པ་དོན་ནས།
བརྡ་འཕྲིན་ཚན་རྩལ་གྱི་དུས་རབས་འདིར། ས་སྒང་གི་མི་རིགས་འདིར་མཚོན་ན། རྩིས་འཁོར་སོགས་སྤྱོད་ཤེས་མཁན་གྱི་གྲངས་ཚད་བོད་མི་སྤྱི་ཡོངས་ཀྱི་བརྒྱ་ཆ་གཉིས་ཀྱང་ཟིན་པར་དཀའ་ཚོད་ལ། ཤེས་མཁན་ཁྲོད་ལོག་ཕྱོགས་སུ་སྤྱོད་མཁན་གྲངས་འབོར་ཉིན་རེ་བཞིན་འཕར། འཛུབ་གནོན་རྒྱག་ཤེས་ཙམ་དང་། ཚིག་གྲུབ་བཟོ་ཤེས་ཙམ་ནས་འདི་མི་འགྲིགས་པ་དང་། གན་འགྲིགས་གི་མེ ད་པའི་འུད་བསྒྲགས་ཀྱིས་བོད་ཡིག་དྲྭ་རྒྱ་སྤྱི་ཡོངས་ཀྱི་བརྒྱ་ཆ་བདུན་ཅུ་ཁེངས། མ་ཟད། དེང་བོད་ནང་གི་སྤུན་ཟླ་དག་རྩ་ཆེ་བའི་མི་ལུས་རིན་ཆེན་བོད་མི་རིགས་ཀྱི་ཆེད། བོད་ཀྱི་རྩ་དོན་ཆེད། བོད་དོན་བདེན་མཐའ་གསལ་ཆེད་མཆོད་མེར་ཕུལ། ཁོ་ཚོར་མཚོན་ན་དེ་ལས་ལྷག་པའི་ཞི་རྒོལ་བྱེད་སྟངས་གཞན་ཞིག་ཡོད་པ་མ་རེད། ཡར་ཞུ་བྱས་ན་རྒྱལ་ཁབ་ལ་རྒྱབ་གཏོད་དང་། འཇ ིགས་སྐུལ་བར་འབྲེལ་བ་ཡོད་ཚུལ་གྱིས་གཅིག་མཇུག་གཉིས་མཐུད་ཀྱིས་བཙོན་འཇུག མནར་གཅོད། སྲོག་ཁྲིམས་སོགས་མི་ཟད་པའི་ཁྲིམས་གཅོད་ཀྱིན་ཡོད་ལ། ཞི་བའི་རྔམ་སྟོན་ཁྲོམ་སྐོར་རིགས་བྱས་ན། འཛེམས་དོག་དང་། མི་སྲོག་ལ་བརྩི་མཐོང་མེད་པར་མེ་མདའི་ཁ་གཏད་དེ་གསོད་ཀྱང་བྱེད་ཀྱིན་ཡོད། དེ་ན་རང་ལུས་མེར་མ་བསྲེགས་ཀྱང་ཕར་ཕྱོགས་ནས་དམར་གསོད་བྱ་རྒྱུ་བློ་དྭོགས་ གང་ཡང་མེད་པ་དང་། རང་ལུས་མེར་བསྲེགས་ནི་ཞི་རྒོལ་གྱི་ཐབས་ལམ་མཆོིག་ཏུ་འགྱུར་བ་ཞིག་དང་། ཡང་གཅིག་བཤད་ན་འུ་ཐུག་པ་རེད། རེད་དེ། མཁས་པ་དང་རྩོམ་མཁན་དུ་རློམས་པ་བ་ཁ་ཤས་ཀྱིས་ལས་འགུལ་དེ་ ལུགས་སྲོལ་དང་བསྐྱར་ཟློས་འདྲ་ལས་ནུས་པ་མེད་ཚུལ་གྱི་རྩོམ་སྙིགས་གྲོགས་ཚང་བརྡོལ་བ་བཞིན་སྤེལ། ཧ་ལམ་བོད་ཡིག་གི་དྲྭ་བ་བརྒྱ་ཆའི་དགུ་བཅུ་སྐྱུག་དྲི་བྲོ་བའི་མཆན་དང་། རྩོམ་སྙིགས་གི་གང་། གཟུར་གནས་བློ་ལྡན་གྱི་རིགས་ནམ་ཡང་དེ་ལ་མགོ་འཁོར་མི་སྲིད་ཀྱང་། གཡམ་རྒྱུག་པ་མང་དག་གཅིག་དེ་ལ་ཡི་ཆེས་དང་ཁོ་ཚོས་བཏོན་པའི་ཇུས་ངན་དེར་ཤར་བསྐྱོད་དགོས་ཚུལ་བ རྗོད་མཁན་ཡང་མི་ཉུང་། དེ་འདྲའི་མཁས་པ་དང་རྩོམ་མཁན་དུ་རློམས་པ་བ་དག་ལས་འགུལ་དེར་མཉམ་བཞུགས་ཕར་བཞག ལས་འགུལ་དེའི་མཐིལ་སྤྱིས་ཕྱིན་པ་ཞིག་ཧ་གོ་མེད་ཚོད་ལ། ཧ་གོ་བཞིན་དུ་༼བསྐྱར་ཟློས་དང་། ནུས་མེད།༽དུ་བསྒྲགས་མཁན་དག་ལ་མ་མཐར་ཡང་བརྒྱབ་བརྟེན་གཞན་ཞིག་ཡོད་པ་བརྗོད་མི་དགོས།
མིའི་ཚེ་སྲོག་ལ་རིན་ཐང་ལ་བྲལ་ཞིང་། དེ་ལེགས་སྐྱེས་སུ་འབུལ་ཐུབ་མཁན་གྱི་སྐྱེས་བུ་དེ་རླབས་ཆེན་ཞིག་རེད། དེ་ལས་ཀྱང་མེར་བསྲེགས་ཀྱི་ལས་འགུལ་ནི་གཟི་བརྗིད་དང་ལྡན། ཅི་ཡང་བྱ་མི་ཐུབ་ཚེ་རང་ཚུགས་ཐུབ་ན་བཟང་། འོན་ཏེ་གཞན་གྱིས་བསྒྲུབས་པའི་རླབས་ཆེན་བྱ་བཞག་དེར་ཁ་བརྡུང་གཏང་བསྡད་ན་སྐྱེས་བུ་ཐ་མལ་བ་ཞིག་ལས་གཞན་ཅི། ལྷགས་པར་སྨྱུག་ཐོགས་པ་ཞ ིག་གིས་གཞི་རྩའི་ཆ་རྐྱེན་དང་གཏན་དུ་བྲལ།
མེར་བསྲེགས་ཀྱི་ལས་འགུལ་ལ་བསྐྱར་བཟློས་དང་། ལུགས་སྲོལ། ནུས་མེད་ཞིག་ཡིན་ན། ཁ་གཏད་དུ་ལངས་པའི་སྲིད་གཞུང་ད་གཟོད་འཇིགས་དངངས་སྐྱེས་དགོས་མེད་ལ། དཔལ་འབྱོར་གྱི་འགྲོ་སོང་གྲངས་མེད་དུ་བཏང་ནས་དམིགས་བསལ་བརྒྱུད་ལམ་རྗེས་འདེད་ཀྱི་སྦྱོང་བརྡར་དང་། སྔར་མེད་ཀྱི་དྲག་མཚོན་འདྲེན་པ། དམག་འབོར་ཆེན་བཀྲམས་པ་སོགས་ཀྱི་ཉིན་རེའི་འགྲོ་གྲོན་ཀྱང་ ། རྒྱ་ནག་རྒྱལ་ཡོངས་སུ་ཟླ་བ་ཁ་ཤས་ཀྱི་བཟའ་འབྲུའི་རིན་འབབ་འགྲོ་ཚོད་རེད། ཐ་ན་ཤིན་ཏུ་ནས་བློ་དཀར་རྒྱལ་ཞེན་ཆེ་བའི་ལས་བྱེད་པ་དག་ལ་ད་ཆ་ཡི་ཆེས་བརླགས་ནས་ཚོད་བགམ་སྣ་ཚོགས་ལེན་པ་དང་། ནག་ཉེས་མེད་བཞིན་དུ་དྭོགས་པས་ཕྱིར་འབུད་བྱེད་པ། བརྒྱུད་ལ་འགེབས་སྲུང་བྱེད་པ། ཐ་ན་རྒྱ་ནག་ནང་ཁུལ་དུའང་བརྒྱུད་ལམ་བཀག་དགོས་ཐུག་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱོ ད་པ་དག་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག དེ་ལྟ་བུའི་རླབས་ཆེ་བའི་ལས་འགུལ་ཞིག་སྤེལ་ཐུབ་མེད་ན་ཁ་གཏད་ཀྱི་སྲིད་གཞུང་ལ་འགྲོ་གྲོན་འཕར་མ་དང་འཇིགས་དངངས་སྐྱེས་དགོན་ཅི། སྡེབས་ལངས་དང་མཉམ་རུབ་བྱེད་དགོས་པའི་བསམ་ཚུལ་ཁ་གཡམ་ཙམ་ལས་དོན་དུ་ལོ་རྒྱུས་ཐོག་ལག་པ་འཆང་ས་མེད་པ་བཟོ་འདོད་པའི་རྩོམ་མཁན་དང་མཁས་ཆེན་དག་ལ་བོད་ཀྱི་རུས་དང་རྐང་ཡོད་ན། མ་མཐར་ཡང་སྤུ ན་ཟླ་ཚོའི་ཚེ་སྲོག་འཕངས་མེད་དུ་ལེགས་སྐྱེས་ཕུལ་བར་བརྩི་མཐོང་འཇོག་དགོས། རུས་རྐང་མེད་པའི་ཁྱི་འཁྱམས་བཞིན། ལྟོ་གོས་རེགས་ཙམ་བྱུང་ན་ཁྲེལ་གཞུང་སྤངས་པའི་ལས་ཀ་འདྲ་བྱས་བསྡད་ན་ངོ་མ་ཤ་ཚ།
ཁྱེད་ཀྱིས་བརྗོད་པ་ཤིན་ཏུ་བདེན། རྒྱབ་སྐྱོར་ཡོད།
ཁྱེད་རང་གིས་གསུངས་པ་དེ་བདེན་པ་རེད། ལས་འགུལ་དེ་ལ་དངོས་གནས་ནུས་ཤུགས་ཆེན་པོ་འདུག་ལ། ད་སྐབས་ང་ཚོས་བྱེད་ཐུབ་པའི་ལས་འགུལ་ལེགས་ཤོས་དེ་རེད། འོན་ཀྱང་མིའི་ཚེ་སྲོག་བརྩི་མཐོང་དགོས་པས་ན། རྒྱུ་མཚན་གང་ཡང་རུང་བ་ཞིག་ལ་བརྟེན་ནས་རང་གིས་རང་ལུས་མེ་མཆོད་ཕུལ་མི་འདོད་ཅིང་། ཕུལ་མི་སྤོབས་པའི་གནད་གསང་དེ་ཡང་གསལ་པོར་བཤད་དགོས་ངེས་ཡིན།
ཨ་རུ་ར་ལགས་རྒྱབ་བསྐྱོར་གནང་བར་དགའ་བྱུང་། ཚེ་སྲོག་ལེགས་སྐྱེས་སུ་ཕུལ་ཐུབ་མཁན་རླབས་ཆེན་གྱི་དཔའ་བོ་དཔའ་མོ་དག་ལ་གུས་བརྩི་མེད་པར། ཁོང་ཚོའི་བྱ་བཞག་དེ་ལུགས་སྲོལ་དང་། བསྐྱར་ཟློས། ནུས་མེད་རེད་ཞེས་བསྙད་འདོགས་དང་དམོད་པ་བྱས་བསྡད་ན་གནད་གསང་གསལ་པོ་བཤད་པ་རེད་པས།
ངོ་མ་བདེན་པ་རེད། དུས་དང་རྣམ་པ་ཀུན་ཏུ་དྲན་དགོས་པ་ཞིག་ལ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་གྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དག་གིས་བྱང་ཆུབ་སེམས་དཔའི་མཛད་པ་རྣམ་ཐར་སྐྱོང་བཞིན་པ་ལ་དད་གུས་ཀྱིས་རྗེས་སུ་ཡི་རངས་བྱེད་འོས་ལ། གལ་ཏེ་ཆོས་ཁས་མི་ལེན་མཁན་ཞིག་ཡིན་ན་ཡང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྲོག་བློས་གཏོང་བ་ནི་མི་རིགས་ལ་ཤ་ཞེན་ཡོད་པ། ལ་རྒྱ་ཡོད་པ། སྙིང་སྟོབས་ཡོད་པ་བཅས་ལ་ང་ཚོས་དྲན་རྟེན་གྱི་རྡོ་རིང་ཞིག་སེམས་ངོར་ཡལ་མེད་དུ་འཛུགས་དགོས་ལ། མ་འོངས་པར་ང་ཚོར་རྒྱལ་ཁ་ཐོབ་པའི་ཉིན་མོར་ཁོང་རྣམ་པར་རྡོ་རིང་མཐོན་པོ་རེ་བོད་ཀྱི་རྒྱལ་སར་འཛུགས་དགོས། མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་གྱི་དཔའ་བོ་དག་དཔའ་བོ་ངོ་མ་ཡིན་པ་ཤེས་སུ་འཇུག་དགོས་རེད།
གཞན་གྱི་ལད་མོ་དང་གཡམ་ལ་རྒྱུག་ཙམ་མིན་པའི་དཔྱོད་ལྡན་སྨྱུག་ཐོགས་པ་བཙན་བྱོལ་ནང་ཆེས་དཀོན་པ་དང་། ཁ་བརྡ་ཚང་གིས་རང་དབང་གི་ཐོག་ནས་བསམ་ཚུལ་གླེང་སྟེགས་འདི་འདྲ་ཞིག་སྒོ་ཕྱེ་ནས་བཟུང་སྤྱི་ཚོགས་འདིའི་ཞན་ཆ་མང་པོ་ཞིག་ཞར་དང་ཞོར་ལ་ཤེས་འོང་གི་འདུག་ལ། བོད་མིའི་བཟང་སྤྱོད་ཀྱི་ཆ་ནས་ཨ་ལགས་གླུ་སྨྱོན་ལྟ་བུའི་སྙན་ངག་དང་ཤར་ཁུག་གི་དཔྱད་རྩོམ་དེ་ཚོ་ལ་ཅུང་རྣམ་དཔྱོད་ཡོད་པ་དང་གཞན་གྱི་སྡིགས་སྨོད་ལ་ཅིས་མི་སྙམ་པའི་བཟོད་སྒོམ་ཡ་རབས་ཀྱི་རྣམ་འགྱུར་མང་པོ་ཞིག་མཐོང་གི་འདུག །དེ་མིན་སྨྱུག་ཐོགས་པ་བོད་ལྷ་ཀླུ་གཉན་གསུམ་དང་དྲི་མེད་ལྷག་བསམ་སོགས་དྲ་གྲོགས་མང་པོ་ཞིག་ལ་དེ་དེ་བཞིན་དུ་རྣོ་ངར་ལྡན་པའི་རྣམ་དཔྱོད་ཡོད་པའི་རྟགས་མཚན་གསལ་བོར་མངོན་ཡོང་གི་འདུག །ཆོས་ལུགས་དང་ཆབ་སྲིད། རིག་གནས་སོགས་གང་ཐད་ནས་གླེང་བ་ལ་ཕན་ཐོགས་བློ་སྐྱེད་ཡོང་བ་ཞིག་ཅིས་ཀྱང་གནང་རོགས།
ད་དུང་ཞུ་རྒྱུ་ཞིག་ལ། རྔ་པ་རྒྱལ་ཁམས་པའི་འཇིག་རྟེན་ཁམས་ལས་འཕྲོས་བའི་གཏམ་བཟང་དང་འབྲོང་བུ་ཟླ་བ་ཚེ་རིང་གིས་བྲིས་བའི་ནུབ་ཕྱོགས་ཨང་རྩིས་ཀྱི་འགྲོས་ལུགས་ལྟ་བུའི་ཚན་རིག་གི་སྐོར་ཁ་བརྡ་དྲ་བ་འདིར་སྤེལ་ཐུབ་ན་མི་མང་པོ་ཞིག་ལ་ཕན་ཐོགས་ངེས་ཅན་འདུག་པ་དང་། ཉོག་གཏམ་ཁོ་ནར་མགོ་འཁོར་ནས་བསྡད་ན་ནམ་ཞིག་གང་འདྲ་ཆགས་ཡོང་ཆ་མ་འཚལ་བ་དང་ཤེས་ཡོན་རྣལ་མ་ཞིག་ཡོང་བ་ལ་ཕྱོགས་གང་ཐད་ནས་ང་ཚོའི་སྤྱི་ཚོགས་འདི་ཆབ་དཔལ་རིག་གསུམ་འཛོམས་པའི་དུས་རབས་ཉེར་གཅིག་པའི་རྗེས་ཆོད་པ་ཞིག་དགོས།
མིག་བརྒྱད་ཡོད་རུང་།་གཞོགས་གཅིག་ཀྱང་ཡག་པོ་མི་མཐོང་ན་ཅི་ཕན། ཕ་ས་ཤོར་ནས་མི་ལ་རེ་དགོས་པའི་གཉན་འཕྲང་དུས་ད་དུང་ནང་ཁུལ་དཀྲུགས་ཤིང་ཀྱང་ཀྱང་གི་རྩོམ་སྙིགས་སྤེལ་བསྡད་ན་ཕན་པ་ཅང་ཨེ་འདུག