ཐེ་བོ་དཀོན་མཆོག་ཤེས་རབ་ནས།
གངས་ཅན་མགོན་པོའི་ཐུགས་མཚོ་ལས།།
འཁྲུངས་པའི་མང་གཙོ་རིན་ཆེན་ནོར།།
གང་གི་ཕྱག་ཏུ་ཉེར་གཏད་པ།།
མང་གི་བཀའ་ཁྲི་རྒྱལ་གྱུར་ཅིག།།
བློ་གྲོས་བཟང་བོས་མང་གཙོ་སྐྱོང་།།
འཇིགས་མེད་སྟོབས་མངའ་སེང་ཆེན་ཁྱོད།།
ཐབས་ཇུས་ཡི་གེ་འབྲི་བཞིན་དུ།།
མང་གི་དགོངས་པ་འགྲུབ་གྱུར་ཅིག།།
མང་གི་ཆེད་དུ་མང་གཙོའི་གཞུང་།།
སྐྱོང་ལ་མང་གིས་ལེགས་བདམས་ནས།།
མང་གིས་བཀའ་ཁྲིར་མངའ་གསོལ་བར།།
མང་གིས་བཀྲ་ཤིས་བདེ་ལེགས་ཞུ།།
གངས་ལྗོངས་རང་དབང་བདེན་པ་ཉིད།།
རྣམ་པར་རྒྱལ་བའི་རྒྱལ་མཚན་ཆེ།།
གྲུ་འཛིན་གཉིས་པའི་ཕོ་བྲང་རྩེར།།
སྒྲེང་བའི་དམ་བཅའ་འགྲུབ་གྱུར་ཅིག །
གཞིས་བྱེས་བོད་མིའི་མངོན་འདོད་ལྟར།།
༧གོང་ས་༧རྒྱལ་བའི་དབང་བོ་མཆོག།།
ལྷ་ལྡན་དག་པའི་ཞིང་ཁམས་སུ།།
གདན་འདྲེན་དམ་བཅའ་འགྲུབ་གྱུར་ཅིག།།
ཆོལ་གསུམ་ཆོས་ལུགས་ཆིག་སྒྲིལ་དང་།།
གཞིས་ཆགས་སྲ་བརྟན་ཡར་རྒྱས་དང་།།
རང་མགོ་རང་ཐོན་ལ་སོགས་པ།།
ཐུགས་ཀྱི་དགོངས་པ་འགྲུབ་གྱུར་ཅིག།།
བྱ་གླག་རྒོད་པོ་གཙུག་དགུ་བས།།
བཀྲ་ཤིས་དགའ་སྟོན་ཉིན་ལ་ཕུལ།།
གངས་ཅན་པ་ཡི་བདེན་པའི་འོད་སྣང་གིས།།གངས་རི་རྭ་བའི་མུན་པ་གསལ་རན་སྐབས།།གངས་ཕྲུག་གསར་པས་མ་ནོར་སྒྲོན་མེ་བཏེགས།།གངས་སེང་རྒྱལ་པའི་གསེར་ཁྲི་མངའ་གསོལ་ལོ
ང་ཚོས་དོན་ལ་གནས་བའི་མ་མཐོ་མ་དམའ་བའི་སྐད་ཆ་དྲང་མོ་རེ་བཤད་ཐུབ་ན་ཅི་རུང་།
ཅི་རུང་ཅི་རུང་།
མང་གིས་བདམས་པའི་སྲིད་སྐྱོང་བ་ཁོང་གི་བསམ་དོན་ལྷུན་འགྲུབ་ཡོང་བའི་སྨོན་འདུན་དང་བཀྲིས་རྟེན་འབྲེལ་ཞུ།
ཐེ་བོ་དཀོན་མཆོག་ཤེས་རབ་ལགས། ཁྱེད་རང་གི་རྩོམ་ལ་འགྲན་ཟླ་ག་ལ་ཡོད་། འོན་ཀྱང་ཐད་སྙད་བེད་སྤྱོད་གཏོང་སྟངས་ལ་ངས་འདྲི་བ་འདི་ཡོད།
རྩོམ་དེའི་ནང་མང་ཟེར་བ་འདི་དངོས་པོ་ལ་གོ་འམ་ཡང་ན་གང་ཟག་ལ་གོ ། ག་ཟག་ལ་གོ་ན་ནི་དཔོན་པོ་
མང་པོ་ཟེར་བ་ཡིན་ནམ། ཡང་ན་གྲོགས་ཕོ་དང་གྲོགས་མོ་མང་པོ་ལ་གོ །དམངས་གཙོ་མང་གཙོར་བཅོས་པས་
གཞུང་དམངས་གཉིས་ཟེར་བ་འདི། གཞུང་མང་གཉིས་ལ་སྒྱུར་དུས་གཞུང་མང་པོ་གཉིས་གོ་དོན་འཁྲུལ་པ་མ་ཟད་། མང་ཚིག་སྦྱར་ན་གཞུང་མང་རྣམས་ཅེས་འབྲི་དགོེས་པས་ཡི་གེའི་འཇུག་པ་དང་མཐུན་པའོ།
ད་དུང་བོད་སྐད་ཀྱི་ཐ་སྙད་ གྲྭ་དམངས་དང། དམངས་རྒྱུག དམངས་གཞས་ཟེར་བ་སོགས་བོད་སྐད་ཀྱི་ཐ་སྙད་དེ་ཚོ་རིག་གནས་གསར་རྗེའི་ནང་བརྡུང་རྡེག་ཕོག་ད་ལྟ་རང་དབང་ལུང་པར་གསར་རྗེས་མང་ཞེས་པར་
འགྱུར་ སྔོན་གྱི་ལོ་རྒྭུས་ཡིག་ཆ་དང་བརྒྱུད་ཚིག་རྣམས་མི་རབས་རྗེས་མ་ཚོར་ཐེ་ཚོམ་གྱི་དྲ་བ་ཞིག་བཟོས་པ་ལས་གཞན་གྱི་ཁྱད་ཆོས་གང་ཡང་མ་མཐོང།།
དགོངས་པ་བཞེས་དང་།
བོད་མི་མང་གིས་ཐད་ཀར་བདམས་པའི་སྲིད་སྐྱོང་གསར་པ་བློ་བཟང་སེངྒེ་མཆོག་གི་ཐུགས་དགོངས་ཡིད་བཞིན་པའི་སྨོན་འདུན་གྲངས་མེད་ཞུ།