ཨེ་མ་ཧོ།
༡༽ ཤེས་རབ་དབེན་པའི་ཚོང་ལས་དར།།
སྙིང་རྗེ་མེད་པའི་མགོ་འདྲེན་མང་།།
ཚེ་སྲོག་འཕྲོག་པའི་དུག་རྫས་མོད།།
འདི་གསུམ་དེང་རབས་འཇིག་པའི་བརྡ།།
༢༽ གཞན་ཕན་ཟེར་ནས་སྒེར་སྤྱོད་མང་།།
དཔལ་འབྱོར་ཆེད་དུ་མཆོག་གསུམ་བཙོང་།།
དམ་ཆོས་མི་ཤེས་སྙིགས་ལྔ་བརྟས།།
འདི་གསུམ་དུས་ངན་ཚེས་པའི་དོན།།
༣༽ ལྷ་འདྲེ་ཟེར་ནས་ནང་ཁུལ་དཀྲུགས།།
གྲྭ་བཙུན་ཟེར་ནས་ཆབ་སྲིད་འབད།།
སྐྱབས་རྗེ་ཟེར་ནས་གཞན་མགོ་བསྐོར།།
འདི་གསུམ་ཡུལ་ཁམས་བརླག་པའི་རྟགས།།
ཞེས་པའང་རབ་གནས་ཤིང་ལུག་སྨིན་ཟླའི་ཚེས་བཟང་ལ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་རི་ཁྲོད་ནས་ཤྲྰིས་བགྱིས་པ་དགེའོོ།
སྡོམ་པ་མེད་ཀྱང་གྲྭ་ཆས་གྱོན།། ཉམས་རྟོགས་མེད་ཀྱང་ལུང་བསྟན་བཤད།། ཉམས་ལེན་མེད་ཀྱང་ཉམས་མགུར་ལེན།། འདི་གསུམ་སྙིགས་མའི་རྟགས་གསུམ་ཡིན།།
ཧཧཧཧཧཧ་་་་་་་ཀུན་བཟང་ཆོས་གླིང་ངམ་དབྱིན་ཡུལ་༼པམ་ཊི༽གླིང་དུ་ཨེ་མ་ཧོས་ཉམས་མགུར་ལ་གསན་དང་་་་་་་
རང་མགོ་མ་ཐོན་གཞན་ཕན་དང་། །
རང་ཆོས་མ་དད་གཞན་ཆོས་དམོད། །
གཞན་དམོད་ཞོར་ལ་རང་བསྟོད་དང་། །
གཞན་གཤེ་ཞོར་ལ་རང་གྲགས་ཉམས། །
འདི་བཞི་སྙིགས་མའི་རང་མཚང་ལགས། །
རང་ཉིད་དག་འཛིན་མ་རིག་བརྡ།
གཞན་མཚང་འབྲུ་དགའ་སྙིགས་མའི་དོན།
དོན་མེད་སྡིག་གསོག་ཉམས་པའི་རྟགས།
དེ་གསུམ་མི་ལྡན་གཞོལ་ན་དགའ།