ཚེ་དབང་བསོད་ནམས་ནས
སྔ་མོའི་དུས་སུ་རང་རེ་བོད་ཡུལ་དུ་ཆོས་ཕྱོགས་ཀྱི་སློབ་གཉེར་ཁང་དགོན་པ་གྲཱ་ཚང་ལས་དེང་དུས་དང་འདྲ་བའི་སློབ་གྲ་སོགས་ཤེས་ཡོན་གྱི་སྒྲིག་འཛུགས་སམ་གཏི་གནས་མེད་པ་ནས་ཁྱིམ་ཚང་གི་ནང་ལས་དང་ཞོར་དུ་ཕྲུ་གུ་ཚོར་ཡིག་གེ་བྲིས་ཀློག་དངརྩིས་སོགས་ཕ་མ་ཡིག་གེ་ཤེས་མཁན་ཡིན་ན་ཕ་མ་ནས་སྔ་དགོང་སློབ་འཁྲིད་བྱེད་པ་དང་ཕ་མ་ཡིག་རྩིས་མི་ཤེས་མཁན་ཡིན་ན་གྲོང་པ་ཁྱིམ་ཚེས་སམ་ཡུལ་མི་ཡིག་རྩིས་ཤེས་མཁན་སར་བཏང་སྟེ་ཡིག་གེ་འབྲི་ཀློག་དང་རྩིས་སོགས་སློབ་འཁྲིད་གནང་བཞིན་པ་དང་དེ་ཡང་ཁྱིམ་ཚང་དྲག་གྲས་ལས་ཁྱིམ་ཚང་ཉམས་ཆུང་འབྱོར་མེད་གྲལ་རིམ་གྱི་ཕྲུ་གུ་ཚོར་ཡིག་རྩིས་སྦྱོང་རྒྱུའི་གོ་སྐབས་ལྟ་ཅི་མི་ཚེ་ཧྲིལ་པོ་མི་གཡོག་དང་ཁྱིམ་ཚང་གི་ནང་ལས་དང་སྒོ་ཕྱུགས་འཚོ་སྐྱོང་་ཞིང་ལས་སོགས་ལ་མི་ཚེ་རྫོགས་ནས་ཕ་ཐོག་བུ་ཐོག་ལ་ཤེས་རྨོངས་གྲལ་རིམ་ནང་ལྷག་ནས་མི་ཚེ་འཚོ་བཞིན་པ་དང་ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་ངན་ཤར་ནས་གོང་ས་སྐྱབས་མགོན་ཆེན་པོའི་་ཐུགས་སྐྱེད་སྨོན་ལམ་དང་རླབས་ཆེན་མཛད་འཕྲིན་འོག་གནས་ཡུལ་རྒྱ་གར་གཞུང་གི་མཐུན་སྐྱོར་ལམ་སྟོན་དང་་ཕྱིའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་རོགས་རམ་འོག་བཙན་བྱོལ་སྤྱི་ཚོགས་ནང་གཏན་ཉིན་སློབ་གྲ་གསར་འཛུགས་ཀྱིས་བོད་ཕྲུག་ཚོར་རང་གི་ཕ་མེས་ནས་རྒྱུད་པའི་བོད་ཀྱི་སྐད་ཡིག་གཙོ་བོར་འཛིན་པའི་ཐོག་དེང་དུས་དང་མཐུན་པའི་ཕྱི་ནང་གི་སྐད་ཡིག་ལ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བཟང་པོ་ཐོབ་ནས་དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་ཡིག་རྨོངས་གཅིག་ཀྱང་མེད་ལབ་ན་མ་འགྲིག་པ་མེད་ན་ཡང་ལོ་རབས་བརྒྱད་བཅུ་ཙམ་ནས་གཏན་ཉིན་སློབ་གྲའི་ཤེས་ཚད་ལ་ཉ
མས་ཆགས་ཆེན་པོ་བྱུང་བ་ནི་འཛིན་རིམ་བཅུ་གཉིས་འཐོན་ནས་དགེ་འོས་སློབ་སྦྱོང་ཁྱ་ར་ཁྱོ་རེ་ཞིག་སྤྲད་ནས་གཏན་ཉིན་སློབ་གྲའི་དགེ་རྒན་བྱེད་བཞིན་པ་ནས་ཕྲུ་གུའི་རྒྱུད་ལ་སློབ་སྦྱོང་ག་འདྲ་ཡོང་མིན་དགེ་རྒན་གྱི་གནས་ཚད་ནས་ཤེས་ཐུབ་པ་ནི་དེང་སྐབས་འཛིན་རིམ་བཅུ་གཉིས་འཐོན་པའི་ཕྲུ་གུ་ཚོ་ཁ་ནས་སྐད་ཆ་བཤོད་རྒྱུ་དང་ཡིག་གེ་འབྲི་ཀློག་དང་སྐད་ཆ་ཉན་རྒྱུ་སོགས་ཚད་ལྡན་མེད་པ་ནི་ཐོག་མ་སྔོན་འགྲོ་ནས་འཛིན་རིམ་དང་པོ་དང་གཉིས་པ་གསུམམ་པའི་སྐབས་ཕྲུ་གུའི་རྒྱུད་ལ་ཤེས་ཡོན་འཇགས་ཐུབ་པའི་རྨངས་གཞི་བཞི་ལ་ང་ཚོའི་སློབ་འཁྲིད་མ་ཐུབ་པའི་སྐྱོན་ཡིན་པ་ནི་ཕྲུ་གུ་ཆུང་དུས་ནས་ཡིག་གེ་ཀློག་རྩལ་ ( reading power ) སློབ་མ་ཐུབ་པའི་སྐྱོན་དང་གཅིག་ཡིག་གེ་འབྲི་རྩལ་ ( writing power ) སློབ་མ་ཐུབ་པའི་སྐྱོན་དང་གཉིས་སྐད་ཆ་ཉན་རྒྱུའི་སྒོམ་བཤིས་ ( listening power ) སློབ་མ་ཐུབ་པའི་སྐྱོན་དང་གསུམ་ཁ་ནས་སྐད་ཆ་བཤོད་རྒྱུའི་སྒོམ་བཤིས་ ( specking power ) སློབ་མ་ཐུབ་པའི་སྐྱོན་དང་བཞི་བཅས་གོང་གི་དོན་ཚན་བཞིའི་ཐོག་ཕྲུ་གུར་སློབ་འཁྲིད་མ་ཐུབ་པའི་སྐྱོན་གནད་དེ་ང་ཚོའི་མཐོང་ཡུལ་དུ་ཡོད་པ་ནི་སློབ་གྲ་འཐོན་པའི་སློབ་ཕྲུག་ཚོའི་ཁ་ནས་སྐད་ཆ་བཤོད་སྟངས་དང་རྣ་བས་སྐད་ཆ་ཉན་སྟངས་དང་ལག་པས་ཡིག་གེ་འབྲི་སྟངས་དང་ཁ་ནས་ཡིག་གེ་ཀློག་སྟངས་སོགས་ནས་ཕྲུ་གུའི་རྒྱུད་ལ་སློབ་འཁྲིད་དོན་ཚན་བཞི་དེ་འཇགས་ཡོད་མེད་དེ་ནས་ཤེས་ཐུབ་པ་བཅས་ཕྲུ་གུའི་རྒྱུད་ལ་སློབ་སྦྱོངས་ཚད་ལྡན་འཇགས་ཐུབ་པའི་ཐབས་ལམ་དོན་ཚན་འདི་བཞི་ཡིན་ན་དགེ་སློབ་དང་ཕ་མ་་ཚང་མས་དོན་ཚན་འདི་བཞི་ལ་ཤུགས་རྒྱག་དགོས་པ་ནི་ ༼་སྐད་ཆ་བཤོད་རྩལ་ ༽Specking power ༼ སྐད་ཆ་ཉན་རྩལ ༽ listening power ༼ ཡིག་གེ་འབྲི་རྩལ ༽ writing power ༼ ཡིག་གེ་ཀློག་རྩལ ༽. Reading power བཅས་དོན་ཚན་འདི་བཞི་ནི་ཕྲུ་གུའི་རྒྱུད་ལ་ཤེས་ཡོན་འཇགས་ཐུབ་པའི་རྨངས་གཞི་འམ་རྩིག་བརྟན་ངོ་མ་དེ་ཡིན་པ་དང་འཛིན་རིམ་བཅུ་གཉིས་འཐོན་ནས་ཟབ་སྦྱོང་དང་དགེ་འོས་སྦྱོང་དར་སོགས་ཐོབ་པ་ཙམ་གྱི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་གཉིས་ཀྱི་སྲི་ཞུའི་ལས་བྱེད་དང་གཏན་ཉིན་སློབ་གྲའི་དགེ་རྒན་སོགས་བསྐོ་གཏོང་བྱེད་པའི་ལམ་ལུགས་འདིའི་མ་འོངས་ཕྲུ་གུའི་ཤེས་ཚད་ལ་གནོད་སྐྱོན་ཐེབས་སྲིད་ལ་མ་ཟད་སྒྲིག་འཛུགས་ཀྱི་ལས་དོན་དང་ཕྲུ་གུའི་ཤེས་ཚད་བཅས་པར་ཉམས་ཆགས་ཆེན་པོ་འགྲོ་སྲིད་པ་བཅས་མ་འོངས་དགེ་རྒན་དང་ལས་བྱེད་ལ་ཉུང་མཐར་མཐོ་སློབ་ཚད་ལྡན་ནས་ ( BA. MA. ཉེ་བའི་རབས་འབྱམས་སམ་བཙུགས་ལག་རབ་འབྱམས་ཐོན་པ་བསྐོ་གཏོང་མ་ཐུབ་ཚེ་ང་ཚོའི་སྤྱི་ཚོགས་འདི་ཤེས་ཡོན་གྱི་ཚད་ལོན་མ་ཐུབ་པའི་རྗེས་ལུས་ཅན་གྱི་སྤྱི་ཚོགས་ཞིག་སླར་ཡང་འཛམ་གླིང་མི་མང་གི་མདུན་དུ་སྡོད་མ་དགོས་པའི་འགན་དེ་འབྲེལ་ཡོད་ཚང་མས་བཞེས་དགོས་པའི་འབོད་བསྐུལ་དང་བཅས་བདེན་པ་ཉིད་རྒྱལ་རྒྱུར་གཅོག།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༡ པོའི ཚེས་ ༡ ཉིན་ལོ་གསར་པའི་འཚམས་འདྲི་དང་བཅས་བལ་ཚོང་ས་གནས་ནས་ཟིན་བྲིས་སུ་བཏབ།