ཨ་རིག་འགྱུར་མེད་ཀྱིས།
ཕྱི་ཟླ་ ༩ ཚེས་ ༡༢ གྱི་མཚན་མོར་ངས་མལ་ས་ནས་དུས་འགྱུར་དུས་དེབ་སྤྱིའི་འདོན་ཐེངས་གཉིས་པ་དེ་བཀླགས་ཤིང༌། རྒྱབ་ཤོག་ནང་ལོགས་ཀྱི་རྩོམ་སྐུལ་ཞིག་ཏུ་རྩོམ་ཡིག་འབྲི་མཁན་ཚོར་རྩོམ་ཡོན་ཞིག་འབུལ་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ། རྒྱུ་མཚན་དེར་བརྟེན་ངས་ཀྱང་རྩོམ་ཡིག་ཅིག་འབྲི་རྒྱུར་སེམས་ཐག་བཅད།
དངོས་གནས་རེད། ང་ལ་རྩོམ་ཡོན་ཞིག་དགོས་ཀྱི་འདུག མ་ཟད་ངས་རང་ཉིད་ཀྱི་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་བྲིས་པའི་རྩོམ་ཡིག་དེ་དུས་འགྱུར་དུས་དེབ་ཐོག་བཀོད་དེ་ངས་དུས་འགྱུར་རྩོམ་སྒྲིག་ཁང་གིས་བསྐུར་ཡོང་བའི་རྩོམ་ཡོན་དེས་ཟས་ཞིམ་པོ་ཞིག་དང༌། ཆུ་གྲང་མོ་ཞིག་འཐུང་སྤྱད་བྱེད་ན་འདོད། གལ་སྲིད་བྱུང་ན་གྲོགས་པོ་འགའ་སྐད་བཏང་ནས་སྟབས་བདེའི་དགོང་ཟས་ཤིག་ཀྱང་མཉམ་དུ་འཐུང་ན་འདོད། འདི་ལྟར་ང་རྩོམ་ཡོན་ལེན་སའི་དུས་དེབ་དང་རྩོམ་ཡོན་ལེན་སའི་ཚགས་ཤོག་རྩོམ་སྒྲིག་ཁང་མང་བོ་ཞིག་གི་སྒོ་འགྲམ་ཉུལ་ནས་རང་ཉིད་ཀྱི་རྩོམ་ཡིག་བཙོང་དུ་འགྲོ་ན་འདོད། ནམ་ཞིག་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ཡན་གྱིས་བོད་ཀྱི་སྐད་ཡིག་སྟེང་ཡོད་པའི་ཚགས་ཤོག་དང་དུས་དེབ་འདྲ་མིན་བཀླག་ཐུབ་པར་འགྱུར་ཞིང༌། དུས་དེབ་རྩོམ་སྒྲིག་ཁང་དང་ཚགས་ཤོག་རྩོམ་སྒྲིག་ཁང་ཚང་མས་རང་ཁ་སོས་ཤིང༌། གཞན་གྱིས་བསྐུར་ཡོང་བའི་རྩོམ་ཡིག་ལ་རྩོམ་ཡོན་ཚད་ངེས་ཅན་རེ་སྤྲོད་ཐུབ་པར་འགྱུར་བ་དང༌། རྩོམ་པ་པོ་མང་བོ་ཞིག་རྩོམ་ཡོན་ལ་བསྟེན་ཏེ་རང་ཁ་གསོ་ཐུབ་པ་དང༌། རྩོམ་ཡོན་ལ་བསྟེན་ཏེ་ཆེད་ལས་རྩོམ་པ་པོ་ཞིག་བྱ་ཐུབ་ཚེ། སྐབས་དེ་དུས་ངས་དམིགས་འདུན་འགྲུབ་སོང་བ་ཡིན། སྐབས་དེ་དུས་ང་ཡང་དངོས་གནས་ཉིན་མཚན་འགར་རྩོམ་ཡིག་གཅིག་ལ་ཤི་འཐམ་རོ་འཐམ་བྱས་ཏེ་ཞིབ་ཚགས་དང་རྒྱས་འབྲི། སྒྱུ་རྩལ་གྱི་ཕྱོགས་སུ་འབད་ངེས་ལ། མདུན་སྐྱོད་ཀྱི་གོམ་པ་ཧ་ཅང་ཧ་ཅང་གི་བརྟན་པོ་ཞིག་སྤོ་རྒྱུར་ཐེ་མི་ཚོམ།
ང་རང་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཡོད་སྐབས་ངས་ཁ་བ་དུས་དེབ་ཅིག་ཏུ་རྩོམ་ཡིག་སྙན་ངག་དམར་བོའི་ཚོ་ཁག་ཅེས་པ་ཞིག་བསྐུར་ཞིང༌། ཟླ་འགའི་རྗེས་སུ་ཁ་བ་དུས་དེབ་ཅིག་དང་རྩོམ་ཡོན་དུ་ཧིན་སྒོར་ ༡༤༠ ཞིག་སྦྲགས་ཁང་བརྒྱུད་ལག་སོན་བྱུང༌། དེ་ནི་ངས་ཐོག་དང་བོར་བླངས་པའི་རྩོམ་ཡོན་ཡིན་ལ། ཐོག་དང་པོར་ངས་བཙོང་བའི་རྩོམ་ཡིག་ཅིག་རྩོམ་སྒྲིག་ཁང་ཞིག་གིས་ཉོས་པ་དེ་ཡིན། སྐབས་དེ་དུས་སློབ་ཕྲུག་རེར་སློབ་གྲྭ་གཞུང་གིས་ཟླ་རེར་ཧིན་སྒོར་ ༣༥ ཙམ་ལས་གནང་ཐུབ་ཀྱི་མེད་ལ། དེ་ཡང་གངས་ཟླ་དང་ཟམ་པ། སྐྱ་རེངས་ལྟ་བུའི་སློབ་གྲྭའི་དུས་དེབ་དང་ཚགས་ཤོག་འགའི་རིན་འབབ་ཏུ་ཤོར་འགྲོ་དུས་ཀྱང་ཧ་ཅང་མང༌། རྒྱུ་མཚན་དེའི་དབང་གིས་ཁ་བ་རྩོམ་སྒྲིག་ཁང་གིས་བདག་ལ་བསྐུར་ཡོང་བའི་ཧིན་སྒོར་ ༡༤༠ དེ་ངའི་ཚོད་ཀྱི་ཨ་སྒོར་ ༡༤༠ ཡིན་ལ། སྐབས་དེར་ངས་ཐོག་དང་བོར་རང་ཉིད་ཀྱི་བློས་ཐུབ་གྲོགས་པོ་ཟ་ཁང་དུ་ཁྲིད་ནས་ཟ་མ་ཞིག་བཟས་པའང་ཡིན།
རྩོམ་ཡིག་འབྲི་བ་ནི་མི་གཞན་ལ་བག་ཆགས་བགོ་བའི་ཆེད་དུ་ཡིན་པ་ལས་རྩོམ་ཡོན་ལེན་པའི་ཕྱིར་དུ་མིན་པ་ནི་ངས་ཤེས་ཀྱི་ཡོད་ལ། རྩོམ་ཡིག་འབྲི་བ་ནི་འགྲོ་བ་མི་རིགས་དང་རང་བྱུང་ཁམས་ཀྱི་སྐྱེ་དངོས་དང་རི་དྭགས། ཁོར་ཡུག་སྲུང་སྐྱོབ། འཛམ་གླིང་ཞི་བདེ་བཅས་ཀྱི་ཆེད་ཡིན་པ་ལས་རྩོམ་པ་པོ་སྒེར་བ་ཞིག་གི་ཁ་རྒྱབ་ཁེབ་མིན་མིན་པའང་ངས་ཤེས་ཀྱི་ཡོད། ཡིན་ནའང༌། ཆེད་ལས་རྩོམ་པ་པོ་ཞིག་བྱ་རྒྱུར་ཆེད་སྦྱོང་ར་བ་དང༌། ཆེད་དམིགས་དུས་ཚོད་ཅིག་དགོས་པ་རེད་ལ། ྋགོང་ས་མཆོག་གིས་བྱམས་བརྩེ་ཐུགས་རྗེའི་ཕྱག་ཟུང་ཡངས་པོར་བསྐྱངས་པའི་བཀའ་དྲིན་གྱིས། དེང་སྐབས་བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་གསོ་སྐྱོང་གནང་བཞིན་པའི་བོད་ཀྱི་སྐད་ཡིག་རིག་གཅིག་རྐང་འཛིན་པ་དག་ཀྱང༌། གཞན་ཞིག་གིས་གསོ་མི་དགོས་པར་རང་ཉིད་ཀྱི་རྩོམ་ཡོན་གྱིས་རང་ཉིད་གསོ་ཐུབ་ཅིང༌། རྩོམ་ཡོན་གྱིས་རང་གི་མདུན་ལམ་ཁག་ཐེག་དང༌། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐད་དུ་བླ་མེད་ཀྱི་ནུས་པ་འདོན་ཐུབ་པར་འགྱུར་ན། དེ་དུས་ང་ཚོ་བོད་མི་རིགས་ཀྱང་རྒྱ་དཀར་ནག་གཉིས་ཀྱིས་མཚོན་པའི་ཕྱི་གླིང་བའི་རྒྱལ་ཁབ་གཞན་དག་ལྟར་ཆེད་ལས་རྩོམ་པ་པོ་ཚད་ལྡན་དུ་མ་ཞིག་འབྱུང་སའི་ཁོར་ཡུག་ཡོད་པར་འགྱུར་བ་ཡིན་ལ། དེ་ནི་ངས་ཉིན་མཚན་མེད་པར་རྨི་བཞིན་པའི་རྨི་ལམ་ཞིག་ཀྱང་ཡིན།
ང་ཚོ་གནས་སའི་བཙན་བྱོལ་སྤྱི་ཚོགས་འདི་ཧ་ཅང་རྒྱ་ཆུང་ནའང༌། དེའི་ཚོད་ཀྱི་རྩོམ་པ་པོ་མང་བོ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་གཅིག་མཇུག་གཉིས་མཐུད་ཀྱིས་སྤྱི་ཚོགས་ཁྲོད་མངོན་ཡོང་གི་འདུག སྒེར་དེབ་རེ་འགྲེམས་སྤེལ་ཟིན་པའི་རྩོམ་པ་པོ་ཡང་གྲངས་ངེས་ཅན་ཞིག་ཏུ་སླེབས་འདུག ཡིན་ནའང༌། ཁོང་ཚོས་བཏོན་པའི་སྒེར་དེབ་དེ་དག་གྱོང་ལས་ཁེ་བཟང་རེག་གི་མེད་ལ། དེ་ཡང་སྦྱིན་བདག་ག་གེ་མོ་རེའི་བཀའ་དྲིན་སྐུ་དྲིན་ཁོ་ནས་འདོན་སྤེལ་བྱེད་ཐུབ་ཙམ་བྱུང་བ་ཤ་སྟག་ཡིན། གལ་སྲིད་ང་ཚོར་ཀློག་པ་པོའི་ཁོར་ཡུག་ཡག་ཐག་ཆོད་ཅིག་ཡོད་ཅིང༌། ཚགས་ཤོག་དང་དུས་དེབ། སྒེར་དེབ་སོགས་ཚོང་བསྒྱུར་བྱེད་སའི་ཚོང་ར་ཚད་ལྡན་རེ་ཡོད་ཚེ། སྒེར་དེབ་དེ་དག་གིས་ཀྱང་རྩོམ་པ་པོ་སྒེར་བ་རེ་སྐྱེད་སྲིང་བྱས་ཡོད་ལ། དུས་དེབ་དང་ཚགས་ཤོག་གསར་བ་མང་བོ་ཞིག་ཀྱང་ཁ་སང་ཡོད་ན་དེ་རིང་སྐུ་ཚེ་འཕེན་པ་རྫོགས་འགྲོ་བའི་གྲང་སིལ་སིལ་གྱི་ནམ་ཟླ་འདི་འདྲ་ཞིག་ཡོད་མི་སྲིད།
ཡང་བསམ་གཞིགས་ཤིག་བྱ་སྐབས། ང་ཚོའི་རྩོམ་པ་པོ་ཚོས་རང་ཉིད་ཀྱི་རྩོམ་ཡིག་དང་རྩོམ་དེབ་ལ་རང་ཉིད་ཀྱིས་ཆེ་མཐོང་སྤྲོད་ཀྱི་མི་འདུག་ལ། མིང་གྲགས་དང་འུར་འགྲོགས་ཙམ་གྱིས་རྩོམ་དེབ་རེ་བཏོན་རྗེས། རང་ཉིད་ཀྱི་རྩོམ་དེབ་རང་ཉིད་ཀྱིས་བཀླག་རྒྱུར་ངོ་ཚ་ཞིང༌། དེ་ནས་བཟུང་སེམས་ཤུགས་ཉམ་ཞིང༌། མདུན་སྐྱོད་ཀྱི་གོམ་པ་འཁུམ་འགྲོ་མཁན་ཡང་མང་དག་ཅིག་ཡོད་སྐད། མ་ཟད་སྒེར་དེབ་གཉིས་གསུམ་རེ་བཏོན་ཚར་བའི་རྩོམ་པ་པོ་མང་དག་ཅིག་ལ་བོད་ཡིག་གི་སུམ་རྟགས་དག་གསུམ་གྱི་རྨང་གཞི་ཡང་མེད་སྐད། དེ་ནི་རྩོམ་པ་པོ་རང་ཉིད་ཀྱི་ངོས་ནས་ངོ་ཚ་ཆེན་པོ་ཞིག་དང༌། བོད་མི་རིགས་ཀྱི་ངོས་ནས་ཕམ་ཉེས་ཆེན་པོ་ཞིག་ཀྱང་རེད། བོད་མི་རིགས་ལ་འདི་ལྟ་བུའི་རྩོམ་པ་པོ་ཚད་ངེས་ཅན་ཞིག་ཏུ་སླེབས་ཚེ་དེབ་འདོན་རྒྱུར་རྔམ་པ་ལས་བོད་ཡིག་གི་རྨང་གཞི་འཇོག་རྒྱུར་མི་དགའ་ཞིང༌། མིང་གྲགས་ཙམ་ལ་དུང་བ་ལས་ཤེས་རིག་གི་ཕ་མཐའ་བགྲོད་རྒྱུར་སྐྲག་པའི་རྩོམ་པ་པོ་སྡར་མའི་དཔུང་ཚོགས་ཤིག་འཚར་ལོངས་འབྱུང་གི་རེད་ལ། དེས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཁ་གཡང་སྒྲོག་བཞིན་བོད་ཀྱི་སྐད་ཡིག་ཉམ་ཉེས་སུ་གཏོང་བའི་ཁ་བཤད་ལག་ལེན་གཉིས་འགལ་ཟླར་གྱུར་བའི་རྩོམ་པ་པོ་མང་བོ་ཞིག་གསོ་སྐྱོང་གནང་གི་རེད། འདི་ངའི་རྨི་ལམ་གྱི་ལྡོག་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཡིན་སྟབས། ངས་རྨི་ལམ་དུ་དུས་གཏན་དུ་ངའི་རྨི་ལམ་ལས་ཡལ་ཞིང༌། བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ངོས་དང༌། ད་ལྟའི་གནས་བབ་འོག་ནས་ཡལ་ཏེ། སླར་ཡང་ཕྱིར་མི་མངོན་པར་གྱུར་ན་བསམ་གྱི་ཡོད།
རྩོམ་འདི་དུས་འགྱུར་སྤྱིའི་འདོན་ཐེངས་གསུམ་པའི་སྟེང་བཀོད་ཡོད།
སེམས་ཚོར་དྲག་པོ་ནི་རྩོམ་པ་པོར་འགྱུར་བའི་གཞི་རྩ་ཡིན་ལ།
རྩོམ་ཡོན་ལེན་འདོད་ནི་རྩོམ་པ་པོར་འགྱུར་བའི་རྐང་སྟེགས་ཡིན།
འདི་ནི་ངའི་ལོ་ངོ་ཉི་ཤུའི་རིང་གི་རྩོམ་རིག་ལ་འཇུས་པའི་ཉམས་མྱོང་ཕྱོགས་བསྡོམས་ཡིན།
ཕ་ཨ་རིག་ཚང་གི་བུ་རྒོད་འགྱུར་མེད་ལགས། ཁྱོད་ཀྱིས་དེ་སྔ་དོན་དངོས་དང་ཆེས་ཉེ་བའི་སྐད་ཆ་སྐོར་ཞིག་འཕྲོ་རིམ་འཕྲོར་བཤད་པས་ང་ཁྱོད་དང་ཐག་ཇེ་ཉེར་འགྲོ་བ་ལྟར་སྣང་། རང་རེའི་གཞིས་བྱེས་གཉིས་ཀྱི་སྤྱི་ཚོགས་ཁྲོད་སྒྱུ་རྩལ་འཚོལ་མཁན་དང་། རྩོམ་ཡིག་འབྲི་མཁན། ལྟ་གྲུབ་འཇོག་མཁན། སྤྱི་ཚོགས་གླེང་མཁན། ཐོབ་ཐང་རྩོད་མཁན་ཆེས་མང་པོ་ཞིག་ཡོད་ཀྱང་། ཕལ་མོ་ཆེ་རང་སྣང་གི་དོན་སྤྱི་རབ་རིབ་ཅིག་གི་རྗེས་སུ་འབྲངས་ཏེ་འུར་སྒྲ་སྒྲོག་པར་དགའ་བ་ལས། དངོས་ཡོད་དང་མིག་མདུན་གྱི་གནད་དོན་ལས་དུས་ནམ་ཡང་གཞོལ་ཏེ་འགྲོ་གི་འདུག ལོ་འགའི་ཡར་སྔོན་ནས་དངོས་ཡོད་པང་དུ་ལེན་པར་སྤྲོ་བའི་སྙུག་ཐོགས་པ་རེ་འགའ་མཐོང་ལམ་དུ་གྱུར་ཞིང་། ཉེ་ལམ་བོད་ཀྱི་དུས་བབ་དྲ་ཚིགས་ལས་ཨ་རིག་འགྱུར་མེད་ཅེས་པའང་དེ་ལྟར་མཐོང་སོང་། ད་ལྟ་ནི་གླེན་པ་ལུག་ལ་སྐྱིད་སྣང་ཞིག་གི་མགོ་འབུས་བཞིན་འདུག མ་འོངས་པའི་ལོ་འགའི་རྗེས་སུ་རེ་བ་ཅན་གྱི་གསར་བུ་རྩོམ་པ་པོ་སྐོར་ཅིག་གིས་དངོས་ཡོད་ལག་ཏུ་བཟུང་ནས། འཛམ་གླིང་ལ་བོད་མི་རིགས་སྟོན་ངེས་སྙམ་ན་ང་རང་ཧ་ཅང་དགའ་སྤྲོ་སྐྱེ།
ཨ་རིག་འགྱུར་མེད་ལགས། ཁྱེད་ཀྱི་སྐད་ཆར་གནད་འགག་ཆེན་པོ་འདུག་བསམ། བོད་ཡིག་ཕར་ཞོག་བོད་མི་ཚོའི་ཁྲོད་ན་དབྱིན་ཡིག་གིས་དཔེ་དེབ་བྲིས་ནས་རང་ཁ་སོས་མཁན་ཡང་ཕལ་ཆེར་ཨེ་ཡོད་བསམ། རྒྱ་ཡིག་གི་ཐོག་ནས་ཨ་ལེ་གང་འདྲ་ཡིན་མིན་མི་ཤེས། དེ་མ་གཏོགས་རྒྱ་ནག་སྐམ་ས་ཆེན་མོར་འོད་ཟེར་གྱི་རྩོམ་ཀློག་མཁན་ཅི་ཙམ་ཡོད་དམ།
ལྕགས་རྒྱ་འགྲམ་ནག
བོད་དུ་ཨ་ལེ་སྨོས་མ་དགོས། རྒྱ་ཡིག་རྩོམ་བྲིོས་ནས་རང་ཁ་གསོ་བཞིན་པ་གང་མང་མང་ཡོད་དེ། དོན་གྲུབ་དབང་འབུམ་དང་མེ་སྒྲོན་སོགས་རེད། བཙན་བྱོལ་ན་ཡང་དབྱིན་ཡིག་རྩོམ་བྲིས་ཀྱིས་རང་ཁ་གསོ་བཞིན་པ་འཇམ་དབྱངས་ནོར་བུ་དང་། ཚེ་རིང་ཤཀྱ། བསྟན་འཛིན་བརྩོན་འགྲུས་སོགས་ཡོད་པ་རེད། མི་རིགས་གཞན་དང་རྒྱལ་ཁབ་གཞན་དེ་ཚོ་རིག་གཞུང་དང་ཞིབ་འཇུག་ཅེས་པའི་མིང་འདི་ལ་ཧ་ཅང་དགའ་ཞིང་། མི་ཞིག་ལ་འདི་འདྲའི་མིང་ཞིག་ཐོགས་རྗེས་ཁ་གསོ་རྒྱུ་ནི་ལས་སླ་བོ་ཞིག་རེད། རིམ་གྱིས་རྒྱུས་མྱོང་ཆེ་བ་རྣམས་ལ་སྐད་ཆ་དྲིས་དང་གསལ་ཡོང་།
དོན་གྲུབ་དབང་འབུམ་དང་མེ་སྒྲོན། འབུམ་རམས་པ་དགེ་ལེགས་ལྟ་བུར་མཚོན་ན་ངོ་མ་ཀློག་རིན་ཡོད་པའི་རྩོམ་ཡིག་འབྲི་མཁན་རེད། རྒྱ་ཡིག་ནང་ལ་རྩོམ་ཡིག་གིས་རང་ཁ་གསོ་རྒྱུ་དེ་ནི་དབྱིན་ཡིག་གི་ནང་ལ་ཇི་བཞིན་ལས་སླ་བོ་ཞིག་ཡིན་རྒྱུ་མ་རེད། བོད་ཡིག་གིས་རང་ཁ་གསོ་མཁན་སྐོར་ཞིག་ཡོད་པ་ནི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་ཡོད་པའི་རྒྱ་གཞུང་གི་རྔ་མར་གྱུར་བའི་ཆབ་སྤེལ་དང་ནོར་བྲང་ཨོ་རྒྱན། འབྲོང་བུ་ཚེ་རྡོར་སོགས་ལྟ་བུ་རེད།
ཡེ་ཤེས་ལགས། ཁྱོས་བགྲངས་པའི་འབུམ་རམས་པ་དགེ་ལེགས་ཡིན་ན་དེ་ཡང་གུང་ཇག་གི་རྔ་མ་ཞིག་རེད་འདུག ད་ལོ་རང་ཅག་མགོ་ལ་སྡུག་ཡོང་དུས་མི་དེས་ཏྭ་ལཱའི་རུ་ཁག་ཡིན་ན་ཅིག་ཟེར་ནས་བོད་མི་ཞིག་གི་སེམས་ན་ཡང་དྲན་མི་ཐུབ་པའི་སྐད་ཆ་མང་བོ་བཤད་ཐལ།
ཨོ་རེད་པས། དེའི་མགོར་སྒྱེ་སྐྱོན། དེའི་རྩོམ་ཡིག་ཕྱོགས་ནས་མ་གཏོགས་ཆབ་སྲིད་ཀྱི་ཕྱོགས་ནས་རྒྱ་དགའ་ཞིག་ཡིན་པ་ཁོའི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་ནས་གངས་ལྗོངས་རིག་གནས་ཞེས་པ་དེའི་སྟེང་དུ་བཀོད་འདུག་པ་ལ་བལྟས་ན་ཤེས་ཐུབ།
ཡིག་ནོར། སྒྱེ་སྐྱོན། སྐོན།
ཆབ་སྲིད་ཀྱི་ཕྱོགས་ནས་འདི་ལོར་དོན་གྲུབ་དབང་འབུམ་ཡང་ཨ་རིར་ཡོང་ནས་ཁ་ནང་ལ་ཡོང་ཚད་ཅིག་བཤད་ཡོད་བསམ།
ཁྱོད་ཚོས་རྩོམ་ཡིག་རང་བྲིས་ནས་རང་ཁ་གསོ་བཞིན་པའི་མི་ཁ་ཤས་ཀྱི་མིང་བྲིས་འདུག དེ་ལ་ཁུངས་སྐྱེལ་གསལ་པོ་ཡོད་དམ། ང་དེ་ལ་དྭོགས་པ་ཟ་སོང་། ག་རེ་རེད་ཟེར་ན། རྒྱ་གཞུང་གི་ལས་ཁུངས་ནང་ལས་ཀ་བྱེད་མཁན་དེ་འདྲའི་མིང་ཡང་བྲིས་ཡོང་གི་འདུག་ག ཚེ་རིང་ཤྰཀྱས་དགེ་རྒན་བྱེད་ཀྱི་ཡོད་པ་མ་རེད་དམ། རང་ཁ་རྩོམ་ཡིག་གི་ཐོག་སོས་ཀྱི་ཡོད་ན་ཅིའི་ཕྱིར་དགེ་རྒན་བྱས་པ་རེད། འཇམ་དབྱངས་ནོར་བུ་ལ་ལོ་ལྔ་དྲུག་ཅིག་གི་སྔོན་ཐུག་སོང་། སྐྱེས་སྨན་གྱིས་ལས་ཀ་བྱེད་ཀྱི་ཡོད་ཟེར། ཁོ་རང་གིས་བུ་གུ་ལྟ་བསྡད་ཡོད་ཟེར། ཡིན་ན་ཡང་། ཞོར་དུ་རྩོམ་མང་པོ་འབྲི་གི་ཡོད་པ་དེ་ངས་ཤེས་ཀྱི་ཡོད། དཔེ་ཆ་རྡོག་མ་གཉིས་གསུམ་ཞིག་བྲིས་པས་རང་ཁ་གསོ་ཨེ་ཐུབ། གསལ་པོ་མི་ཤེས། ངས་འདིར་རང་ཁ་གསོ་ཟེར་བ་ནི་རང་དབང་གི་རྩོམ་བྲིས་པ་ཞིག་བྱས་ནས་ལྟོ་གོས་ཚང་མ་དེའི་ཐོག་ནས་འགྲོ་ཐུབ་མཁན་ཞིག་ལ་གོ་བ་ལེན་གྱི་ཡོད།
ཨ་རིག་འགྱུར་མེད་ཀྱི་རྩོམ་འདི་གནད་འགག་ཆེན་པོ་རེད། དུས་དེབ་དང་ཚགས་པར་གྱི་བདག་པོ་ཚོས་འདི་ལ་དོ་སྣང་བྱས་ཏེ་བཙན་བྱོལ་གྱི་རྩོམ་བྲིས་པ་རྣམས་ལ་རྩོམ་ཡོན་སྤྲད་ཐུབ་ན་དཔེ་མ་སྲིད་པའི་ཡག་པོར་མཐོང་། དེ་མིན་ལས་ཀ་ཚང་མ་ལྷག་བསམ། སེམས་ཤུགས་ཟེར་བ་རྐྱང་རྐྱང་གི་ཐོག་ནས་འགྲོ་དགོས་ན་སྟོན་ནུབ་རྟ་བོས་ཆོད་དཀའ།
ཕྱི་རྒྱལ་ནས་ལས་ཀ་དེ་རིགས་མི་ལོན་པ་མ་གཏོགས་ལག་པ་གཅིག་འགུལ་ན་ཡང་སྒོར་མོ་རེད། ཡི་གེ་རྡོག་མ་ཁ་ཤས་ཤིག་དབྱིན་བསྒྱུར་ཡང་ན་བོད་བསྒྱུར་བྱས་ན་ཨ་སྒོར་བཞི་བཅུ་ལྷག་སྟེར། རྩོམ་ངན་ཐུང་ཐུང་ཤོག་ངོས་གཅིག་ལོན་ཙམ་ཞིག་བྲིས་ན་སྒོར་ཉིས་བརྒྱ་སྟེར། ཕྱི་རྒྱལ་མ་ཟད་བོད་ནང་དུ་ཡང་གཞུང་འབྲེལ་གྱི་རྩོམ་དེབ་རྣམས་ཀྱིས་སློབ་ཡོན་སྟེར་གྱི་ཡོད་པ་ཚང་མས་ཤེས་ཤེས་པ་རེད། གཞན་སྙན་ངག་པ་གྲགས་ཆེན་ལྗང་བུས་གཉེར་བཞིན་པའི་ ་་ད་ལྟ་བ་་ ནས་ཀྱང་རྩོམ་ཡོན་སྟེར་གྱི་ཡོད་ཟེར།
རེད་ཡ། སྣར་སྐྱིད་སོགས་ཀྱིས་སྐུ་མདུན་གྱི་མཛད་རྣམ་ལོ་བཅུ་ལ་བྲིས་པ་དང་ཧོར་འཇིགས་ཀྱིས་མདོ་སྨད་ལོ་རྒྱུས་ལོ་བདུན་ལ་བྲིས་པ་ལྟ་བུ་ཞིག་ལ་རྩོམ་ཡིག་བྲིས་ནས་རང་ཁ་གསོས་ཟེར་གྱི་རེད། གཞན་གང་ཤེས།
ཨ་རོགས་ཚོ་གོ་ཐོས་ལ། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་འདོན་སྤེལ་བྱེད་བཞིན་པའི་ཤེས་རིག་དུས་དེབ་ཀྱིས་ཀྱང་རྩོམ་ཡོན་སྟེར་གྱི་འདུག་ཟེར། ཕལ་ཆེར་ཤོག་ངོས་རེ་ཧིན་སྒོར་བརྒྱ་རེ་རེད་ཟེར། ད་བར་དུ་འདོན་ཐེངས་བདུན་བཏོན་འདུག་ཟེར། དུས་དེབ་དེར་ཆ་རྐྱེན་འདི་འདྲ་ཞིག་འདུག
1༽དུས་དེབ་འདིའི་དམིགས་ཡུལ་ནི། བོད་མིའི་སྤྱི་ཚོགས་སྤྱི་དང་སྒོས་སུ་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཤེས་ཡོན་དང་རིག་གཞུང་གི་གནས་ཚད་གོང་དུ་སྤེལ་རྒྱུ་དེ་ཡིན།
2༽དུས་དེབ་འདི་ཉུང་མཐར་ལོ་རེར་ཐེངས་རེ་འདོན་རྒྱུ་ཡིན།
3༽དུས་དེབ་འདིའི་ནང་ཤེས་ཡོན་དང༌། བོད་ཀྱི་སྐད་ཡིག་རིག་གཞུང༌། ཡ་རབས་བཟང་སྤྱོད། སློབ་གྲྭའི་སློབ་ཚན་དང་འབྲེལ་ཡོད་ཁག སློབ་ཁྲིད་ཐབས་ལམ། ཚན་རིག་དང་ཨང་རྩིས། སྤྱི་ཚོགས་རིག་གནས་སོགས་དེང་དུས་ཤེས་བྱ་ཁག་གཙོ་བོར་བཟུང་ནས་འགོད་རྒྱུ།
4༽ རྒྱ་ཆེའི་མཁས་པ་ཁག་དང༌། རྩོམ་པ་པོ། དགེ་རྒན། ཀློག་པ་པོ་བཅས་ནས་གོང་གསལ་ནང་དོན་ཅན་གྱི་རྩོམ་ཡིག་དང༌། ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་བར་དགའ་བསུ་ཞུ།
5༽རྩོམ་ཡིག་གང་ཞིག་དུས་དེབ་ཐོག་བཀོད་རྗེས་ལེགས་གཟོའི་རྩོམ་ཡོན་འོས་འཚམས་ཤིག་འདི་གའི་གཏན་འབེབས་གཞི་བཟུང་འབུལ་རྒྱུ་ཡིན།
6༽རྩོམ་སྒྲིག་པའམ་རྩོམ་པ་པོའི་མིང་འཁོད་རྩོམ་ཡིག་རྣམས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ལྟ་བ་ཡིན་པས་མ་ཁྱབ།
7༽ རྩོམ་ཡིག་གང་ཞིག་དུས་དེབ་ཐོག་འགོད་མིན་གྱི་དབང་ཚད་ནི། དུས་དེབ་རྩོམ་སྒྲིག་པར་ཡོད།
8༽ འདི་གར་བསྐུར་འབྱོར་བྱུང་བའི་རྩོམ་ཡིག་རྣམས་དུས་དེབ་ཐོག་བཀོད་མིན་ལ་མ་ལྟོས་པར། རྩོམ་ཡིག་ཕྱིར་སློག་བྱ་རྒྱུ་མིན་ན། དོ་བདག་སོ་སོས་མ་ཕྱི་ཉར་ཚགས་གནང་དགོས།
ཞེས་བཀོད་འདུག
རྩོམ་ཡིག་གཏོང་ཡུལ་གྱི་ཁ་བྱང་ནི་
Editor of SHERIG Journal
Department of Education(C.T.A)
Gangchen Kyishong
Dharamsala-176215(H.P) INDIA
E-mail: education@gov.tibet.net
འདི་ལྟར་བཀོད་འདུག་སྟབས། གོང་གི་དམིགས་ཡུལ་དང་ཆ་རྐྱེན་རྣམསལ་བལྟོས་ན་ཤེས་ཡོན་རིག་གནས་སྒང་ལེགས་སྤེལ་ཉེས་འགོག་གི་རྩོམ་ཡིག་ལེགས་པོ་རེ་འབྲི་ཐུབ་ན་གོ་སྐབས་ཡག་པོ་འདུག་བསམ་སོང༌། ད་དུང་གོ་ཐོས་ལ་སློབ་གསོ་སྐོར་སྒྱུར་རྩོམ་ཡིན་ན་ཤོག་ངོས་རེར་བརྒྱ་དང་ལྔ་བཅུ་སྤྲོད་རབས་འདུག
བུ་རབས་པ་ཚོ་ཤི་རེ་བྱོས་ཡ།
འགྱུར་མེད་ལགས། ཨ་རིག་ཚང་གི་མིང་བཟུང་ནས་བརྡ་འཕྲིན་གྱི་བརྒྱུད་ལམ་འགྲིམས་དུས། མཚན་སྙན་ཇེ་མཐོ་རེད། མུ་མཐུད་འབད་པ་བསྟེན། རྩོམ་པ་པོ་མང་པོ་ཞིག་གིས་ཁྱོད་ལ་རེ་བ་ཡོད་ཚུལ་དང་རྒྱན་རབས་ཡག་རབས་ཟེར་གྱི་འདུག ཡག་ནི་ཡིན་པ་འདྲ། མུ་མཐུད་སྐྱོད་ཅིག
ཨ་རིག་དགེ་མཐོང་ཟེར་བ་ཞིག་གི་དུས་བབ་ཟིན་བྲིས་ཀྱི་མགོར་གྲྭ་བ་ཞིག་གིས་བོད་ཀྱི་དུས་བབ་ཚགས་པར་ྐློག་བཞིན་ལྷོད་པོད་བསྡད་ཡོད་པའི་འདྲ་པར་དེ་ཉམས་ཆེན་པོ་འདུག གྲྭ་བ་དེ་ཨ་རིག་དགེ་མཐོང་ཁོང་རང་རེད་དམ།
དུས་དེབ་དེའི་གསལ་བརྡའི་ནང་དུ་མཁས་པ་དང་དགེ་རྒན། རྩོམ་པ་པོ་གསུམ་སོ་སོར་བཀར་འདུག་པ་འདི་ཅི་ཡིན་ནམ། མི་གཅིག་གིས་འདི་གསུམ་བྱེད་མི་ཐུབ་བམ། དགེ་རྒན་མཁས་པ་ཞིག་གིས་རྩོམ་ཡིག་ཅིག་བྲིས་ནས་རྩོམ་སྒྲིག་ཁང་དེར་བསྐུར་མ་མྱོང་བ་འདྲ། འོ་ན་མཁས་པ་ཡིན་ན་དགེ་རྒན་བྱས་ན་མི་འགྲིག་པའམ། དགེ་རྒན་ཡིན་ན་རྩོམ་པ་པོ་བྱེད་མི་ཐུབ་པ་ཡིན་ནམ། གང་ལྟར་ཁྱད་མཚར་ཞིག་ཏུ་སྣང་། གཞིས་ཆགས་ཕོ་གསར་ཞིག་གིས་མི་མི་འདུག གསར་འབྱོར་འདུག་ཅེས་བཤད་པ་དང་འདྲ་བོ་མི་འདུག་གམ།
ཨ་ལགས་ལགས། དོན་མེད་ཀྱི་བརྗོད་གཞི་གཞན་ཞིག་བཟུང་ནས་འགྱུར་མེད་ཀྱི་རྩོམ་ཡིག་འདིར་གཡུལ་ས་གསར་པ་ཞིག་བཟོ་འདོད་ཡོད་དམ། འཛམ་གླིང་ཤར་བྱང་གི་དུས་ཚོད་ཆ་མི་སྙོམ་པས་ཁྱེད་དང་ཐད་ཀར་ཐུག་པར་དཀའ་མོ་ཞིག་རེད།
མི་འགྲིག་པ་ཡོད་ན་དགོངས་དག ངའི་སེམས་ནང་དགེ་རྒན་མཁས་པ་རྩོམ་པ་པོ་ཆབ་བྲག་ལྷ་མོ་སྐྱབས་དང་སྔོན་མར་སྨན་རྩིས་ཁང་གི་དགེ་རྒན་ཡིན་དུས་ཀྱི་ཧོར་འཇིགས་སེམས་ནང་ཤར་བས་དེ་ལྟར་འབྲི་དགོས་བྱུང་སོང་། ད་དུང་བེ་འཇིགས་ལྟ་བུ་དེ་གསུམ་ཡིན་པ་མང་ཡ།
ཨ་ལགས་ལགས། ངས་གོ་ཚོད་ལ་ཁྱེད་རང་ཨ་རི་ན་བཞུགས་ཡོད་ཟེར། ད་ལྟ་ཨ་རི་བའི་མཚན་ནག་གུང་དཀྱིལ་ཞིག་མ་རེད་དམ། རིན་པོ་ཆེ་ད་དུང་ཡང་མ་གཟིམ་པར་གློག་ཀླད་དེའི་ངོས་སུ་ཅི་ཞིག་འཚོལ་གྱི་འདུག ངོ་མ་བརྩོན་འགྲུས་ཅན་རེད་ཡ། རིན་པོ་ཆེ་ལྟར་དུ་དེང་རབས་ལ་འཇུག་ཐུབ་ཚེ་ང་ཚོའི་མི་རིགས་འདི་ལམ་སང་ཟླ་བའི་གོ་ལར་བསྐྱོད་ཐུབ་ངེས་རེད།
གླེན་པ་ལུག་གིས་མི་ཆ་མེད་ལ་གཏམ་ཆ་ཡོད་བཤད་ཀྱི་འདུག མགོན་པོ་ཕྱག་གཉིས་ཀྱི་སྐད་ཆ་དེ་དག་ཆ་ཡོད་ཀྱི་གཏམ་རེད། དོན་གྲུབ་དབང་འབུམ་དང་མེ་སྒྲོན་སོགས་རྒྱ་ནག་གཞུང་གི་ལས་བྱེད་རེད། ཚེ་རིང་ཤཱཀྱ་དང་འཇམ་དབྱངས་ནོར་བུ་གཉིས་དང་མཉམ་དུ་མཉམ་ཟ་མཉམ་འཐུང་གིས་གཤིབ་མྱོང་བའི་མི་ཆ་ཡོད་ཡིན། ཁོང་གཉིས་ཀྱིས་རྩོམ་ཡོན་ལ་བརྟེན་ནས་འཚོ་བ་སྐྱེལ་ཐུབ་མིན་ཤེས་ཀྱི་ཡོད། ཚེ་རིང་ཤཱཀྱས་ཞིབ་འཇུག་སློབ་མར་མ་གཏོགས་དངོས་གཞི་སློབ་མར་སློབ་ཁྲིད་བྱེད་དགོས་རྒྱུ་མི་འདུག་ཅེས་དགའ་དགའ་སྤྲོ་སྤྲོ་བྱེད་བཞིན་འདུག དེའི་ནང་དོན་ནི་སློབ་ཁྲིད་ཀྱི་ཞོར་ནས་ཞིབ་འཇུག་བྱེད་པའི་དུས་ཚོད་མང་ཙམ་འདུག་ཅེས་པ་དེ་རེད། མི་ཤེས་ཤེས་མདོག་གིས་ name dropping ཟེར་བའི་སྦོམ་བཤད་མ་བྱས་ན་དགའ་གི་རེད།
ལྕགས་རྒྱ་འགྲམ་ནག་ལགས། ངས་དོན་གྲུབ་དབང་འབུམ་དང་མེ་སྒྲོན། ཤཀྱཱ་ཚེ་རིང་། འཇམ་དབྱངས་ནོར་བུ་སོགས་རྩོམ་ཡིག་གི་སྟེང་ནས་རང་ཁ་གསོ་ཐུབ་པའི་རྩོམ་པ་པོར་བཤད་པ་དེར་ཁུངས་གསལ་བོ་མེད། འོན་ཀྱང་ངའི་གྲོགས་པོ་རྩོམ་དགའ་ཚོས་ནམ་རྒྱུན་དེ་ལྟར་ཟེར་ལ། འཇམ་དབྱངས་ནོར་བུའི་གྲོགས་པོ་ཞིག་གིས་ཀྱང་ང་ལ་དེ་ལྟར་ཟེར། མེ་སྒྲོིན་དང་དོན་གྲུབ་དབང་འབུམ་རྒྱ་ནག་གི་ལས་བྱེད་པ་རེད་ཟེར་བ་ཙམ་གྱིས་རྩོམ་ཡིག་གི་སྟེང་ནས་རང་ཁ་སོས་པའི་མི་མ་ཡིན་པར་ཇི་ལྟར་འགྱུར། རྩོམ་ཡོན་གྱི་ཡོང་ཁུངས་གཞུང་སྒེར་གང་ཞིག་ཡིན་ཀྱང་ཆོག རྩོམ་ཡོན་གྱི་རང་ཁ་སོས་སོང་ན་འགྲིག་པ་རེད། ལྷག་པར་དུ་བསྟན་འཛིན་བརྩོན་འགྲུས་ཀྱི་སྐྱབས་བཅོལ་སྐོར་གྱི་དེབ་ཅིག་ཡོད་པ་དེ་ནི་རྒྱ་གར་ནང་འགྲིམས་ཆེ་ཤོིས་ཀྱི་དེབ་ཅིག་ཡིན་རབས་ཟེར། ཁོ་ལ་དེའི་སྟེང་ནས་འཚོ་བའི་ཕྱོགས་ལ་ལྡེང་ངེས་ཤིག་ཡོད་པ་འདྲ། རྒྱུས་ཡོད་སྐོར་ཅིག་གིས་བཤད་པ་ཡིན། དངོས་གནས་ཡིན་ཁུངས་གསལ་བོ་མེད། མ་གཞི་ནས་གོང་གསལ་མི་དེ་ཚོ་འགྲོ་སོང་ཆེན་པོ་དགོས་པའི་མི་ཤ་སྟག་ཡིན་པ་འདྲ། ཕལ་ཆེར་རྩོམ་ཡིག་གཅིག་པུས་འགྲོ་སོང་ཡོངས་རྫོགས་ཁ་གསུབ་ཐུབ་ཀྱི་མེད་ངེས་ཆེ། འོན་ཀྱང་རྩོམ་ཡོན་གྱི་རང་ཁ་སོས་ཟེར་བ་དེ། ཁེ་ལས་ཀྱི་བདག་པོི་ཚོ་དང་འགྲན་བསྡུར་བྱེད་རྒྱུ་ག་ལ་ཡོད། དེ་ལ་སྤྱིར་བཏང་གི་ཚད་གཞི་ཞིག་བཟུང་ན་ག་འདྲ་འདུག ཁྱེད་ཀྱིས་་name dropping ་ ཟེར་བ་དེའི་དོན་ངས་མ་ཤེས་མོད། ཕལ་ཆེར་མིང་མཐོང་བཟོ་གི་འདུག་ཟེར་བ་ཡིན་པ་འདྲ། ཁྱེད་རང་ཉིད་ཀྱིས་ཇི་ལྟར་གོ་བ་བླངས་ཀྱང་འགྲིག
གནས་ཚུལ་གསལ་བོ་མི་ཤེས་ཤིང་ཁུངས་གསལ་བོ་མེད་པ་ཁས་ལེན་ཞོར་དུ་ད་དུང་དེའི་ཐོག་ལ་ཨུ་ཚུགས་ཀྱིས་རྩོད་པ་བརྒྱབ་ནས་ཉི་མ་སྐྱེལ་རྒྱུ་ཡིན་ནམ། ཁོ་རེ།
སྦལ་བར་གླུ་ལེན་དུ་འཇུག་པའི་ཐབས་ཤེས་དེ་ཁ་བརྡའི་ཐོག་གི་མི་ཚོར་ཚོད་ལྟ་མ་བྱས་ན་དགའ་གི་རེད།
མི་འདིར་སྦལ་བར་གླུ་ལེན་དུ་འཇུག་པའི་ཐབས་ཤེས་ཤིག་འདུག་ལ་དེ་ལ་ཁོས་འགྲེལ་བཤད་བརྒྱབ་པ་གཤམ་གསལ་ལྟར།
1. ༢༣༽ གླེན་པ་ལུག་ནས།
སྤྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༢ གི་ཆུ་ཚོད་ ༡༣ སྐར་མ་ ༥༧
སྦལ་བས་གླུ་ལེན་སྟངས།
སྦལ་བར་གླུ་ལེན་དུ་འཇུག་པ་ལ་སྦལ་ཁ་ཤས་འཛིན་དགོས། སྦལ་བ་སྐོར་ཅིག་ཐག་ཉེ་སར་བང་བསྒྲིགས་རྗེས་སྦལ་བ་གཅིག་གི་ཁར་ཚ་ཅུང་ཙམ་བསྒོས་ཚེ། སྦལ་བ་དེས་གླུ་ལེན་པ་ཡིན། སྐབས་དེར་སྦལ་བ་གཞན་དག་ཚོས་ཀྱང་སྐད་ངག་ཡོད་ཚད་བཀུག་ནས་གཞས་དབྱངས་སྙན་མོ་ཞིག་སྒྲོག་གི་རེད། གལ་སྲིད་སྐབས་ལ་ལར་སྦལ་བས་གླུ་ལེན་ཁ་མ་ཉན་ན། རེ་རེ་བཞིན་རྡོ་འོག་ཏུ་གཅིར་དགོས། དེ་ནི་ལོ་རབས་བརྒྱད་ཅུ་བའི་མདོ་སྨད་འབྲོག་ཕྱོགས་ཀྱི་ཕྱུགས་རྫི་ཆུང་ཆུང་རྣམས་ཀྱི་རྩེ་སྲོལ་གྱི་ཆ་ཤས་ཤིག་རེད།
གླེན་པ་ནི་གླེན་པ་རང་རེད། དང་པོར་སུའི་ཁ་ལ་ཚ་བསྒོས་ནས་གླུ་ལེན་དུ་འཇུག་སའི་སྦལ་བ་དེ་ནོར་བ་མ་ཟད། ད་དུང་ཁ་བརྡའི་ཐོག་གི་སྦལ་བ་ཚོ་ནི་ངག་བརྒྱ་གདངས་གཅིག་མིན་པ་དེ་ཡང་ཤེས་ཐུབ་མེད་པས་གླེན་པ་ལུག་ཅེས་མིང་བཏགས་པ་དེ་མིང་དོན་མཚུངས་པ་ཞིག་གྲུབ་འདུག
གཅིག ངས་གྲོགས་པོ་ཁ་ཤས་ཀྱི་མཉམ་དུ་རྩོམ་ཡིག་གཅིག་བྲིས་ན་རྩོམ་ཡོན་འབུལ་རྒྱུ་ཐད་ཁ་བརྡ་ཐུང་ཐུང་ཞིག་བྱས་མྱོང་། ཁ་བརྡ་དེ་ཡང་རྒྱལ་སྤྱིའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་དང་པོའི་འཚོགས་རྗེས་གཞི་ནས་བྱུང་བ་ཞིག་ཡིན། སྐབས་དེའི་ཚོགས་འདུ་ཐོག་གཏམ་བཤད་པ་ཞིག་གིས་ཁོང་གི་བརྗོད་གཞི་ལས་འཕྲོས་ཏེ་རྩོམ་ཡོན་འབུལ་དགོས་པའི་སྐོར་ལ་གླེང་སློང་འདྲ་པོ་ཞིག་བྱས་སོང་། དེའི་དྲིན་གྱིས་ནོར་གླིང་སློབ་སྟོན་པ་བཀའ་ཟུར་སྐལ་བཟང་ཡི་ཤེས་ཀྱིས་ནོར་མཛོད་ཅེས་པའི་དཔྱད་རྩོམ་རྐྱང་བའི་དུས་དེབ་ཀྱི་སྟེང་དུ་དཔྱད་རྩོམ་འབུལ་མཁན་རེ་བྱུང་ཚེ། རྩོམ་ཡོན་འབུལ་རྒྱུའི་འཆར་བཀོད་ཅིག་བཏིངས་པ་རེད། དོན་དངོས་སུ་རྩོམ་ཡོན་ཕུལ་ཡོད་མེད་མི་ཤེས་ཏེ། ནོར་གླིང་དུ་ཡོད་པའི་དཔྱད་རྩོམ་འབྲི་མཁན་པ་དག་ལ་རྩོམ་ཡོན་གྱི་དོད་དུ་དངུལ་མི་སྤྲོད་པར་ནོར་མཛོད་དེབ་རེ་སྤྲོད་ཀྱི་ཡོད་པ་ངས་མིག་གིས་མཐོང་མྱོང་།
གཉིས། རྒྱ་གར་དུ་ཡོད་པའི་ཚགས་པར་དང་དུས་དེབ་འདོན་མཁན་དག་ནི་དབུལ་བོ་རྐྱང་རྐྱང་རེད་ཅེས་བཤད་ནའང་མ་ཆོག་པ་ཨེ་ཡོད། དེ་ཡིན་སྟབས། ཚགས་པར་དང་དུས་དེབ་དེ་དག་དུས་ཚོད་ཏག་ཏག་ཐོག་འདོན་ཐུབ་ན་རབ་རེད། ཁ་ཤས་ཤིག་གྲགས་མེད་ཚོར་མེད་དུ་ཤི་ཚར་འགྲོ་གི་ཡོད། དེ་ལ་བསམས་ཚེ་རྩོམ་ཡོན་ནི་གནད་འགག་འདྲ་མ་རེད་སྙམ། མ་གཞི་ནས་རྩོམ་ཡོན་རེ་འབུལ་ཐུབ་ཚེ་ཕུན་སུམ་ཚོགས་པའི་ཡན་ལག་རེད་དེ། རྩོམ་ཡིག་ཅིག་འབྲི་དུས་རྩོམ་ཡོན་ལ་བསམ་བློ་བཏང་ནས་བྲིས་ཚེ། རྩོ་མ་པ་པོས་རྩོམ་ཡིག་འབྲི་བའི་དགོས་པ་མ་ཚང་བ་རེད་སྙམ། ཁྱད་པར་མི་འདུག་སྟེ། དེང་སང་དུས་དེབ་དང་ཚགས་པར་སྟེང་དུ་རྩོམ་ཡིག་རེ་ཆགས་མེད་དུ་འབྱོར་བར་བལྟས་ན། དགའ་འོས་པ་འདུག སྤྲོ་འོས་པར་མཐོང་།
གསུམ། བོད་ནང་དུ་རང་གིས་བྲིས་པའི་རྩོམ་ཡིག་གཅིག་དུས་དེབ་ག་གེ་མོའི་སྟེང་དུ་བཀོད་པ་ཡིན་ན། རྩོམ་ཡོན་ཡོད་པ་དེ་གསལ་བོ་རེད། རྩོམ་ཡོན་ཅི་ལྟར་འབུལ་ཐུབ་ཀྱི་ཡོད་མེད་སྐོར་ལ་བོད་ནང་གི་རྩོམ་སྒྲིག་པ་ཞིག་ལ་ཁ་བརྡ་བྱས། ཁོང་ན་རེ། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་ནི་རྒྱལ་ཁབ་ཀྱིས་མར་དངུལ་གནང་སྟེ་དཔར་བསྐྲུན་བྱེད་ཀྱི་ཡོད་པ་རེད། དེ་མིན་ངེད་ཅག་རྩོམ་སྒྲིག་པ་ཚོ་ཡར་མར་ལ་སོང་སྟེ་དངུལ་སློང་གི་མེད། རྩོམ་ཡོན་ནི་དེབ་བཙོང་བའི་དངུལ་དེ་དང་དེའི་ཁར་རྒྱལ་ཁབ་ཀྱིས་གནང་གི་ཡོད་པ་རེད། ད་དུང་སྦྲང་ཆར་དང་གངས་རྒྱན་མེ་ཏོག་ཟེར་བའི་དུས་དེབ་གྲགས་ཅན་དེ་ཚོའང་རྒྱལ་ཁབ་ཀྱིས་དངུལ་མར་གནང་སྟེ་དཔར་བསྐྲུན་བྱེད་ཀྱི་ཡོད་པ་མ་གཏོགས། དེབ་རང་ངོས་ནས་ཁ་སོས་ཏེ་འདོན་སྤེལ་བྱེད་ཀྱི་མེད་གསུངས་སོང་། ཡང་། གོ་ཐོས་ལྟར་ན། ཁ་སང་དེ་རིང་མཚོ་སྔོན་སློབ་གསོ་ཞེས་པའི་དུས་དེབ་དེའི་སྟེང་དུ་རྩོམ་འགོད་དགོས་ཚེ། རྩོམ་པ་པོ་རང་ངོས་ནས་རྩོམ་སྒྲིག་ཁང་ལ་དངུལ་སྤྲོད་དགོས་ཀྱི་འདུག་ཟེར།
བཞི། མ་གཞི་ནས་རྩོམ་ཡོན་ནི་རྩོམ་པ་པོའི་བློ་སྟོབས་དང་སེམས་ཤུགས་འཕར་བར་ཕན་ཐོགས་ཆེན་པོ་འདུག་སྙམ། སྔོན་ཆད་ཡིན་ན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ལོ་རེར་དཔྱད་རྩོམ་དང་། སྙན་ངག
བརྩམས་སྒྲུང་སོགས་ཀྱིས་མཚོན་པའི་རྩོམ་ཡིག་ཚད་འཕེལ་རེ་ལ་བྱ་དགའ་གནང་གི་ཡོད་པ་དང་། ད་དུང་ཚོགས་ཆེན་འཚོགས་ཐེངས་རེར་ཕུལ་བྱུང་རྩོམ་པོ་པོ་རེ་ལའང་བྱ་དགའ་གནང་གི་ཡོད་པའི་གོ་ཐོས་ཤིག་བྱུང་། དེང་སང་དེ་ལྟར་གནང་གི་ཡོད་མེད་མི་ཤེས་ཏེ། མ་གཞི་ནས་འདི་རིགས་རྒྱུན་འཁྱོངས་བྱེད་ཐུབ་ན་ལེགས་པོ་རེད་སྙམ། དེ་མིན་ང་ལ་བཤད་རྒྱུ་འདྲ་མེད།
རྩོམ་ཡོན་ནི་རྩོམ་པ་པོའི་བློ་སྟོབས་དང་སེམས་ཤུགས་འཕར་བར་ཕན་ཐོགས་པ་གཅིག་པོ་མིན་པར་རྩོམ་ཡིག་དང་རྩོམ་དེབ་ཀྱི་སྤུས་ཀ་ཡར་རྒྱས་འགྲོ་བར་ཡང་ཕན་ཐོགས།
ཅི་མ་བདེན། ལེགས་སོ་ཞུ་རྒྱུ་ལས་ཅང་མེད།
ལྕགས་རྒྱ་འགྲམ་ནག་ལག།
གླེན་པ་ལུག་གིས་བསྟན་འཛིན་བརྩོན་འགྲུས་ཀྱིས་དེབ་བཙོང་ནས་ཁ་སོས་ཀྱི་ཡོད་སྐོར་ཞིག་བཤད་འདུག གཏམ་འདི་ངཪ་མཚོན་ན་ཧ་ཅང་གི་ཆ་ཡོད་ཅིག་རེད། ལོ་ཏག་ཏག་འདི་རེད་ཟེར་བ་ཞིག་མི་འདུག་ཀྱང་ ༢༠༠༥ ལོ་ཡིན་བསམ་བསམ་ཞིག་འདུག སྐབས་དེར་ང་སློབ་གྲྭ་ནས་ཕྱི་ལ་ཐོན་ནས་མང་བོ་སོང་མེད། ངའི་གྲོགས་པོ་མིང་ལ་ཚེ་མགོན་འབོད་པ་ཞིག་སློབ་གྲྭར་ཡོད་ཅིང་། ཁོས་གོང་གི་སྒྲུང་དེ་ལྟ་བུ་ཞིག་བཤད་བྱུང་། ཁོས་འདི་ལྟར་ཟེར། ཁྱོད་ཀྱིས་བོད་ཡིག་སྦྱང་བ་ལས་དབྱིན་ཡིག་སྦྱང་ན་མདུན་ལམ་ཡག་པོ་ཡོད་པ་རེད། ཉེ་ཆར་བསྟན་འཛིན་བརྩོན་འགྲུས་ང་ཚོའི་སློབ་གྲྭར་ཡོང་ནས་གཏམ་བཤད་སྤེལ་སོང་ལ། ཁོས་བསྐོར་བ་འབོད་པའི་དབྱིན་ཡིག་གི་དེབ་ཅིག་བཀྲམས་སོང་། ཉིན་དེར་བསྟན་འཛིན་བརྩོན་འགྲུས་ཀྱིས་ཁོ་རང་ཕྱི་རྒྱལ་དུ་འགྲོ་ཐེངས་རེར་དེབ་དེ་བཙོང་གི་ཡོད་ལ། དེས་ཁོའི་སྤྱིར་བཏང་གི་འགྲོ་སོང་ཚང་མ་འགྲིག་འགྲོ་གི་འདུག ད་བར་དེབ་དེ་ཐེངས་གསུམ་ལ་བསྐྱར་དཔར་བྱེད་དགོས་འཁེལ་བྱུང་ཞེས་བརྗོད་སོང་ཟེར།
དངོས་གནས་བསྐོར་བ་འབོད་པའི་དེབ་ཏེ་སྙན་མོ་ཞིག་བྲིས་ཡོད་ས་རེད། ཁ་སང་རང་ང་ཚོ་ཁ་ཤས་ཀྱིས་དེའི་སྐོར་གླེང་བ་ཡིན།
ནོར་བཅོས།
ལགས་ཞེས་པར་ལག་དང་ཤད་ཅིག་ཀྱང་བྲིས་འདུག་པས་དགོངས་དག་ཞུ།
ཨ་རིག་འགྱུར་མེད་དང་གླེན་པ་ལུག་གཉིས་ལ། ང་ལ་མཚོན་ན་གླེང་འདོད་པ་ནི་བོད་ཀྱི་རྩོམ་པ་པོ་ཚོའི་དཔེ་ཆ་ཅིའི་ཕྱིར་ཚོང་འགྲེམས་རྒྱ་ཆེ་ཙམ་བྱེད་མི་ཐུབ་པ་དེ་ཡིན། རྩོམ་པ་པོའི་དཔེ་དེབ་ལ་ཀློག་རིན་མེད་སོང་བ་རེད་དམ། ཡང་ན་ཀློག་མཁན་མེད་སོང་བ་རེད། ཡང་ན་ཚད་ལྡན་གྱི་དཔེ་སྐྲུན་ཁང་ཞིག་མེད་ནས་ཚོང་འགྲེམས་བྱེད་སྟངས་ཀྱི་ཐོག་ནས་འཐུས་ཤོར་སོང་བ་རེད་དམ། ང་ཚོས་བསམ་ཚུལ་ཙམ་བཤད་ནས་མ་བསྡད་པར་གནས་ཚུལ་འདི་དག་གི་ཐོག་ལ་ཞིབ་འཇུག་བྱས་ཏེ་རྩོམ་སྤེལ་ཐུབ་ན་བཟང་། བསྟན་འཛིན་བརྩོན་འགྲུས་ཀྱི་སྐད་ཆ་དེར་གསལ་བཤད་ཅིག་བྱེད་རྒྱུ་ཡིན། ཁོའི་བསྐོར་བ་ཟེར་བའི་དཔེ་ཆ་དེའི་དཔར་ཐེངས་གཅིག་གི་སྦྱིན་བདག་མ་དང་ངེད་གཉིས་སྔར་སློབ་གྲྭ་གཅིག་གི་སློབ་མ་ཡིན་པས། དེའི་ཚོང་འགྲེམས་ཀྱི་སྐོར་ལ་ཁ་བརྡ་བྱས་མྱོང་། བསྟན་བརྩོན་འདིར་ཡོང་ནས་གཏམ་བཤད་བྱས་མྱོང་ལ། ཚོགས་ཐོག་ཏུ་ཁོའི་བསྐོར་བ་དེབ་རེར་ཧིན་སྒོར་ ༤༠༠ ཙམ་བྱས་ནས་བཙོང་གི་འདུག གྲོང་ཁྱེར་འདིར་རིན་གོང་འདིས་ཐ་མག་བག་ཆ་གཅིག་ཀྱང་ཁུག་གི་མི་འདུག ཟ་ས་འཐུང་ས་དང་འདུག་ས་གྲོགས་པོ་ངོ་ཤེས་ཚོའི་ཁྱིམ་རེད། གནམ་གྲུའི་གླ་ཆ་ནི་མགྲོན་འབོད་བྱེད་མཁན་ཚོགས་པ་དེས་སྤྲད་ཡོད་དམ། དེས་ན་ཁོས་བཤད་པའི་འགྲོ་སོང་དེ་ག་རེའི་ཐོག་ལ་ཡིན་པ་གསལ་བོ་དྲིས་ན་ང་ཚོས་དཀྲོགས་གཏམ་དང་ཟེར་སྒྲོས་ལ་ཉན་མི་དགོས་པར་འགྱུར།
གཞན་དུས་བབ་ཚགས་པར་ལ་མཚོན་ན། དུས་བབ་དྲ་ཚིགས་མ་སྤེལ་སྔོན་ལ་དཔར་ཐེངས་གཅིག་ལ་ཚགས་པར་ ༤༠༠༠ ལས་ལྷག་དཔར་གྱི་མེད་པ་འདྲ། དུས་བབ་ནི་ཚགས་པར་ཁྱབ་ཆེ་ཤོས་ཤིག་རེད། བཙན་བྱོལ་གྱི་མི་འབོར་དང་བསྡུར་ན་ཚགས་པར་གྱི་ཁྱབ་ཚད་ཅི་ཙམ་ཡིན་པ་གསལ་བོ་རེད། ཁྱབ་རྒྱ་ཆུང་བ་དེ་ཁ་ཤས་ཀྱིས་བོད་ཡིག་ཀློག་མཁན་ཉུང་བའི་ཐོག་ལ་ཁ་གཡོར་སྲིད། དེས་ན། བོད་གནས་སྐྱར་ཞིབ་དང་དེ་མིན་གྱི་དབྱིན་ཡིག་གི་ཚགས་དེབ་རྣམས་ལ་བརྩད་གཅོད་ཅིག་ཐོངས་དང་གནས་སྟངས་ངོ་མ་ག་འདྲ་ཡིན་པ་ཧ་གོ་གི་རེད།
ང་རང་གིས་ཧ་གོ་ཚོད་བྱས་ན། བཙན་བྱོལ་ནས་༧རྒྱལ་བ་རིན་པོ་ཆེ་དང་བསོད་རྒྱལ་རིན་པོ་ཆེ་སོགས་བླ་སྤྲུལ་ཚོ་མ་བརྩིས་པའི་རྒྱལ་སྤྱིའི་ཐོག་འགྲོ་རྒྱུགས་ཆེ་ཤོས་ཀྱི་རྩོམ་པ་པོ་ནི་ཟླ་བ་ནོར་བུ་ལགས་ཡིན་རྒྱུ་རེད། ཁོང་གི་Culture and the Politics of Third World Nationalism ཟེར་བའི་དེབ་དེ་བོད་ཀྱི་བརྗོད་གཞི་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་མ་རེད་ལ། དེབ་འདི་ནི་ནུབ་ཕྱོགས་ཀྱི་སློབ་གྲྭ་ཆེན་མོའི་ཆབ་སྲིད་སྦྱོང་མཁན་སློབ་མ་ཚོའི་ཀློག་དེབ་ཅིག་ཏུ་གྱུར་འདུག ལས་བྲེལ་ཆེ་བས་འདི་ཙམ་གྱིས་ཆོག་པར་བྱའོ།
ཁ་བརྡ་དྲ་ཚིགས་ནང་གི་མི་བསོར་ཚོ། ང་ར་སྐད་ཆ་ཞིག་བཤད་རྒྱུ་ཡོད། རྩོམ་ཡོན་ལ་མི་དགའ་མཁན་ཡོད་མ་རེད་ཟེར་ནས་ཐག་བཅད་ན་མི་འགྲིག་པ་མེད། ཡིན་ཡང་བཙན་བྱོལ་གྱི་སྒེར་དེབ་རེ་འགའ་ཉར་མཁན་ཚོས་སྐྱག་རྫུན་བཤད་ཀྱིན་འདུག དཔེར་ན།《ཁ་བ་》དང་《ལྷོ་ཕྱོགས་ཕོ་ཉ》《ནོར་མཛོད་》། ཉེ་ཆར་བཏོན་པས་《དུས་འགྱུར》ལྟ་བུ་མང་བོ་ཡོད། འདིའི་ནང་གི་《ཁ་བ་》དང་《ཕོ་ཉ》ལྟ་བུས་རྩོམ་ཡོན་ཐད་ཀར་ཕུལ་མེད།《ཁ་བ་》ཚང་གིས་སློབ་མ་འགར་རྩོམ་ཡོན་སྤྲད་ཡོད་སྲིད། དེ་མིན་ཐོག་མའི་གསལ་བསྒྲགས་ནང་བཞིན་སྤྲད་མ་སོང་། དེ་བཞིན་《དཔྱིད་ཀ་》རྩོམ་རིག་འགྲན་བསྡུར་བྱས་ནས་བྱ་དགའ་ཨང་དང་བོ་ཐོབ་ཚེ་ཧིན་སྒོར་ ༥༠༠༠ སྤྲད་རྒྱུ་ཟེར། རྗེས་སུ་ངའི་གྲོགས་པོ་ཞིག་ལ་ཨང་དང་པོ་ཐོབ་འདུག ད་ལྟ་ལོ་གཅིག་ཕྱིན་ཡང་བྱ་དགའི་དངུལ་སྤྲད་མི་འདུག 《 དུས་འགྱུར་》ཚང་གིས་རྩོམ་ཡོན་སྒོར ༥༠༠ ཐད་ཀར་སྤྲད་སོང་ཡང་། རྗེས་སུ་སྔོན་མ་ཚོ་ནང་བཞིན་ཤི་རྒྱུ་རེད་བསམ། ངས་བཤད་ནོ་ཨེ་བདེན་གི
བདེན་པ་རེད། ང་དང་ངའི་སྤུན་མཆེད་ཁག་གིས་བོད་ནང་བཏོན་པའི་སྤྱན་དུས་དེབ་ཀྱིས་ཀྱང་ཐོག་རྩོམ་ཡོན་སྤྲད་པ་ཡིན། དེ་ནས་རིམ་བཞིན་རྩོམ་ཡོན་ཕར་ཞོག་དུས་དེབ་ཀྱང་དུས་ཐོག་འདོན་ཐུབ་མ་སོང་།
ཡ་ཨ་རོགས། དགེ་མཐོང་། ན་ནིང་དཔྱིད་ཀ་དུས་དེབ་རྩོམ་སྒྲིག་ཚོགས་ཆུང་གིས་རྩོམ་ཡིག་འགྲན་བསྡུར་དེའི་ཁྲོད་ཀྱི་ཨང་དང་པོ་ཐོབ་མཁན་དེ་ར་རྒྱ་བློ་དབང་ཡིན་པ་འདྲ། དེ་བྱས་ན་ཁོ་ལ་ཨང་ཐོབ་བྱ་དགའི་ཧིན་སྒོར་ ༥༠༠༠ ལྔ་སྟོང་དེ་རག་མེད་པ་རེད་དམ། སྙིང་མ་རྗེ། དཀའ་ལས་བརྒྱབ་ཅིང་མིང་སྐམ་པོ་དེ་ཡང་དོན་མེད་རེད།
དེའི་ན་ཡ། དཔྱིད་ཀ་རྩོམ་སྒྲིག་ཁང་གིས་བྱ་དགའ་སྤྲོད་མི་ཐུབ་བཞིན་དུ་རྩོམ་ཡིག་འགྲན་བསྡུར་བྱས་པ་རེད་དམ།
ལྕགས་རྒྱ་འགྲམ་ནག་ལགས།
བསྟན་འཛིན་བརྩོན་འགྲུས་ཨ་རི་དང་དབྱིན་ཡུལ། ཡུ་རོབ་སོགས་སུ་འགྲོ་ཐེངས་རེར་དེའི་འགྲོ་གྲོན་སྦྱིན་བདག་ཅིག་གིས་གཏོང་བཞིན་པ་དང་། དེ་མིན་གྱི་ཆབ་སྲིད་པ་དང་རྩོམ་པ་བོ་ཚོ་ཕྱི་རྒྱལ་དུ་འགྲོ་དུས་ཀྱང་དེ་བཞིན་གཞན་ཞིག་གི་རོགས་རམ་བརྒྱུད་འགྲོ་བཞིན་ཡོད་པ་ལས། རང་རང་གིས་འགྲོ་གྲོན་ཆ་ཚང་བཏང་སྟེ་བཅར་མཁན་རེ་ཟུང་ལས་མེད་སྙམ། གང་ལྟར་ད་ལྟའི་ང་ཚོའི་གནས་བབ་ཀྱི་དབང་གིས་མང་བོ་མེད་པ་གསལ་བོ་རེད། ཡིན་ནའང་། གོ་སྐབས་དེ་བེད་སྤྱད་དེ་ཚོང་འགྲེམས་བྱས་པའི་བསྐོར་བ་ལྟ་བུས། ཕྱིར་སླེབས་དུས་རྒྱ་གར་སྤྱི་ཚོགས་ཁྲོད་ཀྱི་ལོ་གཅིག་གཉིས་ཤིག་གི་འགྲོ་གྲོན་ཕུད་ཐུབ་པ་ཡིན་ན། དེ་རང་ཁ་སོས་ཞེས་གོ་ན་མི་འགྲིག་པ་མེད་སྙམ། དཔེར་ན། ངས་ངོ་ཤེས་པའི་གཞས་པ་ལྷུན་འགྲུབ་འབོད་པ་དེང་སྐབས་ངྷ་ས་ན་ཡོད། ཁོས་དང་ཐོག་གཞན་གྱི་རོགས་རམ་ལ་བརྟེན་ཏེ། འོད་སྡེར་དང་པོ་དེ་བཏོན་པ་རེད། འོད་སྡེར་བཅུ་ལྷག་ཅིག་ཡུ་རོབ་ཏུ་ཚོང་བསྒྱུར་བྱེད་ཐུབ་པ་བྱུང་བ་དང་། ཨ་རི་ནས་མི་ཞིག་གིས་འོད་སྡེར་ཡག་པོ་འདུག་ཅེས་དམིགས་བསལ་གྱིས་ཨ་སྒོར་འགའ་ཡང་སྤྲད་ཡོད་ཚུལ་འདུག དེར་བརྟེན་ཁོས་ངྷ་ས་ནས་ལོ་གཅིག་གཉིས་ཤིག་ལྷོད་ལྷོད་བྱས་ནས་བསྐྱལ་བ་ངས་གསལ་བོ་ཤེས་ཀྱི་ཡོད།
བོད་ཀྱི་དུས་བབ་ལ་མཚོན་ན་བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་ཡིག་གི་ཚགས་ཤོག་ཁྱབ་རྒྱ་ཆེ་ཤོས་དང་སྤུས་གཙང་ཡིན་པ་བསྙོན་མེད་རེད། ཡིན་ནའང་། ད་ལྟའི་ཆར་དྲ་རྒྱ་སྒོ་ཕྱེས་རྗེས། དམིགས་བསལ་གྱིས་འགྲེམས་རྒྱུག་ཐད་ཁྱད་པར་གང་ཡང་སོང་མེད་ལ། ཉེ་ཆར་ལྷོ་ཕྱོགས་ནས་ཡན་ལག་ལས་ཁུངས་བཙུག་རྗེས། ལྷོ་ཕྱོགས་སུ་སྔར་ལས་འགྲེམས་གྲངས་མང་དུ་ཕྱིན་ཡོད་མོད། མིའི་གྲངས་འབོར་དང་བསྡུར་ན་འགྲེམས་ཚད་ཉུང་ཉུང་ཞིག་རེད། དེའི་རྒྱུ་རྐྱེན་རང་རེའི་མི་མང་ཆབ་སྲིད་དང་རིག་གཞུང་ལ་དོ་སྣང་མེད་པས་རེད།
ད་དུང་བཤད་རྒྱུ་འགའ་ཡོད་མོད། མང་སོང་བས་ཉོག་འགྲོ་བ་འདྲ། རིམ་གྱིས་ཁ་བརྡ་བྱ་ཆོག
ལྷུན་འགྲུབ་ཀྱི་འོད་སྡེར་ཞིག་ངས་ཀྱང་ཉོས་ཡོད། བོད་ཀྱི་གཞས་པ་དང་རི་མོ་བ་ཁག་ཅིག་གི་བརྩམས་ཆོས་ནི་དཔེ་དེབ་ལས་ལྷག་བྲིན་གྱི་ཡོད་པ་འདྲ། དཔེར་ན། ད་ལོ་ Dubaiནས་འཚུགས་པའི་འགྲེམས་སྟོན་ཞིག་གི་ཐོག་ཏུ་གོང་དཀར་རྒྱ་མཚོའི་རི་མོ་གཅིག་ལ་ཨ་སྒོར་སྟོང་ཕྲག་བདུན་ཅུ་ཙམ་ལ་བཙོངས་པ་ནི་བོད་ཀྱི་རི་མོ་བ་ཚོའི་ཁྲོད་ཀྱི་གསར་འགྱུར་ཆེ་ཤོས་ཞིག་ཏུ་གྱུར་འདུག ཁོང་སྔར་རྡ་སར་ཡོད་དུས་ ༩༤ ལོ་ཡིན་པ་ཡོད། རི་མོ་གཅིག་ཧིན་སྒོར་སུམ་སྟོང་ལ་བཙོང་སྟེ། Hotel Tibet Bar ནང་ལ་སྦིར་རག་འཐུང་དུ་སོང་མྱོང་བ་དྲན་གྱི་འདུག རི་མོ་དེ་འདྲ་ཞིག་ཁོས་ཉིན་བཅུའི་ནང་དུ་འབྲི་ཚར་མོད། ཡིན་ནའང་སྐབས་དེར་ཁོས་ཧིན་སྒོར་སུམ་སྟོང་ལ་བཙོང་བར་ཕངས་སྣང་ཆེན་པོ་བྱེད་ཀྱི་འདུག སྐབས་དེར་བོད་གཞུང་གི་ལས་བྱེད་དཀྱུས་མ་ཞིག་གི་གླ་ཆ་ནི་ཧིན་སྒོར་ཉིས་སྟོང་ཡང་མི་ལོངས་བ་འདྲ་ཞིག་འདུག
རྡ་སར་ལོ་རེ་བཞིན་དུ་མཛེས་མའི་འགྲན་སྡུར་ཚུགས་ཐུབ་པ་ཞིག་ལ། དཔེ་དེབ་ཀྱི་འགྲན་སྡུར་ཚུགས་མི་ཐུབ་པ་དེ་ནི་ཕངས་པོ་རེད།
ངའི་བསམ་པར་རིག་གཞུང་གི་ལས་ཀ་ནི་ལྷག་བསམ་དང་སེམས་ཤུགས་གཅིག་པུའི་ཐོག་ནས་ཡོང་ཁག་པོ་འདུག་བསམ། དེའི་ཐོག་ནས་འཚོ་བའི་ཡོང་སྒོ་ཅུང་ཟད་དང་ཡང་ན་ངོ་བོ་གཞན་གྱི་ཁེ་ཕན་ཅུང་ཟད་མེད་ཚེ་མི་ཅི་ཙམ་གྱིས་དུས་ཚོད་ཅི་ཙམ་གཏོང་འདོད་པ་དང་ཡང་ན་གཏོང་ཐུབ་རྒྱུ་རེད་དམ།
གོང་གི་མཆན་དེ་དག་ལས་མགོན་པོ་ཕྱག་གཉིས་པ་ནས་ ༼ དེ་མིན་ལས་ཀ་ཚང་མ་ལྷག་བསམ། སེམས་ཤུགས་ཟེར་བ་རྐྱང་རྐྱང་གི་ཐོག་ནས་འགྲོ་དགོས་ན་སྟོན་ནུབ་རྟ་བོས་ཆོད་དཀའ། ༽ ཞེས་པ་དང་ཚེ་རིང་གི་བུ་ནས་ ༼ མ་གཞི་ནས་རྩོམ་ཡོན་རེ་འབུལ་ཐུབ་ཚེ་ཕུན་སུམ་ཚོགས་པའི་ཡན་ལག་རེད་དེ། རྩོམ་ཡིག་ཅིག་འབྲི་དུས་རྩོམ་ཡོན་ལ་བསམ་བློ་བཏང་ནས་བྲིས་ཚེ། རྩོ་མ་པ་པོས་རྩོམ་ཡིག་འབྲི་བའི་དགོས་པ་མ་ཚང་བ་རེད་སྙམ། ༽ ཞེས་པ་གཉིས་ལ་ངས་གསལ་འདེབས་ཆུང་ཆུང་རེ་བྱ་འདོད།
དང་པོ་དེ། ངའི་རྩོམ་ཡིག་གི་དམིགས་མདུན་རྟོགས་ནས་གསུངས་འདུག་ལ། སྤྱི་ཚོགས་ཀྱི་དངོས་ཡོད་སྣང་བརྙན་ཞིག་ལ་གཞིག་ནས་མཆན་བཏབ་འདུག དེང་སྐབས་ལྷག་བསམ་ཡོད་ཟེར་མཁན་དང་སེམས་ཤུགས་ཟེར་བ་རྐྱང་རྐྱང་གིས་ཡོང་གི་མི་འདུག དཔེར་ན། ངས་རྩོམ་པ་བོ་ཞིག་ལ་ཆེད་དམིགས་དུས་ཚོད་ཅིག་དང་ཆེད་སྦྱོང་ར་བ་ཞིག་དགོས་སྐོར་བཤད་ཡོད། ཡིན་ནའང་། ཁོང་ཚོར་ཁོར་ཡུག་དེ་ལྟ་བུ་ཞིག་འཛོམས་རྒྱུར་འཚོ་བའི་ཐོག་དཀའ་ཁག་གཏན་ནས་ཡོད་མི་འོས་ཏེ། གལ་སྲིད་འཚོ་བའི་ཐོག་དཀའ་ངལ་འཕྲད་ན་དེ་དུས་ངས་བཤད་ཀྱིན་ཁོར་ཡུག་དེ་ཡང་མེད་པར་གྱུར་བ་ཡིན་ལ། ཆེད་ལས་རྩོམ་པ་བོ་ཞིག་བྱ་རྒྱུར་འགོག་རྐྱེན་འཕྲད་པ་ཡང་ཡིན། གང་ལྟར་ཁོང་གི་མཆན་འདི་ངས་བཤད་པའི་སྐད་ཆ་དེའི་མདོ་དོན་སྙིང་བོ་དེ་རེད།
ཡིན་ནའང་། མཆན་གཉིས་པ་དེ། དེ་ལས་ལྡོག་སྟེ། ངས་རྩོམ་ཡིག་དེ་རྩོམ་ཡོན་ཁོ་ན་ཞིག་ལ་དམིགས་ནས་བྲིས་པ་ཞིག་ལ་གོ་གི་མེད་དམ་སྙམ་པ་བྱུང་། གལ་སྲིད་དེ་ལྟར་ཡིན་ན་ངས་བྲིས་པའི་རྩོམ་ཡིག་དེས་དགོས་པ་མ་འགྲུབ་པ་རང་ཡིན་ཏེ། ཁོང་གིས་ངའི་རྩོམ་ཡིག་གི་དམིགས་ཡུལ་རྟོགས་མེད་པས་སོ། །
ངས་སྐད་ཆ་དེ་ལྟ་བུ་ཞིག་བཤད་ནས་མགོ་བརྩམས་ཡོད་ཀྱང་། དོན་དུ་ང་ལ་རྩོམ་ཡོན་ཞིག་དགོས་ནས་བྲིས་པ་གཏན་ནས་མིན། དེ་ནི་རྩོམ་ཡིག་ནང་གསལ་བས་འདིར་མང་བོ་འགྲེལ་དགོས་མི་འདུག གང་ལྟར་དུས་ཚོད་ཅིག་བྱུང་ན་བསྐྱར་གཟིགས་ཤིག་གནང་རྒྱུར་རེ་ཞིང་སྐུལ།
སྤྱི་ལོ་ ༢༠༠༧ གྱི་ལོ་མགོ་ཞིག་ལ་ཨ་རི་ནས་ཡོང་བའི་རྒྱ་མོ་རྩོམ་པ་མོ་ཞིག་དང་འཕྲད་བྱུང་། ཁོ་མོ་ནི་བོད་ཀྱི་རིག་གནས་སེམས་ཁམས་སྐོར་ལ་ཉམས་ཞིབ་བྱེད་དུ་ཡོང་བ་ཡིན་ཟེར། ང་དང་རོགས་པ་འགས་ཁོ་མོར་རོགས་རམ་གྱི་ཆེད་དུ་ཉེ་འཁོར་གྲོང་སྡེ་རྣམས་ལ་ཉམས་ཞིབ་བྱེད་དུ་སོང་། ཉིན་གསུམ་ཙམ་ལ་ང་ཚོ་འགྲོགས་ཏེ་སོང་སྐབས་འགྲོ་སོང་ཡོངས་རྫོགས་མོས་བཏང་སོང་། སྐབས་དེར་མོས་འགྲེལ་བཤད་རྒྱག་དོན། འགྲོ་སོང་ངས་གཏོང་གི་རེད། ཁྱེད་ཚོས་རྩོམ་བྲིས་ཀྱང་སྒོར་མོ་རག་གི་མ་རེད། ངས་ཤོག་ངོས་གཅིག་བྲིས་ཀྱང་སྒོར་མོ་རེད། བོད་ལ་ད་དུང་ཡང་རིག་གནས་ལ་རིན་ཐང་གི་འདུ་ཤེས་ཆགས་མི་འདུག རིག་གནས་ལ་རིན་ཐང་གི་འདུ་ཤེས་ཡོད་ཚེ་རིག་གནས་པར་དངུལ་གཏོང་རྒྱུ་ནི་ཅི་ཡང་མ་རེད། ངས་ཤོག་ངོས་གཅིག་བྲིས་ན་ཨ་སྒོར་བརྒྱ་ཕྲག་འགའ་ནི་སྨོས་མེད་རེད་ཟེར། མོས་བཤད་པ་དེར་གནས་ལུགས་ཤིག་ཡོད་པ་མ་ཟད། རང་རེའི་སྤྱི་ཚོགས་སུ་རྩོམ་པ་པོ་རྩ་ཆད་དུ་ངོས་འཛིན་པ་དང་། རྩོམ་པ་པོ་རྣམས་སྤྱི་ཚོགས་དཀྲུགས་མཁན་དུ་འདོད་པའི་རྒྱུ་རྐྱེན་ན་ཡང་རིག་གནས་ལ་བཅངས་པའི་རིན་ཐང་འདུ་ཤེས་སྐྱོ་དྲགས་པ་དེ་འདུག་བསམ། མ་རེད་དམ།
དཀར་རོ་དགེ་བ། གླེང་མ་འགེལ་མ་གཏོགས་སྲ་ནི་མ་རེད། ང་ཚོ་ལ་འབྲི་མཁན་ཚད་ལྡན་མེད་པ་ལས་ཀློག་མཁན་མེད་པའི་སྐྱོན་མེད། བོད་པའི་ཤེས་ཡོན་པ་ཚོ་བྱེའུ་ཚོགས་ལ་ནམ་ལངས་པ་ལྟར་དོན་མེད་ཀྱི་འུར་སྒྲོག་དང་གླེན་རྩོམ་མང་དྲགས་པ་ལ་བརྟེན་ནས་མི་ཚོ་ཞེན་པ་ལོག་བཅུག་པ་རེད།
དཀར་རོའི་དགེ་བ། གླེང་མ་འགེལ་མ་གཏོགས་སྲ་ནི་མ་རེད། ང་ཚོ་ལ་འབྲི་མཁན་ཚད་ལྡན་མེད་པ་ལས་ཀློག་མཁན་མེད་པའི་སྐྱོན་མེད། བོད་པའི་ཤེས་ཡོན་པ་ཚོ་བྱེའུ་ཚོགས་ལ་ནམ་ལངས་པ་ལྟར་དོན་མེད་ཀྱི་འུར་སྒྲོག་དང་གླེན་རྩོམ་མང་དྲགས་པ་ལ་བརྟེན་ནས་མི་ཚོ་ཞེན་པ་ལོག་བཅུག་པ་རེད།
མང་པོ་ཞིག་འབྲི་འདོད་མེད། ནམ་རྒྱུན་ངའི་སེམས་ལ་དྲན་པ་ནི། རྩོམ་ཡོན་ཟེར་བ་ནི་ྐློག་པ་པོའི་མང་ཉུང་ལ་བརྟེན་དགོས་པ་དང་། མང་མང་གིས་རིག་གནས་མ་ཤེས་ན་ྐློག་པ་པོ་འདི་ཡང་ནམ་ཡང་ཡོང་ཐབས་མེད་པ་ལྟ་བུ་ཞིག་ཡིན་སྟབས། ནམ་ཞིག་ཁྱེད་རང་གིས་བྲིས་པའི་རྩོམ་ཡིག་གིས་རང་ཁ་རང་གསོ་བྱེད་དུས། ང་ཚོའི་གནམ་འོག་གི་སྤྱི་ཚོགས་འདི་ཡང་ཕྱོགས་སྣ་སྒོ་མོ་ནས་ཡར་རྒྱས་སུ་ཕྱིན་པའི་རྟགས་
དང་། དེང་སང་ང་ཚོའི་སྤྱི་ཚོགས་ནང་ྐློག་པ་པོ་ཉུང་ངུ་ཙམ་ལས་མེད་སྟབས་། རྩོམ་ཡིག་བྲིས་ཏེ་རྩོམ་ཡོན་རེག་པར་ད་དུང་གནད་འགག་ཆེན་པོ་མ་རེད། ཁ་སང་དེ་རིང་རྩོམ་ཡིག་འབྲི་དུས་ྐློག་པ་པོ་ཨང་དང་པོ་དང་རྩོམ་ཡོན་ཨང་གཉིས་པར་བྱེད་རྒྱུ་ནི་གལ་གནད་ཆེན་པོ་རེད་འདོད།
རེད་ལགས། ངས་རང་གིས་བྲིས་པའི་དེབ་ཧྲུལ་དེ་དག་ཉོ་མཁན་ཕར་ཟད་ཀློག་མཁན་ཞིག་ཡོད་མེད་ཀྱང་མ་ཤེས་ནས་མགོ་འཐོམས་བསྡད་ཡོད། ཕྱོགས་གཅིག་ནས་ང་རང་གི་ཤེས་ཡོན་གྱིས་མ་ལྡེངས་ནས་དེབ་ཡག་པོ་ཞིག་འབྲི་མ་ཐུབ་པ་རེད། ཕྱོགས་གཞན་ཞིག་ནས་བོད་ལ་དེང་སང་གི་དེབ་ཀློག་མཁན་གྱི་གྲངས་འབོར་དེ་ཧ་ཅང་ཉུང་ཉུང་རེད། མཐར་གཏུགས་ན་གྲྭ་པ་གྲྭ་ཟུར་དང་སློབ་མ་དང་སློབ་ཟུར་ཁ་ཤས་རེད། གཞི་རིམ་མང་ཚོགས་ཀྱིས་བྱེའུ་སྒྲུང་དང་གེ་སར་སྒྲུང་། ཚགས་ཤོག་སྟེང་གི་ཤག་འགྱེད་ལྟ་བུ་མ་གཏོགས་ཀློག་ཐུབ་ཀྱི་ཡོད་པ་མ་རེད།
གལ་སྲིད་ང་ཚོ་བོད་ཀྱི་རྩོམ་པ་པོ་དྲག་གྲས་ཚོས་ཚོས་བོད་ཡིག་གི་སྟེང་དུ་བྲིས་ཡོད་པ་དེ་འདྲ་ཞིག་དབྱིན་ཡིག་གི་སྟེང་དུ་བྲིས་ཡོད་ན་ཉོ་མཁན་ཡོད་པར་ཐག་གིས་ཆོད། བོད་ཀྱི་སྐད་ཡིག་གི་གནས་སྟངས་ཉག་ཕྲ་བར་འགྱུར་བའི་རྐྱེན་གྱིས་ྐློག་མཁན་ཧ་ཅང་ཉུང་བ་རེད། སེམས་ཤུགས་མ་ཆག་པར་ཨུ་ཚུགས་བརྒྱབ་ནས་བྲིས་ན་མ་འོངས་པར་རིན་ཐང་ཅན་དུ་འགྱུར་རྒྱུ་རེད་སྙམ།
དོན་གྲུབ་རྒྱལ་གྱིས་བྲིས་པའི་སད་ཀྱིས་བཅོམ་པའི་མེ་ཏོག་ཅེས་པ་འདི། བོད་ཀྱི་སྤྱི་ཚོགས་ནང་སྐད་གྲགས་ཆེན་པོ་རེད། སྐད་གྲགས་ཡོད་པའི་རྒྱུ་མཚན་ནི་ཕོ་མོ་གཉིས་ཀྱི་བརྩེ་གདུང་རྒྱུན་ཐག་ཏུ་བགྱིས་ཏེ་སྤྱི་ཚོགས་ཤིག་གི་འཚོ་བ་དང་འཚོ་བའི་ཟ་ཟུར་མང་པོ་ཞིག་ཕྱིར་མངོན་བྱས་ཡོད་པ་དེ་རེད། འོན་ཀྱང་། བརྩམས་སྒྲུང་འདི་ཕྱི་སྐད་དུ་བསྒྱུར་ཡོད། ངས་བརྩམས་སྒྲུང་འདི་བྐླགས་ཟིན་པའི་མགོ་སེར་ཁ་ཤས་ལ་
སྒྲུང་འདི་བྐླགས་པའི་མྱོང་ཚོར་གྱི་སྐོར་ལ་སྐད་ཆ་དྲིས་པ་ཡིན། ཚང་མས་ཁྱད་པར་ཅན་ཞིག་མཐོང་མ་
སོང་ཟེར། དེར་བལྟས་ན་དང་པོ་སྤྱི་ཚོགས་ཀྱི་གཤིས་ཀ་དེ་ཤེས་རྒྱུ་གལ་ཆེན་པོ་འདུག ང་ཚོའི་སྤྱི་ཚོགས་ཁྲོད་དུ་རྩོམ་ཡིག་གྲགས་ཅན་ཡིན་རུང་གཞན་གྱི་སྤྱི་ཚོགས་ཁྲོད་དུ་དེ་དང་མགོ་མཉམ་འདྲ་པོ་ཞིག་ཡོང་གི་མེད་པ་རེད། འདི་དཔེ་མཚོན་ཙམ་ཡིན།
སད་ཀྱིས་བཅོམ་པའི་མེ་ཏོག་ལ་མཚོན་ན་ཚིག་གི་སྒྱུ་རྩལ་དང་མི་སྣའི་རྣམ་འགྱུར་ཕྱིར་མངོན་སྟངས་ཀྱི་ཆ་ནས་བལྟས་ན་ངོ་མ་ཡིད་དབང་འཕྲོག་པ་ཞིག་བྲིས་ཡོད་པ་རེད། ཡིན་ན་ཡང་བོད་རིགས་སྤྱིའི་འཚོ་བའི་སྤྱི་འགྲོས་དང་མི་མཐུན་པ་ཞིག་སྟེ་རྒྱ་དང་ཁ་ཆེ་བཞིན་བུ་མོ་དེ་རང་གི་དགའ་རོགས་དང་མ་ཉལ་བར་དུ་རང་ལུས་གཙང་མར་སྲུང་དགོས་པའི་ལུགས་སྲོལ་བོད་ས་སྤྱི་དང་ལྷག་པར་ཨ་མདོ་རེབ་གོང་དང་བླ་བྲང་རྒན་རྒྱ་སོགས་རྩོམ་ཡིག་འདིའི་ནང་གི་བུ་མོ་ལྷ་སྐྱིད་ཀྱིས་འཚོ་བ་རོལ་སའི་ས་ཆ་དག་ཏུ་མེད་པས། རང་ལ་གཞན་གྱིས་བཙན་གཡེམ་བྱས་པ་ལ་བརྟེན་ནས་བུ་མོ་ཞིག་རང་གི་དགའ་རོགས་ལ་གདོང་སྟོན་མི་ཕོད་པར་ས་མཐའི་འཁྱམ་ཉུལ་གྱི་འཚོ་བར་རོལ་དགོས་བྱུང་བ་འདི་ལྟ་བུའི་ཨ་མདོའི་བུ་མོ་ཚོའི་དངོས་ཡོད་འཚོ་བ་དང་མི་མཐུན་པ་ཞིག་གང་ན་ཡོད། མོ་ལ་བཙན་གཡེམ་བྱེད་མཁན་དེ་ཡང་ངོ་མི་ཤེས་པའི་མི་ཞིག་མ་ཡིན་པར་ངོ་ཤེས་པའི་ལམ་གྲོགས་ཤིག་ཡིནཔས། ཨ་མདོའི་བུ་མོ་ཞིག་གིས་རང་གི་ལམ་གྲོགས་ཤིག་གི་གནས་སྐབས་ཀྱི་སྐོམ་གདུང་སེལ་མི་ཐུབ་པའི་སྐོར་འདི་ལ་འདང་རྒྱག་རྒྱུ་འདུག འདིའི་སྐོར་ནས་དྲ་གྲོགས་གསར་ཟུར་དང་གྲྭ་ཟུར་ཚོར་ཆ་རྒྱུས་ཆེན་པོ་ཡོད་རྒྱུ་རེད།
དེ་བཞིན་འབྲོང་སྟག་ཐང་ཞེས་པ་དེ་ཡང་དེ་འདྲ་རེད།རེབ་གོང་དང་གཅན་ཚའི་ཡུལ་དུ་གཉེན་སྟོན་བྱེད་པའི་སྐབས་སུ་ལ་གཞས་ལེན་སྲོལ་མེད།བརྩམས་སྒྲུང་དེའི་ནང་དུ་གཉེན་སྟོན་སྐབས་སུ་ལ་གཞས་བླངས་སུ་བཅུག་འདུགཡིན་ནའང་ཨ་མདོ་མཚོ་སྔོན་པོའི་ཕྱོགས་སུ་གཉེན་སྟོན་ཉིན་མོར་ལ་གཞས་ལེན་སྲོལ་ཡོད།ཡིན་ནའང་དོན་གྲུབ་རྒྱལ་གྱི་ཡུལ་སྲོལ་གང་ཞིག་ལ་དམིགས་པ་གཏད་ནས་བྲིས་པ་མ་ངེས།
དེ་བཞིན་དོན་གྲུབ་རྒྱལ་ལྟ་བུའི་དགེ་རྒན་དང་རྩོམ་པ་པོ་དཀྱུས་མ་ཞིག་ལ་འོས་སུ་མི་ཆེ་བ་ཞིག་སྟེ། ཁོས་བོད་ཀྱི་ལོ་རྒྱུས་གླེང་བའི་སྐབས་སུ་བོད་རང་བཙན་པར་ཁ་རྡུང་དྲག་པོ་བཏང་ཡོད་པ་དཔལ་དོན་གྲུབ་རྒྱལ་གྱི་གསུང་རྩོམ་ཕྱོགས་སྒྲིག་ནང་འདུག་པས། ཁོ་ཡང་ཆབ་སྲིད་ཀྱི་ཕྱོགས་ནས་བསམ་བློ་ནར་མ་སོན་པའི་བྱིས་པ་ཞིག་ཡིན་པ་ཤེས་ཐུབ། ཆབ་སྤེལ་དང་ནོར་བྲང་ལྟ་བུར་མཚོན་ན་རྩ་འཛུག་ཡོད་པ་རེད།
ཨ་ལགས་དུང་དཀར་ཚང་ཡང་དེ་འདྲ་རེད། ཁོས་བྲིས་པའི་ཚིག་རྒྱན་རིག་པའི་སྒོ་འབྱེད་ནང་གི་དཔེ་བརྗོད་ཁག་ལ་ལྟོས་དང་། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་མཁས་པ་ཆེན་པོ་རེད་དེ། ཆབ་སྲིད་ཀྱི་སྐོར་ནས་མ་མཁྱེན་མ་ངེས་མདོག་མདོག་རེད།
ཨ་རོ། དེ་འདྲ་ཞིག་མ་བཤད་ན། རིག་གནས་ཕྱོགས་ནས་ལག་རྗེས་རེ་འཇོག་རྒྱུ་དཀའ་མོ་མ་རེད་དམ།
རྒྱལ་མོ་འབྲུག་པ་དང་དོན་གྲུབ་རྒྱལ་གཉིས་རྩོམ་པ་པོ་ཞིག་ཏུ་འཚར་ལོངས་བྱུང་བའི་དུས་ཚོད་ཕལ་ཆེར་མཉམ་པོ་ཡིན་ཡང་། རྒྱལ་རོང་བ་དེའི་ལོ་རྒྱུས་དེ་ལོ་རྒྱུས་སུ་ངེས་པའི་རང་སེམས་སུ་དེ་དུས་ནས་དམ་བཅའ་མཁྲེགས་པོ་ཞིག་བཞག་པའི་ཚོར་བ་ཞིག་སྟེར།
རྒྱལ་མོ་འབྲུག་པ་སོགས་བཤད་ན་སྐད་ཆ་རྙོག་པོ་ཆགས་རྒྱུའི་ཉེན་ཁ་འདུག ངས་བལྟས་ན་དོན་གྲུབ་རྒྱལ་ཟེར་བ་ནི་བླ་སྤྲུལ་ལ་ཐུགས་མཉེས་པོ་མེད་པ་འདྲ། བོད་ཀྱི་སྲིད་དབང་བླ་མས་བཟུང་བ་དེར་ཐུགས་དྲག་པོ་ཁྲོས་ཏེ་སྐུར་བ་འདྲ་པོ་བཏབ་པ་མིན་འགྲོ ཁོས་བཙན་པོའི་རྒྱལ་རབས་འཆད་ཡོང་སྐབས་དགེ་ཆོས་ནང་བཞིན་དཔའ་བོའི་རྟོགས་བརྗོད་རིང་མོར་གླུ་རེ་བླངས་ཡོད་པ་དེ་རེད།
ཁོའི་རྩོམ་དེབ་ཐོག་མ་འབོལ་རྩོམ་ཞོགས་པའི་སྐྱ་རེངས་ཀྱི་ནང་དུ་འཇམ་བཞད་སྐུ་ཕྲེང་རིམ་བྱོན་གྱི་རྟོགས་བརྗོད་ཚིགས་སུ་བཅད་པ་སྙན་པོ་ཞིག་བྲིས་ཡོད། འགའ་རེས་ཨ་ལགས་དུང་དཀར་ཚང་གིས་ཁོའི་ལྟ་གྲུབ་དམར་ཕྱོགས་པའི་ཕྱོགས་སུ་ཁྲིད་པ་རེད་ཟེར་ཡང་བདེན་མིན་མི་ཤེས། ཨ་ལགས་དུང་དཀར་ཚང་གིས་ཏང་ལ་བསྟོད་གླུ་ལེན་ཐེངས་མང་ཡང་གཞི་རྩའི་ཆ་ནས་ཆོས་དད་པ་ཞིག་ཡིན་པ་ལ་ཐེ་ཚོམ་མེད་པ་ལྟ་བུ་ཞིག་རེད།
ཡང་འགའ་རེས་ཨ་ཁུ་ཚུལ་ཁྲིམས་རྒྱ་མཚོ་ཞེས་པའི་བརྩམས་སྒྲུང་གྲགས་ཅན་དེ་ཨ་ལགས་དུང་དཀར་ཚང་གཞིས་བཞག་གིས་བྲིས་པ་རེད་ཟེར་བས་ཁྱེད་རྣམ་པས་དེ་འདྲ་གོ་མྱོང་ངམ།
འཇམ་བཞད་སྐུ་ཕྲེང་རིམ་བྱོན་གྱི་སྙན་རྩོམ་གྱི་ཕྲེང་བ་དེ་བླ་བྲང་གི་མཐོང་ཐོས་ལས་འཕྲོས་ཏེ་བྲིས་པ་ཞིག་རེད། དུང་དཀར་ཚང་ཆོས་པ་རེད་དེ་ཆོས་པ་རྣམ་དག་ཅིག་ཡིན་མིན་མི་ཤེས། ཡིན་ནའང་ཁོང་ཚང་གི་གསུང་འབུམ་ཁྲོད་དུ་བླ་སྤྲུལ་གྱི་སྐོར་གསུངས་ཡོད་པ་དང་། ཁོང་གིས་ངོས་རང་སྤྲུལ་སྐུ་ཞིག་ཡིན་ནའང་། མངོན་ཤེས་དང་རྫུ་འཕྲུལ་མེད་པ་སོགས་དྲང་མོར་གསུངས་པར་བལྟས་ན། སྤྲུལ་སྐུ་དྲང་མོ་མདའ་འདྲ་འདྲ་ཞིག་རེད་སྙམ།
ཨོ། སྒྲུང་རྩོམ་དེ་ནི་ཨ་ལགས་དོར་ཞི་ཚང་ལ་བྲིས་པ་རེད་ཅེས་པ་ཞིག་གོ་མྱོང་།
དོར་ཞི་ཚང་གིས་དགེ་འདུན་ཆོས་འཕེལ་ཟེར་བ་འདི་མཁས་པ་མིན་པའི་ཐོག སྤྱོད་པ་འཆལ་བོ་དང་། ཐ་མག་ནག་པོ་འཐེན་རབས་ཀྱི་རྩོམ་ཡིག་ཅིག་ྐླུ་སྒྲུབ་དགོངས་རྒྱན་ལ་མི་སྐོར་ཅིག་གིས་དགག་པ་མཛད་པའི་དེབ་ཅིག་གི་སྔོན་གླེང་ནང་བྲིས་འདུག ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ཁོས་བྲིས་པའི་མུན་འཇོམས་ནོར་བུའི་ཕྲེང་བ་ཞེས་པའི་དཔྱད་རྩོམ་ནང་དགེ་ཆོས་ཀྱི་ལུང་ཚིག་མང་པོ་ཞིག་དྲངས་འདུག ངོ་མ་བཤད་དཀའ་མོ་ཞིག་རེད།
ཨ་ལགས་དེ་བས་ང་བརྒྱད་ལོ་ནས་གཏོར་མ་བརྒྱ་རྩ་གཏོང་མཚམས་མ་བཞག་པ་རེད་ཟེར་བ་ཞིག་ཀྱང་གོ་མྱོང་ཡང་བདེན་མིན་མི་ཤེས། རེད། མངོན་ཤེས་མེད་ན་མེད་ལབ་ན་དྲང་མོ་རེད་ལ། གལ་སྲིད་ཡོད་ན་ཡོད་ལབ་ན་ཡང་དྲང་མོ་རེད། བོད་པའི་ལུགས་སྲོལ་ཞིག་ལ་ཡོན་ཏན་ཞིག་ཡོད་ན་ཡང་དེ་འདྲ་མེད་ཅེས་ཨུ་ཚུགས་བྱེད་པ་དེ་བཟང་པོར་རློམ་ཡང་། ཕྱི་གླིང་བ་ཚོའི་ལུགས་སྲོལ་ལ་ཡོན་ཏན་ཞིག་ཡོད་ན་དེ་འདྲ་ཡོད་ཅེས་བརྗོད་ཀིན་འདུག ཡོད་པ་དེ་ཡོད་ལུགས་བཤད་ན་མི་གཞན་གྱིས་ངོ་ཤེས་ཏེ་རང་གིས་ཤེས་པ་དེ་གཞན་ལ་སྤེལ་རྒྱུར་ཕན་ཐོགས་ཀྱི་རེད། དེ་མིན་ཚེ་ཕྱེད་ཅིག་ལ་ཅིག་སྦྱངས་སྦྱངས་ནས་རང་གིས་ཤེས་ཚར་བའི་རྗེས་སུ་མཁས་པ་ཁོང་རུལ་བྱས་ནས་ངས་ཅི་ཡང་མི་ཤེས་ཟེར་ནས་ཁུག་ཀྱོག་ཅིག་ཏུ་བསྐུངས་བསྡད་ན་སུ་ལ་ཕན་མི་ཤེས།
སངས་རྒྱས་ཀྱིས་ཀྱང་རྟོགས་པའི་ཡེ་ཤེས་བརྙེས་པའི་རྗེས་སུ། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །ཅེས་རང་གིས་ཤེས་པ་དེ་ཁྱབ་བསྒྲགས་ལྟ་བུ་ཞིག་གནང་འདུག་བསམས།
དེ་བཞིན་དུས་ཚོད་ཏག་ཏག་ཅིག་ལ་མ་བསླེབས་བར་དུ། མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ།།གསུངས་འདུག་པ་ཡང་རྒྱུ་མཚན་ལྡན་པ་ཞིག་རེད།
སྐད་ཆ་འདི་བདེན་པ་རེད། མང་གཙོའི་རྒྱལ་ཁབ་ནང་སྲིད་འཛིན་ཡིན་ན་སྤྱི་འཐུས་ཡིན་ན་ས་གནས་འགོ་བར་ལངས་འདོད་མཁན་གྱི་འོས་མི་ཞིག་ཡིན་ན། ངས་ཤེས་མདོག་མདོག་དང་ངས་འཇོན་མདོག་མདོག་གིས་མི་མང་དང་བར་ཐག་ཉེ་རུ་བཏང་སྟེ། རང་ཉིད་ཁྱབ་བསྒྲགས་དང་བཅས་པ་བྱེད་ཀྱི་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ད་སྔ་བར་ཁྱེད་གཅིག་པུ་མ་གཏོགས་བྱུང་མ་སོང་ང་། ཨ་ལ་ཀུ་རེ་ཡིན། ད་ཆོག་ནི་ཡེད། ད་སོ་མར་ཁྱེད་ཀྱིས་བཏང་བའི་སྙན་ངག་དེ་ྐློག་གི་ཡིན།
དོན་གྲུབ་རྒྱལ་གྱི་འཇམ་བཞད་སྐུ་ཕྲེང་རིམ་བྱོན་དང་བླ་བྲང་གི་སྐོར་དེ་གཙོ་བོ་དགེ་བཤེས་སྦྱིན་པ་ལ་བཅར་འདྲི་བྱས་ཏེ་བྲིས་པ་རེད། དགེ་བཤེས་དེ་ངའི་ཨ་ཕའི་དགེ་རྒན་ཡང་རེད།
དུང་དཀར་ཚང་དང་དོན་གྲུབ་རྒྱལ་གྱིས་མཚོན་པའི་བོད་མི་མང་ཆེ་བ་ལྟ་གྲུབ་དམར་པོའི་ཕྱོགས་སུ་ཁྲིད་མཁན་དམར་ཤོག་གཞུང་ཡིན་པ་ལས་དེ་གང་ཟག་གཅིག་ལ་མཛུབ་མོ་འཛུགས་ས་ཨེ་ཡོད། ཨ་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ།
འབོལ་རྩོམ་ཞོགས་པའི་སྐྱ་རེངས་ཐོན་སྐབས་དེ་ད་རུང་རིག་གསར་གྱི་གཡའ་དག་མ་དག་ཡིན་པས་དེའི་སྐབས་ཁོང་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་གསལ་པོ་ཞིག་ཡོད་སྲིད་ཀྱི་མ་རེད། མི་མང་ཆེ་བ་ད་རུང་འཐོམས་ཡོངས་སུ་སངས་ཡོད་མ་རེད། བོད་སྤྱི་ཚོགས་དང་སྦྲེལ་ནས་བཤད་ན་དོན་གྲུབ་རྒྱལ་ནི་སད་སྔ་བའི་གྲས་ཡིན་རྒྱུ་རེད་སྙམ།
ཁོང་གིས་བྲིས་པའི་སྒྲུང་རྩོམ་དང་སྙན་ངག་དེ་ཚོ་ནམ་བྲིས་གྱི་ལོ་དུས་ལྟར་པང་བསྒྲིགས་ནས་ཅིག་ཀློག་དང་ཁོང་གི་རྩོམ་རྩལ་གྱི་འཕེལ་རིམ། ཁོང་གི་བསམ་བློའི་གོ་རྟོགས་ཀྱི་འཕེལ་རིམ་དང་མི་རིགས་ཞེན་ཁོག་གི་འཕེལ་རིམ་སོགས་རོབ་ཙམ་ཤེས་མི་སྲིད་དམ་སྙམ། རྩོམ་པ་པོ་ཡིན་ཟེར་ནས་རྩོམ་རིག་དང་རྩོམ་པ་པོ་ཚོའི་སྐོར་གཞི་རྩ་མེད་པའི་རྨོངས་བཤད་ཞེ་དྲགས་བྱས་བསྡད་ན་ག་འདྲ་ཞིག་ཡིན་ནམ།
ཨ་ཁུ་ཀླུ་སྨྱོན་ལགས། སྐུ་ཉིད་ཀྱིས་ཕྲན་གྱི་རྩོམ་ཡིག་འདིའི་མཆན་དང་པོར་ ༼སེམས་ཚོར་དྲག་པོ་ནི་རྩོམ་པ་པོར་འགྱུར་བའི་གཞི་རྩ་ཡིན་ལ།
རྩོམ་ཡོན་ལེན་འདོད་ནི་རྩོམ་པ་པོར་འགྱུར་བའི་རྐང་སྟེགས་ཡིན།
འདི་ནི་ངའི་ལོ་ངོ་ཉི་ཤུའི་རིང་གི་རྩོམ་རིག་ལ་འཇུས་པའི་ཉམས་མྱོང་ཕྱོགས་བསྡོམས་ཡིན། ༽ ཞེས་པ་དང་། མཆན་བཞི་བཅུ་བར་ ༼ ངས་རང་གིས་བྲིས་པའི་དེབ་ཧྲུལ་དེ་དག་ཉོ་མཁན་ཕར་ཟད་ཀློག་མཁན་ཞིག་ཡོད་མེད་ཀྱང་མ་ཤེས་ནས་མགོ་འཐོམས་བསྡད་ཡོད། ༽ཞེས་པ̒་གཉིས་ཅུང་ཙམ་རྒྱབ་འགལ་དུ་ཕྱིན་ཡོད་པ་འདྲ། གལ་སྲིད་ངས་གོ་དོན་མ་རྟོགས་ནས་བརྗོད་པ་མིན་ན། གོང་གི་མཆན་དེའི་ནང་ཁྱེད་རང་རྩོམ་པ་བོར་གྱུར་བའི་རྐང་སྟེགས་ལྟ་བུ་ནི་རྩོམ་ཡོན་ལེན་འདོད་པའི་བསམ་བློ་དེ་ཡིན་རབས་སྡོམ་ཚིག་བཞག་འདུག་ཀྱང་། བོད་ཕྱི་ནང་གཉིས་ན་དེ་ལྟ་བུའི་རྩོམ་ཡོན་ལ་སྲེད་ནས་རྩོམ་རྩལ་ཡར་རྒྱས་གཏོང་ཐུབ་པའི་དུས་དེབ་རིགས་ཤིག་མེད་ཚོད་ཡིན་ལ། སྦྲང་ཆར་ལྟ་བུ་གཞུང་འབྲེལ་དུས་དེབ་རེ་ཟུང་གིས་རྩོམ་ཡོན་སྤྲོད་ཀྱི་ཡོད་སྐོར་ཐོས་མྱོང་མོད། ཁྱེད་ཀྱི་ཤེས་ཡོན་གྱི་རྨང་གཞི་དེ་ལྟ་བུར་དམིགས་ནས་ཡར་རྒྱས་གོང་འཕེལ་དུ་སོང་བ་ཡིན་ཟེར་ན། སྐུ་ཉིད་ཀྱིས་བོད་ཡིག་སྦྱངས་པའི་དགོས་པ་ཆུང་ཆུང་ཞིག་ལས་མི་འདུག་ལ། དེ་བཞིན་ངས་རྩོམ་ཡིག་དེའི་མགོ་རྩོམ་སྐབས་ང་ལ་རྩོན་ཡོན་ཞིག་དགོས་ཀྱི་འདུག་ཅེས་བརྗོད་ཡོད་མོད། རྩོམ་ཡིག་ཧྲིལ་བོའི་དམིགས་ཡུལ་མདོར་གྲིལ་ན་རྩོམ་ཡོན་གྱི་ཕྱིར་དུ་མིན་པར་ད་ལྟའི་བོད་ཡིག་གི་ཉམ་ཐག་པའི་གནས་སྟངས་དང་། ཆེད་ལས་རྩོམ་པ་བོ་ཞིག་བྱ་རྒྱུར་དེ་ལྟ་བུའི་ཁོར་ཡུག་ཕུན་སུམ་ཚོགས་པ་མེད་པ། དེ་བཞིན་སྒེར་དེབ་འདོན་མཁན་དང་མིང་གྲགས་ལ་དུང་བའི་རྩོམ་པ་བོ་སྒེར་བ་འགའ་རེར་བོད་ཡིག་སུམ་རྟགས་དག་གསུམ་གྱི་རྨང་གཞི་མེད་པར་ཐེར་འདོན་བྱས་པ་ལྟ་བུ་ལས་རྩོམ་ཡོན་རང་གི་ཕྱིར་དུ་བྲིས་མེད་པ་ཁྱོད་ཀྱིས་རྟོགས་མེད་ཚེ། ད་ནི་ངས་རྩོམ་ཡིག་འདི་བྲིས་པའི་དགོས་པའང་འགྲུབ་མི་འདུག་ལ། སྐུ་ཉིད་ཀྱི་སྡོམ་ཚིག་དེ་ཡང་སྡོམ་ཚིག་ཡང་དག་པ་ཞིག་རེད་མི་འདུག
དེ་བཞིན་སྐུ་ཉིད་ཀྱིས་ད་བར་དེབ་བཞི་ལྔ་ཞིག་བཏོན་ཡོད་པ་རྒྱུས་མངའ་ཡོད་ཀྱང་ཁྱེད་ལ་དེ་དག་གི་ཀློག་པ་བོ་ཞིག་ཀྱང་རེག་མེད་སྐོར་གསུངས་ཡོང་དུས། དེབ་ཀྱི་རིན་འབབ་མི་བསམ་པའི་རྩོམ་པ་བོ་ཞིག་གིས་རྩོམ་ཡོན་གྱི་རིན་འབབ་བསམ་ནས་རྩོམ་རིག་གི་གཞི་རྐང་བཙུགས་ཚུལ་བརྗོད་ན་འགལ་ཟླར་གྱུར་བ་ཡིན་ནོ། །
ཨོ་བཤད་རྒྱུ་ཞིག་ལུས་འདུག སྐད་ཆ་འདི་དེ་རིང་ལུས་པ་ཙམ་མ་རེད། སྔོན་ཞིག་ལས་བཤད་འདོད་ནས་བསྡད་ཡོད།
སྐུ་ཉིད་ཀྱིས་དགེ་བསྐོས་བཙན་པོ་ཞེས་པའི་དེབ་ཅིག་འདོན་གི་ཡོད་ཚུལ་ཞིག་ས་གྲགས་དང་རྡོ་གྲགས་སུ་སོང་འདུག་ཀྱང་དེབ་མཐོང་མ་སོང་། གལ་སྲིད་དངོས་གནས་དེ་ལྟ་བུ་ཞིག་འདོན་གྱི་ཡོད་ན་དང་ཐོག་སྤྱི་ཚོགས་ཁྲོད་དུ་ཁྱེར་ནས་མི་འགྲོ་བར་དགོན་སྡེ་ཁག་ཏུ་འགྲེམས་སྤེལ་གནང་རོགས། དེ་ཁྱེད་ཀྱིས་དེབ་དེ་འདོན་པའི་དགོས་པ་ཡིན་ངེས་ཤིང་། གྲྭ་པ་ཁྲབ་ཏོ་ཚ་བོ་ཚོས་ནམ་རྒྱུན་དགེ་བསྐོས་བཙན་པོ་ཞེས་པར་མཇལ་རྒྱུར་རྔམ་ཡོད་སྐོར་བརྗོད་ཀྱིན་འདུག
ངས་སྔོན་ཆད་ལྷོ་ཕྱོགས་ཕོ་ཉ་རྩོམ་སྒྲིག་ཁང་དུ་ལས་ཀ་བྱེད་སྐབས་སེར་སྨད་༼ སེར་སྨད་ཡིན་བསམ་ཡང་ཏག་ཏག་ཅིག་མི་འདུག ༽ བླ་མ་འོད་ཟེར་རིན་པོ་ཆེ་འབོད་པ་ཞིག་གི་དྲུང་དུ་གནས་ཚུལ་ཞིག་ལེན་དུ་འགྲོ་མྱོང་། སྐབས་དེར་ཁོང་གིས་ཁྱེད་ཚོ་གསར་འགོད་པ་དེ་ཚོས་བོད་ཀྱི་སྤྱི་སྐད་ཅིག་གི་ཐོག་ཏུ་ཤུགས་རྒྱག་དགོས་པ་རེད། བོད་རིགས་ཡོངས་རྫོགས་ཀྱིས་གོ་ཐུབ་པ་ཞིག་དང་ཀློག་ཐུབ་པ་ཞིག་བཟོ་དགོས་པ་རེད། དེ་མིན་དཔལ་དོན་འགྲུབ་རྒྱལ་གྱི་སད་ཀྱིས་བཅོམ་པའི་མེ་ཏོག་ལྟ་བུ་ཡིན་ན་ཨམ་མདོ་མ་གཏོགས་གོ་གི་ཡོད་པ་མ་རེད། ཁམས་པས་ཅུང་ཙམ་གོ་གི་མེད་འགྲོ དབུས་པས་གཏན་ནས་གོ་གི་མ་རེད། དེ་བཞིན་བེ་རུ་འཇིགས་མེད་དབང་རྒྱལ་གྱིས་རྩོམ་ཡིག་བྲིས་པ་རྣམས་ཀྱང་ཁམས་དང་ཨམ་མདོས་གོ་གི་རེད། ཡིན་ནའང་། དབུས་པས་གོ་ཁག་པོ་འདུག དེ་ཚོ་གཟབ་དགོས་ཞེས་གསུངས།
དེ་དུས་གཞི་ནས་ངས་བསམ་གཞིག་བྱ་སྐབས་སད་ཀྱི་བཅོམ་པའི་མེ་ཏོག་ནང་ང་ལྟ་བུའི་འབྲོག་ཕྲུག་ཅིག་ལ་མཚོན་ཐ་སྙད་རེ་ཟུང་གཏན་ནས་གོ་མྱོང་ཐོས་མྱོང་མེད་པ་དེ་འདྲ་རེད། དེ་རོང་ཕྱོགས་ཀྱི་རྒྱུན་བཀོལ་ཐ སྙད་རེ་ཡིན་རབས་འདུག དེར་བརྟེན་ཁམས་དང་དབུས་པས་མི་གོ་ས་མང་བོ་ཡོད་ངེས་རེད་སྙམ།
ཨ་རིག་ལོ་ཆུང་ཆུང་དང་དོ་སྣང་བྱེད་ཡུལ་ཁྱབ་ཆེ་བས་ཡག་པོ་ཡོད། སྐད་ཡིག་གི་སྐོར་དེ་གནད་འགག་ཆེན་པོ་རེད་བསམ། ང་ཚོས་སྤྱི་སྐད་སྤྱོད་དགོས་ཟེར་ནས་རང་གི་ཀླད་པ་ཆུང་དུ་མ་བཏང་བར། རང་ཉིད་ཀྱི་ཀླད་པ་ཆེ་རུ་གཏོང་རྒྱུ་དེ་གལ་ཆེན་པོ་མཐོང་། དཔེར་ན། དབུས་པ་ཞིག་ལ་ཆ་བཞག་ན་ཁོ་རང་གིས་གོ་བ་མི་ལོན་པའི་མདོ་ཁམས་ཡུལ་གྱི་མིང་ཚིག་མང་ཙམ་ཡོད་པ་རྣམས་བོད་སྐད་ཀྱི་ནང་ནས་མར་གཡུག་འོས་པའི་བསམ་བློ་མ་བཏང་བར། ཁ་རང་གིས་མི་ཤེས་པའི་མདོ་ཁམས་ཀྱི་ཡུལ་དུ་བཀོལ་བཞིན་པའི་མིང་ཚིག་དེ་ཚོ་རང་གིས་སྦྱང་ནས་མིང་ཚིག་དེ་ཚོ་བོད་ཀྱི་སྤྱི་སྐད་དུ་འགྱུར་བར་བྱེད་དགོས་པར་མཐོང་། བོད་ཀྱི་རོང་འབྲོག་དང་སྟོད་སྨད་བར་གྱི་ས་གནས་བྱེ་བྲག་ཅིག་ཏུ་བཀོལ་བཞིན་པའི་མིང་ཚིག་སྤྱོད་ཁྱབ་ཆུང་རིགས་སྔར་ལས་མང་དུ་བཀོལ་སྤྱོད་ཀྱིས་ཁྱབ་ཆེ་རུ་དང་སྤྱི་སྐད་ཀྱི་གྲས་སུ་ཚུད་ཐུབ་པ་བྱེད་དགོས་པ་ལས། ཡུལ་ལུང་བྱེ་བྲག་པའི་ཡུལ་སྐད་རེད་ཟེར་ནས་མིང་་ཚིག་མང་པོ་དོར་བ་ཡིན་ན། བོད་ཀྱི་མིང་ཚིག་ཁྲི་ཚོ་མང་པོ་ཞིག་མེད་པ་བཟོ་དགོས་པའི་འཕང་ས་མ་རེད་དམ།
སྤྱིར་བཏང་ཆོལ་ཁ་གསུམ་གྱི་སྐད་ལ་ཁྱད་པར་ཕྲན་བུ་རེ་ཡོད་པ་དེའང་གནད་འགག་སློབ་དགོས་རྒྱུ་གལ་ཆེན་པོ་རེད། ངས་དཔེ་གཅིག་བཞག་ཆོག ལྷ་སའི་སྐད་ལ་”ངས་ཇ་འཐུང་གི་མིན་”ཟེར་བ་དང་། ཨ་མདོའི་སྐད་དུ་”ངས་ཇ་མི་འཐུང་”ཟེར་བ་ལྟར་བུར་ཆ་བཞག་ན། མི་འདྲ་བ་འདུག་ཀྱང་དོན་གྱི་བརྡ་སྤྲོད་ནང་གཉིས་ཀ་ཁྲིམས་མཐུན་རེད། “མ་མི་ཐོག་མ་མིན་མེད་མཇུག་”ཟེར་བ་དེ་ལ་ཐུག་ཡོད་པ་རེད། ལྷ་སའི་སྐད་ནང་”མིན་དང་མེད་”གཉིས་བེད་སྤྱོད་མང་བས་ངེས་པར་དུ་ཚིག་གི་མཇུག་ཏུ་འབྲི་དགོས་པ་དང་། ཨམ་སྐད་ནང་”མ་དང་མི་”གཉིས་སྤྱོད་ཆེ་བས་ཚིག་གི་ཐོག་མར་འབྲི་དགོས་པ་ལས། སྐད་ཀྱི་ཁྱད་པར་མ་རེད།
དེ་བཞིན་ཨ་མདོས་སྲ་གི་ཟེར་བ་དང་ལྷས་མཁྲེགས་མཁྲེགས་རེད་ཟེར་བ་གཉིས་ཀའང་དོན་གཅིག་མིང་གི་རྣམ་གྲངས་ཙམ་རེད། སྲ་མོ་དང་མཁྲིགས་པོའི་དོན་གཅིག་རེད། སྲ་ལ་བྱོས་དང་མཁྲེགས་པོ་བྱོས་ཟེར་བའང་དོན་གཅིག་མིང་གི་རྣམ་གྲངས་རེད། དེའི་ཕྱིར་དེ་གཉིས་ཀྱི་གཅིག་དོར་བ་ལས་གཉིས་ཀ་སྦྱང་ནས་བཀོལ་སྤྱོད་བཏང་བ་ཡིན་ན་ཡང་དག་པ་རེད། དགེ་བཤེས་དེའི་ཀླད་པའི་ནང་ཁོ་རང་གི་གཡས་གཡོན་ཁོ་ནར་བཀོལ་བཞིན་པའི་མིང་ཚིག་ལས་མེད་པ་དེ་ཁོ་རང་གི་སྐུ་ལྐད་ཆུང་དྲགས་པ་རེད། དེ་ནི་ཐབ་ཀ་མ་གཏོགས་ས་ངོ་མི་ཤེས་ཤིང་ཕ་མ་མ་གཏོགས་མི་ངོ་མི་ཤེས་པ་ཞིག་ཡིན་པས་ལན་པ་རེད།
མདོ་དོན་མིང་ཚིག་མང་པོ་མར་གཡུག་ནས་སྐད་ཡིག་གུ་དོག་ཏུ་མ་བཏང་བར། རང་གི་ཀླད་པའི་ནང་ཚིག་གསར་མང་ཙམ་བཅུག་ནས་རང་གི་ཀླད་པ་ཆེ་རུ་གཏོང་རྒྱུ་གལ་ཆེན་པོ་རེད། གོ་ཆོད་ཅིག་འབྲི་མ་ཐུབ་ཀྱང་རྗེས་མ་ལྟ་ཆོག
སྐད་ཡིག་གི་ཕྱོགས་ནས་གསར་འབྱོར་ཚོ་ཀླད་པ་ཆེ་བ་ཡོད་རེད། ཆོལ་ཁ་གསུམ་གྱི་སྐད་ག་རེ་བཤད་ནའང་མ་གོ་བ་དང་ཧ་ལས་ཧོན་ཐོར་དེ་འདྲ་བྱེད་གི་མེད། ལྡོམ་པོ་འདི་བོད་ཀྱི་སྤྱི་སྐད་ལ་གོམས་འདྲེས་བྱེད་རྒྱུར་གོ་སྐབས་ཡག་ཙམ་བྱུང་ཡོད་ཙང། སྐད་ཡིག་ཕྱོགས་ནས་ཀླད་པ་ཆེ་རུ་སོང་ཡོད་པ་རེད། བོད་མི་ཚོས་དབྱིན་སྐད་དང་རྒྱ་སྐད། རྒྱ་གར་སྐད་སོགས་སློབ་ནས་རང་སྐད་བཞིན་བཀོལ་ཐུབ་ས་ནས། བོད་ཀྱི་སྐད་ཡིག་ལ་གོམས་འདྲེས་ཕྲན་བུ་བྱེད་རྒྱུ་དཀའ་ངལ་འཕྲད་དོན་འདུག་གམ། མིང་ཚིག་གང་རུང་ཞིག་ངེས་པར་དུ་མར་གཡུག་ན་མ་གཏོགས་བོད་མི་གཞན་པས་རྩ་བས་སློབ་ཐབས་མེད་པའི་མིང་ཚིག་ཅིག་འབྱུང་སྲིད་གི་རེད་དམ།
སྟག་སྨྱོན། ཁྱོས་བཤད་ནོ་གནས་ལུགས་འདུག ངས་འདང་ཞིག་རྒྱག་ར། རེད་རེད་རེད། གློ་རྒྱག་ཏུ་བཤད་འཇོག་རྒྱུ་ཞིག་མི་དྲན་གི དྲན་དུས་ཤིག་ལ་བཤད། གནས་སྐབས་དེ་བྱེད།
“བོད་རིགས་ཡོངས་རྫོགས་ཀྱིས་གོ་ཐུབ་པ་ཞིག་དང་ཀློག་ཐུབ་པ་ཞིག་བཟོ་དགོས་པ་རེད།” ཟེར་བ་དེ་བསམ་བློ་ཡག་པོ་རེད། འོན་ཀྱང་ “དབུས་པས་གོ་ཁག་པོ་འདུག དེ་ཚོ་གཟབ་དགོས་ཞེས་གསུངས” གསུངས་དོན་མིང་ཚིག་བྱེ་བྲག་པ་མང་པོ་ཞིག་བེད་སྤྱོད་གཏོང་རྒྱུ་ཡོད་པ་མ་རེད་མདོག་མདོག་གསུངས་པ་ནོར་རེད། རྒྱུ་མཚན་མིང་ཚིག་གང་དག་འདྲ་གི་མི་འདུག་ན་རེ་རེ་བཞིན་ལོགས་སུ་བཏོན་རྗེས་འདི་ཚོ་སྤྱི་ཚིག་མ་རེད་ཟེར་ནས་གཡུག་པ་ལས། ཁྱད་པར་ཅན་གྱི་མིང་ཚིག་མི་གཅིག་པ་དེ་ཚོ་རེ་རེ་བཞིན་ལོགས་སུ་བཏོན་པའི་རྗེས་ལ་ཚང་མས་བསླབ་ནས་རྗེས་མ་ཚང་མས་ཤེས་པ་ཞིག་གནང་ཐུབ་པ་གང་འདྲ་མཐོང་ངམ། མདོ་དོན་གཅིག་པ་མ་རེད་མར་གཡུག་ཤོག་གསུངས་དང་། ཡང་ན་གཅིག་པ་རེད་མི་འདུག་པས་སློབ་ནས་ཤེས་དགོས་ཟེར་བ་གཉིས་ལས་བཟང་ངམ།
ཨ་རིག་འགྱུར་མེད་ལགས་སུ། གལ་སྲིད་ངས་བརྗོད་པ་དེ་དུས་སྐབས་གཅིག་ནང་གི་ང་ལ་སྦྱར་ན་ཉིད་ཀྱིས་གསུངས་པ་ལྟར་རེད། ཡིན་ན་ཡང་། ངས་བརྗོད་པ་དང་ལོ་ན་གཞོན་དུས་སུ་སྙན་གྲགས་ཤིག་དང་རྩོམ་ཡོན་ཞིག་གིས་ངར་བསྐྱེད་དེ་རྩོམ་ཡིག་གང་མང་ཞིག་ཁ་མེད་མིག་མེད་དུ་བྲིས་པའི་ང་དེར་ཕྱི་མིག་ཅིག་བལྟས་པའི་བསམ་ཚུལ་ཞིག་བརྗོད་པ་ཡིན་ལ། དེ་དུས་ཀྱི་ང་དེ་ལ་དེ་ལྟ་བུའི་སྙན་གྲགས་རྒྱས་འདོད་དང་གྲྭ་རྐྱང་དབུལ་ནག་ཅིག་ལ་མཚོན་ན་ཧམ་སེམས་སྐྱེ་ཆོག་པའི་རྩོམ་ཡོན་ཉུང་ཉུང་དེ་ལེན་འདོད་ཀྱི་ཚོར་བ་དྲག་པོ་དེ་ལྟ་བུ་ཞིག་མེད་ན་དེ་དུས་ཀྱི་ང་དེ་ཡང་དེང་སང་གི་ང་ལྟ་བུར་ལོ་ནམ་ཚར་ཁ་གཡར་ནས་རྩོམ་ཡིག་འབྲི་རྒྱུར་སུན་སྣང་བྱེད་མཁན་ཞིག་ཡིན་ཐག་ཆོད་རེད། གཉིས་པ་དེར། བཙན་བྱོལ་སྤྱི་ཚོགས་ནང་ངས་ངའི་དེབ་ཧྲུལ་དེ་ཚོར་ཅིན་འབབ་ཆེན་པོ་ཞིག་རེག་གི་རེད་ནམ་ཡང་བསམས་མ་མྱོང་། འདི་ནི་ང་ལ་མཚོན་ན་སྤྱི་ཚོགས་དང་དུས་ཚོད་མི་འདྲ་བའི་ནང་གི་བསམ་བློ་མི་འདྲ་བ་ཞིག་རེད། དེའི་ཕྱིར་དུས་ཚོད་མི་འདྲ་བའི་ནང་གི་བསམ་བློ་མི་འདྲ་བ་གཉིས་གཞི་གཅིག་ཏུ་སྦྱར་ནས་དེ་ལྟར་གླེང་ན་དངོས་ཡོད་གནས་ཚུལ་དང་མཐུན་གྱི་མེད། ད་ནི་ཉིད་ཀྱིས་ངའི་སྡོམ་ཚིག་དེ་ལ་གོ་བ་བླངས་ཡོད་ཀྱི་རེད། དང་པོ་དེ་ནི་རང་ཉིད་གཞོན་དུས་སུ་རྩོམ་པ་པོ་ཐེབས་ཆག་ཅིག་གི་ལམ་དུ་བསྐྱོད་པའི་འདས་པའི་ལོ་ཟླར་ཕྱི་མིག་བལྟས་པའི་སྐད་ཆ་ཞིག་དང་། གཉིས་པ་དེ་ནི་བཙན་བྱོལ་སྤྱི་ཚོགས་འདིའི་ནང་གི་རྩོམ་རིག་ལ་རིན་ཐང་མེད་པའི་རང་མདངས་དེ་བརྗོད་པ་ཞིག་ཡིན་པས། འདི་གཉིས་ཁ་ཁར་བཞག་ནས་གོ་བ་ལེན་དགོས་པ་ལགས། འདི་དག་ང་རང་ཉིད་ཀྱི་ལོ་རྒྱུས་དང་སྦྱར་ན་བདེན་པའི་གནས་ཚུལ་ཞིག་ཡིན་མ་གཏོགས། འདི་ཁྱེར་ནས་མི་གཞན་དག་གི་ལོ་རྒྱུས་དང་བསམ་ཚུལ་ལ་དབྱེ་ཞིབ་བྱེད་ག་ལ་ཐུབ།
ནོར་བཅོས། བརྗོད་པ་དང་། བརྗོད་པ་དེ། ཅིན་འབབ། རིན་འབབ།
“དངོས་གནས་རེད། ང་ལ་རྩོམ་ཡོན་ཞིག་དགོས་ཀྱི་འདུག མ་ཟད་ངས་རང་ཉིད་ཀྱི་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་བྲིས་པའི་རྩོམ་ཡིག་དེ་དུས་འགྱུར་དུས་དེབ་ཐོག་བཀོད་དེ་ངས་དུས་འགྱུར་རྩོམ་སྒྲིག་ཁང་གིས་བསྐུར་ཡོང་བའི་རྩོམ་ཡོན་དེས་ཟས་ཞིམ་པོ་ཞིག་དང༌། ཆུ་གྲང་མོ་ཞིག་འཐུང་སྤྱད་བྱེད་ན་འདོད། གལ་སྲིད་བྱུང་ན་གྲོགས་པོ་འགའ་སྐད་བཏང་ནས་སྟབས་བདེའི་དགོང་ཟས་ཤིག་ཀྱང་མཉམ་དུ་འཐུང་ན་འདོད། ”
ང་ལ་ཡང་ལོ་ཟླ་མང་པོའི་སྔ་རོལ་ཏུ་ཉིད་ཀྱི་རྩོམ་ཡོན་ཐོབ་འདོད་དེ་འདྲ་ལས་ལྡབས་མང་པོ་ཞིག་གིས་ལྷག་པའི་ཧམ་སེམས་དྲག་པོ་ཞིག་ཡོད་པའི་རྐྱེན་གྱིས་རིན་ཐང་མེད་པའི་རྩོམ་ཡིག་གང་མང་ཞིག་ཁ་མེད་མིག་མེད་དུ་བྲིས་ནས་རྩོམ་སྒྲིག་ཁང་གང་མང་ཞིག་ལ་བསྐུར་བ་ཡིན་ན། སྐབས་རེར་ཡིག་ཐུམ་སྟེང་དུ་སྦྱོར་རྒྱུའི་སྦྲགས་རྟགས་ཀྱང་ཉོ་སྤྱད་ཡོད་
མེད་ཀྱི་མཚམས་ཚིགས་ན་ཡོད་པའི་གྲྭ་སྤྲང་ཞིག་ཡིན།
ནོར་བཅོས། ཡིན་ན། ཡིན་ལ།
ཡང་ལྷན་པོ་ཞིག་རྒྱག་དགོས་བྱུང་སོང་། གོང་གི་རིན་ཐང་མེད་ཟེར་བ་དེ་ནི་རིན་ཐང་མེད་ཅེས་པའི་ཚིག་འདིར་གོ་བ་ཡག་ཉེས་གཉིས་ལེན་རྒྱུ་ཡོད་པའི་ནང་གི་སྡུག་པ་དེ་ཡིན།
ཨ་ཁུ་ཡེ་ཤེས། ཐུགས་ལ་གནོད་སོང་བ་ཡིན་རྒྱུ་མ་རེད་པ། ཡོད་ན་དགོངས་དྭངས།
ཡིན་ནའང་། གོང་དུ་ཁྱེད་ཀྱིས་ངའི་རྩོམ་ཡིག་གི་མགོ་ནས་དུམ་བུ་ཞིག་འདིར་དྲངས་འདུག་པ་དེས། ངས་བྲིས་པའི་རྩོམ་ཡིག་དེ་དངོས་གནས་རྩོམ་ཡོན་གྱི་ཕྱིར་དུ་རེད་གསུངས་ཀྱིན་འདུག་མོད། ངས་འབྲི་དུས་ཀུན་སློང་དེ་ལྟ་བུ་ཞིག་ཁྱེར་མེད། གལ་སྲིད་ངས་དངོས་གནས་རྩོམ་ཡོན་གྱི་ཕྱིར་དུ་རྩོམ་ཡིག་འདི་བྲིས་པ་ཡིན་ན། སྙན་ངག་རྐང་ཁ་ཤས་ཤིག་གམ། ཚིག་བཅད་ཅིག ཡང་ན་དཔྱད་བརྗོད་ཐུང་ཐུང་ཞིག་བྲིས་ཀྱང་རྩོམ་ཡོན་རེག་གི་རེད་བསམ། ཡིན་ནའང་། དང་པོ་ང་རང་ལ་རྩོམ་ཡོན་ཞིག་དགོས་སྐོར་ནས་མགོ་བཙུགས་ཏེ། རིམ་གྱིས་གཞུང་དངོས་ལ་ཞུགས་པ་དེས་དྲང་པོ་བཤད་ན་ཀློག་པ་བོ་འགུག་ཐབས་ཤིག་སྤྱད་པ་ཡིན་མོད། ད་བྱས་དུས་ཚེ་རིང་གི་བུས་མཐའ་གཅིག་ཏུ་གོ་ནོར་ཐེབས་འདུག་པ་མ་ཟད། ཁྱེད་ཀྱིས་ཀྱང་དེ་ལྟ་བུ་ཞིག་ཏུ་གཟིགས་འདུག
སྟག་སྨྱོན། སྤྱིར་ང་ཚོ་མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་ཚང་མས་རང་རང་ས་ནས་ཡུལ་སྐད་ཁོ་ན་འཐམ་བསྡད་ནའང་འགྲིག་གི་མི་འདུག དཔེར་ན་མདོ་སྨད་གཅིག་པུར་མཚོན་ན་ལྷ་སྡེ་མི་སྡེའི་ཚོད་ཀྱི་ཡུལ་སྐད་དམ། ཐ་སྙད་འགའ་རེ་ཡོད་པ་ཡོངས་གྲགས་རེད། ཡིན་ནའང་། སྤྱི་སྐད་ཅིག་ཨེ་འཁྱོངས་བལྟས། ལོང་པ་ཁུག་ཀྱོག་གི་ཐ་སྙད་བཀོད་སྤྱོད་ཅན་དང་གོ་དོན་ཅན་ཡོད་ན་ཁ་གསབ་བྱས། སྤྱི་སྐད་དུ་བཞག གང་ལྟར་ཡང་སྤྱི་སྐད་ཅིག་གི་ཕྱོགས་སུ་ཤུགས་བརྒྱབ་ན་བོད་ཀྱི་སྐད་ཡིག་ཉམ་ཆགས་སུ་འགྲོ་རྒྱུའི་ཉེན་ཁ་དེ་སྲུང་ཐུབ་པར་འདོད། དེ་མིན་ང་ཚོས་ད་ལྟ་ནང་བཞིན་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་མང་འགའ་མཉམ་དུ་འཛོམས་ཚེ། རྒྱ་སྐད་ཀྱིས་ཕན་ཚུན་ལ་བརྡ་སྤྲོད་དགོས་དུས་སྡུག་ཐུག་རེད་ཡ།
ད་ལྟ་མེད་པའི་སྤྱི་སྐད་གསར་བ་ཞིག་ཆགས་ཐུབ་མིན་མི་ཤེས་ཏེ་དབུས་སྐད་འདི་སྤྱིས་གོ་ཐུབ་པ་ཞིག་ག་ལེར་ཆགས་ཡོང་རྒྱུ་རེད། ཏང་གི་བཀའ་དྲིན་གྱིས་ལྕགས་ལམ་རིང་མོ་ཞིག་མདོ་དབུས་ཁམས་གསུམ་བརྒྱུད་ནས་གནར་འདུག་པས། འདི་བེད་སྤྱད་ནས་ཡར་མར་ལ་འབྲེལ་བ་རེ་བྱེད་ཀྱིན་སྡོད་དང་དབུས་སྐད་འདི་ཚང་མ་གང་ཤེས་ཏེ་ཡར་མར་འགྲོ་མཁན་ཚོས་ག་ལེར་གོ་ཡོང་གི་རེད། ཚང་མས་ལྕགས་ལམ་འདི་ལ་སྤྱི་སྐད་ལྕགས་ལམ་ཞེས་བོས་ན་འགྲིག
ང་ཚོ་ཕྱི་ལོགས་སུ་ཡོད་པའི་བོད་རིགས་རྣམས་ཀྱིས་དབུས་སྐད་མ་གོ་སྤྱི་སྐད་མ་ཤེས་པ་ལྟ་བུ་རེད་ཅེས་བརྗོད་ཀྱང་ཆོག་མོད། གཞིས་ཀྱི་ས་ཁུལ་ཁག་ཏུ་དེ་ལྟར་ཡིན་སྲིད་དམ། ད་དུང་ལྕགས་ལམ་གྱིས་བོད་ལ་སྤྱི་སྐད་ཅིག་བཟོ་ཐུབ་ཚེ། དེ་ནི་རྒྱ་ནག་ནས་ཆུ་ལོག་བརྡོལ་བ་ལྟར་བར་མེད་དུ་བཞུར་ཡོང་བཞིན་པའི་རྒྱ་ནག་ཧན་མི་རིགས་ཀྱི་སྤྱི་སྐད་ཅིག་དྲུད་ནས་ཡོང་གི་ཡོད་པ་ལས། བོད་སྐད་རང་སྟེང་དུ་སྤྱི་སྐད་ཅིག་ཡོང་ཁག་པོ་མིན་འགྲོ
ཨ་ཁུ་ཀླུ་སྨྱོན། ཉིན་འགའི་སྔོན་ངེད་ཅག་གྲོགས་པོ་བཤད་ལ་དགའ་འགས་ཁྱེད་དང་ལྕགས་རྒྱ་འགྲམ་ནག སྟག་སྨྱོན་གསུམ་གླེང་བ་ཡིན། ང་ཚོའི་ནང་གི་གཅིག་གིས་ཁྱེད་རང་དངོས་གནས་མི་སྐྱིད་པོ་ཞིག་འདུག རྒས་ཚུགས་བཟུང་ནས་མི་འདུག་པར་དམའ་སར་བབས་ནས་ངེད་ཅག་ལྟ་བུ་གླེན་བཤད་རྒྱག་མཁན་དང་འུད་སྒྲོག་མཁན། ཁ་སྟོང་ནང་གི་ཚིག་སྟོང་བཤད་མཁན་དེ་ཚོ་མཉམ་དུ་འཛུལ་ནས་ཅིག་བཤད་བསྡད་ཀྱི་འདུག ད་དུང་ལོ་ཆུང་བྱིས་པ་ཡིན་དུས་ཀྱི་དགོད་སྤྱད་རྩེད་སྤྱད་དེ་འདྲ་བཤད་གི་འདུག དངོས་གནས་མི་སྐྱིད་པོ་ཞིག་རེད་ཟེར་ལ། ཕལ་ཆེར་ཚང་མས་དེ་ལ་བདེན་ཁ་སྤྲོད་ཀྱིན་འདུག
ཡིན་ནའང་། དགོང་མོ་དེར་ང་ཚོས་ལྕགས་རྒྱ་འགྲམ་ནག་འདི་བོད་ཡིག་གི་ཤེས་ཚད་ཡག་པོ་ཡོད་ཅིང་། ནུབ་ཕྱོགས་སུ་ཡོད་མཁན་ཞིག་ད་རེད་དེ། ཡིན་ནའང་། འདིའི་མིང་ངོ་མ་འདི་ཡིན་རྒྱུ་མ་རེད། གང་ལྟར་ཀྱང་འདི་ལ་གློག་ཀླད་ཀྱི་མཐུན་རྐྱེན་འཛོམས་ཤིང་། དུས་ཚོད་ཀྱང་ལྡང་ངེས་ཤིག་འདུག ད་དུང་གློག་ཀླད་ཀྱང་ཡག་པོ་འདུག ཅེས་བརྟག་པ་ཡིན་མོད། འདི་རེད་ཟེར་ས་ཞིག་མ་རྙེད་ཐལ།
སྟག་སྨྱོན་ཨ་མདོ་རྔ་བ་ཞིག་ཡིན་པ་ཐག་བཅད་ཅིང་། ཁོ་ཡང་ནུབ་ཕྱོགས་སུ་ཡོད་མཁན་ཞིག་ཡིན་སྟབས། ངེད་ཅག་ཉལ་ཚར་རྗེས་ཡར་ལངས་ཡོང་གི་འདུག་བསམ་སོང་། གང་ལྟར་སྟག་སྨྱོན་གྱིས་འབྲོག་བུ་ནུབ་ཏུ་སོང་བའི་སྒྲུང་དེ་དངོས་གནས་སྐྱིད་པོ་ཞིག་བྲིས་འདུག ང་ད་རྩོམ་དེའི་རིགས་ལ་ཧ་ཅང་དགའ། དེ་ཚོ་གོ་སླ་གི
མཚོ་བོད་ལྕགས་ལམ་གྱིས་མདོ་ཁམས་པ་ལ་དབུས་སྐད་བསླབ་པ་ག་ལ་སྲིད། འདི་ལ་བརྟེན་ནས་དབུས་གཙང་པ་ཚོས་བོད་སྐད་བརྗེད་པའི་གོ་སྐབས་ཤིག་ཡིན།
ལོ་འགའི་སྔོན་ང་ཚོ་གཞུང་དམངས་གཉིས་ཀྱིས་ལྕགས་ལམ་འདི་མི་རིགས་རྩ་མེད་དང་སྐད་ཡིག་གཏོར་བརླག་གི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་མཐོང་ཡོད་རེད། ཡིན་ནའང་། ཧོར་གཙང་འཇིགས་མེད་ཀྱིས་ལྕགས་ལམ་འདི་ཡག་རབས་དང་རྒྱན་རབས་བཤད་ཡོད། མ་བསམ་ས་ནས་ཨ་ཁུ་ཁྱོས་ཀྱང་སྨྱོ་བཤད་རྒྱག་གི་འདུག
གལ་སྲིད་ལྕགས་ལམ་འདི་ལྟ་བུ་ཞིག་ལ་བརྟེན་ནས་བོད་ལ་སྤྱི་སྐད་ཅིག་བཟོ་ཐུབ་ཚེ། ང་ཚོ་བོད་ཕྱི་ནང་གི་སྤུན་ཟླ་ཚོས་འགྲོ་གྲོན་ཆེ་ཤོས་དེར་བཏང་ནས་བོད་ཆོལ་ཁ་གསུམ་ལ་འཁོར་ལོ་བསྐོར་ཐུབ་པའི་ལྕགས་ལམ་འདི་ལས་རིང་བ་ཞིག་འཛུགས་སྐྲུན་བྱ་ཆོག་གི་རེད།
ཨ་རིག བོད་རིགས་ནང་ཁུལ་ལ་གོ་བརྡ་མི་འཕྲོད་པའི་གནས་ཚུལ་ཕྲན་བུ་ཡོད་པ་དང་། རྒྱ་སྐད་ལའང་ 普通话 ཟེར་བ་ཞིག་མཐོང་རྒྱུ་ཡོད་པས་ལད་ཟློས་ཀྱི་དྲན་སོས་པ་སོགས་ཀྱིས་བོད་ལའང་སྤྱི་སྐད་དགོས་སྐོར་གྱི་སྐད་ཆ་སླེབས་པ་ཡིན་སྲིད། དུས་ཚོད་ཉུང་བས་སྙིང་བསྡུས། བོད་མི་ཚང་མར་ངོ་མ་བོད་ལ་སྤྱི་སྐད་ཅིག་གྲུབ་རྒྱུ་འདོད་པ་ཡོད་ན། ཡུལ་ལུང་སོ་སོའི་སྐད་ལ་མཉམ་ཞིབ་དང་ཕན་ཚུན་གོམས་འདྲིས་བྱེད་རྒྱུ་ཐབས་ལམ་རབ་དེ་རེད། ཁ་སང་བཤད་པ་ལྟར་ང་ཚོའི་ཀླད་པ་ཆེ་རུ་གཏོང་རྒྱུ་ལས་ཐ་སྙད་ཉུང་དུ་གཏོང་རྒྱུའི་ཐབས་ལམ་དེ་ཡང་དག་ཅིག་ཏུ་མ་མཐོང།
ཨ་མདོ་དང་ཁམས་པའི་སྐད་ནང་ལྷ་ས་ཚོས་མི་ཤེས་པའི་མིང་ཚིག་ག་ཚོད་ཡོད་ན་ལྷ་ས་ཚོས་དེ་སྦྱོང་ནས་ཤེས་པ་བྱེད་དགོས་པ་ལས། ལྷ་ས་ན་བེད་སྤྱོད་མི་འདུག་ཟེར་ནས་ཨ་མདོ་དང་ཁམས་ཀྱི་ཡུག་ཁག་ཏུ་འཚོ་བའི་བོད་མི་འབུམ་ཕྲག་མང་པོའི་ཀླད་པའི་རྩ་འཁོར་ལ་ཞེན་ཅིང་འདྲེས་ཚར་བའི་སྤྱོད་ཆེའི་མིང་ཚིག་མང་པོ་མེད་པ་བཟོས་ན་སྐད་ཡིག་ལ་ཉམས་ཆགས་བཏང་བ་རེད། ཆོ་ཁ་གཞན་ལའང་དེ་བཞིན་ནོ།
ཨ་མདོའི་སྐད་དེ་ཨ་མདོའི་ཡུལ་གྱི་མང་ཚོགས་ཀྱི་འཚོ་བ་འདྲེས་ནས་ཡོད་པས་དོན་དག་ཆུང་ཆུང་ཞིག་ག་ལ་ཡིན། སྟོན་བཤད་དང་ལ་གཞས། གླུ་དང་གཏམ་དཔེ། སྒྲུང་དང་གནའ་གཏམ། ཡུལ་ལུང་དེའི་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཟུངས་ཁྲག་ལྟ་བུ་ཡིན་པས་། དེ་ཚང་མ་ལྷ་ས་བསྟུན་ནས་སླད་ཞུགས་པ་ལས། ལྷ་ས་བས་ཨ་སྐད་ལ་ཚུར་གོམས་འདྲིས་ནས་མཉམ་སྤྱོད་བྱས་ལས་སླ་གི་རེད། ཁེའང་ཆེ་གི་རེད།
མང་པོ་ཞིག་ལྷ་སའི་སྐད་ཡག་པོ་བརྩི་གི་འདུག་ཀྱང་ང་འཐད་པ་མེད། སྐད་ཡིག་དེ་ནང་རང་བཞིན་མ་ཡིན་བཅོས་མའི་ཉམས་ཤུགས་ཆེན་པོ་ཡོད་པ་རེད། ལྷག་པར་ཞེ་ས་ཡིན་ཟེར་ནས་མིང་ཚིག་ཚང་མར་ལགས་དང་གནང་། གཟིམ་སོགས་སྦྱར་ནས་རིང་པོ་དཔེ་བཟོས་འདུག སྐད་ཆ་བཤད་དུས་དང་ཉན་དུས་གཉིས་ཀར་སྒྱུ་ཉམས་ཤུགས་ཆེ་བས་དོག་བདེ་བོ་ཁྱོན་ནས་མཐོང་གི་མི་འདུག
ཕྱི་རྒྱལ་ཡིན་ནའང་ཕྱི་མི་དང་ནང་ཚགས་གི་ཁྱད་པར་ཡོད་འདུག། མི་གསར་བ་དང་དཔོན་པོ་མཐོ་བོ་དེ་འདྲ་ལ་དང་པོ་ཞེ་ས་བརྒྱག་རྒྱུ་གལ་ཆེར་བརྩི། ག་ལེ་འདྲེས་པོ་ཆགས་རྗེས་ད་དུང་མུ་མཐུད་དུ་ཞེ་ས་བེད་སྤྱོད་བཏང་ན་དགའ་གི་མ་རེད། གླེན་རྟགས་གམ་ཡང་ན་མཐོང་ཆུང་བྱས་པར་གོ་བ་ལེན་གི་རེད། ཡང་མིན་ན་རང་ཉིད་ལ་མཐོང་ཆུང་ཉོས་ཡོང་གི་རེད།
ཡིག་ཟོར་ཡང་མིན་གྱི་དཔེ། ཨ་སྐད། ཕེབས་སོང་། ལྷ་སས། ཕེབས་གནང་སོང་ཞེས་ཞེ་ཉིས་བརྩེགས་མང་བས་སྐད་ཡིག་བྲོ་བ་ཉམས་འདུག གནང་ཞེ་ཚིག་ལྷག་དེ་མེད་པར་ཕེབས་སོང་གཅིག་པོས་ཚད་ལོངས་པའི་ཞེ་ས་ཞིག་ཆགས་ཡོད། དེ་མིན། མི་འགྲོ་དང་འགྲོ་གི་མིན། མི་བཤད་དང་བཤད་གི་མིན། འགྲོ་རྒྱུ་དང་འགྲོ་གི་ཡིན། མ་ཤེས་དང་ཧ་གོ་མ་སོང། སོགས་ཡིག་ཟོར་ཡང་མིན་གྱི་ཁྱད་པར་འདུག་གམ། ཡོད་ན་སྟབས་བདེ་བ་མི་ལེགས་སམ།
ལོ་འགའི་སྔོན་ང་ཚོ་གཞུང་དམངས་གཉིས་ཀྱིས་ལྕགས་ལམ་འདི་མི་རིགས་རྩ་མེད་དང་སྐད་ཡིག་གཏོར་བརླག་གི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་མཐོང་ཡོད་རེད། ཡིན་ནའང་། ཧོར་གཙང་འཇིགས་མེད་ཀྱིས་ལྕགས་ལམ་འདི་ཡག་རབས་དང་རྒྱན་རབས་བཤད་ཡོད། མ་བསམ་ས་ནས་ཨ་ཁུ་ཁྱོས་ཀྱང་སྨྱོ་བཤད་རྒྱག་གི་འདུག
གལ་སྲིད་ལྕགས་ལམ་འདི་ལྟ་བུ་ཞིག་ལ་བརྟེན་ནས་བོད་ལ་སྤྱི་སྐད་ཅིག་བཟོ་ཐུབ་ཚེ། ང་ཚོ་བོད་ཕྱི་ནང་གི་སྤུན་ཟླ་ཚོས་འགྲོ་གྲོན་ཆེ་ཤོས་དེར་བཏང་ནས་བོད་ཆོལ་ཁ་གསུམ་ལ་འཁོར་ལོ་བསྐོར་ཐུབ་པའི་ལྕགས་ལམ་འདི་ལས་རིང་བ་ཞིག་འཛུགས་སྐྲུན་བྱ་ཆོག་གི་རེད།
ཞོགས་པ་བྲེལ་བས་བྲིས་ནོར་མང་བས་བསྐྱར་འགོད།
བོད་རིགས་ནང་ཁུལ་ལ་གོ་བརྡ་མི་འཕྲོད་པའི་གནས་ཚུལ་ཕྲན་བུ་ཡོད་པ་དང་། རྒྱ་སྐད་ལའང་ 普通话 ཟེར་བ་ཞིག་མཐོང་རྒྱུ་ཡོད་པས་ལད་ཟློས་ཀྱིས་བློ་སྒོ་ཕྱེ་བ་གང་ལྟར་ཡང་། བོད་ལའང་སྤྱི་སྐད་དགོས་འདུག་ཅེས་ཤུགས་ཆེ་རུ་གླེང་གི་འདུག བོད་མི་ཚང་མར་ངོ་མ་སྤྱི་སྐད་ཅིག་གྲུབ་རྒྱུའི་འདོད་པ་ཡོད་ན། ཡུལ་ལུང་སོ་སོའི་སྐད་ལ་མཉམ་ཞིབ་དང་ཕན་ཚུན་གོམས་འདྲིས་བྱེད་རྒྱུ་ཐབས་ལམ་ཡག་ཤོས་རེད། ཁ་སང་བཤད་པ་ལྟར་སྤྱི་སྐད་ཆེད་ང་ཚོའི་ཀླད་པ་ཆེ་རུ་གཏོང་རྒྱུ་ལས་ཐ་སྙད་ཉུང་དུ་གཏོང་རྒྱུའི་ཐབས་ལམ་དེ་ཡག་པོ་མ་རེད།
ཨ་མདོ་དང་ཁམས་པའི་སྐད་ནང་ལྷ་ས་ཚོས་མི་ཤེས་པའི་མིང་ཚིག་ག་ཚོད་ཡོད་ན་ལྷ་ས་ཚོས་དེ་སྦྱོང་ནས་ཤེས་པ་བྱེད་དགོས་པ་ལས། ལྷ་ས་ན་བེད་སྤྱོད་མི་འདུག་ཟེར་ནས་ཨ་མདོ་དང་ཁམས་ཡུལ་ཏུ་འཚོ་བའི་བོད་མི་འབུམ་ཕྲག་མང་པོའི་ཀླད་པའི་རྩ་འཁོར་ལ་ཞེན་ཅིང་འདྲེས་ཟིན་པའི་གོ་ཆོད་ཀྱི་མིང་ཚིག་མང་པོ་མེད་པ་བཟོས་ན་སྐད་ཡིག་ལ་ཉམས་ཆགས་བཏང་བ་རེད། ཆོ་ཁ་གཞན་ལའང་དེ་བཞིན་ནོ།
ཨ་མདོའི་སྐད་དེ་ཨ་མདོའི་མང་ཚོགས་ཀྱི་འཚོ་བ་དང་འདྲེས་ནས་ཡོད་པས་དོན་དག་ཆུང་ཆུང་དང་གཡུག་ཆོག་ཆོག་མ་ཡིན་འདོད། དཔེར་ན། སྟོན་བཤད་དང་ལ་གཞས། གླུ་དང་གཏམ་དཔེ། སྒྲུང་དང་གནའ་གཏམ། རྩེད་རིགས་སོགས་ལ་ཟུངས་ཁྲག་བཞིན་ཁྱབ་ཡོད་པས། དེ་ཚང་མ་ལྷ་སར་བསྟུན་ནས་བཅད་དེ་མར་གཡུག་པ་ལས། ལྷ་སའི་མི་ཚོས་ཁམས་དང་ཨ་མདོའི་སྐད་ལ་ཚུར་གོམས་འདྲིས་བྱས་ན་ལས་སླ་ཞིང་ཁེ་ཆེ་གི་རེད། ལོ་མང་པོ་བཏང་ནས་མི་རིགས་གཞན་གྱི་སྐད་སློབ་ཐུབ་ས་ནས་ཟླ་བ་ཁ་ཤས་བཏང་ནས་ནང་ཁུལ་གྱི་སྐད་ལ་གོམས་འདྲིས་ཙམ་བྱེད་རྒྱུ་ཁག་པོ་མ་མཐོང་། གཙོ་བོ་ཀུན་སློང་རེད། ཁག་པོ་མ་རེད།
མང་པོ་ཞིག་གིས་ལྷ་སའི་སྐད་ཡག་པོ་བརྩི་གི་འདུག་ཀྱང་འཐད་པ་མེད། ལྷ་སའི་སྐད་རང་བཞིན་གྱི་སྐད་ཅིག་མ་ཡིན་པར་བཙན་བཟོ་བྱས་པའི་ཉམས་ཤུགས་ཆེན་པོ་ཡོད། ལྷག་པར་ཞེ་ས་ཟེར་ནས་མིང་ཚིག་ཚང་མར་ལགས་དང་གནང་། གཟིམ་སོགས་སྦྱར་ནས་རིང་པོ་དཔེ་བཟོས་འདུག སྐད་ཆ་བཤད་མཁན་དང་ཉན་མཁན་གཉིས་ཀར་རང་བཞིན་གྱི་རྣམ་འགྱུར་ལྷོད་པོ་མེད་པར་སྒྱུ་ཉམས་ཤུགས་ཆེན་པོ་དོད་དགོས་པས་དོགས་བདེ་བོ་ཁྱོན་ནས་མཐོང་གི་མི་འདུག
ཕྱི་རྒྱལ་ལའང་ཕྱི་མི་དང་ནང་ཚགས་གི་ཁྱད་པར་ཡོད་འདུག མི་གསར་བ་དང་དཔོན་པོ་མཐོ་བོ། ཡང་ན་ལས་ཁུངས་ནང་ལ་དང་པོ་ཞེ་ས་བརྒྱག་རྒྱུ་གལ་ཆེར་བརྩི། དེ་ནས་ག་ལེར་འདྲིས་པོ་དང་ནང་ཚགས་ཆགས་རྗེས་ད་དུང་མུ་མཐུད་དུ་ཞེ་ས་བེད་སྤྱོད་བཏང་ན་དགའ་གི་མ་རེད། གླེན་རྟགས་ཚ་བོའམ་ཡང་ན་མཐོང་ཆུང་བྱས་པར་གོ་བ་ལེན་གི་རེད།
ཡིག་ཟོར་ཡང་མིན་གྱི་དཔེ། ཨམ་སྐད་ནང་”ཕེབས་སོང་” ལྷ་སས། “ཕེབས་གནང་སོང་”ཞེས་བྱ་ཚིག་དང་ཞེ་ས་ཉིས་བརྩེགས་མང་བས་རང་བྱུང་གི་མཛེས་ཉམས་མེད་པར། མི་བྱབ་ཆུང་ཞིག་གིས་བཤད་མི་ཤེས་བཞིན་དུ་ཨུ་ཚུགས་བརྒྱག་གི་ཡོད་པའི་རྣམ་འགྱུར་མིག་ལ་ཤར་ཡོང་། སྐབས་འདིར་གནང་ཞེས་པ་འདི་ཚིག་ལྷག་རེད། ཚིག་ལྷག་དེ་མེད་པར་”ཕེབས་སོང་”ཞེས་པས་བརྡ་དག་དག་འཕྲོད་པ་མ་ཟད། ཚིག་ལྷན་དང་ཨུ་ཚུགས་ཀྱི་ཉམས་མེད་པའི་ཞེ་ས་བབ་ཆགས་པོ་ཞིག་མ་རེད་དམ། གཞན་ཡང་མི་འགྲོ་དང་འགྲོ་གི་མིན། མི་བཤད་དང་བཤད་གི་མིན། འགྲོ་རྒྱུ་དང་འགྲོ་གི་ཡིན། མ་ཤེས་དང་ཧ་གོ་མ་སོང། སོགས་ཡིག་ཟོར་ཡང་མིན་གྱི་ཁྱད་པར་འདུག་གམ། ཡོད་ན་སྟབས་བདེ་བ་མི་ལེགས་སམ། ཨམ་སྐད་ནང་”མི་འགྲོ་”ཟེར་བ་དང་ལྷ་སའི”འགྲོ་གི་མིན”ཟེར་བའི་ནང་དོན་ལ་ཁྱད་སྐྲ་རྩེ་ཙམ་མེད་མོད། ཨམ་སྐད་དེ་ཡི་གེ་ཉུང་ཞིང་བབ་ཆགས་ལ་བརྡ་གསལ་བ་མཐོང་། འགྲོ་གི་མིན་ཟེར་བ་ལས་ཡིག་འབྲུ་གཉིས་ཉུང་བ་ཡོད། གཉིས་ཀ་བོད་སྐད་ཡིན་པ་གཅིག་རེད། འོན་ཀྱང་ཚིག་སྒྲིག་སྟངས་ལ་དཀའ་སླ་ཡོད་པས་ང་ཚོས་སླ་ཤོས་འདམས་ན་འགྲིག་པ་རེད། འདི་ནི་ལྷ་སའི་ཚིག་སྒྲིག་སྟངས་དང་གཞན་པ་ཚོས་ཚིག་སྒྲིག་སྟངས་དབྱེ་ཞིབ་བྱས་པ་ཙམ་ཡིན། སྤྱི་སྐད་ལ་བསམ་བློ་གཏོང་ན་གནད་འགག་འདི་འདྲ་ལ་བསམ་བློ་གཏོང་དགོས་པ་རེད།
ད་དུང་བརྡ་གསར་དང་དམིགས་བསལ་གྱི་ཐ་སྙད་སྐོར་སོགས་འདིར་ཞིབ་ཏུ་བཤད་མི་ཐུབ། དགོས་པ་མེད་ན་ཚིག་ག་ཚོད་བསྐོང་ཐུབ་ན་དེ་ཙམ་བཟང་བར་མཐོང་ཡང་། དབུས་སྐད་ནང་ཞེ་ས་ཟེར་ནས་ཚིག་རིང་པོ་རིང་པོ་བསྣར་ཡོང་གི་རེད།
སྟག་སྨྱོན། ང་ཚོ་གྲོགས་པོ་གྲོགས་མོ་ཁྱིམ་གང་འདུས་ནས་དགོང་ཟས་བཟོ་བཞིན་ཡོད། སྟོན་མ་དགུན་གྱི་དུས་ཚིགས་འདིའི་གྲོད་ཚད་དང་བསྟུན་ནས་ཐུག་པ་ཞིམ་པོ་ཞིག་བཟོ་བཞིན་ཡོད། ཁྱོད་ད་གཞི་ནས་ཡར་ལངས་པ་ཡིན་ནམ། ཁར་སང་ཁྱོད་ཀྱིས་རིག་རྡོར་ངེད་གཉིས་ཀྱི་རྩོད་པ་དེ་ལེགས་པོ་ཞིག་ཏུ་མཐོང་མེད་ཚོད་རེད། ཁྱེད་ཀྱིས་བར་འདུམས་བྱ་རྒྱུ་ཡིན་ཚུལ་ཞིག་བཤད་འདུག དོན་དངོས་སུ་ངས་རིག་རྡོར་ཟེར་བ་དེ་སུ་ཞིག་ཡིན་ཕྱོགས་ཙམ་ཡང་མི་ཤེས།
ཁྱེད་གྲོགས་པོ་མང་པོ་ཡོད་པ་ཡག་པོ་རེད། འོན་ཀྱང་གྲོགས་མོ་མང་པོ་ཡོད་ཟེར་བ་གོ་ན་ལམ་སང་ཡོང་སྙིང་བྲོ་གི་འདུག མོ་ཚོ་ལ་ཁ་པར་འདུག་གམ།
ཁ་པར་འདུག ཁྱོད་ལ་དགོས་སམ།
དྲྭ་གྲོགས་སྟག་སྨྱོན། ད་ནི་ང་ཚོ་ས་ཐག་རིང་རུང་སེམས་ཐག་ཉེ་བོ་ཡིན། མི་ངོ་མ་ཤེས་ཀྱང་སེམས་ངོ་ཤེས་ཀྱིན་ཡོད།
ཨོ་ལེ། ཨ་རི་ནས་ཞི་མོ་བཙལ་ན་སྟབས་བདེ་རེད་ཟེར་ནས་གོ་མྱོང་། ཁྱེད་ཚོས་ཀྱང་ནུབ་མོ་རེ་ཐོན་དུས་ཨ་སྒོར་འགའ་རེ་བྱིན་ནས་ཉོ་གི་ཡོད་ཁུ་པ། དམྱལ་ཁམས་ཆ་བོ།
སྐྱ་ཀ་ཁ་ཡིན་ན་འདི་སུ་ཡིན་ན། ཁ་རྒོད་བཤད་རྒྱུ་མང་བོ་ཅན་ཞིག་རེད། དང་པོ་མི་རབས་གསུམ་པའི་སྐོར་ཤེས་རབས་བཤད་གི་འདུག
དེ་ནས་བློ་གྲོས་དཔལ་བཟང་གི་ཆུང་མར་དགའ་གི་ཟེར།
ད་ཡང་འདི་ནས་ཨ་རི་ནས་ཞི་མོ་བཙལ་ན་སྟབས་བདེ་རེད་ཟེར།
སྐྱ་ཀ་ཁ་ནི་སྐྱ་ཀ་ཁ་རང་རེད།
ཨེ། དྲ་གྲོགས་ཚོ། སྐད་ཆ་དོན་ཡོད་པ་ཞིག་བཤད་རོགས་མཁྱེན།
དྲ་གྲོགས་རྫོང་རི་ཚང་། སྐད་ཆ་དོན་མེད་པ་ཞིག་སུས་བཤད་ཀྱིན་འདུག དོན་མེད་ལ་ཅིག་བཤད་གི་མ་འདུག
ཁྱེད་ཀྱིས་བགྲོ་གླེང་གི་ངོ་བོ་ཨེ་ཤེས།