བསམ་གླིང་ཚེ་རིང་ལྷ་མོ།
ཀ་ཅོག་ཞང་གསུམ་ལ་སོགས་སྔོན་དུས་མཁས་པའི་སྐྱེ་བོ།།
ཁ་བ་གངས་ཅན་གྱི་ཡུལ་ལ་ཇི་ལྟ་ཇི་སྙེད་ཅིག་བྱོན་ཞིང་།།
གང་ནས་གང་དུ་སོང་ཡང་སྐྱེ་བོ་དམ་པ་ཡིས་ཁེངས་ན།།
ང་ཚོའི་རྒྱལ་ཁབ་འདི་ལ་རྒྱ་མིའི་བཙན་དབང་དེ་ཨེ་ཡོང་།།
ཅ་དངོས་དཔལ་འབྱོར་རིག་པ་ང་ཚོའི་རྒྱལ་ཁབ་ཏུ་དར་ཞིང་།།
ཆ་ཚང་ཚན་རིག་དངོས་རྫས་རང་མགོ་རང་ཐོན་སུ་ཡོད་པ།།
ཇ་ལ་དགའ་བའི་བོད་མིས་ཇ་ཡང་བཟོ་སྟངས་མ་འཇོན་པའི།།
ཉོབ་ཏོ་དེ་འདྲ་མེད་ན་རང་བཙན་ཤོར་བ་རང་ཨེ་ཡོང་།།
ཏན་ཏན་རྒྱལ་ཁབ་ཆེད་དུ་བསམ་བློ་ཚགས་ཚུད་རང་བཏང་ཞིང་།།
ཐ་མལ་ཇ་ཆང་ལོངས་སྤྱོད་སྐྱིད་ཉལ་སྒྱིད་ལུགས་རང་ཆེ་བ།།
ད་དུང་རང་ངོ་མ་ཤེས་འཁྲུག་རྩོད་རང་ཞེན་རང་མེད་ན།།
ན་ཟུག་སྙིང་ལ་བརྣག་པའི་རང་བཙན་ཤོར་བ་རང་སྲིད་དམ།།
པ་ཕས་ཨ་མ་བྲལ་ཏེ་དགྲ་བོའི་རྗེས་འདེད་ལ་གཡོལ་ཞིང་།།
ཕ་ཡུལ་ནོར་བུའི་བང་མཛོད་ཡོད་ཚད་རྒྱ་ལག་ཏུ་ཤོར་བ།།
བོད་རྒྱལ་སྲོང་བཙན་སྒམ་པོས་མཁའ་དབྱིངས་ནས་སྤྱན་ཆབ་བསིལ་ཞིང་།།
མ་ཡུམ་གངས་ཅན་བོད་དེ་ཁྲག་གིས་འཁྱིལ་བ་དེ་སྐྱོ་ཨང་།།
རྩམ་པས་གྲོད་པ་རྒྱག་ཅིང་ཇ་ཡིས་སྐོམ་སེལ་ཞིག་བྱུང་ན།།
ཚ་གྲང་སྙོམ་པའི་ཡུལ་ཞེས་འདོད་ཆུང་ཆོག་ཤེས་རང་མེད་ཅིང་།།
ཛ་དྲག་དམག་ཆེན་དག་གིས་འཛམ་གླིང་འདིར་ཁ་གྱུར་བྱེད་པ།།
ཝ་ལེར་ཤེས་རྟོགས་ལྡན་ན་བོད་ཡུལ་སྲུང་བ་ལ་བརྩོན་སྲིད།།
ཞྭ་མོའི་འོག་གི་དཔྲལ་བར་རི་མོ་རང་གྲུབ་ཏུ་རྨོངས་ཤིང་།།
ཟ་ཉལ་སྐྱིལ་ཉལ་བྱེད་ཀྱིན་རང་ལྟ་ཕྱོགས་འཛིན་རང་མེད་ཅིང་།།
འ་ཅག་སྤུར་རྒྱལ་ཡུལ་དེར་བརྩེ་སེམས་ལྷད་མེད་ཅིག་ཡོད་ན།།
ཡོ་ལངས་རྦ་རླབས་འཁྲུག་པའི་དམར་ཤོག་ལས་རྣམ་པར་རྒྱལ་སྲིད།།
རང་མགོ་ཆུ་འདྲེན་བྱེད་པའི་བྱ་སྤྱོད་ངན་པ་རྣམས་སྤངས་ཏེ།།
ལག་བཏང་གཅིག་ཏུ་སྦྲེལ་ཞིང་གོམ་སྒྲ་གཅིག་ཏུ་རང་སྒྲིག་ནས།།
ཤ་ཁྲག་གཅིག་གི་མི་རིགས་འཛམ་གླིང་མཐོ་སྒང་ནས་ངོམས་ན།།
ས་དེ་ཚ་བའི་ཡུལ་གྱི་མགྲོན་པོ་ང་ཚོ་རང་ཨེ་ཡིན།།
ཧ་ཅང་སྙིང་སྟོབས་ཅན་ཚོས་སྐུ་ལུས་མེ་དཔུང་ལ་བསྲེགས་དུས།།
ཨ་ཕྲེང་རིང་མོའི་སྐྱོ་གླུ་མ་ལེན་རང་ལེན་ལས་མི་འདུག།
ཧ་ཅང་གདུང་ཡུས་ཀྱིས་སྒྲིག་པའི་ཀ་ཕྲེང་ཀྱག་ཀྱོག་འདི་ཀོ།།
ཨེ་མ་བཙན་པོ་གོང་མ་མེས་དབོན་རྣམ་གསུམ་གྱིས་མཁྱེནད་ཅིག།
ཀ་ཁ་ཀློག་ཙམ་ཤེས་པས་ཀ་རྩོམ་ཞིག་འབྲི་ནས། །
ཁ་ཤས་མཁས་པར་རློམ་སྟེ་ང་རྒྱལ་རེ་སྐྱེ་ཡང་། །
ག་ལས་ཞིབ་ཏུ་བལྟས་ན་ཡིག་ནོར་གྱིས་གང་བས། །
ང་ཅག་བོད་ཀྱི་རིག་གཞུང་སྐྱོབས་ཐབས་ཞིག་འདུག་གམ། །
ཅ་ཅོ་དབེན་པའི་གནས་ན་སྒོམ་སྒྲུབ་རེ་དྲན་ཡང་། །
ཆ་རྐྱེན་ཇི་ལྟར་འཛོམས་པ་གཏན་ཁེལ་རང་མེད་པས། །
ཇ་མ་ཇོ་མོ་འདི་ཡང་མཉམ་ཁྲིད་དུ་བྱས་ན། །
ཉ་ཤ་གསོས་པ་ཁོ་ནས་གསོ་དགོས་རང་ཨེ་ཡོངས། །
ད་གཉིད་ཁུག་གི་འདུག་ཉལ་གི་ཡིན་དྲ་གྲོགས་ཚང་མར་good 9t ཞུ་གི་ཡིན།
ཨ་མ་རིག་བཟང་ཞིག་གིས།།
ཧ་ཅང་བསམ་གཞིགས་བཏང་མཐར།།
ས་མཐའི་སྐྱོ་བའི་མཆི་མ།།
ཤ་གསེབ་རུས་ལ་གཏོར་སོང་།།
ལ་ལུང་ཀུན་ལ་འཁྱམས་པའི།།
ར་ལྟར་གྱོང་བའི་གཤིས་ཀྱི།།
ཡ་མེད་སྤྱོད་པའི་རིགས་ལ།།
འུ་ཐུག་གཏམ་གྱི་མདའ་མོ།།
ཟ་ཀོང་པགསནད་འཇོམས་ཕྱིར།།
ཞྭ་མོ་གྱོན་སར་འཕངས་སོང་།
༧ཏ་ལའི་བླ་མའི་གདུལ་ཞིང་གངས་ཅན་གྱི་བོད་ཡུལ་།
ཐ་མལ་གླ་གློའི་དམག་གི་བཙན་རྒོལ་གྱི་འོག་ནས་།
ད་ལྟའི་རང་སྲོག་གཏོང་བའི་ལས་དབང་འདི་བསམ་ཚེ་།
ན་ཟུག་སྙིང་གི་མདའ་མོ་བཟོད་ཐབ་ནི་མི་འདུག་།
བྱོན་ཞིང་།། འདིར་ད་བཤུལ་ཅན་ལ་ཅིང་། སྒྱིད་ལུགས། ངའི་བློ་འཛིན་དུ། སྒྱིད་ལུག་ཅིང་། ས་ཡང་འཇུག་ཡོད་མེད་དཔྱད། རྒྱག་ཅིང་། འདིར་རྒྱགས་ཤིང་། དགོས་བསམ་དཔྱད། སྦྲེལ། འབྲེལ། གཉིས་ཀྱི་ཁྱད་པར་ཤེས་མཁན་དཀོན། འདིར་སྦྲེལ་བཀོད་པ་ལེགས། སྒྲིག་ནས། འདི་ལྷག་བཅས་ལ་འདས་ཚིག་དགོས།
སྙན་དངགས་མཁན་བསམ་ལྷ་མོའི།
འཇེབས་པར་སྡེབས་ལ་དོན་ཟབ་པའི།
ཀ་འཕྲེང་ཅན་གྱི་རྩོམ་ཡིག་འདིར།
དཔྱད་ཚིག་དགེ་ན་ལེན་པར་མཛོད།།
དེ་འདྲ་རང་ལྟ་ཨེ་ཡོང་།
དེ་འདྲ་རང་ད་ཨེ་ཡོང་མ་རེད་ནེ། དེ་འདྲ་འདྲ་པོ་(ལྟ་—–ད་)ཨེ་ཡོང་། རོགས་པ་ཞིག་གནོངས་དང་།
༼དེ་འདྲ་རང་ད་ཨེ་ཡོང་མ་རེད་ནེ༽ འགྲིག་འདུག་ན་༼དེ་འདྲ་རང་ལྟ་ཨེ་ཡོང་།༽མ་འགྲིག་པ་ཞིག་ག་ལ་ཡིན། ལར་ནས་རྒྱུགས་པ་ལེབ་རྡུང་དུ་འགྲོ་ཉེན་ཆེ་བ་མ་གཏོགས་ཨ་མདོ་བ་འདི་ཚོ་ཧམ་པ་ཚ་བ་མ་ཚོད་ཡོད་མ་རེད། ཁོང་ཚོའི་ཁ་སྐད་དང་མ་མཐུན་བརྡ་སྤྲོད་པའི་གཞུང་ལུགས་ནས་བྱུང་ཡང་ཅིག་ཅིག་མག་མག་ལབ་གི་རེད། བརྡ་སྤྲོད་དང་མ་མཐུན་ཡང་ཁོང་ཚོའི་ཡོད་ནི་རེད་ཟེར་བ་འདྲ་པོ་ཡིན་ཤག་ཤག་བྲིས་ཡོང་གི་རེད།
ང་ཨིན་ཇིའི་སློབ་གྲྭར་འགྲོ་དུས་སུ་སློབ་དགེས་དག་བཅོས་བྱས་རྗེས། ལེགས་སོ། ཤིན་ཏུ་ལེགས་ཟེར་བ་མ་གཏོགས། དམའ་འབེབས་ཤིག་བྲིས་པ་མི་དྲན། ཨིན་སྐད་སློབ་དགེ་དག་གི་བྱེད་སྟངས་དེ། རྒྱལ་ཚབ་དར་མ་རིན་ཆེན་གྱི་མཛད་པ་དང་མཐུན་ཏེ། དར་མ་རིན་ཆེན་ལ་མཁས་གྲུབ་རྗེས་འདི་ལྟར་བསྟོད་དེ།
སྐྱེ་བོ་ཡོན་ཏན་མེད་ལ་འང་།
ཡོན་ཏན་ལྷག་པར་སྒྲོ་བཏགས་ནས།
གཅམ་བུ་ཁོ་ནའི་ངག་གིས་ནི།
མགུ་བ་ལྷུར་ལེན་ཚིག་ཏུ་སྨྲ།། དཔལ་ལྡན་ཡོན་ཏན་མ། ཚིགས་ ༡༥
དེ་ལྟར་མཛད་པ་ལ་དགོས་པ་མཐོང་སྟེ། སྐྱེ་བོ་སུ་ཡིན་རུང་དེ་ཡི་བྱ་བ་བཟང་པོ་ལ་སྤྲོ་བ་སྤེལ་ན། རིང་པོར་མི་ཐོགས་པར་སྐྱེ་བོ་དེ་ཡོན་ཏན་ཅན་དུ་ཆགས་ངེས།
གཞན་ཡང་རྗེ་དགེ་འདུན་གྲུབ་ཀྱིས་རྩོད་པའི་སྐབས་སུ་བསམ་པ་ཇི་ལྟར་དགོས་པ་ལ་འདི་ལྟར་གསུངས་ཏེ། ཕ་རོལ་པོ་དམའ་བར་འདོད་པའི་ཞེ་སྡང་དང་། རང་ཉིད་མཐོ་བར་འདོད་པའི་འདོད་ཆགས་དང་། རིགས་ལམ་འདོར་བར་འདོད་པའི་གཡོ་སྒྱུ་རྣམས་ནི་རྩོད་པའི་བསམ་པ་ཐ་ཤལ་ཡིན་ལ། རང་གིས་རྟོགས་པར་འདོད་པའི་གུས་པ་དང་། གཞན་གྱི་ལོག་རྟོག་བསལ་བར་འདོད་པའི་སྙིང་རྗེ་དང་། ཕ་རོལ་པོ་ལ་ཟབ་མོའི་ཆོས་བསྟན་པར་འདོད་པའི་བྱམས་པ་རྣམས་ནི་རྩོད་པའི་བསམ་པ་ཕུལ་དུ་བྱུང་བ་ཡིན་ནོ།། ཚད་མ་རིགས་རྒྱན། དབུས་སྤར། ཤོག་ ༡༤༠
རྒན་ལ་དྭགས་པའི་བསླབ་མོལ་འདི་གསེར་ལས་ཀྱང་རིན་ཐང་ཆེ་བས་ང་ཚོ་དྲ་གྲོགས་རྣམ་པས་དགག་སྒྲུབ་མ་ནོར་བའི་ཐོག་ནས་མ་ནོར་བ་ལ་མ་ནོར་བ་དང་ནོར་བ་ལ་ནོར་བར་ཕྱོགས་སུ་མ་ལྷུང་བའི་བློ་གཟུ་བོར་གནས་ནས་འབད་པ་གང་ལེགས་བྱ་དགོས་ངེས་ཡིན།
ནང་ཁུལ་མཐུན་སྒྲིལ་མེད་པ་རྒྱལ་ཁབ་གང་སར་དུ་ཡོད་ཀྱང་། །མནའ་སྐྱེལ་དམ་འབུལ་ས་རྟགས་བསྡུ་རུབ་དབང་ཡོད་ཀྱི་བྱ་བ། །
བཙན་བྱོལ་བོད་པར་མ་གཏོགས་མི་རིགས་སུ་ལ་ཡང་མེད་པས། །ཀླད་རྙིང་འཁྲེགས་འཛིན་ལྟ་ངན་འདི་ནི་རྒྱང་རིང་དུ་འདོར་རན། །
དྲྭ་གྲོགས་སྣམས་པ་ཚོ་བདག་ལ་སྐབ་འདིར་ཞུ་བྱ་ཞིག་ལ་། བསམ་གླིང་ཚེ་རིང་ལྷ་མོ་ལགས་ཀྱི་ཀ་རྩོམ་དེའི་མཆན་གྱི་ཐོག་མ་།amdo baglab ནས་ཀ་སྡེ་དང་ཅ་སྡེ་བྲིས་ནས་ཁོང་གཟིམ་ཁུག་བཞག་རེད་་ དེ་ནས་བདག་གིས་ཏ་སྡེ་ནས་མགོ་བཙུགས་ཡིན་། དེ་ནས་གྲོགས་མང་པོ་ཞིག་ཐོན་འདུག་འོན་ཀྱང་ང་ཚོའི་ཀ་རྩོམ་འདི་ལ་དོ་སྣང་བྱེད་མཁན་མ་མཐོང་་། གང་ལྟར་ཏ་སྡེ་དེ་གོང་གི་མཆན་གསུམ་པ་ལ་གཟིག་ནས་། སུ་ཞིག་གི་མུ་འཐུད་རྒྱུ་རེ་བ་ཡོད་།
པ་རེ་པུ་རེ་བཤད་ནས་རང་མགོ་རྡུང་བའི་ཐོ་བ།།
ཕ་ཡུལ་གངས་ཅན་ལྗོངས་ཀྱི་བདེ་སྡུག་སེམས་ལ་མ་དྲན།།
བ་རྒན་ཙྭ་ཟན་བཞིན་དུ་ཤེས་བྱ་ཡོན་ཏན་དབུལ་བའི།།
མ་རབ་མཆན་པ་འདི་ཚོ་རྒྱ་དམར་ཀླ་ཀློའི་ཁྱི་ཡིན།།
དེ་འདྲ་རང་ད་ཨེ་ཡོང་།
དེ་འདྲ་རང་ལྟ་ཨེ་ཡོང་།
གཉིས་ཀ་འབྲི་མི་དགོས་པར།
དེ་འདྲ་རང་། ཨེ་ཡོང་། ཙམ་གྱིས་མི་འགྲིགས་སམ།
ཡང་།
རྣམ་པ་ཚོ། དེ་ལས། རྣམས་པ་ཚོ། དེ་དག་པར་མཐོང་ལགས།
བསྡེབས་ལེགས་གསེར་གྱི་ཕྲེང་བ་དང་མཉམ་པའི།།
དེ་ཡི་སྒྱུ་རྩལ་ལ་ནི་བློ་མིག་གིས།།
དཔྱད་ཀྱང་མ་ལྕིགས་བསམ་གླིང་བུ་མོའི་དབྱངས།།
སྐབས་གསུམ་སྐྱེད་མོས་ཚལ་ཡང་དོག་པར་བྱས།།
ཨོ་མེ་ཏོག་དཀར་པོ་ལགས་ཁྱོ་ཐོན་ཡོད་ནེ།
བསམ་བློ་ཞིབ་མོ་ཞིག་གཏང་ཁུལ་བྱས་ཡིན་སྟེ། ནོར་མེད་འགྲོ་བསམ་པའི་དོགས་པ་ཞིག་སྐྱེས། དེ་ནས་གལ་དེ་མོ་ནོར་ཡོད་ན་བསམ་གླིང་ལྷ་མོ་ལྷ་རུ་འདོད་པའི་སྐྱེ་བུ་ཚང་མ་ནོར་ནས་རྗེས་མར་བོད་ཡིག་འདི་དང་བོད་སྐད་འདི་གཉིས་འབྲེལ་མེད་དུ་འབྲི་མགོ་ཚུགས་པའི་སྔ་ལྟས་ངན་པ་ཞིག་ཐོན་པ་མིན་འགྲོ་བསམ་ནས་དེ་ལྟར་ཐལ་བ་རེད། སྐྱོན་མེད་ན་ཡོང་ང་།
གནམ་ཁོ་རེ། ངེད་གཉིས་ཁ་བརྡ་མི་ཁོམས། བསམ་གླིང་མཛེས་མ་འདི་ལ་བསྔགས་བརྗོད་བྱེད་དགོས་ཡ།
ཀ་བ་མེད་པའི་ཁང་ཆུང་གྲུ་བཞི་གཅིགས།
ཁ་ལག་ཟ་སའི་འགྱིག་གི་སྡེར་མ་དགའ།
གར་སོང་ཆ་མེད་ཁྱིམ་མཚེས་འབྲུག་པ་ཞིག
ངལ་གསོ་རྒྱབ་སའི་ཤིང་གི་རྐུབ་སྟིག་གཅིག
ཅ་གས་བསག་པའི་རྒྱ་ལོར་སྔོན་པོ་དྲུག
ཆ་རྒྱུད་མེད་པའི་ཆུང་འབྲིས་བྱམ་པ་གཅིག
ཇ་ཆུ་སྐོལ་སའི་ཕུ་ཐབས་རང་སྒྲིག་གཅིག
ཉིན་རེར་ཟ་བྱེད་རྡ་འབྲས་དོ་པོ་གཉིས།
ཏ་ལའི་ཤིང་གིས་ཟོས་པའི་སྒྲོག་ཙེ་ག
གཅིག་ལ་བཅོས་རོག་གནང་
བསམ་གླིང་ཚེ་རིང་ལྷ་མོས། །
བསྡེབས་ལེགས་མེ་ཏོག་ཕྲེང་བ། །
སྐབས་གསུམ་པ་ལ་ཕུལ་བ། །
རིན་ཆེན་སྒྲོལ་མས་མཐོང་འདུག །
ཀ་ཁའི་སྡེབ་སྦྱོར་མཁྱེན་པ་བསམ་གླིང་ཚེ་རིང་ལྷ་མོས།།
ཁ་ཙམ་མིན་པའི་ཀ་ཤད་དྲ་རྒྱ་འདི་རུ་སྤེལ་འདུག།
ག་ས་གང་ནས་ལྟས་ཀྱང་མོ་ཡི་བསམ་ཚུལ་ལྷུག་པོ།།
ང་ཅག་དྲ་གྲོགས་ཡོངས་ཀྱི་ཀློག་པའི་སྐལ་བ་ལྡན་སོང༌།།
ཅ་ཟིང་སྤྱི་ཚོགས་ཁྲོད་ཀྱི་བོད་རིགས་བུ་མོ་ཞིག་གིས།།
ཆ་ལུགས་བོད་དང་མཐུན་པའི་སུམ་རྟགས་སྙན་གསུམ་སྐལ་ནས།།
ཇ་ཆང་རོ་སྲེད་པའི་རང་རེའི་རྒན་གཞོན་རྣམས་ལ།།
ཉ་མོ་ཁྱུག་འདྲའི་རྩོམ་ཡིག་གློག་ཀླད་དུ་ནང་དུ་འཆར་གྱི།།
ད་ང་གཉིད་སད་སོང་།་་་་་་་་་ཁ་སང་དེ་མུ་འཐུད་ནས་ཡིན།་་་་་་་་་་་
ཀ་ཁ་ཀློག་ཙམ་ཤེས་པས་ཀ་རྩོམ་ཞིག་འབྲི་ནས། །
ཁ་ཤས་མཁས་པར་རློམ་སྟེ་ང་རྒྱལ་རེ་སྐྱེ་ཡང་། །
ག་ལས་ཞིབ་ཏུ་བལྟས་ན་ཡིག་ནོར་གྱིས་གང་བས། །
ང་ཅག་བོད་ཀྱི་རིག་གཞུང་སྐྱོབས་ཐབས་ཞིག་འདུག་གམ། །
ཅ་ཅོ་དབེན་པའི་གནས་ན་སྒོམ་སྒྲུབ་རེ་དྲན་ཡང་། །
ཆ་རྐྱེན་ཇི་ལྟར་འཛོམས་པ་གཏན་ཁེལ་རང་མེད་པས། །
ཇ་མ་ཇོ་མོ་འདི་ཡང་མཉམ་ཁྲིད་དུ་བྱས་ན། །
ཉ་ཤ་གསོས་པ་ཁོ་ནས་གསོ་དགོས་རང་ཨེ་ཡོངས། །
ཏ་ལའི་སྡོང་པོ་ཞིག་གི་གཤམ་འོག་ལ་གཉིད་ནས། །
ཐ་གྲུ་ཡོངས་སུ་བསྐོར་བའི་རྨི་ལམ་ཞིག་རྨིས་མཐར། །
ད་ནི་རང་ཡུལ་ཕྱོགས་ལ་འགྲོ་རན་འདུག་ཟེར་བའི། །
ན་ཆུང་མཛེས་མ་ཞིག་གི་སྐད་གསང་ཞིག་ཐོས་བྱྱུང་། །
པ་ལོ་དྲུང་ནས་གཅོད་པའི་རབ་བྱུང་ཞིག་མིན་པས། །
ཕ་རྒན་བུ་ཕྲུག་ཁྱེར་ནས་སྤྲང་ཉུལ་དུ་སོང་བས། །
བ་ལང་སྤྱོད་ལྟར་མིན་པའི་འབག་གཙོག་གི་གནས་འདིར། །
མ་རྒན་ང་ལ་སྒུག་ནས་ལོ་གསུམ་ཙམ་ཕྱིན་འདུག །
ཙ་ག་ཙིག་གེ་རྙེད་པའི་ཅ་ལག་རྣམས་ཁུར་ནས། །
ཚ་ལང་གཡོ་བའི་རྒྱ་གར་འབོམ་བྷེ་རུ་སོང་སྟེ། །
ཛ་དྲག་དུས་དང་བསྟུན་ཏེ་ཉོ་ཚོང་རེ་བྱས་ཀྱང་། །
ཝ་ལེར་རྒན་མོའི་གདོང་དེ་ལྷང་ལྷང་ཞིག་དྲན་བྱུང། །
ཞྭ་མོ་ཞིག་ལས་མེད་ཀྱང་ཕྲག་པ་རུ་བཀལ་ནས། །
ཟ་ཁང་ཐབས་ཆག་ཞིག་གི་ནང་རོལ་དུ་སོང་བས། །
འ་ཅག་བོད་མི་ཁྱུ་ཞིག་དགོངས་ཟས་ལ་རོལ་བཞིན། །
ཡ་ཡ་ད་ཡང་མེར་བསྲེག་བཏང་བཞིན་དུ་གདའ་ཟེར། །
ར་བ་གངས་རི་བསྐོར་བའི་སྨན་ལྗོངས་ཀྱི་ཞིང་དེར། །
ལ་ལུང་དུ་མ་བརྒལ་ཏེ་ཀླ་ཀློ་ཡི་ཚོགས་ཀྱིས། །
ཤ་རུས་གདུང་བརྒྱུད་གཅིག་པའི་སྤུན་ཟླ་རྣམས་གཏོར་ཏེ། །
ས་ཕྱོགས་གང་སར་ཉུལ་དགོས་བྱུང་བ་འདི་སྐྱོ་འོ།།
ཧ་ཅང་དཔའ་རྩལ་ཆེ་བའི་བོད་མི་ལ་ལྟོས་དང་། །
ཨ་ཅོར་གནས་སྐོར་འགྲོ་བཞིན་རང་ཡུལ་ནི་བཞག་སྟེ། །
ཧ་ལམ་ལོ་ངོ་བཅུ་ཕྲག་དྲུག་ལ་ནི་ཕྱིན་པས། །
ཨ་ཧོ་རང་དབང་ཐོབ་པའི་དུས་ཚོད་ཞིག་ཡོད་དམ། །
ཀ་རྩོམ་དེར་དྲ་གྲོགས་ཚང་མས་ཞུ་དག་རེ་གནང་རོགས་ཞུ།
གདེང་ཚོད་མེད་ན་ཀ་རྩོམ་མཐའ་འཁྱོལ་མི་འཁྱོལ་བྱས་ནི་བྲིས་ནས་ག་རེ་བྱེད་གི་ཨ།
ར་བ་གངས་རི་བསྐོར་ཟེར་ནས་བཙན་སྦྱོར་བྱས་པའི་དགོས་བ་ག་རེ་རེད། ཡིག་ཐོག་དུ་འགྲིག་ཡོད་བསམ་ན་ཐང་། ངག་ཐོག་ནས་དེ་ལྟར་བཤད་དགོས་ཟེར་ན་བོད་ཡིག་ད་ཕར་བཞག་ཐ་ན་བོད་སྐད་ཡང་ཡག་པོ་མི་ཤེས་ནིའི་རྒྱ་ལུ་ཞིག་དང་གཅིག་པ་རེད།
ཟ་ཁང་ཐབས་ཆག་ཞིག་གི་ནང་རོལ་དུ་སོང་བས། །
ཐབས་ཆག་ ཅེས་པར་ཡི་གེའི་དག་ཆ་ཇི་ལྟར་དགོས། ནན་ཏན་རང་མ་ཤེས། འོང་ཀྱང་། ཆག་ཞིག ཅེས་པ་ལ། ཅིག་ ཞིག་ ཤིག་ གསུམ་པོ། རྗེས་འཇུག་དང་། ཡང་འཇུག དབྱངས་མཐའ་ཅན་སོ་སོར་བགོས་ཡོད་པ་མཐོང་། ག་ ད་ བ་ རྗེས་འཇུག་གསུམ་དང་། ན་ ར་ ལ་ གསུམ་ལ་ད་ཡང་འཇུག་ཅན་ལ་ཅིག་དགོས། དེ་ཡང་སྔོན་དུས་དའི་ཡང་འཇུག་ཡོད་ཀྱང་། དིང་སང་བཤུལ་ཙམ་ཤེས་དགོས་པས། ད་བཤུལ་ཞེས་མིང་བཏགས་པ་དེ། ད་དྲག་ཅེས་པ་ལས་གོ་སླ་བར་བསམ་པ་ཡོད་ན། མཁྱེན་ལྡན་འགས་དགོངས་འཆར་རེ་གསུང་བར་རེ་འདུན་ཞུའོ།།
ངན་པའི་དོན་ལ། མི་ཐེབས་ཆག་ཐེབས་ཆག་རེད་། དང་། སྡོད་ས་ཐེབས་ཆག་ཐེབས་ཆག་རེད་འདུག ལྟ་བུ།
དྲ་གྲོགས་རྣམས་པ་ལྷན་རྒྱས་ཕེབས་པར་དགའ་པོ་བྱུང་།
ད་དུང་ཨམ་མདོ་བག་ལེབ་ལགས་ཀྱི་ཞ་སྡེའི་ནང་དགོངས་ཟས་ཨེ་ཡིན།
སྡེ་པ་ཕྱེད་ཧ་སྡེའི་ནང་། དུས་ཚོད་ཞིག་ཨེ་ཡིན།
གནམ་བུ་ལགས་དེང་སང་མཛེས་མ་ལྷ་སྐྱིད་ལགས་བོར་བརླག་ཤོར་ཙང་
གདོང་པ་གློད་གློད་པར་བཞུགས་ཀྱི་འདུག
གཞན་བཀུར་འོས་རྒན་བློ་བཟང་འཇམ་དཔལ་ལགས་ཀྱིས་དག་བཅོས་
གནད་སྨིན་གནང་བར་བཀའ་དྲིན་ཆེ།
ཀ་ཕྲེང་རིམ་པར་བསྒྲིགས་པའི་ཚིག་སྦྱོར་གྱི་མཛེས་རྒྱན།།
ཁ་ལྗོངས་ཤེས་རིག་དགའ་མའི་མགུལ་བ་རུ་བརྒྱན་ཏེ།།
ག་དུས་མཇལ་ཡང་ལང་ཚོའི་མཛེས་སྡུག་དེ་བཀྲ་བར།།
ང་ཅག་རྣམས་ཀྱིས་ཡིག་ནོར་དྲི་མ་རྣམས་དོར་ཅིག།
ཀ་ཁ་སྦྱོང་དགོས་ལས་འགན་དེ། །
ཁ་བ་པ་ཡི་ལས་འབྲེལ་རེད། །
ག་ཝར་བལྟས་ཀྱང་ཡར་རྒྱས་ཤིག །
ང་ཚོའི་ཁ་བརྡའི་ནང་ལ་འདུག །
ཅ་གས་བསྐྱངས་པའི་རང་རིགས་ཀྱི་ཕ་སྐད།།
ཆ་ལུགས་མཐུན་པའི་རང་རིགས་ཀྱི་བརྡ་དག།
ཇ་རོ་བཞིན་དུ་ཕན་མེད་དུ་མ་དོར།།
ཉ་མོ་མཚོ་ལ་ཆགས་འདྲའི་བརྩེ་བ་ཞིག་ཆོངས་དང་།།
ཏྰ་ལའི་བླ་མའི་བཀའ་སློབ་ནས། །
ཐ་ན་བོད་ཡིག་ཡིག་འཁྱར་བར། །
ད་ལྟ་རང་ནས་ཀློག་འགོ་ཚུགས། །
ན་ཚོད་རྒས་རིམ་མཁས་ཁྱད་འོང་། །
པ་ལོ་བཅིང་པའི་སྐུ་དྲག་གིས།།
ཕ་ཡུལ་རྒྱ་ལག་ཤོར་ཏེ་ཐལ།།
བ་གླང་བཞིན་དུ་མ་ཉལ་བར།།
མ་ཡུམ་གངས་ལྗོངས་ལོན་པར་གྱིས། །
རྩམ་ཟན་བོད་རིགས་ཡོད་ཚད་ཀྱིས། །
ཚ་གྲང་སྡུག་བསྔལ་བཟོད་བསྲན་དང་། །
མཛའ་མཐུན་ནང་སྒྲིག་ཆིག་སྒྲིལ་ཐོག །
ཝ་སྐྱེས་རྒྱ་གཞུང་མཐར་སྤྲོད་ཐོངས། །
ཞ་སྨྱུག་ལག་ལ་ཐོགས་ཚད་ཀྱིས།།
ཟ་ཟིའི་དབུ་མའི་ཐབས་ལམ་འདི།
འ་ཅག་བོད་གྱི་རྩ་དོན་ལ།།
ཡ་མཚན་ཡོད་རབས་ངས་མ་ཤེས།།
ར་སྡེ་སྟོང་པ་རེད་ཞག་མཆན་མི་འདུག།
ལ་འུར་མཆན་ཞིག་བྲིས་དགོས་ཅིག་བསམ་ཡང་།
ཤ་་རེར་ཡིད་ལ་འཆར་རྒྱུ་ཅང་མེ་ན་།།
ས་བར་འགའ་རེས་་འདི་འདྲ་འབྲི་ཡང་སྲིད།།
ཧ་ལམ་བོད་ཡིག་ཤེས་མཁན་མེད་པ་འདྲ།།
ཨ་ཙི་ད་ནི་ཅི་ཞིག་བྱ་དགོས་སོ།།
ཧ་ཅང་བོད་ཡིག་ལ་དགའ་ནས། །
ཨ་ཕོའི་མཆན་བུ་དག་ལ་ལྟོས། །
སྙན་པའི་ངག་ལས་གྱེར་བའི།
སྙན་ཚིག་པེ་དབང་གཞོན་དུ།
བསམ་གླིང་ཚང་ནས་གྲགས་པས།
ང་ཡི་སེམས་པ་སིམ་སོང་།
བསམ་གླིང་ཚང་གི་སྨྲ་སྒོ།
དེ་འདྲའི་ཡངས་པོ་ཡོད་ན།
ཁྱེད་ཀྱི་ཁ་སྒོ་སྐྱེ་འབྲས།
མཚར་པོ་ཡོད་པ་སྨྲོས་ཅི།
amdo baglab, if you are genuinely worried about the Tibetan language I will send you a book about the Tibetan nobility. If you read it, little by little your stomach, which is so hungry for Tibetan language, will fill up soon, so don’t worry.
I meant not “a book about the Tibetan nobility” but rather “a Tibetan novel.”
ཀ་ཁ་ཤེས་མཁན་མང་ངོ་བག་ལེབ་ལགས།།
ཁ་བརྡ་འདི་ལ་ལྟོས་དང་གོ་བར་ངེས།།
ག་དུས་བོད་ཡིག་སྦྱང་དགོས་བསམ་ན་ཁྱོད།།
ང་ལ་མཆན་ཞིག་བྲིས་ནས་ལེན་བཀུར་ཤོག།
ཀ་ཁ་ཤེས་ལ་མ་ཤེས་མང་པོ་ཞིག།
ཁ་ནས་ངག་འཆལ་མང་པོ་བཙུར་ནས་བཏོན།།
ག་ནས་བལྟས་ཀྱང་ང་འདྲ་མི་འདུག་པས།།
ང་ཡི་ང་རྒྱལ་འདི་ནི་དོན་དང་མཐུན།།
ཅ་ཅོ་མང་པོ་མེད་པའི་ཚེ་ལྷ་ཡི།།
ཆ་ལུགས་འཛུམ་གྱིས་ཁེངས་པའི་དབྱངས་སྙན་པོ།།
ཇ་དཀར་མངར་པོ་བཞིན་དུ་ཞིམ་པས་ན།།
ཉ་ལ་ཉུ་ལེ་མེད་པར་གཙང་དག་འཐུང་།།
ཏ་ལིག་སྒེའུ་ཁུང་མང་པའི་ཁང་བརྩེགས་ན།།
ཐ་མལ་སྐྱེས་པོ་བདུད་རྩིས་བཟི་བ་ཞིག།།
ད་ལྟ་ངག་དབང་ལྷ་མོའི་ཏམ་བུ་ར།།
ན་མཉམ་སྐྱེས་པོའི་ཚོགས་ལ་རྡུང་ལེན་བྱེད།།
པ་པོ་རྒས་ཀྱིན་རྒས་ཀྱིན་མག་པར་ཤོར།།
ཕ་རྒན་ཐོད་པ་བྱིལ་རུང་མནའ་མ་མང་།།
བ་དན་མདུང་བཟུང་ང་ཡང་སེམས་པ་ནི།།
མ་རྒན་མེད་ས་ཞིག་ནས་ལྐོག་ཏུ་འཇབ།།
ཙ་ཡ་མ་རེད་ཟེར་ན་སུ་ཡིས་རློམ།།
ཚ་ཚ་འོད་ཕུང་དབུས་ན་གཞོན་ནུ་དག།
ཛ་དྲག་མེ་ལ་མཆོང་པ་འདི་མཐོང་ན།།
ཝ་ལེར་མིག་མཐར་མཆི་མའི་མུ་ཏིག་མཆེད།།
ཞྭ་མོ་དམར་སེར་རྩོད་པའི་ཆོས་པ་འགའ།།
ཟ་སྒོ་གྲོང་ཆོག་ཉུལ་ན་དགའ་བ་ལས།།
འ་ཆད་འུ་ལ་ཐུག་པའི་ནང་འཁྲུག་སྤངས།།
ཡ་རབས་ལམ་ལ་ཞུགས་པ་དུས་ཀྱི་བརྡ།།
ར་ལུག་རང་གི་ཕྱུགས་ཟོག་འཚོ་དབང་མེད།།
ལ་ལུང་རང་ས་རང་གིས་སྤྱོད་དབང་མེད།།
ཤ་ཁྲག་གཅིག་ཏུ་འདྲེས་པའི་བོད་རིགས་རྣམས།།
ས་སྟེང་ཀུན་ལ་འཐོར་ན་ཤིན་ཏུ་སྐྱོ།།
ཧ་ཅང་སྙན་མོ་ཞིག་ནི་མ་བྱུང་ཐལ།།
ཨ་ཡིག་བར་དུ་བྲིས་ནས་བསྐུར་ཡོད་དོ།།
ཀ་ཡེ་ལ་དྭགས་བློ་འཇམ་ལགས། །
ཁ་ཁོག་མེད་པའི་དྲངས་གཏམ་ཞིག །
ག་ལེར་ཁྱེད་ལ་ཞུ་བ་ནི། །
ང་ཡིས་དབྱིན་ཡིག་མི་ཤེས་སོ། །