༼ངས་ལྷ་སའི་ཆང་ཁང་གི་གསང་གཅོད་ནང་ནས་འདི་འདྲ་ཞིག་གོ་བྱུང་།༽
ཁྱེད་ཀྱི་དེའི་དོན་གོའམ།
ཨ་ཀྱེ། ཁྱོད་རའི་རོ་ར་གཅིག་ཡིན་འགྲོ།
སུས་ཁྱོད་ལ་ཤི་ཅའོ་ལ་ཤོར་ཟེར་གྱི་འདུག ང་འདིར་རྨོ་ཏོ་ཤ་སྟག་གཅིག་གི་མཉམ་དུ་བཞག་ནས་ཁྱོད་ར་ཤི་ཅའོ་ལ་སྐྱག་པ་ཟ་གི་ཡོད་པས། ད་མགྱོགས་ཙམ་ཤོག་མ་གཏོགས་རྙོག་ཉོས་ཡོང་།
ག་རེ། མཚོ་མོ་སྒུག་བསྡད་ཡོད་ཨས། མོ་གཡུག་ཞོག གོ་ཡག་བྱས་ན་མོའི་མ་གིར་མེ་ཏོག་འདུག་ཟེར་གྱིས ཁ་སང་བསོད་ནམས་ཁོས་མོ་ལ་སྟེར་ནས་དེང་སང་ཁོ་སྨན་ལྤག་ཟ་ཟ་བཟའ་གི་འདུག ཆོ་ཁོ་ར་མིན་འདུག་ཟེར་གྱིས། བྱས་ཙང་ཁྱོད་ར་ཚོད་བྱེད་མ་གཏོགས་པོ་ཏོག་གཏུབ་དགོས་ཁྱེར་ཡོང་།
ཁ་ས་ཁྱོད་རས་ཁྲིད་ཡོང་བའི་ཞི་མི་དེ་ཆོ་ཁོ་ར་མིན་འདུག ཞབས་བཏགས་ཁ་ཤས་གཅིག་རྒྱབ་བྱས་མོ་རིལ་སོང་། དཀོན་མཆོག་རོ་ལ་བླུག་པ་ནང་བཞིན་རེད་བཞག སང་ཉིན་དེ་”ཉི་ཛོ་ཐན་ཟི་ལ་ཡི་ཡངས། ཧྲི་མ་ཀན་ཅུའི་ཏོ་མི་ཡོར།་”ལབ་ནས་སྤིད་པ་ཡིན། ཀེ། དེ་ལས་མགྱོགས་ཙམ་ཤོག འདིར་རྨོ་གཅིག་གིས་དངུལ་རྒྱའོ་བཏོན་གྱིས། དོ་དགོངས་དེར་གཅིག་བླུག་དང་སང་ཉིན་ཏག་གྱེད་རེད་བཞག ད་ག་ཡིན་ཏ། སྦེའི།
ཨོ་ཨོ་ངའི་ཨ་ཅེའི་ཁ་པར་ཞིག་རྒྱབ་ནས་ང་ཚོ་མཉམ་དུ་ཡོད་ངའི་ཁ་པར་གློག་མིན་འདུག་ལབ་ཨ སྦེའི།
ཨ་རོ། མ་གོ་ཐལ། དུས་རབས་ཉེར་གཅིག་གི་བོད་སྐད་མ་གོ་ཐལ། ཁྱོད་ཀྱིས་བཤད་བསམས་པ་ནི། དུས་རབས་ཉེར་གཅིག་པའི་བོད་སྐད་ཅེས་པ་ཡིན་པར་འདོད། གང་ལྟར་མ་གོ་ཐལ། ལྷ་སའི་སྐད་ཀྱི་ནང་སུམ་རྟགས་ཀྱི་རྐང་འཚོལ་རྒྱུ་འདུག་ལ། སུམ་རྟགས་ཀྱི་གཤེད་མ་ཡང་འདུག འདི་དག་ལ་འབྲི་དུས་བསམ་བློ་འཁྱུག་ཙམ་རེ་གཏོང་རྒྱུ་ནི་གལ་ཆེན་པོ་རེད་ལགས།
དེ་ནི་འདྲེ་སྐད་ཤ་སྟག་ཏུ་གྱུར་པས་ཡེ་ནས་ཧ་གོ་མ་བྱུང་།
སྐད་ཆ་དུམ་བུ་འདི་ངས་གོ་སོང༌། ཧ་ཧ་ཧ། ངས་འདི་ལྟར་གོ་སོང༌། ཡིན་ནའང༌། གོ་ཁག་པོ་ཞེར་དྲག་བྱུང༌། མ་གཞི་ནས་ང་ཚོ་དུས་རབས་ཉེར་གཅིག་པར་སླེབས་ཚར་བ་མ་རེད་པས། ད་ངས་ཅིག་ཤེས་སོང༌། རྒྱ་མིས་ང་ཚོར་ཚར་ལ་ཁད་པ་བྱས་ནས་འདུག ད་སྐད་ཆ་འདི་ཚོ་ལ་བལྟས་ཡོང་དུས། ང་ཚོ་བོད་ཕྱེད་ཀ་དང་རྒྱ་ཕྱེད་ཀ་ཆགས་འདུག དུས་རབས་ཕྱེད་ཀའི་དུས་ཚོད་ལ་ང་ཚོ་ཕྱེད་ཀ་ཆགས་ཚར་བ་རེད། ལོ་བརྒྱ་ཡི་རྗེས་ལ་ང་ཚོ་གང་ཚང་གཅིག་ཆགས་ཀྱི་རེད། དེ་དུས་ང་ཚོ་བོད་སྐད་བཤད་མཁན་ཀྱི་བོད་པ་མ་རེད། རྒྱ་སྐད་བཤད་མཁན་གྱི་བོད་མི་རིགས་ཤིག་ཆགས་རྒྱུ་རེད། དུས་རབས་ཉེར་གཅིག་པའི་དེ་རིང་གི་སྐད་ཆ་བཤད་སྟངས་འདི། དུས་རབས་ཉེར་གཉིས་པར་ད་དུང་མ་འགྱུར་བར་བསྡད་པ་ཡིན་ན། ཨོ་ཙམ་རེད། ཡིན་ནའང༌། དེ་རིང་ཁ་སང་སྐད་ཆ་མ་ཆག་རྒྱག་མཁན་ཇེ་མང་རེད། དཔེར་ན། རྒན་པ་ཚོས་བོད་སྐད་བརྒྱབ་པ་ཡིན་ན། གཞོན་པ་ཚོས་བོད་སྐད་ཆ་མ་ཆག་ཅིག་གིས་ལན་འདེབས། མཐའ་མ་དེར་རྒན་པ་ཚོ་ཡང་འུ་ཐུག་ནས་ཆ་མ་ཆག་གི་རྗེས་སུ་དེད་ནས་ཡོང་གི་ཡོད། འདི་ལྟར་ང་ཚོ་ཚར་རྒྱུ་རེད། བོད་ལ་སྤྱི་སྐད་དགོཔས་ཀྱི་འདུག་ཟེར་ནས་རྩོམ་ཡིག་འབྲི་མཁན་ཚོ་དེ་རིང་ཁ་སང་གང་ཞིག་ལ་འཛུལ་ནས་བསྡད་ཡོད་དམ། ལྟས་ངན་དེ་ཚོས་ཁ་བརྡར་ནས་སྡོད་པ་ལས་གང་འཇོན།
འདི་ནི་ལྷ་སའི་སྐད་ཀྱི་འཛིན་གྲྭའི་ཐོག་ལ་སྦྱང་ན་བཟང་། ངས་སུམ་ཆའི་གཅིག་ཙམ་གོ་གི་ཨེ་ཡོད། སྤྱི་སྐད་ནི་ཡིག་ཐོག་ན་ཡོད་ཀྱང་ངག་ཐོག་ན་མེད། ངག་ཐོག་གི་སྤྱི་སྐད་མེད་པའི་སྐབས་འདིར་ཡིག་་ཐོག་གི་སྤྱི་སྐད་འདི་སྲུང་སྐྱོབ་བྱེད་པ་ལྷག་པར་གལ་ཆེ་བར་འདུག དེཡང་ཡིག་འབྲི་པ་ཚང་མས་གང་བྲིས་ཀྱི་ནང་དུ་ལུང་སྐད་མི་བསྲེ་རྒྱུ་དང་། བསྲེ་ན་ཡང་གཞན་གྱིས་གོ་ཐུབ་པ་ཞིག་གི་ཐོག་ནས་བསྲེ་ན་བཟང་། མ་གཞི་སྤྱི་སྐད་ཅིག་གཏན་འབེབས་བྱེད་པ་དེ་ལ་ཆབ་སྲིད་ཀྱི་དབང་་ཆ་ཞིག་མེད་པར། མཁས་པ་རྣམས་ཀྱི་མཁས་བཤད་གཅིག་པོས་ཡོང་རྒྱུ་ཞིག་ཨེ་ཡིན།
བདེན་པ་རེད། སྤྱི་སྐད་དེ་ཡིག་ཐོག་ལ་ཡོད་པ་དེ་ངག་ཐོག་ལ་འགྱུར་ཐུབ་རྒྱུར་ཐབས་ཤེས་བཟང་པོ་རེ་གཉིས་ཡོད་ན་འདིར་གསུང་རོགས་གནང་། ང་ལ་སྤྱི་སྐད་མེད་པའི་དབང་གིས་སྙིང་གི་ན་ཚ་ཆེན་པོ་ཞིག་ཡོང་མྱོང་ཡོད།
ངའི་དགེ་རྒན་དྲིན་ཅན་དེ་སྒོམ་དང་ནང་ཆོས་ཉམས་ལེན་ལ་དོན་གཉེར་བྱེད་རྒྱུར་ཤིན་དུ་དགའ་པོ་ཡོད་སྟབས།
བླ་མ་སུའི་དྲུང་ནས་ཆོས་ཞུས་ཀྱང་གཟའ་འཁོར་འགའ་ཤས་རྗེས་བླ་མ་དེ་མཇལ་ནས་ཁོང་གི་ཉམས་ཁྲིད་ཞུ་རྒྱུའི་གོམས་གཤིས་ཤིག་ཡོད། ཉམས་ཁྲིད་ཟེར་ན་དཔེ་ཆ་མེད་པར་ངག་ཐོག་ནས་བླ་མས་རང་གི་ཉམས་མྱོང་སློབ་མར་སྤེལ་བར་ཟེར་གྱི་འདུག དེར་བརྟེན་ལྷ་སར་༡༩༨༠ནང་སེ་རྭར་དགེ་བཤེས་སོག་པོ་ལགས་ཞུ་བ་ཞིག་ཡོད། ཁོང་ཕྱི་སོག་ནས་བོད་ཀྱི་སེ་རར་ཆོས་ཞུགས་གནང་སྟབས་ཕ་ཡུལ་གྱི་མིང་གང་ཟག་ལ་ཐོབ་པ་ཞིག་རེད་འདུག ངའི་དགེ་རྒན་དྲིན་ཅན་ཁོང་ནི་དབུས་པ་ཞིག་ཡིན་པ་དང་དགེ་བཤེས་ལགས་སོག་པོ་ནས་ཡིན་སྟབས་ཕན་ཚུན་ངག་ཐོག་གི་གོ་བརྡ་འཕྲོད་ཐུབ་རྒྱུར་དཀའ་ངལ་བྱུང་། བར་སྐབས་ཤིག་ཅི་བྱེད་འདི་བྱེད་མེད་པར་ལུས་སྐབས། ངས་མགྱོགས་པོ་ཤོག་བུ་ཞིག་ལེན་ནས་ངའི་རྒན་ལགས་ཀྱི་འདྲི་བ་དེ་དགེ་བཤེས་ལགས་ལ་ཡིག་ཐོག་ལ་ཕུལ། དགེ་བཤེས་ལགས་ནས་འདི་གཟིགས་རྗེས་ནང་དོན་མཁྱེན་ནས་ལན་ཐུང་ཐུང་ཞིག་ངག་ཐོག་ནས་སྐད་ཤུགས་ཆེན་པོས་གསུངས་ནས་ཕྱེད་ཀ་གོ་ཐུབ་པ་དང་ཕྱེད་ཀ་གོ་མ་ཐུབ་པ་ཞིག་གསུངས། བོད་ཀྱི་གདན་སའི་དགེ་བཤེས་མང་པོ་ཞིག་དང་འདྲ་བར་དགེ་བཤེས་སོག་པོ་ལགས་ཡི་གེ་འབྲི་མཁྱེན་གྱི་མིན་འདུག་པས་ཁོང་སྤྱི་སྐདབེད་སྤྱོད་གཏོང་ཐུབ་ཀྱི་མེད། རྗེས་སུ་ལམ་བར་ངའི་དགེ་རྒན་དྲིན་ཅན་ཁོང་དགེ་བཤེས་སོག་པོ་ལགས་ཀྱི་བཀའ་ཁྲིད་ནང་དོན་མང་པོ་ཞིག་ཧ་གོ་མ་ཐུབ་སྟབས་བློ་ཕམ་ཆེན་པོ་བྱུང་ནས་རེ་ཞིག་ཞལ་གནམ་ལ་གཟིགས་བཞིན་ངུས་གནང་སོང་།
གུས་པར་བོད་ནང་དགོན་པའི་ལོ་རྒྱུས་ཡོད་པའི་དེབ་དགོས་འདུག
ཡང་ན་ཐོ་གཞུང་དགོས་པར་རོགས་པ་ཡོད་པ་ཞུ།
ཀརྨ་ལགས། དེ་ལྟ་བུའི་དཔེ་ཆ་རང་ཁག་པོ་ཡིན་རྒྱུ་རེད། ཁྱེད་ཀྱིས་བོད་ནང་གི་དགོན་པ་ཡོད་ཚད་ཀྱི་ལོ་རྒྱུས་ཕྱོགས་བསྡུས་བྱས་པ་ཞིག་དགོས་གསུངས་བཞིན་ཡོད་དམ། དེ་ལྟ་བུ་ཞིག་ཕལ་ཆེར་ཡོད་རྒྱུ་མ་རེད། ཐབས་ཤེས་གཅིག་ཁོ་ན་ཡོད་པ་ནི་ས་གནས་སོ་སོའམ་ཆོས་རྒྱུད་གྲུབ་མཐའ་སོ་སོའི་དགོན་སྡེའི་གདན་རབས་ལོ་རྒྱུས་འདྲ་འཚོལ་བའི་ངལ་བ་བརྟེན་པ་ལས་ཐབས་གཞན་བྲལ། ཡང་སྙིང་ཁྱེད་ཀྱིས་གང་ཞིག་དགོས་གསུངས་བཞིན་ཡོད་པ་ཡང་ཁ་གསལ་ཞིག་རྟོགས་མ་སོང༌།
སྤོབས་པ་ལགས་ཀྱིས་གཏགས་པའི་ཡིག་གཟུགས་དེ་འདི་ནས་མཐོང་གི་མི་འདུག
དྲྭ་གྲོགས་རྣམས་པ་ཚོ། ཁྱེད་རྣམས་ཀྱིས་དུས་རབས་ཉེར་གཅིག་པའི་བོད་ཀྱི་སྐད་ཡིག་གང་འདྲ་ཡིན་མིན་ཡག་པོ་ལྟོས་དང་། ང་ཚོ་བོད་ལ་སྔོན་བྱོན་ཀྱིས་མཁས་པ་རྣམས་ཀྱིས་བཞག་པའི་བོད་ཀྱི་སྐད་ཡིག་ལས་གཞན་དགོས་པ་ཨེ་ཡོད། ངོ་མ་དུས་རབས་ཉེར་གཅིག་པའི་བོད་པ་དེ་ཚོའི་ཕ་མས་ཡབ་མེས་ཀྱིས་བཞག་པའི་སྲོལ་རྒྱུན་དེ་དག་རྒྱུན་འཛིན་མི་བྱེད་ཐག་ཆོད་རེད། ད་ལྟོས་གཅིག་ལྟོས་ཨ་རོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་