ་མཚན་མོའི་ཆུ་ཚོད་ ༡༡ ཡས་མས་ནས་མི་དམངས་བསྟར་ཕྲེང་དུ་བསྒྲིགས་ནས་ཡོད་ཅིང༌། ཀམ་པ་ལི། ཉལ་ཆས་སོགས་ཁྱེར་ཡོང་སྟེ་མཚན་གང་ལ་སྒུག་གིན་ཡོད་ལ། ལོ་དེ་ནི་བོད་མིའི་སྐྱབས་བཅོལ་ལོ་རྒྱུས་ནང་དང་བླང་དཔྱ་དངུལ་འབུལ་རྒྱུར་འཚངས་ཀ་ཆེ་ཤོས་དེ་བྱུང་ཡོད། སྐབས་དེར་སྐྱབས་བཅོལ་དུ་འབྱོར་བ་ནས་དང་བླང་དཔྱ་དངུལ་སྤྲོད་མྱོང་མེད་མཁན་མང་བོས་ཀྱང་ལག་དེབ་གསར་བཟོ་བྱས་ཏེ་དཔྱ་དངུལ་སྤྲད་ཡོད་ལ། ལོ་ངོ་དུ་མའི་རིང་འབུལ་ཆད་བྱུང་བ་ཁག་གིས་ཀྱང་ཕངས་སེམས་མེད་པར་ཆད་དངུལ་འཇལ་བ་སྟེ། ཆུང་མདང་སྐྱེས་བྱིས་པ་ཡན་ཆོད་ནས་ཆེ་ལོ་རྒན་བརྒྱད་ཅུར་སོན་པ་དག་ལའང་ལག་དེབ་བཟོས་ཏེ་དཔྱ་དངུལ་ཕུལ་ཡོད། དེར་བརྟེན་ལོ་དེར་དང་བླང་དཔྱ་དངུལ་ལ་འཕར་སྣོན་ཆེན་པོ་བྱུང༌། རྒྱུ་མཚན་ཅི་ཞིག་གི་ཆེད་དུ་བོད་མི་རྣམས་ཧོབ་སྟེ་གཉིད་སད་ནས་དང་བླང་དཔྱ་དངུལ་གཙང་འཇལ་བྱ་རྒྱུ་དྲན་པ་ཡིན་ནམ།
དེ་ནས་ལྡི་ལི་དོན་གཅོད་ཁང་གི་ཕྱི་ནང་ཀུན་ཏུ་བོད་མི་འཚངས་ཀ་ཤིན་ཏུ་ཆེ། ངྷ་རམ་ས་ལ་དང༌། གཞིས་ཆགས་ཁག རྒྱ་བལ་དུ་གནས་སྡོད་ཁ་འཐོར་བོད་མི། དགོན་སྡེ་ཁག་གི་དགེ་འདུན་པ་དང་བཙུན་མ། བླ་མ་སྤྲུལ་སྐུ་སོགས་མདོར་ན་བོད་མི་སྐྱ་སེར་གཉི་ག་ལྡི་ལི་དོན་གཅོད་ཁང་གི་སྒོ་ཁར་འདུས། ཁྱིམ་ཚང་རེ་རེ་བཞིན་ནང་མི་ཡོད་ཚད་ལ་ལག་དེབ་སེར་བོ་བཟོས། ལག་དེབ་བཟོ་ཆེད་འགེང་ཤོག་ཉོ་ལེན་བྱེད་མཁན་ཡང་དེ་མཚུངས་ཀྱིས་མང༌། ལ་ལས་རང་གི་ནང་མི་དང༌། ཁྱིམ་མཚེས་གྲོང་བ། དགའ་བོ་ཉེ་འབྲེལ་སོགས་ཀྱི་འགེང་ཤོག་བསྐངས་ཟིན་པ་ཉི་ཤུ་སུམ་ཅུ་མཉམ་ཁྱེར་ཀྱིས་ལྡི་ལི་དོན་གཅོད་ཁང་དུ་སླེབས་ཀྱིན་ཡོད་ལ། དོན་གཅོད་ཁང་དུ་ལག་དེབ་ཐོ་འགོད་ཀྱི་སྔ་གཞུག་བརྩད་དེ་ཁ་རྩོད་ཙག་ཙིག་ཀྱང་རྒྱུན་ཆད་མེད་པར་འབྱུང་གིན་ཡོད། དེ་ལྟར་ལོ་ངོ་གཅིག་གཉིས་རིང་ལ་བོད་མི་ཕལ་མོ་ཆེའི་ལས་ཀའི་གཙོ་གནད་དེ་ལག་དེབ་སེར་བོ་བཟོ་རྒྱུ་རང་གི་ཐོག་ལ་བཞག་སོང༌།
ཡང་ངྷ་རམ་ས་དང༌། ལྷོ་གཞིས་ཁག ལྡེ་ར་ལྡུན་སོགས་ཀྱི་ས་གནས་ཉེན་རྟོག་ལས་ཁུངས་སུ་སྐྱབས་བཅོལ་ལག་དེབ་བཟོ་མཁན་ཤིན་ཏུ་མང་ཞིང༌། དང་ཐོག་ཨར་སི་ཁྲིམས་མཐུན་གྱིས་བཟོ་ཐུབ་ན་ཧིན་སྒོར་༡༤ ཙམ་ཡིན་ཀྱང༌། བོད་མི་མང་བོས་རྔམ་ཧེབ་ཀྱིས་ལྟག་སྒོ་བརྒྱུད་དེ་ཨར་སིའི་བཟོས་གླ་ཧིན་སྒོར་ཆིག་སྟོང་ཉིས་སྟོང་ལ་སྤར། བོད་མི་རྣམས་ཨར་སི་བཟོ་རྒྱུར་ཅི་ཙམ་རྔམ་པ་དེ་ཙམ་གྱིས་ཨར་སིའི་རིན་གོང་ཉིན་འཕར་ཟླ་འཕར་བྱུང༌། སྐྱབས་བཅོལ་བོད་མི་དང་ས་གནས་ཉེན་རྟོག་པ་སྐོར་ཞིག་མཉམ་འབྲེལ་གྱིས་ཁྲིམས་མཐུན་མ་ཡིན་པའི་ཨར་སི་བཟོ་བཞིན་པ་རྒྱ་གར་གཞུངགིས་ཚོར་ཏེ་ས་གནས་མང་བོ་ཞིག་ཏུ་ཨར་སི་བཟོ་མི་ཐུབ་པར་གྱུར། དེའི་རྐྱེན་གྱིས་བོད་མི་སྐྱབས་བཅོལ་ལག་དེབ་བཟོ་མཁན་མང་བོ་ལྡེ་ར་ལྡུན་དང༌། དགོན་པ་ཁག་ཏུ་རྒྱུག དེ་ནས་ཀྱང་རིན་གོང་ཉིན་བཞིན་འཕར་སྟེ་མཐའ་མཇུག་ཧིན་སྒོར་ཆིག་ཁྲི་ནས་ཉིས་ཁྲིའི་བར་སྤར། གནས་ཚུལ་དེ་སྐབས་སྔ་ཕྱིར་གྲོས་ཚོགས་ནང་གི་གླེང་གཞི་གལ་ཆེན་ཞིག་ཡིན་ལ། གླེང་ནས་རྫོགས་རྒྱུ་མེད་པའི་གླེང་གཞི་ཞིག་ཀྱང་ཡིན།
ལག་དེབ་སེར་བོ་བཟོ་རྒྱུར་འཚངས་<ཀ་བྱེད་བཞིན་པའི་ཁྲོད་དུ། སྤྱི་ཚོགས་ཐོག་གི་མི་སྐྱ་ཕོ་མོ་དང༌། གདན་ས་ནས་ཕེབས་པའི་དགེ་བཤེས། བླ་མ་སྤྲུལ་སྐུ་ཡང་ཡོད་པའི་ཚོང་བ་མང་བོས་ལག་ཁྱེར་སེར་བོ་ཚུར་ལེན་སྐབས་ལྡི་ལི་དོན་གཅོད་ཁང་མ་བརྒྱུད་པར་ལྟག་སྒོ་བརྒྱུད་པའི་མགྱོགས་ལམ་བཏོད། མགྱོགས་ལམ་དེ་བརྒྱུད་ནས་དོན་དག་འགྲུབ་མཁན་གང་འཚམ་ཡོང་གིན་ཡོད་ཀྱང༌། མི་དམངས་བྱིངས་ཀྱི་ལག་དེབ་དུས་ཐོག་ལ་རག་མི་ཐུབ་པའི་དཀའ་ངལ་འཕར་མ་བྱུང༌། དཀའ་ངལ་དེ་ད་ལྟའང་གཙང་སེལ་བྱུང་ཡོད་མེད་མི་ཤེས།
ལྷག་པར་དུ་སུད་སི་གཙོས་པའི་ནུབ་ཕྱོགས་བོད་མི་དག་གིས་མནའ་མ་དང་མག་པ་འཚོལ་རྒྱུ་ཇེ་མང་ལ་སོང༌། དངུལ་ལོར་ཛ་སྒྱུར་གྱི་དབང་གིས་ཧིན་སྒོར་ཆིག་ཁྲི་དང་ཉིས་ཁྲི་ལྟ་བུ་ཁོང་ཚོར་དངུལ་འབོར་ཆེན་པོ་མིན་སྟབས། དེབ་སེར་པོ་བདུན་ཕྲག་གཅིག་གམ་ཉིན་གྲངས་དུ་མའི་ནང་རག་ཆེད་ལྐོག་དངུལ་འབོར་ཆེན་བརྫངས། དེས་མི་དམངས་བྱིངས་ཀྱི་ལག་དེབ་རག་ཡུན་དེ་བས་ཀྱང་ཇེ་རིང་དུ་ཕྱིན། ལོ་ངོ་སྔ་ཕྱི་དེ་དག་ལ་ལག་དེབ་སྐོར་གྱི་སྒྲུང་གཏམ་དགོདབྲོ་ལ་ངུ་ཡང་བྲོ་བ་མང་བོ་བྱུང༌།
ཡང་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ལ་མཐོང་མཆན་ཝེ་ཟ་རག་སྟབས་བདེ་བ་བྱུང་ནས། ཁྱིམ་པ་ཕོ་མོ་མང་བོས་མགོ་རིལ་བྱས། གྲྭ་ཆས་གྱོན་ཏེ་ཕྱི་རྒྱལ་ལ་འགྲོ་ཐབས་བྱས། གང་ལྟར་ཝེ་ཟ་ནག་འཚོང་གི་ལས་ཀ་བྱས་ཏེ་དེང་སང་ཨ་སྒོར་ས་ཡ་དུ་མའི་བདག་པོ་ཆགས་པའང་ཡོད་པར་གྲགས་ཤིང༌། ནག་ཚོང་ལ་ལམ་འགྲོ་མ་རྒྱུག་ནས་རང་རང་ཡིབས་ས་མ་རྙེད་པའི་དཀའ་ངལ་མྱོང་བཞིན་པའང་ཡོད་པར་བཤད། དེ་འདྲ་ཞིག་གི་ངང་ལ་ཨ་རིའི་ཝེ་ཟ་རག་ན་ཧིན་སྒོར་འབུམ་ཕྲག་བཅུ་གྲངས་དང༌། ཡུ་རོབ་ཀྱི་ཝེ་ཟ་རག་ན་ཧིན་སྒོར་དྲུག་འབུམ་བདུན་འབུམ་སྤྲོད་པ་ཡོངས་གྲགས་ཆགས།
དེའི་བར་རོལ་ཞིག་ལ་ཨ་རིའི་གཞུང་ངོས་ནས། སྔར་གྱི་བལ་ཡུལ་གློ་ཚེ་རོག་གི་དམག་ཁོངས་གཙོ་བྱས་པའི་བོད་མི་ཆིག་ཁྲི་ཨ་རིར་ལེན་རྒྱུ་ཡིན་པའི་སྦིར་གྲགས་ཆེན་པོ་བྱུང༌། བལ་གཞུང་གིས་ངོས་ལེན་མ་བྱས་ནས་ཨ་བལ་གཉིས་ཀྱིས་དཀའ་རྙོག་དེ་སེལ་མ་ཐུབ་པ་འདྲ། དེ་དང་འབྲེལ་ནས་རང་རེའི་སྤྱི་ཚོགས་ནང་གི་ཚོགས་སྡེ་དུ་མས་ཀྱང་བོད་མི་མང་བོ་ཨ་རིར་གཏོང་གིན་ཡོད་ལུགས་བསྒྲགས་ཏེ་ས་གནས་མང་བོར་ཐོ་འགོད་བྱས། ཐོ་འགོད་དེ་བོད་གཞུང་དང་འབྲེལ་བ་ཡོད་མེད་དང༌། ཨ་རིས་བལ་ཡུལ་ནས་མི་གྲངས་ཆིག་ཁྲི་ལེན་འཆར་དང་འབྲེལ་བ་ཡོད་མེད་སོགས་གླེང་གཞི་ཆེན་པོ་ཆགས། དེའི་སྐོར་སྐབས་དེའི་གྲོས་ཚོགས་སུའང་གླེང་སློང་གང་འཚམ་བྱུང༌།
དེ་ནས་བཙན་བྱོལ་བོད་གཞུང་གིས་ཐབས་ཤེས་གནང་སྟེ་ཆབ་སྲིད་བཙོན་ཟུར་བ་བརྒྱ་སྐོར་རེར་ཨོ་སི་ཀྲེ་ལིས་ཡར་གཏོང་མགོ་བརྩམས། དེས་རྐྱེན་བྱས་ཏེ་ཆབ་སྲིད་བཙོན་པའི་གྲངས་འབོར་ལྡབ་འགྱུར་གྱིས་ཇེ་མང་ལ་སོང༌། བཙོན་ཟུར་གྱི་འོས་ཆོས་བཤེར་སྐབས། བཙོན་ཟུར་ནང་ཕན་ཚུན་ལ་ཆབ་སྲིད་བཙོན་པ་དངོས་གནས་ཡིན་མིན་གྱི་རྫུན་རྐུབ་བརྡོལ་རེས་མང་བོ་བྱུང༌། དོན་དག་དེ་ཡང་སྤྱི་འཐུས་གྲོས་ཚོགས་སུ་སླེབས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གསུང་རྒྱུར། བདེ་སྲུང་ལས་ཁུངས་ཆུང་ཆུང་འདི་འདྲ་ཞིག་གིས་བོད་ནང་གི་ས་གནས་མི་འདྲ་བ་མང་བོ་ནས་ཡོང་བའི་ཆབ་སྲིད་བཙོན་ཟུར་ཡིན་གསུང་མཁན་རྣམས་ལས་དངོས་གནས་པ་སུ་ཡིན་དཔྱད་ཐབས་མི་འདུག ངའི་ཕ་ཡུལ་གྱི་མི་ཞིག་གིས་དེང་སང་ཁྱིམ་མཚེས་མར་བརྐུས་ནས་རྒྱ་གར་ལ་བྲོས་པ་དང༌། ཨ་མའི་མགོ་ལ་སྟ་རེས་གཞུས་ནས་རྒྱ་གར་ལ་བྲོས་པ་དག་ཀྱང་ཆབ་སྲིད་བཙོན་པ་ཆགས་འདུག་ཟེར་གྱིན་འདུག་མོད། རང་གཞུང་གི་ངོས་ནས་དེ་དག་ལ་དབྱེ་བ་དགར་ཐབས་མ་བྱུང༌། ཡང་རིགས་ཤིག་གིས་ང་ཚོ་བཙོན་ཁང་དུ་མ་སོང་ཡང་དུས་ཡུན་ཐུང་ངུའི་རིང་བཙོན་ཁང་དུ་འགྲོ་མཁན་ཚོ་ལས་བྱས་རྗེས་ང་ཚོར་ཆེ་བ་ཡོད་ཟེར་ནས་རྙོག་དྲ་བཤད་ཀྱིན་འདུག དེ་ལ་བརྟེན་ནས་བཀའ་ཤག་གིས་ཆབ་སྲིད་བཙོན་པ་དངོས་དང༌། དེ་དང་འབྲེལ་ཆགས་སོགས་སྡེ་ཚན་དྲུག་ཏུ་དབྱེ་སྟེ་དེ་དག་ཡོད་ཚད་ཆབ་སྲིད་བཙོན་པའི་མིང་ཐོག་ནས་ཕྱི་སྐྱོད་རྒྱན་ཤོག་གི་ཐོབ་ཐང་ཡོད་པ་བྱས་ཡོད་ཅེས་གྲོས་ཚོགས་ལ་གསལ་བཤད་གནང་སོང༌།
མདོར་བསྡུས་ནས་བཤད་ན་གོང་གི་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་དངོས་བྱུང་གཏམ་རྒྱུད་དེ་དག་གིས་ཅི་ཞིག་མཚོན་གྱིན་ཡོད་དམ། རྣམ་དཔྱོད་ཅན་ཚང་མས་དངོས་བྱུང་གནས་ཚུལ་དེ་དག་བརྗེད་མེད་པའི་རེ་བ་ཡོད། ད་དུང་ང་ཚོའི་སྤྱི་ཚོགས་ཀྱི་ཕྱི་སྒྲོམ་རགས་པ་སོར་གནས་ལྟ་བུར་ཡོད་ཀྱང༌། དེས་མི་དམངས་ཀྱི་བསམ་བློའི་སྒྲོམ་གཞི་བརྟན་གནས་ཡིན་པ་མཚོན་མི་ཐུབ། སྤྱི་ལོ་ ༡༩༩༡ དང་ ༩༢ ཙམ་ནས་མགོ་བཙུགས་ཏེ། གཞིས་ཆགས་ཁག་གི་མི་དམངས་དང༌། སློབ་གྲྭའི་སློབ་མ། དགོན་སྡེའི་གྲྭ་བཙུན་སོགས་ཀྱི་བསམ་བློའི་སྒྲིག་འཛུགས་ལ་གཡོ་འགུལ་ཐེབས་མགོ་བརྩམས་ཡོད། གཞུང་འབྲེལ་གྱིས་ཨ་རིར་བོད་མི་ཆིག་སྟོང་མ་བཏང་བའི་ཡར་སྔོན། གཞིས་ཆགས་ཁག་གི་ཁྱིམ་ཚང་རྣམས་ལ་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་མེད་ཅིང༌། དཔལ་འབྱོར་ཐད་འགྲན་བསྡུར་ཀྱང་དེ་ཙམ་མེད་མོད། ཨ་རིའི་ཆིག་སྟོང་སོང་ནས་ལོ་ངོ་གཉིས་གསུམ་གྱི་རྗེས་ནས། ནང་མི་གང་རུང་ཨ་རིར་ཡོད་པ་དག་གིས་གཞིས་གྲོང་དུ་ཁང་བ་གསར་རྒྱག་དང༌། ཕོ་གསར་མོ་གསར་ཚོས་ཨ་རི་དང་ཡུ་རོབ་ཀྱི་གྲགས་ཅན་ལྷམ་རིགས་གྱོན། རྒྱ་གར་གྱི་ཐོན་གསར་སྦག་སྦག་བཏང༌། གཞིས་ཆགས་ཀྱི་ས་ཞིང་ཐེམ་སྐལ་རྣམས་ཁྱིམ་ཚང་གཞན་པ་དང༌། རྒྱ་གར་ཡུལ་མི་སོགས་ལ་བག་མར་བཏང༌། གསེར་གྱི་རྒྱན་ཆ་དང༌། གློག་ཀླད་དཔེ་གསར་གྱི་རིགས། རྒྱ་གར་དུ་མི་རག་པའི་པར་ཆས་ཐོན་གསར་ཅན་ཁྱེར་བ་སོགས་དབྱར་དགུན་མཚན་གཅིག་ལ་བརྗེས་པ་ལྟ་བུའི་གློ་བུར་གྱི་འགྱུར་ལྡོག་དེས། ཡར་རྒྱས་མེད་པའི་མི་ཁྱིམ་ཁག་གི་སེམས་པ་ལ་རྡུང་རྡེག་ཕོག་ཡོད་ཅིང༌། ཕྱུག་པོ་འབྱོར་ལྡན་ཆགས་དགོས་ན་གཞིས་ཆགས་ཀྱི་ས་ཞིང་འདེབས་ལས་དང༌། ཚོང་ལས་ཙག་ཙིག་གིས་མི་ཡོང་ཞིང༌། ངེས་པར་ཨ་རི་དང་ཡུ་རོབ་ཏུ་འགྲོ་དགོས་པའི་འདུ་ཤེས་སྐྱེས་སུ་བཅུག
དེ་ནས་བཟུང་བོད་མི་རྣམས་ཀྱི་མངོན་འདོད་ཉག་ཅིག་ནི། ནུབ་བསྐྱོད་ཕྱུག་འགྱུར་བྱེད་རྒྱུ་དེ་རང་ཡིན་ལ། དེ་འགྲུབ་ཐབས་སུ་བུ་བུ་མོ་མང་བོ་སུད་སི་དང་ཨ་རི་སོགས་སུ་མནའ་མ་དང་མག་པར་སྟེར་ཅི་ཐུབ་དང༌། ཆེད་དུ་མངག་ནས་ཕྱི་རྒྱལ་བ་དག་ལ་ཆང་ས་རྒྱག་པ། གྲྭ་བཙུན་རྫུན་མ་འཁྲབ་པ། ཚོགས་འདུ་རྫུན་མར་འགྲོ་བ། བླ་སྤྲུལ་དང་སྐུ་ངོ་ཁག་ཅིག་གི་ཞབས་ཞུ་བ་དང་སྐད་སྒྱུར་བ་རྫུན་མ་འཁྲབ་པ་སོགས་མདོར་བསྡུས་ན། འཇིག་རྟེན་ཐོག་གི་གལ་ཆེན་དུ་རྩི་བའི་ལུས་ངག་ཡིད་གསུམ་པོ་བློས་བཏང་གིས་ཕྱི་རྒྱལ་དུ་འགྲོ་རྒྱུ་ཁོ་ན་དོན་གཉེར་བྱས། དེ་ནི་ལོ་རྒྱུས་ཀྱི་འཁོར་སྐྱོད་ཅིག་ཏུ་གྱུར། སུས་ཀྱང་འགོག་ཐབས་དང་ལྡོག་ཐབས་མེད་པའི་ཐག་གཅོད་རང་བཞིན་གྱི་བསམ་བློའིདཔུང་བསྐྱོད་ཅིག་ཏུ་གྱུར།
ནུབ་ཕྱོགས་སུ་འགྲོ་རྒྱུ་ལམ་ལྷོངས་མ་བྱུང་བ་ཁག་ཅིག་གིས། རང་སེམས་ཀྱི་སྡིགས་འཚིག་ཟོས་པ་བོད་གཞུང་དང་། ལྷག་པར་དུ་ལས་ཀྱི་སྣེ་མོ་བ་དག་ལ་འགེལ་བཞིན་པ་དང་བསྡོངས་ནས། ལག་དེབ་དང་མཐོང་མཚན་ཝེ་ཟ་ནག་ཚོང་རྒྱག་མཁན་དག་གིས་དཀྲོགས་གཏམ་བཟོས་ཏེ། བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེས་བཀའ་བཏང་སྟེ་བོད་མི་ཕྱི་རྒྱལ་དུ་འགྲོ་རྒྱུར་བཀག་འགོག་བྱེད་ཀྱིན་ཚུལ་སོགས་འུད་སྒྲོག་བྱས། ཁོ་བ་ཚོས་དཀྲོགས་གཏམ་ཅི་ཙམ་སྤེལ་བ་དེ་ཙམ་གྱིས་མི་རྣམས་སེམས་འཚབ་ལངས་ཏེ་ལག་དེབ་དང་ཝེ་ཟ་ཉོ་འཚོང་ཇེ་བཟང་དུ་སོང༌།
ཕྱོགས་གཞན་ཞིག་ནས་བཤད་ན། སྐབས་དེ་དག་ཏུ་ཨ་རི་དང་ནུབ་ཡུ་རོབ་ཏུ་གསར་སླེབས་བོད་མི་རྣམས་ལ་བོད་ནས་གསར་དུ་འབྱོར་བ་དང༌། རྒྱ་གར་དུ་གཏན་སྡོད་བྱེད་མཁན་རིགས་གཉིས་ཡོད་ཅིང༌། ཁོང་ཚོ་སུ་ཡིན་ཀྱང་དང་ཐོག་ཁོང་ཚོའི་སེམས་ངོ་ན་ཡོད་པ་ནི་ཤར་ཕྱོགས་ཀྱི་རིག་གཞུང་སྟེ། རང་ཉིད་ལས་ནང་མི་སྤུན་མཆེད་གཙོ་བའི་འདུ་ཤེས་འཛིན་སྟངས་ཀྱིས་བསྐུལ་ཏེ། རང་ཉིད་ཀྱི་བདེ་བ་ཁྱད་དུ་བསད་དེ་མི་གྲངས་ལྔ་དྲུག་གམ་དེ་ལས་མང་བ་ཁང་མིག་གཅིག་ཏུ་མཉམ་སྡོད་བྱས། ལས་ཀ་ལ་བཟང་ངན་ཡག་བཙོག་གི་དབྱེ་གསེས་མེད་པར་སྒྲུབ་རྐྱང་བྱས། ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་དཀའ་ལས་ཆེན་པོ་བརྒྱབ་པའི་ཡོང་འབབ་ཕལ་མོ་ཆེ་རང་གི་ནང་མི་སྤུན་མཆེད་ཚོར་བཏང༌། ནང་མི་དག་གིས་དེ་ཉིད་གཞན་ལ་ངོམ་སྒྲོག་བྱས་པའི་རྐྱེན་གྱིས། བོད་མི་རྒན་གཞོན་ཚང་མ་སྔར་གྱི་རང་ཉིད་སྡོད་གནས་སུ་མུ་མཐུད་སྡོད་མི་ཤེས་པ་ལྟ་བུར་གྱུར།
དེའི་རླབས་རྒྱུན་རྒྱ་གར་དང་བལ་ཡུལ་ཙམ་མ་ཡིན་པར་བོད་ནང་ལའང་ཁྱབ་སྟེ། སྤྱི་ལོ་ ༢༠༠༠ ཡས་མས་ཀྱི་གསར་འབྱོར་བ་རྣམས་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་སྐབས་རྒྱ་གར་དུ་ཡོང་དོན་ཅི་ཡིན་དྲིས་ཚེ། ཨ་རིར་འགྲོ་རྒྱུ་ཡིན་ཟེར་མཁན་མང་ཤོས་ལྟ་བུར་གྱུར། གང་ལྟར་དེ་འདྲའི་ངང་བཙན་བྱོལ་བོད་མིའི་བསམ་བློའི་སྒྲིག་འཛུགས་ལ་དོན་གྱིས་གཡོ་འགུལ་ཆེན་པོ་ཐེབས་ཡོད། གནས་སྟངས་དངོས་གནས་པ་འདི་འདྲ་ཁས་ལེན་བྱེད་འདོད་མེད་མཁན་དག་ལ་གྲོས་མོལ་ཅི་ཡང་ཞུ་བཞིན་མེད། འདི་བརྒྱུད་ནས་བོད་མི་ཆིག་འབུམ་བཞི་ཁྲིའི་ནང་དྲང་ཕྱོགས་ཀྱི་བསམ་བློ་གཏོང་མཁན་བརྒྱ་ཙམ་བྱུང་བ་ཡིན་ན་བདག་གིས་དཀའ་བརྒྱབ་པ་ལ་གྲུབ་འབྲས་ཐོན་པ་ཡིན།
མཐའ་མཇུག་རྒྱ་གར་རང་བཙན་ཐོབ་པ་ནས་སྟོང་ལོ་གསར་བའི་ལོ་མགོ་བར། ཚན་རིག་པ་དང༌། སྨན་པ། ལག་རྩལ་བ། རྩོམ་པ་བོ། ཚོང་བ་སོགས་ཚུད་པའི་ཡུལ་མི་ཕྱི་རྒྱལ་དུ་འགྲོ་མཁན་རྣམས་རང་གི་རྒྱལ་ཁབ་ལ་ཤ་ཞེན་མེད་མཁན་དང༌། མི་རིགས་ལ་དུང་ཞེན་མེད་མཁན། རིག་གཞུང་ལ་ཤ་ཚ་མེད་མཁན་དུ་རྩིས་ཁར། ཁོང་རྣམས་རྒྱལ་ཁབ་གཞན་དུ་སྤོས་ཉིན་ནས་རྒྱ་གར་ཡུལ་མིའི་(Citizenship) རང་བཞིན་འདོར་དགོས་བྱུང་བ་དང༌། རང་གི་སྐྱེས་ཡུལ་ལ་མ་དངུལ་ (Invest) བཏང་སྟེ་ཚོང་ལས་རྒྱ་བསྐྱེད་ཀྱི་ལམ་ཁ་བཀག་པའི་དབང་གིས། སྤྱི་ལོ་ ༢༠༠༢ ལོར་ཕྱི་སྡོད་རྒྱ་གར་ཕྱུག་བདག་གསུམ་ལ་ཡུལ་མིའི་ཐོབ་ཐང་བསྐྱར་དུ་སྤྲད་ནས། ཁོང་གསུམ་གྱིས་ལོའུ་རྡི་ཡ་ན་དང༌། ཧ་རིས་ཡ་ན་སོགས་སུ་ཞིང་ལས་ཡར་རྒྱས་དང༌། སྨན་ཁང་གསར་རྒྱག་བྱས་པ་ལྟ་བུ་ལས་རང་མིས་རང་ཡུལ་དུ་འཛུགས་སྐྲུན་མ་དངུལ་གཏོང་ཐབས་མ་བྱུང་བའི་གྱོང་གུད་དང༌། རྒྱ་ནག་གཞུང་གིས་སྤྱི་ལོ་ ༡༩༧༩ ལོ་ནས་ཕྱི་སྡོད་རྒྱ་མི་ཡིན་ནོ་ཅོག་ལ་འབོད་བསྐུལ་གྱིས། ལོ་ངོ་བཅུ་གྲངས་ལ་ཕྱི་རྒྱལ་ནས་རྒྱ་ནག་ལ་མ་དངུལ་བཏང་བའི་བརྒྱ་ཆ་བརྒྱད་ཅུ་ལྷག་ཕྱི་སྡོད་རྒྱ་རིགས་ཡིན་ཅིང༌། དེས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ལ་ཤིན་ཏུ་ཕན་པ་བྱུང་བའི་གནས་ཚུལ་གཉིས་གཤིབ་བསྡུར་སོགས་མདོ་དོན་བཙན་བྱོལ་བོད་གཞུང་གི་ངོས་ནས། ཆབ་འབངས་རྣམས་ཀྱིས་གཞིས་ཆགས་ཀྱི་ས་ཞིང་འདེབས་ལས་བསྐྱུར་ཏེ་ནུབ་ཕྱོགས་སུ་ལས་གླ་འཚོལ་རྒྱུ་བདམས་ཟིན་པའི་སེམས་ཁམས་ལ་རྒྱུས་ལོན་མ་གནང་བར། མུ་མཐུད་ནས་སྐྱེ་ལྡན་སོ་ནམ་ (Organic Product) ཐོན་ལས་ལ་གཅིག་ཏུ་འབད་དགོས་པའི་སྲིད་ཇུས་འཛིན་བཞིན་པ་དེ་གཅིག་བྱས་ན་ས་སྟོང་ལ་མདའ་འཕེན་པ་ལྟ་བུར་མི་འགྱུར་བའི་ངེས་པ་མེད།
གལ་སྲིད་མི་དམངས་མང་ཤོས་ཀྱི་བསམ་བློ་ནུབ་ཕྱོགས་སུ་འཁོར་ཡོད་ན། བཙན་བྱོལ་བོད་གཞུང་གིས་སྤྱན་ཟུང་བཙུམ་སྟེ་མུ་མཐུད་ཨུ་ཚུགས་གནང་རྒྱུ་དེ་ཐབས་ལམ་ཡག་ཤོས་དེ་མ་ཡིན་པར། དེ་ལུགས་ཀྱི་སྲིད་ཇུས་གསར་བ་ཞིག་གྲ་སྒྲིག་དགོས་པ་དེ་དུས་རབས་ཀྱིས་ཚུར་བཀལ་ཡོང་བའི་འགན་འཁྲི་ཞིག་ཡིན་ནམ་སྙམ།
༢༠༡༠།༥།༨ ཉིན་བྱང་ཨ་རིའི་གྲོང་ཁྱེར་ནོའུ་ཡོཀ་ནས།།
དཀའ་ངལ་གྱི་འབྱུང་རྩ་ངོ་མ་ནི་སོ་སོས་སྐྱང་པོ་ཡིན་མདོག་གིས་རྫུན་བཤད་རྫུན་ལས་བྱེད་རྒྱུ་མང་སོང་བ་དེ་རེད། དྲང་པོ་དང་བདེན་པའི་ལམ་ནས་ཕྱིན་པ་ཡིན་ན་དཀའ་ངལ་གང་ཡང་མི་འདུག
ཨ་ལས། དཀའ་ངལ་མེད་ན་དེ་ལས་ལྷག་ཅིག་ཅི་དགོས། འོན་ཀྱང་སྤྱང་གཡོ་ཁྲམ་གསུམ་བྲིན་ཆེ་བ་དང་ལྟག་སྒོའི་ལུགས་ཀྱི་དུས་རབས་འདིར་མི་ཉམས་ཆུང་དང་དྲང་པོ་ཐར་ལམ་ཞིག་མེད་ཁོ་ཐག། དཀའ་ངལ་འཕྲད་མེད་ན་བརྒྱུད་ལམ་འདི་ལས་བརྒལ་མི་སྲིད་ལ་ཡང་ཅིག་མིན་ན་ཡང་སྟེང་ལ་འགྱིངས་བས་བར་སྣང་མ་གཏོག་་ས་གཞི་མ་མཐོང་བ་ཡིན་རྒྱུ་རེད།
ལྟག་སྒོའི་ལམ་ལུགས་ལ་བཅོོས་རོགས།
འོ་་་ང་ལ་མཚོན་ན་དཔལ་འབྱོར་མེད་ལ་རྒྱབ་བདག་དེ་བས་ཀྱང་མེད། འོན་ཀྱང་པ་སི་ཅི་ཞིག་བཟོས་ཀྱང་ཁྲིམས་མཐུན་དང་དྲང་བཞག་གི་ལམ་ནས་སོང་བས། RC དང་རང་བཙན་ལག་དེབ་གཉིས་ཀ་དཀའ་ངལ་མེད་པར་རག་སོང་། རག་ནས་ད་ལྟ་བར་དུ་དཀའ་ངལ་གང་ཡང་འཕྲད་མ་སོང་། ངའི་གཡས་གཡོན་གྱི་མི་མང་པོ་ཞིག་གིས་སོ་སོ་སྐྱང་པོ་ཡིན་མདོག་གིས་པ་སི་དེ་ཚོའི་སྒང་ལ་མིང་དང་སྐྱེས་ཚེས་སྐྱེ་ཡུལ་སོགས་རྫུན་མ་ཤ་སྟགས་འབྲི་ཡི་འདུག་ལ། དེ་འདྲ་མང་པོ་ཞིག་རྗེས་མ་དཀའ་ངལ་ནང་ལྷུང་འགྲོ་ཡི་འདུག འདི་ལྟར་ལྟས་ཡོང་ན་པ་སིའི་དཀའ་ངལ་འདི་ནི་པ་སི་བཟོ་མཁན་དཔོན་པོ་ཚོའི་བྱ་སྤྱོད་ཅིག་པུ་མིན་པར། དོ་བདག་རང་ཉིད་ཀྱི་བྱ་སྤྱོད་ལ་ཡང་འབྲེལ་བ་ཆེན་པོ་འདུག་སྙམ།
ཆང་ལགས་ལ་དངོས་བྱུང་གནས་ཚུལ་སྐྱུག་བྲོ་བོ་དེ་ངའི་གྲོགས་པོ་ངོ་ཤེས་མང་དག་ཞིག་ལ་དཀའ་ངལ་ཚད་ལས་འགལ་བ་བྱུང་འདུག མ་ཟད་གསར་པའམ་དུས་རྫོགས་སྐྱར་བཟོས་གང་ཡིན་རུང་མགོ་ཉོགས་དུས་ཚོད་མང་དུ་འགོར་ལས་བྱེད་པས་ལས་ཀ་ཏག་ཏག་མ་བྱས་པར་བརྟེན་མི་དམངས་སྙོམས་ཆུང་མང་པོ་ཞིག་ལ་དཀའ་ངལ་འགྲོ་སོང་དུས་ཚོད་གོ་སྐབས་སོགས་གྱོང་གུན་མི་ཉུང་བ་ཕྲད་བཞིན་པ་དངོས་ཡོད་རེད་འདུག སྤྱིར་བཏང་བོད་པའི་སྤྱི་ཚོགས་འདི་རྒྱ་ཆུང་ཞིང་བཙན་བྱོལ་གཞུང་འདྲ་འདྲའི་ནང་ནས་མི་འདྲ་ཟེར་སྐད་ལས་དེབ་སེར་པོ་གཅིག་པུ་མགོ་ཉོག་འདི་ལ་ཡིིད་བསུན་ནས་མང་པོ་ཞིག་གིས་ཁྲིམས་འགལ་དང་དཔལ་འབྱོར་འགྲོ་གྲོན་བཏང་ནས་ལག་འཁྱེར་གཞན་པ་བཟོས་དང་བཟོ་བཞིན་པ་ང་རང་གིས་དངོས་སུ་མཐོང་ཐོས་བྱུང་བས་དེ་དག་འགག་རྩ་གཙོ་བོ་ནི་གོང་དུ་རྩོམ་པ་པོ་ཁོང་ལ་འཕྲད་པའི་གནས་ཚུལ་མ་ལས་མ་འདས་པས་ན་དེབ་སེར་ལས་ཁུངས་མ་ལག་དང་འབྲེལ་ཡོད་མི་སྣ་ཁག་གིས་གནས་ཚུལ་བདེན་མིན་རྩད་ཞིབ་གནང་དང་ད་གཟོད་མཁྱེན་ཡོང་། ང་རང་ལ་ནི་དེས་དཀའ་ངལ་མེད་ཀྱང་ངེད་ཚོའི་སྤུན་ཟླ་མང་མང་ལ་དངོས་ཕྲད་དཀའ་ངལ་དེར་བརྟེན་སྐྱར་སྡུག་ལམ་དུ་མི་འཇུག་པའི་ཆེད་དུ་དེ་རྣམས་ཀྱི་སྒོ་གསུམ་འཇུག་པའི་ཚབ་བྱས་ཏེ་བྲིས་པ་ཡིན། མཐའ་དོན་རྩོམ་པ་པོ་ཁོང་ལ་རྒྱབ་སྐྱོར་དང་ལས་ཀྱི་སྣེ་མོ་གཏོགས་པའི་ཆེ་ཕྲ་ཐམས་ཅད་ཀྱིས་ལྷག་བསམ་རྣམ་དག་གིས་རང་འཁྲིའི་ལས་འགན་དུ་ཐུགས་བསམ་བཞེས་ཏེ་སླད་ཕྱིན་མི་སེར་དཀྱུས་མ་ཚོ་པ་དཀའ་ངལ་མཐོས་པ་མི་སྤྲོད་རྒྱུ་རེ་བ་འདོན་པ་ཡིན།
ངས་གོང་དུ་ཞུས་པ་དེ་དག་དངོས་ཡོད་དཀའ་ངལ་ཕྲད་པ་ལས་མིན་པ་ཡོད་པར་སྒྲོ་བཏགས་པ་པའམ་གཞི་ཙམ་ལ་ཆེན་པོ་བཟོས་པ་དེ་བས་ཀྱང་མིན། རྩོམ་པ་པོས་བཤད་པ་ལྟར་དེབ་སེར་བཟོས་ཟིན་པ་ལྕགས་སྒམ་ནང་དུ་ཆག་པ་དང་ཆག་པ་བྱས་ཏེ་བརྩེགས་བཞག་པ་ལ་གཞིག་ན་སྙིང་ནད་དང་དམིགས་ཡུལ་ངེས་ཅན་ཡོད་པ་ཆེད་དུ་བསམ་ཡང་རང་བཞིན་གྱི་དྲི་དྭོགས་ངན་པ་སྐྱེས་ཡོང་། བོད་རྙིང་པའི་རོ་ལངས་རྒྱག་རྒྱུ་མིན་འགྲོ་བསམ་ལ་དཔོན་པོ་ཁོ་ཚོའི་འོག་ཏུ་བྲོ་འཁྲབས་ས་དང་འཚོ་རྟེན་ཁེ་ཕན་སོགས་དམིགས་ཡུལ་ངན་པ་བཅངས་པ་མིན་ནམ་དང་། སྤྱང་པོ་དང་རྒྱབ་རྟེན་ཡོད་མཁན་དཔལ་འབྱོར་རྒྱགས་པ་རྣམས་ནི་སྔར་ནས་རང་མགོ་རང་ཐོན་བྱས་ནས་བཙན་བྱོལ་སྤྱི་ཚོགས་དང་ཁ་ཕྲལ་ནས་ཡོད། གཞི་ཆགས་པའི་མི་སེར་སྙོམས་ཆུང་ཁོ་ན་ལ་མགོ་གནོན་བྱས་ཏེ་དུས་ཚུད་སྐྱེལ་ས་ཞིག་དང་འཚོ་བའི་རྟེན་སོགས་ཀུན་སློང་ངན་པས་བཅིངས་པ་མིན་ནམ་ལ་སོགས་པ་རྟོག་འཆར་ཡ་མ་ཟུང་བློར་གཅིག་རྗེས་གཉིས་མཐུད་དུ་འཁྱམས་ཉུལ་དཔྱོད་རྟོག་འདྲ་མིན་ཤར་མི་ཆོག་པ་ག་ལ་ཡིན།
ཆེད་དུ་༼མ་༽ བཅུག་
དོལ་རྒྱལ་བསྟན་ན་ནང་པ་ནས་ཕུད་ཐབས་བྱེད་པ་འདི་ནི་ཤང་ཀར་ཨ་ཙརྱས་སཡི་བ་བ་བསྟེན་མཁན་ཚོ་ཧིན་དུ་ནས་ཕུད་ཐབས་བྱེད་པ་མཚུངས་པས་དོལ་རྒྱལ་བཀག་འགོག་གི་ལས་འགུལ་འདི་ནི་བྱིས་པ་ལས་མེད་ན་ཡོས་ཕོ་ནས་སྒྲུག་ཟེར་བ་དང་མཚུངས་སོ།།
ཡིན་ནའང་༧གོང་ས་མཆོག་གིས་བཀའ་ཆོས་གནང་སྐབས་དོལ་རྒྱལ་བ་ཕྱིར་བསྐྲད་པ་ནི་འོས་པ་ཞིག་རེད
ལུངས་རྟོགས་ལགས་དྲང་པོ་བདེན་པའི་ལམ་ནས་སོང་ན་དཀའ་ངལ་གང་ཡོང་མེད་ཚུལ་
གསུང་འདུག། དེ་འདྲ་ཡིན་ན་བལ་ཡུལ་མི་རིགས་བདུན་བརྒྱ་ཙམ་གྱི་གནས་བདེ་དོན་
ལ་ལྐོག་བརྔན་སྤྲད་ནས་རང་དབང་ལག་དེབ་རྫུན་བཟོ་བྱས་ཏེ་ད་ལྟ་་་ཁེ་ན་ཏྲ་་ལ་
བོད་པའི་མིང་ཐོག་ནས་སྐྱབས་བཅོལ་ཞུས་ཅིང་གཞིས་ཆགས་ནས་བསྡད་འདུག། དེ་
ཚོ་རང་དབང་ལག་དེབ་བཟོ་ཡ་ལ་དཀའ་ངལ་ཀྱི་ཡང་མ་འཕྲད་པར། བདེ་བླག་ངང་
བོད་པའི་མིང་ཐོག་ནས་་་ཁེ་ན་ཏྲ་་་ལ་གཞིས་ཆགས་ཐུབ་པ་དེ་དྲང་བདེན་ཞིག་ལ་
ངོས་འཛིན་གནང་གི་ཡིན་པས།
བོད་གཞུང་གི་ལས་ཁུངས་ཆེ་མ་ཆུང་གསུམ་ཚང་མའི་ནང་དུ་འདི་འདྲའི་ལས་ཀ་འཐུས་ཤོར་གྱི་རིགས་མང་དུ་འབྱུང་བཞིན་འདུག ཁོང་ཚོས་བོད་རྒྱ་ཆེའི་མང་ཚོགས་ཀྱི་ཡིད་ཆེས་བརླག་ན་བོད་གཞུང་ཟེར་བའང་འཆགས་ས་རྟེན་ས་མེད་པ་ཆགས་འགྲོ་བ་ཧ་གོ་གི་མེད་པ་འདྲ། ཉེ་སྔོན་ཁོ་བོའི་གྲོགས་པོ་ཞིག་གིས་རང་དབང་ལག་དེབ་ཐོ་འགོད་བྱས་ཏེ་མི་ལོ་བཅུ་ལྷག་གི་རིང་ལ་འབད་བརྩོན་བྱས་ཀྱང་ལས་བྱེད་ཚོས་ཁ་གཡར་ས་འདྲ་མིན་བཤད་ཏེ་བཟོ་མ་ཐུབ་པར་ལྷག མཇུག་མཐར་ངོ་ཆེན་གྱི་འབྲེལ་ལམ་གཞན་ཞིག་བརྒྱུད་ནས་བདུན་ཕྲག་གཅིག་གི་ནང་ལ་བཟོས་ཚར་བ་བྱས་སོང་ཟེར་། རང་དབང་ལག་དེབ་ཅིག་ལོ་མང་པོའི་རིང་བཟོ་ཐུབ་མེད་པའི་གནས་ཚུལ་འདི་ཐོས་སྐབས་མི་མང་པོ་ཞིག་གིས་ཡིད་ཆེས་བྱེད་དཀའ་བ་འབྱུང་བར་གདོན་མི་ཟ་མོད། འོན་ཀྱང་། འདི་ནི་དངོས་འབྲེལ་ཡིན་པས་རྫུན་བཤད་དགོས་དོན་ཅི་ཡང་མེད། ཕྱི་སྐྱོད་ལག་འཁྱེར་སེར་པོའི་སྐོར་གྱི་གནས་ཚུལ་ནི་དེ་ལས་ཀྱང་སྐྱུག་བྲོ་བ་མང་དག་ཅིག་རང་གཞན་ཚང་མའི་སེམས་ན་གསལ་ལེར་ཡོད། ད་དུང་ཁར་སེང་དེ་རིང་རྡ་ས་སོགས་ན་(GAS)རླངས་རྫའི་ལག་དེབ་ཀྱང་རྒྱ་གར་ལས་ཁུངས་ལ་ཐད་ཀར་འབྲེལ་གཏུག་བྱས་མི་ཆོག་པར་བོད་གཞུང་གི་ལས་ཁུངས་ཤིག་བརྒྱུད་ནས་ལེན་དགོས་པ་བཟོས་ཏེ་མི་མང་ལ་དུས་ཐོག་ཏུ་རླངས་རྫ་མ་རག་པའི་དཀའ་ངལ་གཞན་ཞིག་ཀྱང་འབྱུང་མུས་སུ་འདུག
ཅོ་རི་ཉི་མ། དོལ་རྒྱལ་གྱི་བྱུང་ལུགས་བྱུང་སྟངས་ཀྱི་ཆ་ནས། དོལ་རྒྱལ་དེ་མི་ནས་ལྷ་དང་། ལྷ་ནས་འདྲེ་རུ་གྱུར་བའི་སྐབས་རིམ་སོ་སོར་རྙོག་དྲ་ཧ་ཅང་མང་པོ་འདུག ཁྱོད་ཀྱིས་དོལ་རྒྱལ་དང་རྙིང་མའི་བར་གྱི་དཀའ་རྙོག་ཅིག་ཤོད་དང་། ངས་ཁྱོད་ཀྱི་དྲང་གཏམ་བཤད་རྒྱུར་རེ་བས་སྒུག་ཡོད།