བསམ་གླིང་ཚེ་རིང་ལྷ་མོ།
རླབས་ཆེན་གྱི་བོད་རྒྱལ་ཁབ་ཆེན་པོའི་དཔའ་བོ་དང་དཔའ་མོ་ཇེ་སྙེད་ཅིག་གིས། རང་རང་གི་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་ཀྱིས་ང་ཚོའི་རྒྱལ་ཁབ་ཀྱི་ལ་རྒྱ་དང་། གཟི་བརྗིད་སྙིང་སྟོབས་སོགས་བརྩོན་ལེན་གནང་སོང་ལ། བོད་མི་རིགས་འདི་ཉིད་འཛམ་གླིང་སྟེང་ངོ་གནོང་མི་དགོས་པའི་མི་རིགས་ཤིག་ཡིན་པ་ར་སྤྲོད་གནང་སོང་།
དེ་སྔོན་ང་ཚོས་གསུམ་བཅུའི་དུས་དྲན་སོགས་ལ་སྐད་འབོད་བྱེད་སྐབས། སྲོག་དང་ཤ་ཁྲག་བློས་གཏོང་བྱེད་ཀྱི་ཡིན།རྒྱལ་ཁབ་ཀྱི་ས་ཆ་དུས་ནམ་ཡང་སྤྲོད་ཀྱི་མིན། ཟེར་བའི་འབོད་ཚིག་དེ་སྒྲོག་སྐབས། སོ་སོ་རང་ཉིད་ངོ་གནོང་ཞིག་གིས་གདོང་པ་ཚ་འུར་འུར་བྱེད་ཀྱི་འདུག་ལ། འབོད་ཚིག་དེ་ནི་ང་ཚོ་དང་ཅི་འདྲའི་རྒྱང་ཐག་རིང་བ་ལ་ཨང་སྙམ་མྱོང་།
རྒྱུ་མཚན་ནི་ང་དང་ང་ཚོས་ཤ་ཁྲག་དང་ཚེ་སྲོག་སྤྲོད་ཀྱི་མིན། རྒྱལ་ཁབ་ཀྱི་ས་ཆ་སུས་འཁྱེར་ནའང་འཁྱེར་ཞེས་པའི་བྱེད་སྟངས་ཤིག་ལ་མགོ་འཁོར་ཡོད།
འོན་ཀྱང་ད་ཆ་འབོད་ཚིག་དེ་དག་སྒྲོག་སྐབས་དམའ་མཐའ་སར་རྒྱ་གར་བ་ཚོར་ངོ་གནོང་མི་དགོས་པ་ཞིག་ཆགས་ཡོད། དེ་དག་ནི་ང་ཚོའི་བོད་ཕྱི་ནང་གཉིས་ཀྱི་དཔའ་བོ་དང་། དཔའ་མོ་ཚོའི་རླབས་ཆེན་གྱི་བྱས་རྗེས་ལས་མ་འདས།
ད་ཆ་ཁོང་རྣམས་པ་བཞུད་ཚར་སོང་ལ་ད་དུང་ཡང་བཞུད་བཞིན་འདུག ང་ཚོ་ནི་འཚོ་བཞིན་འདུག་ལ། ཁོང་རྣམས་པ་ཚོར་གྲངས་ཀ་རྒྱག་གིན་དུ་གནས་འདུག གལ་སྲིད་ཁོང་རྣམས་པ་ཚོའི་ཐུགས་དོན་ད་དུང་ཡང་སྒྲུབ་མ་ཐུབ་པར་དུས་ཚོད་ག་ཚོད་ཙམ་འགོར་ཡོང་།
ཁོང་དང་ཁོང་རྣམས་པ་ཚོས་བློས་གཏོང་དེ་ལྟར་མུ་མཐུད་གནང་སྲིད་དམ། འབྱུང་འགྱུར་མཉམ་འབྲེལ་རྒྱལ་ཚོགས་སམ། ཡང་ན་བོད་མི་རིགས་འདི་ཉིད་ལ་ཤ་ཚ་ཅན་གྱི་རྒྱལ་ཁབ་འགས། ང་ཚོར་བོད་ཀྱི་རྩ་དོན་བོད་རྒྱ་ཞི་མོལ་ཡོང་ཐབས་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་ཐབས་མ་ཡིན་པར།
དེ་ལས་ལྡོག་སྟེ་བཙན་བྱོལ་བོད་མིའི་འཚོ་གོས་ལ་སྐྱོབ་གསོ་དང་། སྐྱབས་བཅོལ་གཉིས་པའི་གཟིགས་སྐྱོང་།བོད་མི་རིགས་ཀྱི་སོན་རྩ་བོད་ཕྲུག་ཚོའི་ཆེད་དུ། སྦྱིན་བདག་འདོན་རྒྱུ་དང་། དངུལ་དམར་གྱི་རྒྱབ་སྐྱོར་ཁོ་ན་ལས་མ་བྱས་ན། ང་ཚོས་དེ་དག་ལ་དང་ལེན་ཞུ་ཕོད་དམ་མ་ཕོད།
དྲི་བ་དེ་༡༩༨༧ནས་༡༩༨༩བར་གྱི་བོད་ནང་དུ་ཤ་ཁྲག་གི་འགྲོ་སོང་བཏང་བའི་མཇུག་འབྲས་ཀྱི་ཉམས་མྱོང་དང་སྦྲགས། ༢༠༠༨ལོ་ནས་ངའི་སེམས་ནང་ལང་འགོ་ཚུགས་སོ།
བོད་རྒྱལ་ཡོངས་དམིགས་གསལ་ཚོགས་ཆེན་ཚོགས་པར་ད་དུང་དུས་ཚོད་མང་པོ་འདུག་ལ། ང་ཚོས་ཚོགས་འདུ་གང་མང་ཞིག་ཚོགས་བཞིན་པ་དང་། གྲོད་ཆོད་གང་མང་ཞིག་འཇོག་བཞིན་འདུག ད་རེས་ཚོགས་ཆེན་ཡང་གནས་སྟངས་གོང་མཚུངས་ལས་མ་བྱུང་ན། ད་ནི་ཅི་ཞིག་བྱེད་དགོས་སམ། ང་ཚོས་ད་དུང་ཚོགས་འདུ་རྫིག་པོ་དང་། གྲོད་ཆོད་རྫིག་པོ་ག་ཚོད་ཅིག་འཇོག་དགོས་སམ།
གལ་ཏེ་བཞུད་ཟིན་པའི་དཔའ་བོ་དང་དཔའ་མོ་རྣམས་པའི་བྱས་རྗེས་ཀྱིས། ང་ཚོ་བཙན་བྱོལ་བོད་མིའི་འཚོ་གོས་ཁོ་ནར་ཁེ་ཕན་ཐོབ་ན། ཁོང་རྣམས་པ་བཞུད་པའི་བཞུད་དགོས་ཆོད་ཡོད་དམ། ང་ཚོ་ལྷག་པ་ཚོ་ལྷག་དགོས་ཆོད་ཡོད་དམ། ཡང་ན་ལོ་ངོ་རྒྱ་ཕྲག་སྒུག་ནས་མི་རབས་རྗེས་མ་དང་རྗེས་མས་བོད་ཀྱི་རྩ་དོན་བསྒྲུབ་རྒྱུ་དེ་ཨེ་ཡིན། དེ་དག་ནི་ང་ཚོ་འཚོ་བའི་དམིགས་ཡུལ་ངོ་མ་དེ་ཡིན་ནམ།
བོད་ཀྱི་རྩ་དོན་དེ་མི་རབས་རྗེས་མའི་རྗེས་མ་རྣམས་ཀྱི་བགྲུབ་བྱར་འགྱུར་ན་ང་ཚོའི་དཔའ་བོ་དང་། དཔའ་མོ་ཚོའི་དམིགས་ཡུལ་དང་ཏག་ཏག་ཅིག་བསྡད་ཡོད་དམ། དེང་སང་ངའི་སེམས་ནང་སེམས་ཁྲལ་མང་པོ་ཞིག་གཅིག་འཇགས་གཉིས་ལངས་རེད་ལ། དྲི་བ་དེ་འདྲའི་མང་ན་ཡང་དེ་དག་ལ་ལན་གང་ཡང་མ་རྙེད་པར་ལྷག་ཡོད།
མ་སུ་རི་ཡི་རི་ངོགས་ན། །
རྦབ་ཆུ་དྭངས་མོ་ཤང་སེ་ཤང་། །
ཨ་ཅ་ཚེ་ལྷའི་སེངས་ཁོངས་ན། །
སེམས་ཤུགས་དྭངས་མོ་ལྷང་སེ་ལྷང་། །
མ་སུ་རི་ཡི་རི་ངོགས་ན། །
རྦབ་ཆུ་དྭངས་མོ་ཤང་སེ་ཤང་། །
ཨ་ཅ་ཚེ་ལྷའི་སེངས་ཁོངས་ན། །
སེམས་ཤུགས་དྭངས་མོ་ལྷང་སེ་ལྷང་། །
མ་སུ་རི་ཡི་རི་ངོགས་ན། །
རྦབ་ཆུ་དྭངས་མོ་ཤང་སེ་ཤང་། །
སྙིང་སྡུགས་ཚེ་ལྷའི་སེངས་ཁོངས་ན། །
ཚེ་གཅིག་གཏན་གྲོགས་ལྷང་སེ་ལྷང་།
འདོད་ལྷས་སྤྲུལ་པ་གསུམ་འགྱེད་འདུག་ག།
བོད་ཀྱི་ལོ་རྒྱུས་སུ་རྒྱུན་དུ་དྲན་པར་འཇོག་དགོས་པའི་སྙན་རྩོམ་འགྲན་ཟླ་མེད་པ་ཞིག་འབྲི་བའི་རེ་བ་ཞུ།
སེམས་ཁྲལ་བྱས་ནས་ཆི་མི་ཕན་
དྲི་བ་མང་པོ་དྲི་རྒྱུ་སླ་
བོད་མིར་ད་ལྟ་དགོས་ངེས་དེ་
དོན་འབྲས་སྨིན་པའི་ལས་འགུལ་དང་
དཀའ་རྙོག་གསེལ་བའི་ཐབས་ལམ་གསུངས་
དྷ་ས་རི་ཡི་རི་ངོགས་ན། །
རྦབ་ཆུ་དྭངས་མོ་ཤང་སེ་སང་། །
བསམ་གླིང་ཚེ་ལྷའི་སེངས་ཁོངས་ན། །
སེམས་ཁྲལ་དྭངས་མོ་ལྷང་སེ་ལྷང་། །
དྲ་གྲོགས་ལྷན་རྒྱས་ལ་ཕེབས་བསུ་ཞུ།
རི་དེ་རྒྱ་གར་རི་ལ།།
རླུང་དེ་བོད་ཀྱི་བསིལ་རླུང་།།
མ་སུ་རི་ཡི་གནས་དེས།།
གངས་ལྗོངས་ཡིད་ལ་ལྷང་ལྷང་།།
གཞན་ཡང་ཡིག་རྙོག་འདི་དམིགས་གསལ་ཚོགས་ཆེན་མ་ཚོགས་གོང་དགོངས་བཞེས་ཅུང་ཟད་གནང་སའི་ཕྱོགས་ཤིག་གསལ་འདེབས་ཞུས་པའི་ཁུལ་ཡིན།
སློབ་དཔོན་བློ་བཟང་འཇམ་དཔལ་ལགས་ཀྱིས་ཐུགས་རེ་ཆེན་པོས་དྲན་སྐུལ་གནང་བར་གནང་བར་བཀའ་དྲིན་ཆེ།