གནས་ཚུལ་གཏོང་མཁན། ཚེ་རིང་དབང་ཕྱུག
གསལ་བསྒྲགས་འདི་བཞིན་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་༢༠༡༦ ཟླ་༡ ཚེས་༡༤ ནས་ཚེས་༢༥ བར་༸དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤ གནང་གཏན་འཁེལ་བའི་སྐབས་ཆོས་ཞུ་གནང་མཁན་གྲྭ་བཙུན་རྣམས་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་། ཕྱི་རྒྱལ་བ་རྣམས་ཀྱི་ཆེད་དུ་ཡིན་པ་དང་། དེ་ཡང་གོང་ཞུས་ཆོས་ཞུ་བ་ཚོས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་དྲྭ་རྒྱ་www.kalachakra2016.net འམ། ཡང་ན། www.kalachakra2016.in གཉིས་གང་རུང་བརྒྱུད་དེ་དྲྭ་ཐོག་ནས་ཐོ་འགོད་གནང་རྒྱུའི་ཆ་རྐྱེན་བསྐྲུན་ཡོད་པ་ལྟར་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང་།
དྲྭ་ཐོག་ཐོ་འགོད་ཞུས་པ་རྣམས་ནས་གསུང་ཆོས་ངོ་སྤྲོད་ལག་འཁྱེར་རྡོར་གདན་དུ་ཐོ་འགོད་ཁང་ནས་བཞེས་དགོས་པ་དང་། དེའི་ཆེད་ཐོ་འགོད་འགེངས་ཤོག་དང་མཉམ་དུ་ཕྱི་རྒྱལ་ཆོས་ཞུ་བ་ཚོས་རང་ཉིད་ཀྱི་ལག་འཁྱེར་(Passport) དང་། ཧི་མ་ལ་ཡའི་རི་རྒྱུད་མི་མང་རྣམས་ནས་སོ་སོའི་ལག་འཁྱེར་རམ། ཨཱ་རྡར་ངོ་སྤྲོད་ལག་ཁྱེར། ཡང་ན་འོས་བསྡུའི་ལག་ཁྱེར་(Passport or Aadhaar Card or Voter ID) གང་རུང་།
དེ་བཞིན་བོད་རིགས་གྲྭ་བཙུན་རྣམས་ནས་དཔྱ་ཁྲལ་ལག་དེབ་བམ་རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་(Green Book or RC)གང་རུང་ངེས་པར་དགོས། གནས་མཆོག་རྡོར་གདན་དུ་དུས་དབང་དངོས་གཞིའི་སྐབས་མི་ཚོགས་སོགས་ཧ་ཅང་ཆེན་པོ་ཡོང་རྒྱུར་བརྟེན་དེ་གར་བཙུགས་པའི་ཐོ་འགོད་ཁང་དུ་འཚང་ཁ་དང་དུས་འགོར་སོགས་མི་ཡོང་ཆེད་སྔོན་ཚུད་ནས་དྲྭ་ཐོག་ཐོ་འགོད་གནང་སྐྱོང་ཡོང་བ་དང་། ཐོ་འགོད་ཀྱང་ལས་སླ་པོའི་ཐོག་ནས་བྱེད་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད།
དྲྭ་ཐོག་ཐོ་འགོད་དེ་ཡང་ཕྱི་ལོ་༢༠༡༥ ཟླ་༡༢ ཚེས་༣༡ གི་མཚན་མོའི་ཆུ་ཚོད་ ༡༡ དང་སྐར་མ་ ༥༩ བར་གནང་ཐུབ། དེའི་ནང་ཚུད་ལ་དྲྭ་ཐོག་ནས་ཐོ་འགོད་གནང་མ་ཐུབ་པ་ཚོས་གནས་མཆོག་རྡོར་གདན་དུ་ཐོ་འགོད་ཁང་རང་དུ་དུས་དབང་སྐབས་ཐོ་འགོད་བྱ་འཐུས། དྲྭ་ཐོག་ཐོ་འགོད་བྱས་པའི་དོ་བདག་གི་འབྲེལ་ཡོད་གནས་ཚུལ་རྣམས་འདི་ག་ལས་ཁུངས་ནས་གལ་འགངས་ཆེན་པོའི་སྒོ་ནས་རྟོག་ཞིབ་དང་ཉར་ཚགས་བྱེད་རྒྱུ་ཡིན་པ་བཅས་དགོངས་འཇགས་ཞུ།
བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་༢༠༡༥ ཟླ་༧ ཚེས་༡༥ ལ།།
ད་ལམ་དུས་འཁོར་དབང་ཆེན་སྐབས་གཞོན་ནུ་ཚོགས་པས་སྔར་རྒྱུན་རོགས་པ་བྱེད་རྒྱུའི་གོ་སྐབས་ཅི་ནས་གནང་གལ་ཆེ།
ད་ལམ་དུས་འཁོར་དབང་ཆེན་སྐབས་གཞོན་ནུ་ཚོགས་པས་སྔར་རྒྱུན་བཞིན་རོགས་པ་བྱེད་རྒྱུའི་གོ་སྐབས་ཅི་ནས་གནང་གལ་ཆེ།
འདིའི་སྐབས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། གཞོན་ནུ་ཚོགས་པ་གཉིས་ལ་དགྲ་རུ་ལྟ་མཁན་ཡོད་ན་དེ་ནི་ངས་རྒྱལ་ཚོང་པ་ཡིན་པ་མ་ཚད། དོལ་ཚོགས་དང་གཅིག་པ་ལ་ངོས་འཛིན་བྱ་རྒྱུ་ཡིན།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ནམ་ཡང་འགྱུར་བ་མེད་པའི་སྤྱི་ཚོགས་ཀྱི་ཞབས་ཞུ་བ་སྔར་ཡང་ཡིན་ལ་སླད་ཀྱང་ཡིན་ངེས་རེད། ལ་དྭ་དུས་དབང་སྐབས་སྐབས་འཚོལ་རིང་ལུགས་པ་ཁག་གཅིག་གིས་བྱ་སྤྱོད་ངན་པས་གོ་སྐབས་འཕྲོགས་པ་ལས། རང་གཞུང་ངོས་ནས་དེ་ལ་འབྲེལ་བ་གང་ཡང་ཡོད་ཚོད་མ་རེད། རྗེས་མའི་དུས་དབང་ནི་བཙན་བྱོལ་བོད་གཞུང་ནས་ཐུགས་འགན་བཞེས་ཀྱི་ཡོད་ཙང་སྐབས་འཚོལ་པ་དག་ལ་དེ་ཙམ་གོ་སྐབས་ཨ་ཡོད་ན་སྙམ།