དེ་རིང་གསེར་གྱི་རྟགས་མ་བཞེས་བའི་ཉིན་མོ་རེད། Posted on 2010-10-172010-10-17 By ཀླུ་ 22 Comments on དེ་རིང་གསེར་གྱི་རྟགས་མ་བཞེས་བའི་ཉིན་མོ་རེད། དེ་རིང་སྤྱི་ནོར༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ཡོངས་ཆེའི་མཐོའི་གསེར་གྱི་རྟགས་མ་བཞེས་པའི་ཉིན་མོར་གུས་བརྩི་ཆེན་པོས་དྲ་གྲོགས་ཚང་མས་དྲ་ལམ་བརྒྱུད་དུས་ཆེན་སྲུང་བརྩི་བྱེད། ཤེས་ཚིག་བསྩོལ། གསལ་བསྒྲགས།
༸མགོན་པོ་གང་གི་མཛད་འཕྲིན་དབྱར་གྱི་རླབས་ལྟར་འཕེལ་བ་དང་། སྐུའི་གསང་གསུམ་ལ་མི་མཐུན་ཕྱོགས་ཀྱི་གནོད་མི་ཚུགས་པར་རྟག་བརྟན་ཤོག
༄༅།། དགའ་བ་ལ་དང་དགའ་བ་ལ། སྐྱིད་པ་ལ་དང་སྐྱིད་པ་ལ་། འཛམ་གླིང་གཞི་བདེའི་གཟེངས་རྟགས་དེ། ༧གོང་ས་མཆོག་ལ་འཕུལ་ལ་སོང་། དགའ་བ་ལ་དང་དགའ་བ་ལ། སྐྱིད་པ་ལ་དང་སྐྱིད་པ་ལ་། ཨ་རིའི་གསེར་གྱི་གཟེངས་རྟགས་ཡང་། ༧གོང་ས་མཆོག་ལ་འཕུལ་ལ་སོང་། དགའ་བ་ལ་དང་དགའ་བ་ལ། སྐྱིད་པ་ལ་དང་སྐྱིད་པ་ལ་། འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས། ༧གོང་ས་མཆོག་ལ་འཕུལ་ལ་སོང་།
བྱམས་བརྩེའི་འོད་ཀྱིས་ཞེ་སྡང་མུན་པ་བསལ།། ཞི་བདེའི་ཆར་གྱིས་གླིང་བཞིའི་ཤེས་རྒྱུད་བརླན།། མཐུན་སྒྲིལ་ཆེན་པོས་འཛམ་གླིང་བདེ་ལ་བཀོད།། ཁྱོད་ཉིད་ཁོ་ན་འཇིག་རྟེན་འདི་ཡི་རྒྱན།།
ཁྱེད་ཐུགས་རྒྱ་མཚོ་ལས་འོངས་རྦ་རླབས་ཀྱི། ། མཛད་འཕྲིན་ཆ་ཤས་འདི་འདྲ་ཉིན་མཚན་དུ། ། གསུམ་གཉིས་ས་ཡི་གོ་ལ་ཧྲིལ་པོ་འདིར། ། ཁྱབ་པ་མཁས་དང་བླུན་པོ་སུས་མི་གོ །
མཁས་པ་མཁས་པའི་ས་ན་གོ་རྒྱུ་རེ།། བླུན་པོར་བླུན་པོའི་ས་ན་སྒོམ་རྒྱུ་རེ།། གང་ལ་གང་འདུལ་སྟོན་པའི་བླ་མ་རྗེ།། ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ།།
ཡོངས་རྫོགས་འཛམ་གླིང་འཇིགས་པའི་བཙན་རྒྱལ་གྱི།། རིང་ལུགས་འཛིན་པའི་ཕུལ་བྱུང་བྷུ་ཤུས་ཀྱང་།། ཡན་ལག་མཆོག་གིས་དུད་ཅིང་ཞི་བདེ་ཡི།། གཟེང་རྟགས་མཆོད་ན་གཞན་གྱིས་ལྟ་ཅི་སྨོས།།
འཛམ་གླིང་སྐྱེ་དགུའི་གཙུག་གི་ནོར་བུ་རུ།། བྱེད་པོས་བྱས་པ་མིན་ཡང་མཁྱེན་རབ་དང་།། བྱམས་བརྩེའི་དཔུང་གིས་རབ་ཏུ་བཏེགས་པ་ཡིས།། ས་སྐྱོང་ཆེ་དགུའི་རལ་པ་གདན་དུ་ཕུལ།།
དེ་རིང་ནི་ང་ཚོས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར༸གོང་ས་སྐྱབས་མགོན་མཆོག་ལ་ འཛམ་གླིང་གིས་སྟོབས་ཆེན་རྒྱལ་ཁབ་ཨ་མི་རི་ཁའི་ཚད་མཐོའི་གསེར་གྱི་རྟགས་མ་ཕུལ་པའི་ ཉིན་མོ་འདི་ལ་ངས་གཞིས་ལུས་བོད་མིའི་འཚབས་བྱས་ཏེ་དགའ་དད་སྤྲོ་གསུམ་ངང་ བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ཞུ་ཞུ།།།
བྱམས་དང་བརྩེ་བའི་ཐུགས་ཀྱི་འོད་སྣང་གིས་། ཁྱེད་ཕམ་ང་རྒྱལ་སྒྱུ་མའི་སྨག་རུམ་ཆེ་། ནམ་ཡང་གཞོམ་ལ་ངལ་མི་མངའ་པའི་། སྐྱེ་བུ་དམ་པ་ཁྱེད་ཉིད་ནམ་ཡང་རྒྱལ་།
རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་། ཟུང་འཇུག་དབང་གི་རྒྱལ་བའི་ཟ་མ་ཏོག། བདག་ཅག་མོས་པ་ཇི་བཞིན་སྲིད་མཐའ་བར། མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ།
ཁྱེད་ཀྱི་མཛད་འཕྲིན་ཞབས་རྗེས་རེ་རེ་འཇིག་རྟེན་འགྲོ་མིའི་སེམས་ལ་བརྐོས།། ཁྱེད་ཀྱི་སླད་མེད་བཀའ་གསུང་བདུད་རྩིས་ཉམ་ཐག་གདུང་བ་སེལ་བར་བགྱིས།། ཁྱེད་ནི་བསླུ་མེད་མགོན་སྐྱབས་ཉག་ཅིག་ཁྱེད་ནི་ཀུན་གྱི་ཞི་བདེའི་མིག ཁྱེད་ཀྱི་གསེར་བྲིས་ལོ་རྒྱུས་འདི་ལ་སེམས་འདུན་ཟབ་མོས་གུས་ཞིང་བརྩི།།
གང་ཞིག་འབར་བའི་མེ་དཔུང་ཀློང་དུ་གནས་བཅས་དུག་རླངས་བུ་ཡུག་ནད་ཀྱི་སྤྲིན་སྤྲོ་ཞིང་།། གླང་ཆེན་གོ་བ་རློན་པའི་གོས་གྱོན་སྟ་རེ་རལ་གྲི་རྡོ་རྗེ་འཁོར་ལོའི་མཚོན་འཆང་བ།། དེ་དག་གང་ལས་ཤིན་ཏུ་ཕམ་གྱུར་སྟོབས་ལྡན་ཉོན་མོངས་བདག་ཏུ་ལྟ་བའི་དགྲ་སྡེ་ལས།། རྣམ་པར་རྒྱལ་བས་སྟོང་ཉིད་ཆོས་ཀྱི་རྒྱལ་རྔ་རབ་བརྡུངས་བརྩེ་ཆེན་བླ་མ་སྐྱབས་སུ་བསྙེན།།
བསྟན་དང་འགྲོ་བའི་བླ་མེད་གཉེན་གྱི་མཆོག ། འཛིན་མའི་ཁྱོན་ན་ཁྱེད་ཉིད་ཁོ་ན་ཞེས། ། རྒྱ་གར་རྡ་རམ་ས་ལའི་ཁོར་ཡུག་ནས། ། མཚོ་ཆེན་རླབས་བཞིན་འཛམ་གླིང་ཀུན་ལ་ཁྱབ། །
ཞི་བའི་ཕོ་ཉྭ་བོད་མིའི་མགོན་དུ་བྱོན།། ལས་དབང་དམན་པའི་སྐྱེ་འགྲོ་ཁ་ཐོར་གྱུར།། ཡིན་ཡང་སྐྱབས་མེད་སྡུག་ལས་སྐྱོབས་ཆེད་དུ།། མི་ལོ་ལྔ་བཅུ་མི་ཡུལ་གཞན་ནས་བསྐྱལ།། ང་ཡི་བླ་མའི་སྐུ་ཚེ་བརྟན་གྱུར་ནས།། མི་འགྱངས་བོད་ཡུལ་ཁམས་སུ་བྱོན་པར་སྨོན།།
སྐུའི་གསེར་གྱི་རྟགས་མའི་ཉིན་མོར་སྤྲོ་སེམས་ཁོལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་དང་གཞན་དོན་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཡོད། གང་སྐུ་རིན་ཆེན་གསེར་གྱི་དོ་ཤལ་གངས་རིའི་ལྗོངས་སུ་བལྟམས་པས་ན།། བོད་པ་ཞེས་བའི་མཚན་གྱི་བ་དན་འབྲུག་དང་ལྷན་དུ་ཕྱོགས་ཀུན་བསྡུར།། སྟོབས་ཆེན་ཨ་རིའི་གསེར་རྟགས་བཞེས་ཏེ་དགྲ་བོར་ཞི་འཇམ་ལན་གནང་པས།། སྤྲོ་སེམས་འབུམ་གྱིས་མཁའ་དབྱིངས་རྒྱུ་ནས་ཉིན་མོ་འདི་ལ་འཚམ་འདྲི་ཡོད།།
གང་སྐུ་ཉི་མའི་བདག་ཉིད་ལ།། གཞན་གྱིས་འགྲན་པར་ག་ལ་ནུས།། ཉི་མའི་འོད་ཀྱིས་འཛམ་གླིང་ལ།། བྱམས་བརྩེས་སྦྲང་ཆར་སིམ་སིམ་བབས།།
མཚན་དང་གྲགས་པ་དོན་དུ་མ་གཉེར་རུང་།། གོ་ལ་རིལ་བུའི་ཁྱོན་ན་གསལ་བོར་མཐོང་།། གོ་ལག་ཁབ་རྩེ་ཙམ་ཡང་མེད་ནའང་།། སྲིད་དབང་སྒེར་གཅོད་ཆེན་མོ་གཏོར་ལ་ཁད།། སྙིགས་དུས་སྐྱེ་འགྲོ་སྟོང་གི་སེམས་གཏོད་བུ།། འགྲོ་དོན་ཁོ་ནར་གཞོལ་བའི་གཞན་ཕན་པར།། ཡོད་པའི་ཡོད་ཚོད་གསེར་གྱི་རྟགས་མ་འབུལ།། མེད་པའི་མེད་ཚོད་སེམས་ཀྱི་མཆོད་པ་འབུལ།།
བསྐྱར་བཅོས། གང་སྐུ་རིན་ཆེན་གསེར་གྱི་དོ་ཤལ་གངས་རིའི་ལྗོངས་སུ་བལྟམས་པས་ན།། བོད་པ་ཞེས་བའི་མཚན་གྱི་བ་དན་འབྲུག་དང་ལྷན་དུ་ཕྱོགས་ཀུན་བསྡུར།། སྟོབས་ཆེན་ཨ་རིའི་གསེར་ཀྱི་རྟགས་མས་དགྲ་བོར་ཞི་འཇམ་ལན་གནང་པས།། སྤྲོ་སེམས་འབུམ་གྱིས་མཁའ་དབྱིངས་རྒྱུ་ནས་ཉིན་མོ་འདི་ལ་མེ་ཏོག་འབུལ།།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། ། ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། ། ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། ། གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་མཛོད། །རྡོ་རྗེའི་ཞལ་གསུངས་མ་དགེའོ།།
གང་སྐུ་གསེར་རི་ཇི་བཞིན་རྨད་བྱུང་ཚུལ་ཁྲིམས་གོས་ཀྱིས་བཏུམས། གང་གསུང་བདེན་པའི་ཉི་མས་གོ་ལ་ཟླུམ་པོར་ཚལ་ཆེན་ཀུན་ནས་རྒྱས། གང་ཐུགས་བརྩེ་ཆེན་ཟེར་གྱིས་གཅིག་བསྡུད་རྨོངས་པའི་མུན་ནག་བཅོམས། གང་གི་གསང་གསུམ་མི་བཤིག་གཡུང་དྲུང་ཁམས་སུ་བརྟན་ཅིང་གསོལ་བ་འདེབས།
༧ཀརྨ་པ་ལ་གཟིགས་དང་། དུས་རབས་ཉེར་གཅིག་པའི་སྐབས་འདིར་ཕྱི་ཡི་ཚན་རིག་ཡར་རྒྱས་དང་ནང་གི་མིའི་བསམ་བློ་འགྱུར་ལྡོག་གི་སྟོབས་ཀྱིས་འཛམ་གླིང་འདི་འཕོ་འགྱུར་ཆེན་པོ་སོང་ཡོད། སྤྱི་ཚོགས་དང་མི་སྒེར་གྱི་ལྟ་བ་དང་མཐུན་འབྲེལ་སོགས་ཀྱང་ཡར་རྒྱས་སོང་ཡོད་པས། དུས་རྒྱུན་མི་རྣམས་ཀྱིས་འཛམ་གླིང་འདི་ཆུང་དུ་འགྲོ་ཡི་འདུག་ཅེས་བརྗོད་ཀྱི་ཡོད། འོན་ཀྱང་ད་དུང་ཡང་ཀླད་རྙིང་གི་ལྟ་བ་མ་དོར་ཞིང་རྗེས་ལུས་ཐེབས་པའི་སྲིད་གཞུང་དང་ཚོགས་པ་སྐུ་དྲག་སོགས་ཕྱོགས་མང་པོ་ཡོད། ཁོང་ཚོས་རང་ཉིད་ཀྱི་ལྟ་བ་དང་གོ་ས། ཆོལ་ཁ་དང་དཔུང་གཉེན་མ་གཏོགས་འགྲོ་བ་མི་ཡི་ཐོབ་ཐང་དང་མང་གཙོ་ཡི་ལྟ་གྲུབ། རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་མང་གི་རེ་འདོད་སོགས་སྤྱི་དོན་རྣམས་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། ནག་ཉེས་མེད་པར་བཙོན་འཇུག་དང་དྲག་གནོན་སོགས་བྱས་ནས་འགྲོ་བ་མི་ཡི་ལྷན་སྐྱེས་འཚོ་སྡོད་ཀྱི་རང་དབང་ཡང་འཕྲོག་གི་ཡོད། དཔེར་ན་རྒྱ་ནག་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་༧བང་རི་རིན་པོ་ཆེ་སོགས་བོད་རིགས་རྣམས་བཙོན་འཇུག་བྱས་པ་བཞིན། དོན་དངོས་ཐོག་ཁོང་ཚོས་རང་ཉིད་ཀྱི་དབང་ཤུགས་བེད་སྤྱོད་ལོག་པར་བཏང་བའི་དབང་གིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་གཞུང་དམངས་ཀྱི་འབྲེལ་ལམ། སྤྱི་ཚོགས་ཀྱི་མཐུན་འབྲེལ་སོགས་ཉམས་ཆགས་ཆེན་པོ་བཏང་བ་དང། མ་འོངས་པའི་མི་རབས་རྣམས་ལ་ངོ་གནོང་དགོས་པའི་གནས་ཚུལ་ཞིག་ཆག་ཡོད། བསྟན་པ་སྤྱི་དང་བྱེ་བྲག་བོད་བསྟན་སྲིད་ཉག་ཕྲ་བའི་སྐབས་འདིར་༸རྒྱལ་དབང་ཀརྨ་པས་རྒྱ་ནག་གི་བརྩི་མཐོང་དང་སྒེར་གྱི་ཁེ་ཕན་སོགས་ལ་མ་ལྟོས་པར་བསྟན་པ་སྤྱི་དང་བྱེ་བྲག་བོད་བསྟན་སྲིད་ཀྱི་ཆེད་དུ་༸གོང་ས་མཆོག་དང་བོད་གཞུང་ལ་བློ་ཕུགས་བཏད་ནས་སྐྱབས་བཅོལ་དུ་ཕེབས་ཡོད། ཁོང་འདིར་སྐྱབས་བཅོལ་དུ་ཕེབས་ནས་ལོ་བཅུ་ཕྲག་སོང་ཟིན་ཡང་ཕྱིའི་རྒྱལ་ཁབ་ཏུ་ཕེབས་མི་ཆོག་པ་མ་ཟད་ཉེ་ཆར་སུ་ཇ་སློབ་གྲྭ་རུ་ཡང་ཕེབས་མ་བཅུག་པར་བཀག་འགོག་བྱས་ཡོད། ད་ཆ་ཁོང་ནི་མངོན་གསལ་མེད་པའི་ནག་མེད་བཙོན་པ་ཞིག་ཡིན་པ་ཕྱི་ནང་ཚང་མས་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེ། ༧ཀརྨ་པའི་དཀའ་ངལ་ནི་འཛམ་གླིང་འདིར་ནང་པ་ཡོངས་ཀྱི་དཀའ་ངལ་དང་བོད་ཀྱི་མི་རབས་གསར་པའི་དཀའ་ངལ་ཞིག་རེད་ལ། བསྟན་པ་སྤྱི་དང་བྱེ་བྲག་བོད་བསྟན་སྲིད་ལ་བརྗོད་དཀའ་བའི་ཕམ་ཉེས་ཤིག་བཟོས་ཡོད། རྒྱུ་མཚན་ནི་བསྟན་པ་དར་མ་དར་བསྟན་འཛིན་གྱི་སྐྱེས་བུ་ལ་རག་ལས་ཡོད་པ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་རྒྱས་མ་རྒྱས་ནང་གི་ཆིག་སྒྲིལ་ལ་རག་ལས་ཡོད། དེ་འདྲ་ཡིན་དུས་༧ཀརྨ་པ་ཕེབས་པ་ལ་བཀག་འགོག་བྱེད་པ་དང་གནོན་ཤུགས་སྤྲོད་མཁན་སུ་ཡིན་མིན་དང་ཁོའི་རེ་དོགས་གང་འདྲ་ཡིན་མིན་བཅས་ལ་ནང་པ་ཡོངས་དང་བོད་རིགས་རྣམས་ཀྱིས་ཞིབ་འཇུག་བྱེད་དགོས་པའི་དུས་ལ་བབ་ཡོད། འགའ་ཞིག་གིས་ནག་ཉེས་ཡོངས་རྫོགས་རྒྱ་གར་ལ་གཡོགས་ཀྱང་དམིགས་བསལ་འབྲེལ་བ་དང་རྒྱུ་མཚན་གང་ཡང་མེད། གལ་ཏེ་རྒྱ་ནག་གིས་རྒྱ་གར་ལ་གནོན་ཤུགས་སྤྲད་ཀྱང་རྒྱ་གར་རྒྱ་ནག་གི་གནོན་ཤུགས་ལ་སྐྲག་གི་མེད་པ་ནི་འདས་ཟིན་པའི་ལོ་རྒྱུས་ཐོག་རྒྱ་གར་གྱིས་༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་བཅངས་པའི་ལ་རྒྱ་དང་སྤོབས་པ་སོགས་ཀྱིས་གསལ་པོར་མཚོན་ནུས། ཡང་སྤྱི་ཚོགས་ཁྲོོད་འགའ་ཞིག་གིས་༧ཞྭ་དམར་རིན་པོ་ཆེ་ལ་ཞྭ་མོ་གཡོགས་ཀྱང་ཁོང་གིས་བསྟན་པ་སྤྱི་དང་བོད་བསྟན་སྲིད་ལྷག་པར་དུ་བོད་མི་རིགས་ཀྱི་མཐུན་འབྲེལ་སོགས་ལ་བསམ་བློ་མ་བཏང་བར་ཐབས་སྡུག་གི་བྱ་བ་དེ་འདྲ་བྱེད་ཀྱི་མེད་པ་བཀའ་བརྒྱུད་པ་ཡོངས་ཀྱིས་ཤེས་གསལ་རེད། གལ་ཏེ་༧རྒྱལ་དབང་ཀརྨ་པའི་གནས་ཚུལ་འདི་མུ་མཐུད་དུ་ལྷག་པ་ཡིན་ན། རྒྱ་གར་དང་བོད་གཞུང་དམངས་ཀྱི་མཐུན་འབྲེལ། བོད་གཞུང་དང་ཕྱི་རྒྱལ་ཁག་གི་འབྲེལ་ལམ། བོད་གཞུང་དང་མི་དམངས་ཀྱི་འབྲེལ་ལམ་སོགས་ལ་ཉེན་ཁ་ཡོད་པ་མ་ཟད། ཕྱོགས་མང་པོ་ཞིག་ནས་བློ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཀྱང་ཡོང་ངེས་ཡིན་པ་ནི། ཉེ་ཆར་སྒང་ཏོག་ནས་མི་མང་སྟོང་ཕྲག་བཞི་བཅུ་ལྷག་གི་ལས་འགུལ་ལས་བྱུང་བའི་གནས་ཚུལ་གྱིས་གསལ་པོར་མཚོན་ནུས། དེས་ན་ང་ཚོ་བོད་ཀྱི་ཁ་དཔེ་ལ། ཆུ་མ་ཡོང་གོང་ནས་ཆུ་རགས་དང་། རྐྱེན་མ་ཡོང་གོང་ནས་བཟློག་པ། ཞེས་པའི་དཔེ་ལྟར། བོད་གཞུང་མང་དང་ལྷག་པར་བཙན་བྱོལ་གཞུང་གིས་གནས་ཚུལ་འདི་འགན་བླངས་ཏེ་གང་མགྱོགས་གཙང་སེལ་བྱེད་དགོས་པ་ནི་འོས་འགན་རེད་ལ་ཛ་དྲག་གི་གནས་ཚུལ་ཞིག་ཀྱང་རེད།། རྫོང་སར་གྲྭ་ཤཱཀྱ་དང་དྲི་མེད་ནས།།
༸མགོན་པོ་གང་གི་མཛད་འཕྲིན་དབྱར་གྱི་རླབས་ལྟར་འཕེལ་བ་དང་། སྐུའི་གསང་གསུམ་ལ་མི་མཐུན་ཕྱོགས་ཀྱི་གནོད་མི་ཚུགས་པར་རྟག་བརྟན་ཤོག
༄༅།། དགའ་བ་ལ་དང་དགའ་བ་ལ།
སྐྱིད་པ་ལ་དང་སྐྱིད་པ་ལ་།
འཛམ་གླིང་གཞི་བདེའི་གཟེངས་རྟགས་དེ།
༧གོང་ས་མཆོག་ལ་འཕུལ་ལ་སོང་།
དགའ་བ་ལ་དང་དགའ་བ་ལ།
སྐྱིད་པ་ལ་དང་སྐྱིད་པ་ལ་།
ཨ་རིའི་གསེར་གྱི་གཟེངས་རྟགས་ཡང་།
༧གོང་ས་མཆོག་ལ་འཕུལ་ལ་སོང་།
དགའ་བ་ལ་དང་དགའ་བ་ལ།
སྐྱིད་པ་ལ་དང་སྐྱིད་པ་ལ་།
འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས།
༧གོང་ས་མཆོག་ལ་འཕུལ་ལ་སོང་།
བྱམས་བརྩེའི་འོད་ཀྱིས་ཞེ་སྡང་མུན་པ་བསལ།།
ཞི་བདེའི་ཆར་གྱིས་གླིང་བཞིའི་ཤེས་རྒྱུད་བརླན།།
མཐུན་སྒྲིལ་ཆེན་པོས་འཛམ་གླིང་བདེ་ལ་བཀོད།།
ཁྱོད་ཉིད་ཁོ་ན་འཇིག་རྟེན་འདི་ཡི་རྒྱན།།
ཁྱེད་ཐུགས་རྒྱ་མཚོ་ལས་འོངས་རྦ་རླབས་ཀྱི། །
མཛད་འཕྲིན་ཆ་ཤས་འདི་འདྲ་ཉིན་མཚན་དུ། །
གསུམ་གཉིས་ས་ཡི་གོ་ལ་ཧྲིལ་པོ་འདིར། །
ཁྱབ་པ་མཁས་དང་བླུན་པོ་སུས་མི་གོ །
མཁས་པ་མཁས་པའི་ས་ན་གོ་རྒྱུ་རེ།།
བླུན་པོར་བླུན་པོའི་ས་ན་སྒོམ་རྒྱུ་རེ།།
གང་ལ་གང་འདུལ་སྟོན་པའི་བླ་མ་རྗེ།།
ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ།།
ཡོངས་རྫོགས་འཛམ་གླིང་འཇིགས་པའི་བཙན་རྒྱལ་གྱི།།
རིང་ལུགས་འཛིན་པའི་ཕུལ་བྱུང་བྷུ་ཤུས་ཀྱང་།།
ཡན་ལག་མཆོག་གིས་དུད་ཅིང་ཞི་བདེ་ཡི།།
གཟེང་རྟགས་མཆོད་ན་གཞན་གྱིས་ལྟ་ཅི་སྨོས།།
འཛམ་གླིང་སྐྱེ་དགུའི་གཙུག་གི་ནོར་བུ་རུ།།
བྱེད་པོས་བྱས་པ་མིན་ཡང་མཁྱེན་རབ་དང་།།
བྱམས་བརྩེའི་དཔུང་གིས་རབ་ཏུ་བཏེགས་པ་ཡིས།།
ས་སྐྱོང་ཆེ་དགུའི་རལ་པ་གདན་དུ་ཕུལ།།
དེ་རིང་ནི་ང་ཚོས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར༸གོང་ས་སྐྱབས་མགོན་མཆོག་ལ་
འཛམ་གླིང་གིས་སྟོབས་ཆེན་རྒྱལ་ཁབ་ཨ་མི་རི་ཁའི་ཚད་མཐོའི་གསེར་གྱི་རྟགས་མ་ཕུལ་པའི་
ཉིན་མོ་འདི་ལ་ངས་གཞིས་ལུས་བོད་མིའི་འཚབས་བྱས་ཏེ་དགའ་དད་སྤྲོ་གསུམ་ངང་
བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ཞུ་ཞུ།།།
བྱམས་དང་བརྩེ་བའི་ཐུགས་ཀྱི་འོད་སྣང་གིས་།
ཁྱེད་ཕམ་ང་རྒྱལ་སྒྱུ་མའི་སྨག་རུམ་ཆེ་།
ནམ་ཡང་གཞོམ་ལ་ངལ་མི་མངའ་པའི་།
སྐྱེ་བུ་དམ་པ་ཁྱེད་ཉིད་ནམ་ཡང་རྒྱལ་།
long life his holiness the dalai lama
རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་།
ཟུང་འཇུག་དབང་གི་རྒྱལ་བའི་ཟ་མ་ཏོག།
བདག་ཅག་མོས་པ་ཇི་བཞིན་སྲིད་མཐའ་བར།
མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ།
ཁྱེད་ཀྱི་མཛད་འཕྲིན་ཞབས་རྗེས་རེ་རེ་འཇིག་རྟེན་འགྲོ་མིའི་སེམས་ལ་བརྐོས།།
ཁྱེད་ཀྱི་སླད་མེད་བཀའ་གསུང་བདུད་རྩིས་ཉམ་ཐག་གདུང་བ་སེལ་བར་བགྱིས།།
ཁྱེད་ནི་བསླུ་མེད་མགོན་སྐྱབས་ཉག་ཅིག་ཁྱེད་ནི་ཀུན་གྱི་ཞི་བདེའི་མིག
ཁྱེད་ཀྱི་གསེར་བྲིས་ལོ་རྒྱུས་འདི་ལ་སེམས་འདུན་ཟབ་མོས་གུས་ཞིང་བརྩི།།
གང་ཞིག་འབར་བའི་མེ་དཔུང་ཀློང་དུ་གནས་བཅས་དུག་རླངས་བུ་ཡུག་ནད་ཀྱི་སྤྲིན་སྤྲོ་ཞིང་།།
གླང་ཆེན་གོ་བ་རློན་པའི་གོས་གྱོན་སྟ་རེ་རལ་གྲི་རྡོ་རྗེ་འཁོར་ལོའི་མཚོན་འཆང་བ།།
དེ་དག་གང་ལས་ཤིན་ཏུ་ཕམ་གྱུར་སྟོབས་ལྡན་ཉོན་མོངས་བདག་ཏུ་ལྟ་བའི་དགྲ་སྡེ་ལས།།
རྣམ་པར་རྒྱལ་བས་སྟོང་ཉིད་ཆོས་ཀྱི་རྒྱལ་རྔ་རབ་བརྡུངས་བརྩེ་ཆེན་བླ་མ་སྐྱབས་སུ་བསྙེན།།
བསྟན་དང་འགྲོ་བའི་བླ་མེད་གཉེན་གྱི་མཆོག །
འཛིན་མའི་ཁྱོན་ན་ཁྱེད་ཉིད་ཁོ་ན་ཞེས། །
རྒྱ་གར་རྡ་རམ་ས་ལའི་ཁོར་ཡུག་ནས། །
མཚོ་ཆེན་རླབས་བཞིན་འཛམ་གླིང་ཀུན་ལ་ཁྱབ། །
ཞི་བའི་ཕོ་ཉྭ་བོད་མིའི་མགོན་དུ་བྱོན།།
ལས་དབང་དམན་པའི་སྐྱེ་འགྲོ་ཁ་ཐོར་གྱུར།།
ཡིན་ཡང་སྐྱབས་མེད་སྡུག་ལས་སྐྱོབས་ཆེད་དུ།།
མི་ལོ་ལྔ་བཅུ་མི་ཡུལ་གཞན་ནས་བསྐྱལ།།
ང་ཡི་བླ་མའི་སྐུ་ཚེ་བརྟན་གྱུར་ནས།།
མི་འགྱངས་བོད་ཡུལ་ཁམས་སུ་བྱོན་པར་སྨོན།།
སྐུའི་གསེར་གྱི་རྟགས་མའི་ཉིན་མོར་སྤྲོ་སེམས་ཁོལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་དང་གཞན་དོན་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཡོད།
གང་སྐུ་རིན་ཆེན་གསེར་གྱི་དོ་ཤལ་གངས་རིའི་ལྗོངས་སུ་བལྟམས་པས་ན།།
བོད་པ་ཞེས་བའི་མཚན་གྱི་བ་དན་འབྲུག་དང་ལྷན་དུ་ཕྱོགས་ཀུན་བསྡུར།།
སྟོབས་ཆེན་ཨ་རིའི་གསེར་རྟགས་བཞེས་ཏེ་དགྲ་བོར་ཞི་འཇམ་ལན་གནང་པས།།
སྤྲོ་སེམས་འབུམ་གྱིས་མཁའ་དབྱིངས་རྒྱུ་ནས་ཉིན་མོ་འདི་ལ་འཚམ་འདྲི་ཡོད།།
གང་སྐུ་ཉི་མའི་བདག་ཉིད་ལ།།
གཞན་གྱིས་འགྲན་པར་ག་ལ་ནུས།།
ཉི་མའི་འོད་ཀྱིས་འཛམ་གླིང་ལ།།
བྱམས་བརྩེས་སྦྲང་ཆར་སིམ་སིམ་བབས།།
མཚན་དང་གྲགས་པ་དོན་དུ་མ་གཉེར་རུང་།།
གོ་ལ་རིལ་བུའི་ཁྱོན་ན་གསལ་བོར་མཐོང་།།
གོ་ལག་ཁབ་རྩེ་ཙམ་ཡང་མེད་ནའང་།།
སྲིད་དབང་སྒེར་གཅོད་ཆེན་མོ་གཏོར་ལ་ཁད།།
སྙིགས་དུས་སྐྱེ་འགྲོ་སྟོང་གི་སེམས་གཏོད་བུ།།
འགྲོ་དོན་ཁོ་ནར་གཞོལ་བའི་གཞན་ཕན་པར།།
ཡོད་པའི་ཡོད་ཚོད་གསེར་གྱི་རྟགས་མ་འབུལ།།
མེད་པའི་མེད་ཚོད་སེམས་ཀྱི་མཆོད་པ་འབུལ།།
བསྐྱར་བཅོས།
གང་སྐུ་རིན་ཆེན་གསེར་གྱི་དོ་ཤལ་གངས་རིའི་ལྗོངས་སུ་བལྟམས་པས་ན།།
བོད་པ་ཞེས་བའི་མཚན་གྱི་བ་དན་འབྲུག་དང་ལྷན་དུ་ཕྱོགས་ཀུན་བསྡུར།།
སྟོབས་ཆེན་ཨ་རིའི་གསེར་ཀྱི་རྟགས་མས་དགྲ་བོར་ཞི་འཇམ་ལན་གནང་པས།།
སྤྲོ་སེམས་འབུམ་གྱིས་མཁའ་དབྱིངས་རྒྱུ་ནས་ཉིན་མོ་འདི་ལ་མེ་ཏོག་འབུལ།།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་མཛོད། །རྡོ་རྗེའི་ཞལ་གསུངས་མ་དགེའོ།།
གང་སྐུ་གསེར་རི་ཇི་བཞིན་རྨད་བྱུང་ཚུལ་ཁྲིམས་གོས་ཀྱིས་བཏུམས།
གང་གསུང་བདེན་པའི་ཉི་མས་གོ་ལ་ཟླུམ་པོར་ཚལ་ཆེན་ཀུན་ནས་རྒྱས།
གང་ཐུགས་བརྩེ་ཆེན་ཟེར་གྱིས་གཅིག་བསྡུད་རྨོངས་པའི་མུན་ནག་བཅོམས།
གང་གི་གསང་གསུམ་མི་བཤིག་གཡུང་དྲུང་ཁམས་སུ་བརྟན་ཅིང་གསོལ་བ་འདེབས།
༧ཀརྨ་པ་ལ་གཟིགས་དང་།
དུས་རབས་ཉེར་གཅིག་པའི་སྐབས་འདིར་ཕྱི་ཡི་ཚན་རིག་ཡར་རྒྱས་དང་ནང་གི་མིའི་བསམ་བློ་འགྱུར་ལྡོག་གི་སྟོབས་ཀྱིས་འཛམ་གླིང་འདི་འཕོ་འགྱུར་ཆེན་པོ་སོང་ཡོད། སྤྱི་ཚོགས་དང་མི་སྒེར་གྱི་ལྟ་བ་དང་མཐུན་འབྲེལ་སོགས་ཀྱང་ཡར་རྒྱས་སོང་ཡོད་པས། དུས་རྒྱུན་མི་རྣམས་ཀྱིས་འཛམ་གླིང་འདི་ཆུང་དུ་འགྲོ་ཡི་འདུག་ཅེས་བརྗོད་ཀྱི་ཡོད། འོན་ཀྱང་ད་དུང་ཡང་ཀླད་རྙིང་གི་ལྟ་བ་མ་དོར་ཞིང་རྗེས་ལུས་ཐེབས་པའི་སྲིད་གཞུང་དང་ཚོགས་པ་སྐུ་དྲག་སོགས་ཕྱོགས་མང་པོ་ཡོད།
ཁོང་ཚོས་རང་ཉིད་ཀྱི་ལྟ་བ་དང་གོ་ས། ཆོལ་ཁ་དང་དཔུང་གཉེན་མ་གཏོགས་འགྲོ་བ་མི་ཡི་ཐོབ་ཐང་དང་མང་གཙོ་ཡི་ལྟ་གྲུབ། རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་མང་གི་རེ་འདོད་སོགས་སྤྱི་དོན་རྣམས་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། ནག་ཉེས་མེད་པར་བཙོན་འཇུག་དང་དྲག་གནོན་སོགས་བྱས་ནས་འགྲོ་བ་མི་ཡི་ལྷན་སྐྱེས་འཚོ་སྡོད་ཀྱི་རང་དབང་ཡང་འཕྲོག་གི་ཡོད།
དཔེར་ན་རྒྱ་ནག་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་༧བང་རི་རིན་པོ་ཆེ་སོགས་བོད་རིགས་རྣམས་བཙོན་འཇུག་བྱས་པ་བཞིན། དོན་དངོས་ཐོག་ཁོང་ཚོས་རང་ཉིད་ཀྱི་དབང་ཤུགས་བེད་སྤྱོད་ལོག་པར་བཏང་བའི་དབང་གིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་གཞུང་དམངས་ཀྱི་འབྲེལ་ལམ། སྤྱི་ཚོགས་ཀྱི་མཐུན་འབྲེལ་སོགས་ཉམས་ཆགས་ཆེན་པོ་བཏང་བ་དང། མ་འོངས་པའི་མི་རབས་རྣམས་ལ་ངོ་གནོང་དགོས་པའི་གནས་ཚུལ་ཞིག་ཆག་ཡོད། བསྟན་པ་སྤྱི་དང་བྱེ་བྲག་བོད་བསྟན་སྲིད་ཉག་ཕྲ་བའི་སྐབས་འདིར་༸རྒྱལ་དབང་ཀརྨ་པས་རྒྱ་ནག་གི་བརྩི་མཐོང་དང་སྒེར་གྱི་ཁེ་ཕན་སོགས་ལ་མ་ལྟོས་པར་བསྟན་པ་སྤྱི་དང་བྱེ་བྲག་བོད་བསྟན་སྲིད་ཀྱི་ཆེད་དུ་༸གོང་ས་མཆོག་དང་བོད་གཞུང་ལ་བློ་ཕུགས་བཏད་ནས་སྐྱབས་བཅོལ་དུ་ཕེབས་ཡོད། ཁོང་འདིར་སྐྱབས་བཅོལ་དུ་ཕེབས་ནས་ལོ་བཅུ་ཕྲག་སོང་ཟིན་ཡང་ཕྱིའི་རྒྱལ་ཁབ་ཏུ་ཕེབས་མི་ཆོག་པ་མ་ཟད་ཉེ་ཆར་སུ་ཇ་སློབ་གྲྭ་རུ་ཡང་ཕེབས་མ་བཅུག་པར་བཀག་འགོག་བྱས་ཡོད། ད་ཆ་ཁོང་ནི་མངོན་གསལ་མེད་པའི་ནག་མེད་བཙོན་པ་ཞིག་ཡིན་པ་ཕྱི་ནང་ཚང་མས་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེ། ༧ཀརྨ་པའི་དཀའ་ངལ་ནི་འཛམ་གླིང་འདིར་ནང་པ་ཡོངས་ཀྱི་དཀའ་ངལ་དང་བོད་ཀྱི་མི་རབས་གསར་པའི་དཀའ་ངལ་ཞིག་རེད་ལ། བསྟན་པ་སྤྱི་དང་བྱེ་བྲག་བོད་བསྟན་སྲིད་ལ་བརྗོད་དཀའ་བའི་ཕམ་ཉེས་ཤིག་བཟོས་ཡོད། རྒྱུ་མཚན་ནི་བསྟན་པ་དར་མ་དར་བསྟན་འཛིན་གྱི་སྐྱེས་བུ་ལ་རག་ལས་ཡོད་པ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་རྒྱས་མ་རྒྱས་ནང་གི་ཆིག་སྒྲིལ་ལ་རག་ལས་ཡོད། དེ་འདྲ་ཡིན་དུས་༧ཀརྨ་པ་ཕེབས་པ་ལ་བཀག་འགོག་བྱེད་པ་དང་གནོན་ཤུགས་སྤྲོད་མཁན་སུ་ཡིན་མིན་དང་ཁོའི་རེ་དོགས་གང་འདྲ་ཡིན་མིན་བཅས་ལ་ནང་པ་ཡོངས་དང་བོད་རིགས་རྣམས་ཀྱིས་ཞིབ་འཇུག་བྱེད་དགོས་པའི་དུས་ལ་བབ་ཡོད། འགའ་ཞིག་གིས་ནག་ཉེས་ཡོངས་རྫོགས་རྒྱ་གར་ལ་གཡོགས་ཀྱང་དམིགས་བསལ་འབྲེལ་བ་དང་རྒྱུ་མཚན་གང་ཡང་མེད། གལ་ཏེ་རྒྱ་ནག་གིས་རྒྱ་གར་ལ་གནོན་ཤུགས་སྤྲད་ཀྱང་རྒྱ་གར་རྒྱ་ནག་གི་གནོན་ཤུགས་ལ་སྐྲག་གི་མེད་པ་ནི་འདས་ཟིན་པའི་ལོ་རྒྱུས་ཐོག་རྒྱ་གར་གྱིས་༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་བཅངས་པའི་ལ་རྒྱ་དང་སྤོབས་པ་སོགས་ཀྱིས་གསལ་པོར་མཚོན་ནུས། ཡང་སྤྱི་ཚོགས་ཁྲོོད་འགའ་ཞིག་གིས་༧ཞྭ་དམར་རིན་པོ་ཆེ་ལ་ཞྭ་མོ་གཡོགས་ཀྱང་ཁོང་གིས་བསྟན་པ་སྤྱི་དང་བོད་བསྟན་སྲིད་ལྷག་པར་དུ་བོད་མི་རིགས་ཀྱི་མཐུན་འབྲེལ་སོགས་ལ་བསམ་བློ་མ་བཏང་བར་ཐབས་སྡུག་གི་བྱ་བ་དེ་འདྲ་བྱེད་ཀྱི་མེད་པ་བཀའ་བརྒྱུད་པ་ཡོངས་ཀྱིས་ཤེས་གསལ་རེད།
གལ་ཏེ་༧རྒྱལ་དབང་ཀརྨ་པའི་གནས་ཚུལ་འདི་མུ་མཐུད་དུ་ལྷག་པ་ཡིན་ན། རྒྱ་གར་དང་བོད་གཞུང་དམངས་ཀྱི་མཐུན་འབྲེལ། བོད་གཞུང་དང་ཕྱི་རྒྱལ་ཁག་གི་འབྲེལ་ལམ། བོད་གཞུང་དང་མི་དམངས་ཀྱི་འབྲེལ་ལམ་སོགས་ལ་ཉེན་ཁ་ཡོད་པ་མ་ཟད། ཕྱོགས་མང་པོ་ཞིག་ནས་བློ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཀྱང་ཡོང་ངེས་ཡིན་པ་ནི། ཉེ་ཆར་སྒང་ཏོག་ནས་མི་མང་སྟོང་ཕྲག་བཞི་བཅུ་ལྷག་གི་ལས་འགུལ་ལས་བྱུང་བའི་གནས་ཚུལ་གྱིས་གསལ་པོར་མཚོན་ནུས། དེས་ན་ང་ཚོ་བོད་ཀྱི་ཁ་དཔེ་ལ། ཆུ་མ་ཡོང་གོང་ནས་ཆུ་རགས་དང་། རྐྱེན་མ་ཡོང་གོང་ནས་བཟློག་པ། ཞེས་པའི་དཔེ་ལྟར། བོད་གཞུང་མང་དང་ལྷག་པར་བཙན་བྱོལ་གཞུང་གིས་གནས་ཚུལ་འདི་འགན་བླངས་ཏེ་གང་མགྱོགས་གཙང་སེལ་བྱེད་དགོས་པ་ནི་འོས་འགན་རེད་ལ་ཛ་དྲག་གི་གནས་ཚུལ་ཞིག་ཀྱང་རེད།།
རྫོང་སར་གྲྭ་ཤཱཀྱ་དང་དྲི་མེད་ནས།།