འབའ་སྲས།
སྔ་མིན་འཕྱི་མིན་མལ་ལས་ལངས།།
ནངས་ཇ་དྲོས་ཇ་མཉམ་དུ་བྱས།།
དཀར་ཡོལ་སྡེར་མ་འགའ་རེ་བཀྲུས།།
ཆུང་མར་རོགས་རམ་ཉུང་ཙམ་ཐུབ།།
ཕ་ཁྱིམ་ནང་ལ་མིག་རེ་ཅེར།།
མདའ་རྫོང་ནང་དུ་གཏམ་རེ་བཤད།།
ཞི་མོ་ཚོ་ལ་ཁ་རེ་རྩེས།།
ལག་ཡོང་མེད་ཀྱང་སེམས་པ་རེད།།
སྐད་འཕྲིན་རྒྱབ་ཏུ་ཐེངས་རེ་བལྟས།།
གྲོགས་ཀྱིས་གྲོགས་ལ་བསྟོད་ཅིང་བསྔགས།།
ངོ་དེབ་དྲ་ཚིགས་འགའ་རེར་བསྙེགས།།
ང་བཟང་ཁྱོད་ངན་གཤག་རེས་བྱེད།།
བུ་ཕྲུག་ཚོ་ལ་སེམས་པ་གླན།།
སྙིང་གི་དམར་ཆུང་འདི་ན་ལྡིང་།།
ཆུང་མར་མིག་གི་ཟུར་གྱིས་བལྟས།།
མཛེས་སྡུག་ངོ་མ་འདི་ན་བཞད།།
ཕྱི་རོལ་འཇིག་རྟེན་ཆེ་བ་ཡང་།།
ང་ལ་བདེ་སྐྱིད་མེད་པ་མཐོང་།།
རང་གི་ཁྱིམ་ཚང་ཆེས་ཆུང་ཡང་།།
དགའ་སྤྲོའི་མཛོད་ཁང་ཡིན་པ་ཤེས།།
ཆུང་མ་དགའ་བཞིན་ཁྲོམ་དུ་ཆས།།
བུ་ཕྲུག་སྤྲོ་བཞིན་རྩེ་རུ་སོང་།།
ཕ་རྒན་སྐྱིད་བཞིན་ཁྱིམ་དུ་གནས།།
ཞོར་ནས་སྐད་ཆ་འདི་ཙམ་ཐལ།།
༡༡/༡༡/༡༤ ཕྱི་དྲོར་གློ་བུར་དུ།
བདུན་གཅིག་ཙམ་གྱི་སྔ་རོལ་ན། གེ་སར་རྒྱལ་བོའི་བགྲོ་གླིང་ཞེས། ཕ་རེས་སི་ལ་ཚོགས་སོང་ཟེར། མགོ་ཟེར་ངོ་ཤེས་འགའ་། སོང་ནས་ཚུར་ལ་སླེབས་དུས་ན། ཨ་མདོ་སྐྲ་རིང་མང་རབ་བཤད། ད་ནི་ཕྱི་ལ་འགྲོ་དགོས་སོང་། སྐད་ཆའི་རྔ་མ་འབྲི་མ་ཐུབ།
ཅི་འབྲི་འདི་འབྲི་ཁྱོད་ལ་མེད།།
ཁྱི་ལས་སྐྱག་ལས་ཁྱོད་ལ་མང་།།
རྒན་མོ་རུམ་ནས་མི་འདུག་ན།
ལག་ནས་གཉའ་རྐུན་བྱེད་ན་ཐང་།།
ཕྱི་དྲོར་སྲང་ནས་མི་ཐུག་དགོས།།
སྲང་ནས་ཐུག་ནས་འཐད་དང་ན།
སྲི་མོ་སྲན་མ་ཟ་རྒྱུ་ཡིན།
རྒད་པོ་ཁྱིམ་ལ་འབྱར་ན་ཐང་།།
དེ་རིང་ གཟའ་ནི་ ཉི་མ་ རེད།
དེ་རིང་ ལྷོད་ལྷོད་ སྡོད་དུས་ རེད།
དེ་རིང་ ངོ་དེབ་ ཉུལ་དུས་ རེད།
དེ་རིང་ གུང་གསེང་ གཏོང་དུས་ རེད།
ཉིན་གུང་གི་ངལ་གསོ་ལ་་་གུང་གསེང་་་དང་། བདུན་ཚིགས་ཀྱི་ངལ་གསོ་ལ་་་བདུན་གསེང་་་ལབ་ན་ག་འདྲ་འདུག་གམ།