ཞེ་སྡང་རྡོ་རྗེ།
དམ་ཅན་རྒྱ་མཚོ་བོད་ལ་བྱོན།། རི་ཀློང་སྤང་གི་གདན་ལ་བཞུགས།།
གཙང་པོ་ཐམས་ཅད་ཞལ་དུ་བཞེས།། སྨན་སྣ་ཡོངས་ཀྱིས་ཁྱེད་ཅག་བསངས།།
གསང་སྔགས་བསྟན་བསྲུང་གཉན་པོ་སྟེ།། རྙིང་མའི་མ་ནིང་ནག་པོ་དང་།།
བཀའ་རྒྱུད་བེར་ནག་ས་སྐྱའི་གུར།། དགེ་ལུགས་ཕྱག་དྲུག་མཐུ་རྩལ་ཅན།།
དེ་རིང་མ་གཉིད་ད་ལྟ་ལོངས།། གཉན་པོའི་འཁོར་ཚོགས་དང་བཅས་བྱོན།།
ལྷ་སྲིན་སྡེ་བརྒྱད་དྲག་པོའི་དམག། ད་ལྟ་གདུག་ཅན་རྒྱ་ལ་ཐོངས།།
ཨེ་ཀ་ཛ་ཏི་དྲག་རྒྱལ་མ།། སྲིད་པའི་རྒྱལ་མོ་དམག་ཟོར་མ།།
མོ་རྒྱུད་གཉན་མོ་བསྲུང་མའི་ཚོགས།། འཇིགས་མེད་མཐུ་ཡི་གཟི་ནུས་ཅན།།
ལྷ་མོ་མ་མོ་ཀླུ་མོ་སོགས།། ཞེ་གནག་སུས་ཀྱང་མི་ཐུབ་པའི།།
མོ་འཁོར་དུང་ཕྱུར་དམག་ལ་ལ་ཐོངས།། རྒྱ་དམར་དམག་དཔུང་རྡུལ་དུ་བརློག།
རྒྱལ་ཆེན་རིགས་བཞི་སྒོ་བསྲུང་ཚོགས།། དྲག་པོ་གནོད་སྦྱིན་ནོར་གྱི་བདག།
ས་ཡ་བྱེད་བའི་དམག་དྲོངས་ལ།། རྒྱ་ནོར་འཕྲོག་ཅིང་མུ་གེ་ཐོངས།།
འདས་དང་མ་འདས་སོ་མཚམས་ཀྱི།། དམག་དཔོན་རྡོ་རྗེ་ལེགས་པ་ཁྱོད།།
དེ་རིང་ཐེའུ་རང་དམག་ཁྲིད་ལ།། རྒྱ་དམར་གཞུང་གི་སྲོག་རྩ་ཆོད།།
གནམ་ས་དབང་བསྒྱུར་ར་ཧུ་ལ།། རྒྱུ་སྐར་ཡོངས་ཀྱི་སྤྱི་དཔོན་ཆེ།།
གཟའ་སྐར་ཐམས་ཅད་དམག་ལ་དྲོངས།། རྒྱ་གཞུང་ཐོགས་མདས་ཐལ་བར་བརློག།
ཤན་པ་ཙིའུ་དམར་ལྕམ་སྲིང་དང་།། བྲག་བཙན་གྲིབ་བཙན་དམར་པོའི་ཚོགས།།
མེ་ཡི་ལྷ་སྲིན་དམག་ལ་བྱོན།། རུ་ཏྲ་རྒྱ་དམག་ཁྲག་མཚོར་བསྐྱུར།།
དུར་བདག་ཡབ་ཡུམ་གདོང་དམར་མ།། དུད་སོལ་ལྷ་མོ་ངན་ནེ་མ།།
དྲག་པོའི་དམག་གི་སྣ་དྲོང་ལ།། རྒྱ་གཞུང་དུར་ཁྲོད་གཡང་སར་བསྒྱུར།།
པེ་ཧར་གནས་ཆུང་འཕྲིན་ལས་རྒྱལ།། སྐུ་ལྔའི་དམག་ཆེན་རུ་ལ་འདྲེན།།
བསྟན་བཤིག་དཀོར་འཕྲོག་རྒྱ་དམག་གི།། ཁོང་ཁྲག་དྲོན་མོ་ད་ལྟ་འཐུང་།།
དྲེགས་ཅན་ལས་གཤིན་ཀླུ་བདུད་དང་།། ས་བདག་དམུ་དང་གཞི་བདག་སོགས།།
དྲག་པོའི་འཁོར་དང་བཅས་པ་རྒྱུག། དྲག་མེད་ནད་ཡམས་རྒྱ་ལ་ཐོངས།།
ཐ་འོག་བསེ་ཅན་ཐང་ལྷ་དང་།། སྦོམ་ར་གངས་དཀར་ཤ་མེད་མ།།
ཚེ་རིང་བརྟན་མ་བཅུ་གཉིས་ཚོགས།། རྒྱ་དམག་བོད་ཀྱི་ཡུལ་ནས་སྤྱུགས།།
ལྕགས་ཀྱི་སྤྱང་མོ་མགོ་དགུ་མ།། བསེ་ཡི་སྟག་མོ་མགོ་དགུ་མ།།
གཞོམ་མེད་མགོ་དགུའི་དྲག་པོའི་དཔུང་།། རྒྱ་ཡི་གཞུང་ལ་ད་དྲོངས་ཤིག།
ཝ་དང་ཅེ་སྤྱང་སྟག་གཟིག་དང་།། བྱ་རྒོད་བྱ་ནག་ཁྱི་ནག་སོགས།།
འུག་པ་ཐན་བྱ་གྲངས་མེད་ཀྱིས།། རྒྱ་དམར་ཡུལ་གྲུར་ཐན་ལྟས་ཐོངས།།
གཉུག་མའི་ལྷ་སྲིན་གཞི་བདག་དང་།། བོན་གྱི་ལྷ་བཙན་གཉན་པོའི་ཚོགས།།
ཐུབ་མེད་ངན་སྔགས་དམོད་པའི་མཐུ།། རྒྱ་ལ་མནན་གཏད་ལངས་མེད་བྱོས།།
གཟུགས་ཅན་གཟུགས་མེད་ཐམས་ཅད་རྒྱུག། བོས་དང་མ་བོས་ཚང་མ་རྒྱུག།
དགྲ་ཡི་གཏེ་པོ་རྒྱ་གཞུང་འདི།། མ་ཤོར་མ་འཆོར་རྨང་མེད་བྱོས།།
ཤ་ལ་དགའ་བས་རྒྱ་ཤ་ཟོས།། ཁྲག་ལ་དགའ་བས་རྒྱ་ཁྲག་འཐུང་།།
རུས་ལ་དགའ་བས་རྒྱ་རུས་མུར།། རྐང་ལ་དགའ་བས་རྒྱ་རྐང་གཞིབ།།
ནད་བདག་ཅན་ཚོས་ནད་རིམས་ཐོངས།། མཚོན་ཆ་ཅན་ཚོས་མཚོན་ཁ་སྦྱོར།།
ཁྲབ་དང་ཆིབས་སོགས་གང་འདོད་ཀྱིས།། གཡུལ་ལ་ད་ཞུགས་དགྲ་བོ་སྒྲོལ།།
རྒྱལ་བའི་བསྟན་བཤིག་ཞིང་བཅུའི་དགྲ། རྒྱ་དམར་གཞུང་གི་ཐབས་ངན་བཟློག།
ཆབ་སྲིད་སྡིག་བློན་གདུག་སེམས་བཟློག། རྒྱ་ཡི་གདུག་རྩུབ་ཐམས་ཅད་བཟློག།
བཅིང་གྲོལ་དམག་གི་མདེའུ་ཁ་བཟློག། བརྒྱད་གཅིག་དམག་གི་མཚོན་ཁ་བཟློག
ཉེན་རྟོགས་པ་ཚོའི་དམར་མཚོན་བཟློག། མནར་གཅོད་མཚོན་ཆ་ཡོད་ཚད་བཟློག
རྫས་འགྱུར་དུག་གི་གནོད་ཆེན་བཟློག། གཏེར་བསྔོག་ས་ནུས་གཏོར་བ་བཟློག།
ཆུ་དབུགས་འབག་བཙོག་བཟོས་པ་བཟློག། ཐམས་ཅད་རྒྱ་ཡི་གཞུང་ལ་བཟློག།
གནམ་གྱི་རྒྱ་དམག་བཟོས་སྐར་བཟློག། གསང་བའི་དྲ་རྒྱ་དྲ་ལམ་བཟློག།
གནོད་བྱེད་ཚན་རིག་ལག་ཆ་བཟློག། དྲག་ཆས་རྫས་ཆས་ཐམས་ཅད་བཟློག།
བོད་ཀྱི་ཤིང་གཉན་གཅོད་པ་བཟློག། བོད་ལྗོངས་ཆུ་གཉན་དཀྲུགས་པ་བཟློག།
བོད་ཁམས་ས་གཉན་བརྐོས་པ་བཟློག། བོད་ཡུལ་རི་གཉན་བསྔོག་པ་བཟློག།
སྐམ་སའི་དམག་མིའི་བརླ་རྐང་ཆོད།། མཁའ་དམག་ཚོ་ཡི་མགོ་བོ་ཆོད།།
མཚོ་དམག་རྣམས་ཀྱི་སྲོག་རྩ་ཆོད། སྣ་ཚོགས་དམག་གི་དོན་སྣོད་ཆོད།།
རྒྱ་དམག་ཐམས་ཅད་བྱེ་མར་འཐོགས།། རྒྱ་དཔོན་ཡོད་ཚད་དམྱལ་བར་ཐོངས།།
རྒྱ་དམག་སྒར་ལ་རིམས་ནད་ཐོངས།། དམག་འཁྲུག་སྡུག་བསྔལ་རྒྱ་ལ་ཐོངས།།
རྒྱ་དམག་སྙིང་ཁྲག་དྲོན་མོ་འཐུང་།། རྒྱ་མོ་ཡུགས་ས་སྨྱོ་རུ་ཆུག།
པང་གི་རྒྱ་ཕྲུག་དམར་གསོད་བྱོས།། རྒྱ་ཡི་དམག་རྒྱུད་གཏན་གཅོད་བྱོས།།
རྒྱ་དམག་རྒྱ་ཡི་ཉེན་རྟོགས་ཞེས།། མིང་ལྷག་ཙམ་ཡང་མེད་པ་བྱོས།།
རྒྱ་ཡི་རྒྱུག་ཁྱི་གསང་ཉུལ་ཚོགས།། ལུས་སེམས་སྡུག་གིས་གཙེ་བར་བྱོས།།
གུང་བྲན་ཏང་དང་ཏང་ཡོན་དང་།། དམར་པོའི་གཞུང་དང་རྩ་ཁྲིམས་སོགས།།
གཏིང་ནས་སློག་ལ་མེད་པར་བྱོས།། དུར་ས་བཤུས་རར་ད་བསྒྱུར་ཅིག།།
གནམ་ནས་དུག་གི་ཐོག་ཆར་ཕོབས།། ས་ནས་ཐར་མེད་ས་ཡོམ་རྒྱོབ།།
བར་སྣང་རྫས་འགྱུར་མཚོན་གྱིས་ཁེངས།། འགོག་མེད་ཆུ་ལོག་མཚོ་ཡོམ་རྒྱོབ།།
གཤིན་རྗེའི་འཁོར་ལོ་རྒྱ་ལ་སྐོར།། ཕུར་བའི་དབལ་ཁ་རྒྱ་ལ་ཐོབས།།
མ་མོའི་ཐུན་ཟོར་རྒྱ་ལ་བསྐྱུར།། རྒྱལ་པོའི་སྨྱོ་འབོག་རྒྱ་ལ་ཐོངས།།
བཙན་གྱི་གཟེར་ངན་རྒྱ་ལ་ཐོངས།། ས་བདག་གཏད་ཁྲམ་རྒྱ་ལ་རྒྱོབ།།
བདུད་ཀྱི་ཞག་ཁྲམ་རྒྱ་ལ་ཐོབས།། མུ་སྟེགས་ངན་སྔགས་རྒྱ་ལ་ཐོབས།།
བན་དེའི་ཧོམ་ཐུན་རྒྱ་ལ་གཡུགས།། བོན་པོའི་བཙོ་ཟོར་རྒྱ་ལ་འཕོངས།།
སྐྱེས་པའི་མདའ་ཟོར་རྒྱ་ལ་རྒྱོབ།། བུད་མེད་དམོད་ཟོར་རྒྱ་ལ་གཡུགས།།
བྱོལ་ཀ་ཆག་ཀ་རྒྱ་ལ་ཐོངས།། རྦད་འདྲེ་རྦོད་གཏོང་རྒྱ་ལ་བྱོས།།
ཀག་དང་སྲི་ངན་རྒྱ་ལ་ཤོག།། ཡེ་འབྲོག་བགེགས་ཆེན་རྒྱ་ལ་ཐོབས།།
དཀོན་མཆོག་བཀའ་ནི་བདེན་པ་དང་།། ལས་འབྲས་སྟོབས་ནི་ཆེ་བ་དང་།།
ཆོས་སྐྱོང་ཚོ་ལ་མཐུ་ཡོད་ན།། བཅོལ་དོན་མ་གཡེལ་མྱུར་དུ་སྒྲུབ།།
བོད་མི་ས་ཡའི་ཚེ་སྲོད་བཅད།། བོད་ཀྱི་རིག་བསྟན་རྨག་མེད་བྱས།།
བོད་ཀྱི་གནས་ཆེན་གཏིང་ནས་བསློག། བོད་ཀྱི་བླ་མ་མཐའ་རུ་སྤྱུགས།།
རྡོ་རྗེའི་མནའ་ཚིག་མི་དྲན་ནམ།། རྡོ་རྗེའི་མནའ་ཆུ་མ་འཐུང་ངམ།།
རྡོ་རྗེའི་དམ་ཚིག་མི་དྲན་ནམ།། རྡོ་རྗེའི་མཚོན་ཆ་མ་ཐོགས་སམ།།
རང་དབང་ཆེད་དུ་རང་ལུས་བསྲེགས།། བོད་ཀྱི་དོན་དུ་བཙོན་ལ་སྦྱར།།
དྲག་མེད་རྨ་ཁ་སྙིང་ལ་བཏབ།། བཟོད་མེད་སྡུག་བསྔལ་རྒྱུན་ཆད་མེད།།
ཆོས་ཀྱི་སྤྱན་གྱིས་མི་གཟིགས་སམ།། འཇིག་རྟེན་མིག་གིས་མི་མཐོང་ངམ།།
ཡེ་ཤེས་ལས་ཀྱི་བསྲུང་མ་ཚོ།། དེ་རིང་རྒྱུག་ལ་འཕྲིན་ལས་སྒྲུབ།།
བོད་ཀྱི་གསང་སྔགས་བཀའ་གཉན་ལ།། ཆོས་སྐྱོང་རྒྱ་མཚོ་མཐུ་རྩལ་ཆེ།།
རྣལ་འབྱོར་ང་ཡི་ཞེ་གནག་པས།། དྲག་སྐུལ་དམོད་དམོ་དོན་ཡོད་བྱོས།།
ཞེ་ལ་གནག་པའི་དོན་ཆེན་ནི།། བོད་ཀྱི་རང་དབང་རང་བཙན་ཡིན།།
བླ་མ་སློབ་མ་མཉམ་འཛོམ་ཡིན།། ཆོས་སྲིད་བདེ་སྐྱིད་རྒྱས་པར་ཤོག།
བོད་ཀྱི་སྡུག་བསྔལ་ཞི་བར་མཛོད།། གཞིས་བྱེས་ལྷན་འཛོམས་མྱུར་ཡོང་བྱོས།།
རྒྱ་ཁམས་དམར་པོ་དབང་དུ་བསྡུས།། རྒྱ་དམག་འགུག་བཅིང་སྡོམ་སྨྱོ་བྱོས།།
བོད་མི་ས་ཡ་དྲུག་པོ་ཡི།། བདེ་སྐྱིད་ཆེད་དུ་དམོད་འདི་བོར།།
ཞེ་སྡང་དྲག་སྐུལ་དྲག་ལས་འདི།། མིག་མཐོང་ལག་ཟིན་ཡོད་པ་བྱོས།།
དེ་མིན་ཁྱོད་ཚོ་མིང་ཆེ་ཞིང་།། གསེར་སྐྱེམས་བསངས་ལ་དགའ་ཙམ་ལས།།
ངེས་པའི་མཐུ་རྩལ་མེད་པ་ཡིན།། བོད་མགོ་སྐོར་བ་ཁོ་ན་ཙམ།།
རྒྱ་དམག་མེད་པའི་བཀྲ་ཤིས་ཤོག། བོད་ཀྱི་རང་བཙན་བཀྲ་ཤིས་ཤོག།
བླ་མ་མཇལ་བའི་བཀྲ་ཤིས་ཤོག། གཞིས་བྱིས་ལྷན་འཛོམས་བཀྲ་ཤིས་ཤོག།
ཞེས་པའི་དམོག་ཚིག་འདི་ནི་བོད་ཀྱི་དཔའ་བོ་དཔའ་མོ་མང་པོས་བོད་དོན་དང་ཞི་བདེའི་ཆེད་དུ་རང་ལུས་མེར་བསྲེག་སའི་ཡུལ་དུ་བཟོད་དཀའི་ཞེ་སྡང་ངང་སྦྱར་བ་དང་། བདག་དང་འདྲ་བའི་ཁོང་ཁྲོ་ཅན་ཚོས་དམ་ཅན་དྲག་སྐུལ་འདི་དགོང་མོ་ས་སྲོད་ལ་མ་ཆད་དུ་འདོན་རྒྱུ་དང་། དེ་མིན་ཆོས་སྐྱོང་ལྷ་འདྲེ་ཅི་ཡོད་ཐམས་ཅད་རྒྱ་གཞུང་དང་རྒྱ་འདྲེ་ཚོ་ལ་རྦད་རྒྱུ་མི་བརྗེད་པ་བྱ་ཞེས་རྣལ་འབྱོར་བ་ཞེ་སྡང་རྡོ་རྗེས་བྲིས་ལ་སྐུལ་བའོ།
དཔེ་ཡག་པོ་བྲིས་འདུག ཇི་ལྟར་ཁྱེད་ཀྱིས་སྨོན་པ་དེ་ལྟར་འགྲུབ་གྱུར་ཅིག
ཁ་བརྡ་དྲ་ཚིགས་གསར་བརྗེ་བྱུང་བར་བཀ྄་ཤིས་བདེ་ལེགས།
དངོས་གནས་རེད། བོད་ཀྱི་དྲུག་གཏོར་ཟེར་བ་དང་། དགུ་གཏོར་ཟེར་བ་དེ་ཚོ་དམིགས་འབེན་ངེས་གཏན་ཞིག་གི་ངང་ནས་བོད་ཀྱི་ཆོས་སྲིད་གཉིས་ཆའི་དགྲ་གཏེ་རྒྱ་དམར་ཕྱོགས་ལ་ཕོངས། རྦད་འདྲེ་དམོད་གཏོང་གི་མཐུ་ལས་དེ་ཚོ་རྒྱ་དམར་ཕྱོགས་ལ་གཡུགས། ཞི་རྒྱས་དབང་དྲག་གི་ལས་འཁོར་དེ་ཚོ་རྒྱ་ཕྱོགས་ལ་ཆུགས། ངན་སྔགས་མཐུ་གཏོད་ཀྱི་ལས་རབ་དེ་ཚོ་རྒྱ་ཕྱོགས་ལ་བསྐོར། སྲུང་མའི་མཐུ་རྩལ་ཟེར་བ་དེ་ཚོ་རྒྱ་ཕྱོགས་ལ་ཁུགས རྦད་རྦད་སོད་སོད།
ཁ་བརྡ་ཚང་གི་དྲ་ངོ་ནི། ཡར་རྒྱས་ཡིན་ནི་ན། མར་ཉམ་ཡིན་ནི་ན། ག་རེ་ཡིན་ནི་མི་ཤེས་ནི་ཞིག་ལ་བསྒྱུར་འདུག། བཟང་མི་བཟང་གི་ཁ་གྲགས་མ་ཐུབ་ཐལ།
སྔོན་རྒྱལ་དབང་བཅུ་གསུམ་པར་མི་ངན་རེ་ཟུང་ནས་དུག་དྲངས་པ་དང་མནན་པ་རྒྱབ་པ་སོགས་བྱས་དུས་་སྲུང་མ་ཚོ་ཞེད་ཐག་ཆོད་ནས་བཤད་ཐུབ་ཡོད་པ་མ་རེད། རྗེས་སུ་ག་ལེར་ཞབས་ལྷམ་དེ་ལ་རྩད་གཅོད་ཀྱིས་ཟེར་བ་ཙམ་ལས་བཤད་མེད། སྲུང་མ་ཚོ་བཀའ་བློན་ཞིག་ལ་ཞེད་ན་རྒྱ་དམར་ལ་ཞེད་སྣང་སྐྱེ་བ་ཐེ་ཚོམ་ཅི་ཞིག་ཡོད། གང་ཟག་སྒེར་བ་རེ་ཟུང་སྲུང་མར་བཅོལ་ན་ལེགས་མོད་ཀྱང་རྒྱབ་ཁབ་ཅིག་སྲུང་མར་གཏད་ན་ཁེ་ཕན་ཞིག་ཨེ་ཡོད་ན་བསམ་འདུག དེའི་ཕྱིར་མཐུ་གཏད་སོགས་བྱས་ན་རང་ལ་ཉེས་པ་ཞིག་འབྱུང་རྒྱུ་ལས་གྲུབ་འབྲས་དབེན་ནོ། དགྲ་བཙན་ས་ཞིག་ལ་སྲུང་མ་ཟེར་བ་དེ་མི་འདུག་གོ། གཉོམ་ས་ཞིག་ལ་སྲུང་མ་དེ་ནུས་པའང་འདུག་ཟེར། སྔོན་སི་ཁྲོན་ལ་ས་འགུལ་བྱུང་ནས་མི་མང་བོ་ཤི་དུས་བོད་མི་ཁ་ཤས་ནས་སྲུང་མ་ཁྲོས་པ་ཡིན་རྒྱུ་རེད་ཟེར་ནས་རྗེས་སུ་ཡི་རང་བྱས་མཁན་མང་བོ་འདུག་ཟེར་བ་ཞིག་ཐོས། གལ་སྲིད་སྲུང་མ་ཞིག་ཡོད་ན་རྒྱ་དཔོན་ཚོ་མི་གསོད་པར་མི་གཉོམ་ཆུང་དེ་ཚོ་བསད་ནས་ཅི་ཞིག་ཕན།།
ཕྱི་ནས་ནང་ལ་སླེབས་པའི་སྲུང་མ་འདི་ཚོས་ཅི་ཡང་བྱེད་ཐུབ་ཀི་མ་རེད།
ད་དགོན་སྡེ་ཁག་གི་སྲུང་མའི་འདོན་ཆ་བཞག་ནས་དམོན་ནག་དུག་གི་ས་ཡོམ་འདི་བཏོན་ན་མྱུར་དུ་ནུས་པ་ཐོན་རྒྱུ་ཡིན་པ་འདྲ།
ཁ་སྣོམ་ཅིག་འབྲི།
ཞེ་སྡང་རྡོ་རྗེས་ལམ་སྣ་དྲོངས།།
ལྷ་སྲིན་སྡེ་བརྒྱད་ལམ་ལ་ཆས།།
ཉམ་ཆུང་མ་གསོད་རྒྱ་དཔོན་སོད།།
སྙིང་རྩ་བཅད་ནས་སྙིང་ཁྲག་མཆོད།།
ཞེ་སྡང་རྡོ་རྗེ་འཁོར་དང་བཅས།།
རང་བཙན་མ་ཐོབ་ཕྱིར་མ་ཡོང་།།
རྒྱ་དཔུང་འཇོམས་པའི་དུས་ལ་བབས།།
དམ་ཚིག་དབང་བསྐུར་མ་བརྗེད་ཅིག།
ས་མ་ཡ་བྲ་བྷེ་ཁ་ཡ་ཛ་ཛ་ཕཌ་ཕཌ་།།
བོད་ཀྱི་ལྷ་སྲུང་ཚོས་ནང་ལ་སྡིག་རྒྱུ་ལས་ཕྱི་ལ་འཇོན་རྒྱུ་ཅང་མེད། དེ་ལས་བོད་ཀྱི་མི་རྒོད་ཚོ་ལ་སྟོད་སྐུལ་བྱེད་ན་བཟང་། འོ་རེད།་ཁ་བརྡ་ཚང་འགྱུར་འདུག། ལྗོངས་ཁུ་ནས་སྔོན་པོ་ལ་གྱུར་འདུག།
ཁྱི་ཡི་རྡོ་ལ་དམུར་བར་བྱེད།
སེང་གེས་འཕེན་པ་པོ་ལ་དམུག།
ཀླ་ཀློས་ལྷ་ཡང་གཡུལ་སར་འབོད།
མཁས་པས་སྲོག་གིས་བདེན་པ་བརྡར།
ཅུང་ཟད་བླུན་པས་དམོད་ལ་རེ།
ཤིན་ཏུ་བླུན་པས་གོ་མཚོན་བརྟེན།
གོ་མཚོན་རྣོན་པོས་བོད་ལ་བཏབས།
སེམས་པ་གངས་རིའི་ཕྱི་ལ་ཤོར།
རང་དབང་ལྷ་མོས་བོད་ལ་འབོད།
བོད་ཀྱི་རང་དབང་ལྷ་མོར་བསྙེན།
སེམས་ནི་རང་དབང་གནས་པ་ཡི།
ག་ལས་འཇིགས་མེད་བོད་རྒྱལ་ལོ།
ཞེ་སྡང་རྡོ་རྗེ་རང་རེད། ཞེ་སྡང་ལྟ་བུ་སྡིག་པ་མེད་གསུངས་པ་ཅི་མ་བདེན། ཞེ་སྡང་མེ་ཡིས་རང་ལུས་བསྲེག །ཞེས་སྡང་ཅན་གྱིས་ལྷ་སྲུང་དམོད། ཞེ་སྡང་འབར་ནས་ཕྱི་ནང་བསྲེགས། །
སྔར་དུས་རབས་བདུན་པའི་སྐབས་སུ་བོད་ཀྱི་ཡུལ་ལྷ་གཞི་བདག་རྣམས་དམ་ལ་འདོགས་མཁན་དེ་ཚོས་ཅི་ཞིག་དམ་ལ་བཏགས་པ་ཡིན་ནམ། དེ་དུས་ཁས་ལེན་ཅི་ཞིག་ལེན་དུ་བཅུག་པ་ཡིན་ནམ།
ལྷ་སྲུང་ཁྱེད་ལ་མཐུ་དཔུང་རྩལ་ཡོད་ན། ད་ཙམ་སྡོང་གྲོགས་མཛད་པའི་དུས་ལ་བབ། ལྷ་སྲུང་ཁྱེད་ལ་ཡེ་ཤེས་སྤྱན་ཡོད་ན། ད་ཙམ་གཟིགས་པའི་དུས་ལ་བབ། མ་གཞི་ནས་སྔར་བོད་ཀྱི་ལྷ་སྲུང་རྣམས་དབང་དུ་བསྡུ་མཁན་གྱི་མཐུ་རྩལ་བཏོན་རབས་དེ་ཚོས་ད་ནི་མཐུ་རྩལ་འདོན་པའི་དུས་ལ་བབ་པ་མིན་ནམ།
ཁ་བརྡ་ཚང་གི་དྲ་རྒྱ་འདི་ཡར་རྒྱས་མར་འགྲིབ་གང་ལྟར་ལྟ་མི་བདེ་བ་ཞིག་ནི་བཟོས་འདུག
ཞེ་སྡང་ཞེས་པ་དེ་ཕྱིས་ལུས་ངག་གི་སྤྱོད་པ་ཙམ་ལ་ཟེར་ལེ་མ་རེད། དེ་ཡིན་ན་ལྷ་ཁྲོ་བོ་དེ་ཚོ་ལས་ཞེ་སྡང་ཆེ་བ་སུ་ཨེ་ཡོད། དྲ་འབུ་འདི་ཚོར་གོ་རྟོག་འདི་ཙམ་ཡང་མི་འདུག ཧཧཧ
ཨོ་ད་ངོ་མ་བསྐང་གསོལ་འདི་འདྲ་བཏོན་ན་ཁྱད་པར་ཨེ་ཡོང་། དེ་མིན་བོད་གངས་ཅན་གྱི་དེང་སང་གི་སྲུང་མ་མཐུ་རྩན་ཅན་ཡིན་ཟེར་མཁན་དེ་ཚོར་ངོ་མ་གྲགས་འགུལ་ཞིག་མི་འདུག མི་ལ་གྲོགས་འཕྲིན་ལས་མི་ཕན་ན་མི་ཡིས་མཆོད་ཅིང་བཀུར་དོན་གང་མི་འདུག
ད་གོང་གི་བསྐང་གསོལ་འདི་བཏོན་ནས་ཟླ་ངོ་འགར་ཚོད་ལྟ་བྱེད། དེ་ནས་རྟགས་མཚན་མ་ཅང་མ་ཡོང་ཚེ་དངོས་གནས་མི་ཚེའི་ནང་དུ་གཏན་ནས་འདོར་བར་བྱའོ།།
འདི་ཡང་ལས་འགུལ་སྤེལ་སྟངས་ཤིག་རེད། འདི་འདྲ་དེ་ཡང་དགོས་རྒྱུ་ཞིག་ཡིན། ངས་རང་གི་མི་ཚེ་འདིར་སྲུང་མས་ངའི་ཆེད་དུ་དགྲ་འདུལ་གཉེན་སྐྱོང་བྱེད་ཀྱི་རེད་བསམ་པའི་རེ་བ་འདྲ་རྒྱག་མ་མྱོང་མོད་གསོལ་ཁ་འདོན་པར་ཧ་ཅང་དགའ། ལྷག་པར་འཕྲིན་བཅོལ་འདོན་པར་དགའ། ངས་གསོལ་ཁ་འདོན་སྐབསསྙན་ངག་ཀློག་པའི་འདུ་ཤེས་མ་གཏོགས་མེད། གསོལ་ཁ་དེ་ཚོ་ཡང་མི་རབས་གོང་མའི་རེ་འདུན་མཚོན་པའི་སྙན་ངག་རེ་རེད་བསམ་པའི་ངང་ནས་བཀླགས་ན་མི་རབས་གོང་མ་ཚོའི་སེམས་ཀྱི་འཇིག་རྟེན་གསལ་པོར་་མཐོང་བའི་རྒྱང་ཤེལ་ལྟ་བུ ཞིག་རེད། སྲུང་མ་གསོལ་མཆོད་འདི་རིགས་ཀྱིས་ཀྱང་མིའི་འདོད་འདུན་དང་དཀའ་ངལ་མང་པོ་ཞིག་གསལ་པོར་མཐོང་ཐུབ་པའི་སྙན་ངག་ཕུལ་དུ་བྱུང་བ་ཞིག་རེད། འབྲུག་པ་པདྨ་དཀར་པོའི་གསོལ་ཁ་རྣམས་ནི་སྙན་ཤོས་སུ་མཐོང་སོང་། རྙིང་མའི་ནང་ན་ཡང་གསོལ་ཁ་སྙན་མོ་ཁ་ཤས་འདུག སྤྱིར་ས་སྐྱ་དང་དགེ་ལུགས་ལ་གསོལ་ཁ་མང་ཆེ་བ་སྙན་པོ་དེ་ཙམ་མི་འདུག ཇོ་ནང་ལ་ནི་ཆ་རྒྱུས་མེད།
ཞེ་སྡང་མེ་ཡིས་བསྲེགས་དང་ཆུ་ཡིས་ཁྱེར། རླུང་གིས་ཁུར་དང་ས་ཡིས་མནན། མཚོན་གྱིས་བསྣུན་པ་ཐམས་ཅད་ཀྱང། རང་རང་སྡིག་པའི་ལས་ཀྱིས་སྨིན།
ཞི་རྒྱས་དབང་དྲག་ལས་བཞིའི་མཐུ། གང་དང་གང་ལ་ཐབས་ཀྱི་མཆོག སོ་སོའི་མཐུ་རྩལ་ངོམ་པ་ན། ཐུན་མོང་འབྲས་བུ་སྨིན་པར་འགྱུར།
འདི་ནི་དགྲ་ལ་སྡང་བའི་སྙིང་ནད་ཅིག འདི་ནི་གྲོགས་ལ་གདུང་བའི་སྐྱོ་སྣང་ཞིག འདི་ནི་ཕ་རོལ་ཉེས་སྟོང་མངོན་ཚུལ་ཞིག མདོར་ན་འདི་ཡང་དྲག་པོའི་སྙན་དངགས་ཤིག
ཞེ་སྡང་རྡོ་རྗེ་རང་ལས་སྐྱེས། རང་ལས་སྐྱེས་ནས་རང་ལ་ཐིམ། ཞེ་སྡང་ཚུལ་གྱི་དམོད་ནག་འདིས། ཞེ་སྡང་ཞི་ནས་རྒྱལ་གྱུར་ཅིག།
སྔོན་དུས་རྒྱ་གར་ཕྱི་ནང་རྩོད།
འགའ་ཞིག་དཔེ་ཆ་མ་སྦྱངས་ཤིང་།
ལྷ་སྲུང་མགོན་པོར་བློ་གཏད་བྱས།
ཤངྐ་རཱ་ཅཱརྱས་རྩ་མེད་བཏང་།།
ལྷ་ཁང་། མགོན་ཁང་། བཙན་ཁང་། བཙན་རྫོང་ཡོད་ཡོད་ས་ནས། རྔ་དབྱུག་གཉིས་ཀ་དྲག་རྡུང་བྱོས་དང་། རྒྱ་འདྲེ་དེ་ཚོ་ལ་བྱིའུ་སྙིང་ཙམ་ལས་མེད་ཚོད་རེད། གཞན་གྱི་སྡུག་འོག་ན་ཡོད་དུས་ཞེ་སྡང་ཅན་ལ་དགའ་པོ་ཡོད། ཞི་བདེ་ཅན་ལ་དགའ་བོ་མེད།
ཁ་བརྡ་ཚང་གི་འགྱུར་བ་འདི་འཐད་པོ་རང་མ་བྱུང་། ཡར་རྒྱས་དང་མར་རྒྱས་གང་ཡིན་མི་ཤེས་མོད། འདི་ལས་སྔོན་མ་དེ་རང་ཡག་པོ་འདུག
ཁ་བརྡ་དྲ་ཚིགས་འདི་ཡར་རྒྱས་ཀྱི་རྣམ་པ་ཡིན་བཟོ་སྟོན་ཀྱང་བཟོ་བཀོད་འདི་འཐད་པོ་རང་བྱུང་མ་སོང་། ལྟ་མི་བདེ་བའི་ཁྱད་མཚར་ཞིག་འདུག
སྲུང་མའི་ཅི་ཞིག་ཕན་ལྷག་ཏུ་སྲུང་མ་དེ་ཚོ་ལ་ཡིད་ཆེསགང་ཡང་མེད་ལགས
ཆོས་བཞིན་སྤྱོད་པའི་སྲུང་མ་ལས། །
འདོད་ཆགས་ཞེ་སྡང་བསྐུལ་མ་ལ། །
ཆོས་སྐྱོང་ཟེར་ན་བདུད་སྐྱོང་ལས། །
ཆོས་སྐྱོང་དམ་ཚིག་ཅན་ལ་བསྲུང་། །
ཆོས་མིན་སྤྱོད་པའི་བསྲེག་མཆོད་ལ། །
ཆོས་སྐྱོང་གཡེལ་ཞིང་བདུད་ཚོགས་འདུ། །
སྙིགས་ལྔའི་མེ་འབར་རླུང་ལྟར་རྒོད། །
ཞེ་སྡང་རྡོ་རྗེས་སེམས་ལ་ཟུངས། །
ངོ་མ་ལྟ་མི་བདེ་བ་ཞིག་བཟོས་འདུག་་་་དགོངས་དག།
སྲུང་མ་ལ་ཡིད་ཆེས་མེད།
ཡིད་ཆེས་བྱེད་མཁན་རྣམས་ནི་རྨོངས་ཞེན་ཆེ་དྲགས་པའི་སྐྱོན་རེད།
ང་ལའང་བལྟ་བདེ་བོ་མི་འདུག་སྔོན་མའི་དེ་ལ་དྲོ་བ་ཆེ་བ་འདུག
སྲུང་མ་ལ་བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད།
དྲག་བསྐུལ་འདི་ཧྲག་གི
འདི་ལོ་ཁ་བརྡ་ཚང་ཡར་རྒྱས་ཆེན་པོར་འགྲོ་ཁུལ་ཡིན་ས་རེད་ ལས་ཁུངས་སྤོས་པ་མ་ཟད་དྲ་རྒྱ་འདི་ལའང་འགྱུར་བ་ཞིག་གཏོང་འདུག་ ངས་ནི་སྔོན་མ་དེ་རང་འཇག་སུ་བཞག་ན་བསམ། ད་ནི་ཁ་བརྡ་གློག་གི་ཡོད་པའི་འཚོར་སྣང་ཞིག་ཡོང་གི་མི་འདུག་ཡ།
བཟོ་བཀོད་ལེགས་པོ་མེད་པའི་ཁར་ན་རོ་དང་ཞབས་ཀྱུ་འདྲེས་ནས་ལེགས་པོ་ཞིག་ཀློག་ཐུབ་ཀྱི་མི་འདུག ཅིག་བྱས་ན་ངེད་ཀྱི་གློག་ཀླད་གཅིག་པོ་ཡིན་སྲིད། །
ང་གློག་ཀླད་གཞན་པ་ཞིག་ཡོད་དེའི་ནང་དུ་རྗེས་སུ་བལྟ་ཀི་ཡིན། །
དེ་འདྲིའི་འགྱུར་བ་ཆུང་ཆུང་ཞིག་བཏང་བ་ལ་གང་གནང་གི་མ་རེད་ ཁྱེད་རང་གོམ་ན་དེ་ཡང་ལས་སླ་པོ་དང་ཡག་པོ་གཟིགས་ཀྱི་རེད་
དྲག་སྐུལ་ཡག་པོ་བྲིས་འདུག་། མ་གཞི་ནས་གསྲུང་མ་ཕལ་པ་དེ་ཚོས་ཕན་ཐོག་ཡག་ཁག་པོ་རེད། རྒྱལ་བ་དྲུག་པའི་སྐབས་དང་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་སོགས་སྐབས་གནས་ཆུང་ནས་ཀྱང་ག་ཡང་ཕན་ཐོག་མེད། རྡོར་ལྡན་་དུ་གོང་ས་མཆོག་སྙུང་སྐབས་གསྲུང་མ་ལ་གང་ཡང་བྱེད་རྒྱུར་མེད། རྗེས་སུ་གོང་ས་མཆོག་སྙུང་གཞི་དྭང་སྐབས་སྔོན་་མ་ནས་ཧ་གོ་མདོག་མདོག་བྱེད་མཁན་དེ་འདྲ་ཡོད་། ད་སྐབས་སྐུ་རྟེན་ཕོ་མོ་དེ་ཚོ་མཁའ་འགྲོ་མ་དང་ཆོས་རྗེ་སོགས་མིང་བཏགས་ནས་གསུངསཆོས་་འདྲ་གནང་ཁུལ་བྱེད་ནས་དངུལ་གསོག། ། སྡོམ་བཙོན་གཡོག་ལ་ཉར་ཐ་ན་བུ་མེད་ཀྱི་help pent ཧ་པན་སོགས་ཆུ་ལ་ཁྲུ་བ་དང་ ་འདུལ་འཛིན་བཟང་པོ་ཚོ་ལ་ཁ་འདྲ་གཏང་གི་ཡོད་པར་སྡ་སར་རི་མགོ་འདིར་གསལ་པོ་རེད། ལྷ་ལ་ཡིད་ཆས་མ་ཆེ་དཀོན་མཆོག་ལ་གསོལ་བ་ཐོབ་ཞེས་པ་དེ་བདེན་པ་ཆེ།
དྲག་སྐུལ་ཡག་པོ་བྲིས་འདུག།
(ན་རོ་དང་ཞབས་ཀྱུ་འདྲེས་ནས་)ཟེར། ག་འདྲ་ཞིག་བྱས་ནས་འདྲེས་བཞིན་འདུག། བཤད་འདོད་པའི་སྐད་ཆ་ཆ་ཚང་བ་ཞིག་འབྲི་མ་ཤེས་ན་དེ་འདྲ་རེད། གོ་དོན་ཆ་མི་ཚང་བའི་སྙན་ངག་འབྲི་འབྲི་ལ་ཆགས་འགྲོ་བ་རེད། ཧ་ཧ། རྟ་བདུན་དབང་པོ་ཡ།
ལྷ་སྲུང་ད་དུང་ཡང་རེ་བཅོལ་བྱེད་པ་ནི་གནའ་བོའི་འདུ་ཤེས་ཆེ་དྲགས་པའི་སྐྱོན་རེད། དེ་ལ་ནུས་བ་མེད་པ་ད་དུང་ཡང་མ་རྟོགས་ན་ཀླུག་རྟགས་ཆེ་དྲགས་པས་རེད། ལྷ་སྲུང་ལ་ནུས་བ་ཡོད་ན་པཎ་ཆེན་གང་དུ་ཡོད་མེད་དྲིས་དང་། དེ་ནས་ཧ་གོ་གི་རེད།
རྫུན་མ་བཤད། གང་བཤད་འདོད་པ་དེ་ཤོད་འདྲེ་མཆོད་མཚམས་ཞོག མ་རིག་པའི་བུ་བྱ་འདོད་ན་རང་མོས་རེད།