བློ་བཟང་།
སྐྱ་རེངས་ཤར་མཐའ་དེ་གསལ་དུས།།
སེམས་པ་དགའ་སྤྲོ་ཡིས་ཁེངས་ཏེ།།
བརྩེ་ལྡན་འཛིན་གྲོཊ་ཚོའི་ལྷན་དུ།།
༧རྒྱལ་བའི་གསུང་ཆོས་ལ་ཕྱིན་ཡིན།།
གུ་དོག་རྡ་ས་ཡི་གཞུང་ལམ།།
ས་ཕྱོཊ་འདྲ་མིན་ནས་ཕེབས་པའི།།
མི་མང་འཚང་ཁ་དེ་རྒོད་ཀྱང་།།
ཐམས་ཅད་སྤྲོ་སྣང་གིས་བཟི་འདུག །
སྐལ་ལྡན་གདུལ་བྱ་ཡི་ཚོགས་ཀྱིས།།
ལག་ཟུང་སྙིང་ཁ་ལ་སྦྱར་ཏེ།།
གསོལ་བ་རྩེ་གཅིག་ཏུ་འདེབས་བཞིན།།
༧སྐྱབས་མགོན་ཕེབས་པ་ལ་སྒུག་འདུག །
དུས་ཡུན་ཅུང་ཟད་ཅིག་ཕྱིན་རྗེས།།
བྱམས་ལྡན་འགྲོ་དྲུག་གི་མགོན་པོས།།
ཞི་བའི་ཞབས་ཟུང་གི་འཁོར་ལོ།།
གདུལ་བྱའི་ཚོཊ་དབུས་སུ་བསྒྱུར་བྱུང་།།
བྱམས་པའི་སྤྱན་ཟུང་གིས་གཟིཊ་ཏེ།།
བརྩེ་བའི་འཛུམ་མདངས་ཀྱིས་བསུ་བཞིན།།
འདི་ཕྱིའི་བདེ་བ་ཡི་གནས་ལུཊ།།
འཇམ་པའི་ངག་སྒོ་ནས་བསྩལ་བྱུང་།།
ཟབ་གསུང་གདམས་ངག་གི་ཡོད་ཚད།།
བདག་བློར་འཛིན་ནུས་དེ་བྲལ་ཡང་།།
རང་ནུས་ཅི་ལྕོགས་ཀྱིས་སྒོ་ནས།།
ཆོས་ཞུའི་སྐལ་ཐོབ་འདི་རྨད་བྱུང་།།
༢༠༡༣/༩ /༣༠