དེ་རིང་གི་བོད། 0905 Posted on 2012-09-052012-09-05 By ཁ་བརྡ་ 2 Comments on དེ་རིང་གི་བོད། 0905 སྲིད་དོན་གསར་འགྱུར་། སྤྱི་ཚོགས་གསར་འགྱུར། བོད་གནས་གསར་འགྱུར། སྐབས་དོན་གསར་འགྱུར། དེ་རིང་གི་གསར་འགྱུར། གསར་འགྱུར་གནད་བསྡུས། འདི་ན་ཡོད་<<གནོན>> ཚང་མས་བལྟས་རྗེས་like གནོན་རོགས། གསར་འགྱུར།
བོད་གནས་འཕྲིན་གསར། TibNews · 34 like this 11 hours ago · དེ་རིང་གི་གསར་འགྱུར་འགོ་བརྗོད་ཁག།༢༠༡༢།༠༩།༠༥། 1. ཕྱི་ཟླ་༩ ཚེས་ ༥ དགེ་རྒན་གྱི་ཉིན་མོར་མ་སུ་རི་གཏན་སློབ་གི་རྒྱ་གར་སློབ་དགེ་སྐུ་ཞབས་S.C.Rauto དང། སྦེལ་ཀོབ་སི་ཝི་པི་ (CST CVP) བོད་མིའི་སློབ་གྲའི་སློབ་དགེ་བློ་བཟང་སྒྲོལ་མ་ལགས་གཉིས་ལ་གཉིས་ལ་རྒྱ་གར་རྒྱལ་ཡོངས་ཕུལ་བྱུང་སློབ་དགེའི་གཟེངས་རྟགས་ཐོབ་གནང་འདུག 2. འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཡུ་རོཔ་མཉམ་སྦྲེལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་གསར་པ་Stavros Lambrinidis ལ་དིའི་ཚེས་༢༠་ཉིན་ཡུ་རོབ་མཉམ་སྦྲེལ་དང་རྒྱ་ནག་བར་གྱི་ཆེས་མཐོའི་ལྷན་ཚོགས་ཞོར་འཕྲོས་རྒྱ་ནག་གི་སྲིད་བློན་མཉམ་བོད་དོན་སྐོར་གླེང་གློང་གནང་དགོས་རྒྱུའི་ཞུ་སྐུལ་གནང་འདུག 3. རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱང་རྒྱུག་འགྲན་བསྡུར་དང་བདེ་འཇགས་འཕྲུལ་ཆས་ཀྱི་འགྲེམས་སྟོན་གཉིས་ལ་དུས་འགྱངས་ཕྱིན་པ་དེས་མ་འོངས་རྒྱ་ནག་གི་འགོ་ཁྲིད་གསར་པ་བསྐོ་བཞག་བྱ་རྒྱུའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨་པ་དེ་བཞིན་རིང་མིན་ཕྱི་ཟླ་བཅུ་པའི་ཟླ་དཀྱིལ་དུ་ཚུགས་རྒྱུ་ཡིན་པ་གསལ་པོ་རྟོགས་ཐུབ་ཟེར། 4. ཧོང་ཀོང་གི་རྒྱལ་ཡོངས་སློབ་གྲ་ཁག་གི་སློབ་ཚན་གྱི་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ངོ་སྤྲོད་བྱ་རྒྱུའི་འཆར་གཞི་ཡོད་པར་ཧོང་ཀོང་གི་དགེ་རྒན་དང་སློབ་ཕྲུག་མང་ཚོགས་སྟོང་ཕྲག་མང་པོས་གཟའ་ཟླ་བའི་ཉིན་ངོ་རྒོལ་རྔམ་སྟོན་བྱས་པ་མ་ཟད་ དགེ་རྒན་དང་སློབ་ཕྲུག་བཅུ་ཙམ་ཞིག་གིས་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། 5. འབར་མའི་Chin ཞེས་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་ ནང་པ་ཁག་ཅིག་གིས་ཡེ་ཤུའི་ཆོས་དད་པ་ཚོར་བཙན་དབང་ཐོག་ནས་ནང་པའི་ཆོས་དད་པར་འགྱུར་བཅུག་གི་ཡོད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གཟའ་ལྷག་པའི་ཉིན་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་འདུག་ 6. ཕ་རན་སིར་བོད་ཀྱི་རིག་གཞུང་འགྲེམས་སྟོན་དུས་ཆེན་ཞེས་པའི་མིང་བྱང་འོག ཕྱི་ལོ་ཉིས་སྟོང་དགུ་ལོ་ནས་བཟུང་ ལོ་ལྟར་ཕ་རན་སིའི་ཡུལ་མིའི་ཁྲོད་བོད་ཀྱི་རིག་གཞུང་གོ་རྟོགས་ཀྱི་ལས་འགུལ་སྤེལ་མུས་ཡིན་པ་ལྟར། འདི་ལོའི་ཕྱི་ཟླ་དགུ་པའི་ཚེས་༨ནས་༩ཉིན་གཉིས་རིང་ ཕ་རན་སི་བོད་རིགས་ཚོགས་པས་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག 7. རྒྱ་ནག་གཞུང་འབྲེལ་གྱི་གསར་ཤོག་Study Times ཞེས་པའི་རྩོམ་བྲིས་པ་རྒན་གྲས་Deng Yuwen གིས་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ཡར་རྒྱས་ཕྲན་བུ་ལས་ཕྱིན་མེད་པའི་སྐོར་དང་འདས་པའི་ལོ་བཅུའི་དུས་རིང་ལ་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐའོ་དང་སྲིད་བློན་བྷིན་ཅཱ་བྷའོ་ཡིས་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ཡར་རྒྱས་བཏང་བ་ལས་ཀྱང་དཀའ་རྙོག་དེ་བས་ཆེ་བ་བཟོས་ཡོད་པའི་སྐོར་བཤད་ཡོད་པ་རེད། 8. སྲིད་འཛིན་ཧུ་ཇིན་ཐ་བོའི་མཐུན་ཕྱོགས་དཔོན་རིགས་ལིང་ཅན་ཧ་གི་བུ་རླངས་འཁོར་བརྡབ་སྐྱོན་བྱུང་བའི་ཚབས་ཆེའི་དོན་རྐྱེན་གྱི་ནང་ཐེ་གཏོགས་ཡོད་པའི་རྐྱེན་གྱིས་གནས་རིམ་ཕབ་སྟེ་འཐབ་ཕྱོགས་ཅིག་གྱུར་གི་འགོ་ཁྲིད་ལ་བསྐོས་པ་དེ་ནི་རྒྱ་ནག་ནང་ལོ་བཅུ་རེའི་མཚམས་སུ་འགོ་ཁྲིད་འཕོ་བསྒྱུར་གྱི་དུས་སྐབས་སུ་བྱུང་བའི་གླེང་རྙོག་གསར་ཤོས་དེ་ཡིན་འདུག 9. བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༡༩༦༠་ནས་བཟུང་བཙན་འབྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་འཕེལ་རིམ་ཐད་སྤྱི་ལོ་ཉི་སྟོང་བཅུ་གཉིས་ལོའི་ཞིབ་འཇུག་སྙན་ཐོན་ཞིག་བཏོན་གནང་ཡོད་འདུག 10. ཨ་རིའི་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་གྲོལ་ནས་ཉིན་ཤས་ཕྱིན་པའི་རྗེས་ཀྱི་གཟའ་མིག་དམར་ཉིན་ནས་གཞུང་འཛིན་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་འགོ་འཛུགས་བྱས་ཡོད་པ་རེད། 11. རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལེང་ ཀོང་ལེ་ རྒྱ་གར་ནང་ཉིན་མ་ལྔའི་རིང་རྒྱལ་དོན་ལྟ་སྐོར་ལ་འབྱོར་ཡོད་པ་དང་ རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་སླར་ཡང་ཟུང་སྦྲེལ་དམག་སྦྱོང་འགོ་འཛུགས་བྱ་རྒྱུར་མོས་མཐུན་བྱུང་འདུག་པ་མ་ཟད། དུས་སང་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཨེ་ ཀེ་ ཨན་ཐོ་ནི་རྒྱ་ནག་ལ་ཕེབས་རྒྱུར་རྒྱ་ནག་གི་མགྲོན་འབོད་ལ་ངོས་ལེན་གནང་འདུག་ 12. བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མ་བརྒྱ་ཧྲང་ཧེ་གྲོང་ཁྱེར་དུ་ལས་ཞུགས་བྱེད་རྒྱུར་གདན་ཞུ་བྱེད་རྒྱུ་རེད་འདུག །འོན་ཀྱང་སློབ་མ་དེ་དག་མང་ཆེ་བ་བོད་ནས་སློབ་གྲྭ་ཐོན་པའི་རྒྱ་ཕྲུག་རྣམས་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག 13. ཁ་སང་ཁྲན་ཆོན་གོ་ཡིས། ལས་བྱེད་པ་ཉིས་ཁྲི་ཆིག་སྟོང་བརྒྱད་བརྒྱ་བཅུ་མེད་བཞི་ཙམ་ཞིག བོད་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོ ༥༤༥༡ དང་དགོན་སྡེར་བཅའ་སྡོད་བྱེད་པ་པ་དང་། དམངས་ཕན་ཉེན་རྟོགས་ལས་དོན་ས་ཚིགས ༦༩༨ བཙུགས་པ་བཅས་ནི་ཚོགས་ཆེན་བཅོ་བརྒྱད་པ་ལ་ལེགས་སྐྱེས་སུ་ཕུལ་བ་ཡིན་ལུགས་བརྗོད་འདུག 14. རྒྱ་མ་དང་ཁྱུང་ལུང་། བྱང་གསུམ། སྟོད་ལུང་། སྤང་བུ་བཅས་གཏེར་ཁ་ཆེ་གྲས་༥་ཡི་ལྕགས་རིགས་ཟངས་ཀྱི་ཐོན་ཚད་ཏུན་ཁྲི་༥༠་ལ་སླེབས་ཐུབ་པ་དང་། རྒྱ་མ་དེ་རྒྱ་ནག་ལྷོ་ནུབ་ས་ཁུལ་གྱི་ཟངས་གཏེར་ཆེས་ཆེ་ཤོས་སུ་འཛུགས་སྐྲུན་བྱ་རྒྱུ་དང༌། དེ་ནས་མལ་གྲོ་གུང་དཀར་རྫོང་དེ་ཁྲལ་འབབ་སྒོར་དུང་ཕྱུར་བརྒལ་བའི་རྫོང་དང་པོར་འགྱུར་རྒྱུ་ཡིན་པ་དང་། མཚོ་སྔོན་གྱི་གསེར་ཁུངས་རྒུ་རི་ཡིས་ལོ་རེར་གསེར་ཏུན་༢༠་བརྐོས་ཏེ་ཕྱིར་འཚོང་ཡོང་སྒོ་སྒོར་དུང་ཕྱུར་༦༠་ལ་སླེབས་ཐུབ་ཟེར། 15. གོང་ས་མཆོག་གིས་སང་གྷ་པུར་གཙོས་པའི་ཤར་གླིང་ཨེ་ཤི་ཡའི་ཆོས་ཞུ་བ་༤༠༠ ཙམ་དང་། གཞན་ཡང་ཕྱི་རྒྱལ་ཁག་གི་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་ཁ་ཤས་ལ་བཀའ་ཆོས་གནང་བཞིན་ཡོད་པ་རེད། 16. རྒྱ་གར་ཉེན་རྟོག་པས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་བྱེད་མཁན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འགུལ་སྤེལ་མཁན་གསུམ་འཛིན་བཟུང་དང་། བཙན་བཀའ་བཏང་བར་གཞོན་ནུ་ཚོགས་པའི་ངོས་ནས་བློ་ཕམ་ཡོད་པའི་གསར་འགོད་གསལ་བསྒྲགས་སྤེལ་འདུག 17. རྒྱ་ནག་གི་བདེ་སྲུང་བློན་ཆེན་ལྡི་ལིར་ཡོང་བར་བོད་མི་ཚོས་ངོ་རྒོལ་བྱས་ཡོད་པ་དང་། གཞོན་ནུའི་ཚོགས་མི་སོགས་བོད་མི་ལས་འགུལ་བ་མི་གྲངས་༣༠་ལྷག་འཛིན་བཟུང་བྱས་ཡོད་འདུག 18. བོད་མདོ་སྨད་མགོ་ལོག་ཕྱོགས་ནས་ལྷ་སར་གནས་མཇལ་དུ་འགྲོ་མཁན་བོད་མི་མི་ཉུང་བ་ས་གནས་རྒྱ་ནག་གི་ཉེན་རྟོག་པས་བཀག་བསྡོམས་དང་ཕྱིར་ཕ་ཡུལ་ལ་སྐྱེལ་ཡོད་འདུག 19. དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ལྡེ་ར་ལྡུན་ཁུལ་གྱི་མཛད་རིམ་ཁག་ལེགས་འགྲུབ་བྱུང་ནས་ཕྱིར་བཞུགས་སྒར་ཁུལ་དུ་ཆིབས་ཞལ་བསྒྱུར་གནང་ཡོད་འདུག 20. ༧གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་༼ལེགས་བཤད་བློ་གསལ་མིག་འབྱེད་༽ཞེས་བ་བལ་བོའི་སྐད་ཡིག་ཐོག་ཕབ་བསྒྱུར་གནང་གི་ཡོད་འདུག 21. ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཁེ་ལིང་ཊོན་རྒྱ་ནག་ནང་ཕེབས་སྐབས་རྒྱ་ནག་གི་ངོས་ནས་སྲིད་འཛིན་གཞོན་པ་ཞི་ཅན་ཕིན་དང་ཐུག་འཕྲད་མཛད་རིམ་གློ་བུར་ཕྱིར་འཐེན་བྱས་པ་དེར་མི་ཚོས་ཚོད་དཔགས་མང་པོ་བྱེད་བཞིན་འདུག 1Like · · Share Sakar Tashi and 4 others like this. Write a comment…
དེ་ཅི་རེད་དམ། གསལ་བྱེད་མེད་ན་ཉེན་ཁ་ཆེ།
བོད་གནས་འཕྲིན་གསར། TibNews · 34 like this
11 hours ago ·
དེ་རིང་གི་གསར་འགྱུར་འགོ་བརྗོད་ཁག།༢༠༡༢།༠༩།༠༥།
1. ཕྱི་ཟླ་༩ ཚེས་ ༥ དགེ་རྒན་གྱི་ཉིན་མོར་མ་སུ་རི་གཏན་སློབ་གི་རྒྱ་གར་སློབ་དགེ་སྐུ་ཞབས་S.C.Rauto དང། སྦེལ་ཀོབ་སི་ཝི་པི་ (CST CVP) བོད་མིའི་སློབ་གྲའི་སློབ་དགེ་བློ་བཟང་སྒྲོལ་མ་ལགས་གཉིས་ལ་གཉིས་ལ་རྒྱ་གར་རྒྱལ་ཡོངས་ཕུལ་བྱུང་སློབ་དགེའི་གཟེངས་རྟགས་ཐོབ་གནང་འདུག
2. འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཡུ་རོཔ་མཉམ་སྦྲེལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་གསར་པ་Stavros Lambrinidis ལ་དིའི་ཚེས་༢༠་ཉིན་ཡུ་རོབ་མཉམ་སྦྲེལ་དང་རྒྱ་ནག་བར་གྱི་ཆེས་མཐོའི་ལྷན་ཚོགས་ཞོར་འཕྲོས་རྒྱ་ནག་གི་སྲིད་བློན་མཉམ་བོད་དོན་སྐོར་གླེང་གློང་གནང་དགོས་རྒྱུའི་ཞུ་སྐུལ་གནང་འདུག
3. རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱང་རྒྱུག་འགྲན་བསྡུར་དང་བདེ་འཇགས་འཕྲུལ་ཆས་ཀྱི་འགྲེམས་སྟོན་གཉིས་ལ་དུས་འགྱངས་ཕྱིན་པ་དེས་མ་འོངས་རྒྱ་ནག་གི་འགོ་ཁྲིད་གསར་པ་བསྐོ་བཞག་བྱ་རྒྱུའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨་པ་དེ་བཞིན་རིང་མིན་ཕྱི་ཟླ་བཅུ་པའི་ཟླ་དཀྱིལ་དུ་ཚུགས་རྒྱུ་ཡིན་པ་གསལ་པོ་རྟོགས་ཐུབ་ཟེར།
4. ཧོང་ཀོང་གི་རྒྱལ་ཡོངས་སློབ་གྲ་ཁག་གི་སློབ་ཚན་གྱི་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ངོ་སྤྲོད་བྱ་རྒྱུའི་འཆར་གཞི་ཡོད་པར་ཧོང་ཀོང་གི་དགེ་རྒན་དང་སློབ་ཕྲུག་མང་ཚོགས་སྟོང་ཕྲག་མང་པོས་གཟའ་ཟླ་བའི་ཉིན་ངོ་རྒོལ་རྔམ་སྟོན་བྱས་པ་མ་ཟད་ དགེ་རྒན་དང་སློབ་ཕྲུག་བཅུ་ཙམ་ཞིག་གིས་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།
5. འབར་མའི་Chin ཞེས་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་ ནང་པ་ཁག་ཅིག་གིས་ཡེ་ཤུའི་ཆོས་དད་པ་ཚོར་བཙན་དབང་ཐོག་ནས་ནང་པའི་ཆོས་དད་པར་འགྱུར་བཅུག་གི་ཡོད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གཟའ་ལྷག་པའི་ཉིན་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་འདུག་
6. ཕ་རན་སིར་བོད་ཀྱི་རིག་གཞུང་འགྲེམས་སྟོན་དུས་ཆེན་ཞེས་པའི་མིང་བྱང་འོག ཕྱི་ལོ་ཉིས་སྟོང་དགུ་ལོ་ནས་བཟུང་ ལོ་ལྟར་ཕ་རན་སིའི་ཡུལ་མིའི་ཁྲོད་བོད་ཀྱི་རིག་གཞུང་གོ་རྟོགས་ཀྱི་ལས་འགུལ་སྤེལ་མུས་ཡིན་པ་ལྟར། འདི་ལོའི་ཕྱི་ཟླ་དགུ་པའི་ཚེས་༨ནས་༩ཉིན་གཉིས་རིང་ ཕ་རན་སི་བོད་རིགས་ཚོགས་པས་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག
7. རྒྱ་ནག་གཞུང་འབྲེལ་གྱི་གསར་ཤོག་Study Times ཞེས་པའི་རྩོམ་བྲིས་པ་རྒན་གྲས་Deng Yuwen གིས་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ཡར་རྒྱས་ཕྲན་བུ་ལས་ཕྱིན་མེད་པའི་སྐོར་དང་འདས་པའི་ལོ་བཅུའི་དུས་རིང་ལ་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐའོ་དང་སྲིད་བློན་བྷིན་ཅཱ་བྷའོ་ཡིས་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ཡར་རྒྱས་བཏང་བ་ལས་ཀྱང་དཀའ་རྙོག་དེ་བས་ཆེ་བ་བཟོས་ཡོད་པའི་སྐོར་བཤད་ཡོད་པ་རེད།
8. སྲིད་འཛིན་ཧུ་ཇིན་ཐ་བོའི་མཐུན་ཕྱོགས་དཔོན་རིགས་ལིང་ཅན་ཧ་གི་བུ་རླངས་འཁོར་བརྡབ་སྐྱོན་བྱུང་བའི་ཚབས་ཆེའི་དོན་རྐྱེན་གྱི་ནང་ཐེ་གཏོགས་ཡོད་པའི་རྐྱེན་གྱིས་གནས་རིམ་ཕབ་སྟེ་འཐབ་ཕྱོགས་ཅིག་གྱུར་གི་འགོ་ཁྲིད་ལ་བསྐོས་པ་དེ་ནི་རྒྱ་ནག་ནང་ལོ་བཅུ་རེའི་མཚམས་སུ་འགོ་ཁྲིད་འཕོ་བསྒྱུར་གྱི་དུས་སྐབས་སུ་བྱུང་བའི་གླེང་རྙོག་གསར་ཤོས་དེ་ཡིན་འདུག
9. བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༡༩༦༠་ནས་བཟུང་བཙན་འབྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་འཕེལ་རིམ་ཐད་སྤྱི་ལོ་ཉི་སྟོང་བཅུ་གཉིས་ལོའི་ཞིབ་འཇུག་སྙན་ཐོན་ཞིག་བཏོན་གནང་ཡོད་འདུག
10. ཨ་རིའི་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་གྲོལ་ནས་ཉིན་ཤས་ཕྱིན་པའི་རྗེས་ཀྱི་གཟའ་མིག་དམར་ཉིན་ནས་གཞུང་འཛིན་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་འགོ་འཛུགས་བྱས་ཡོད་པ་རེད།
11. རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལེང་ ཀོང་ལེ་ རྒྱ་གར་ནང་ཉིན་མ་ལྔའི་རིང་རྒྱལ་དོན་ལྟ་སྐོར་ལ་འབྱོར་ཡོད་པ་དང་ རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་སླར་ཡང་ཟུང་སྦྲེལ་དམག་སྦྱོང་འགོ་འཛུགས་བྱ་རྒྱུར་མོས་མཐུན་བྱུང་འདུག་པ་མ་ཟད། དུས་སང་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཨེ་ ཀེ་ ཨན་ཐོ་ནི་རྒྱ་ནག་ལ་ཕེབས་རྒྱུར་རྒྱ་ནག་གི་མགྲོན་འབོད་ལ་ངོས་ལེན་གནང་འདུག་
12. བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མ་བརྒྱ་ཧྲང་ཧེ་གྲོང་ཁྱེར་དུ་ལས་ཞུགས་བྱེད་རྒྱུར་གདན་ཞུ་བྱེད་རྒྱུ་རེད་འདུག །འོན་ཀྱང་སློབ་མ་དེ་དག་མང་ཆེ་བ་བོད་ནས་སློབ་གྲྭ་ཐོན་པའི་རྒྱ་ཕྲུག་རྣམས་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
13. ཁ་སང་ཁྲན་ཆོན་གོ་ཡིས། ལས་བྱེད་པ་ཉིས་ཁྲི་ཆིག་སྟོང་བརྒྱད་བརྒྱ་བཅུ་མེད་བཞི་ཙམ་ཞིག བོད་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོ ༥༤༥༡ དང་དགོན་སྡེར་བཅའ་སྡོད་བྱེད་པ་པ་དང་། དམངས་ཕན་ཉེན་རྟོགས་ལས་དོན་ས་ཚིགས ༦༩༨ བཙུགས་པ་བཅས་ནི་ཚོགས་ཆེན་བཅོ་བརྒྱད་པ་ལ་ལེགས་སྐྱེས་སུ་ཕུལ་བ་ཡིན་ལུགས་བརྗོད་འདུག
14. རྒྱ་མ་དང་ཁྱུང་ལུང་། བྱང་གསུམ། སྟོད་ལུང་། སྤང་བུ་བཅས་གཏེར་ཁ་ཆེ་གྲས་༥་ཡི་ལྕགས་རིགས་ཟངས་ཀྱི་ཐོན་ཚད་ཏུན་ཁྲི་༥༠་ལ་སླེབས་ཐུབ་པ་དང་། རྒྱ་མ་དེ་རྒྱ་ནག་ལྷོ་ནུབ་ས་ཁུལ་གྱི་ཟངས་གཏེར་ཆེས་ཆེ་ཤོས་སུ་འཛུགས་སྐྲུན་བྱ་རྒྱུ་དང༌། དེ་ནས་མལ་གྲོ་གུང་དཀར་རྫོང་དེ་ཁྲལ་འབབ་སྒོར་དུང་ཕྱུར་བརྒལ་བའི་རྫོང་དང་པོར་འགྱུར་རྒྱུ་ཡིན་པ་དང་། མཚོ་སྔོན་གྱི་གསེར་ཁུངས་རྒུ་རི་ཡིས་ལོ་རེར་གསེར་ཏུན་༢༠་བརྐོས་ཏེ་ཕྱིར་འཚོང་ཡོང་སྒོ་སྒོར་དུང་ཕྱུར་༦༠་ལ་སླེབས་ཐུབ་ཟེར།
15. གོང་ས་མཆོག་གིས་སང་གྷ་པུར་གཙོས་པའི་ཤར་གླིང་ཨེ་ཤི་ཡའི་ཆོས་ཞུ་བ་༤༠༠ ཙམ་དང་། གཞན་ཡང་ཕྱི་རྒྱལ་ཁག་གི་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་ཁ་ཤས་ལ་བཀའ་ཆོས་གནང་བཞིན་ཡོད་པ་རེད།
16. རྒྱ་གར་ཉེན་རྟོག་པས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་བྱེད་མཁན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འགུལ་སྤེལ་མཁན་གསུམ་འཛིན་བཟུང་དང་། བཙན་བཀའ་བཏང་བར་གཞོན་ནུ་ཚོགས་པའི་ངོས་ནས་བློ་ཕམ་ཡོད་པའི་གསར་འགོད་གསལ་བསྒྲགས་སྤེལ་འདུག
17. རྒྱ་ནག་གི་བདེ་སྲུང་བློན་ཆེན་ལྡི་ལིར་ཡོང་བར་བོད་མི་ཚོས་ངོ་རྒོལ་བྱས་ཡོད་པ་དང་། གཞོན་ནུའི་ཚོགས་མི་སོགས་བོད་མི་ལས་འགུལ་བ་མི་གྲངས་༣༠་ལྷག་འཛིན་བཟུང་བྱས་ཡོད་འདུག
18. བོད་མདོ་སྨད་མགོ་ལོག་ཕྱོགས་ནས་ལྷ་སར་གནས་མཇལ་དུ་འགྲོ་མཁན་བོད་མི་མི་ཉུང་བ་ས་གནས་རྒྱ་ནག་གི་ཉེན་རྟོག་པས་བཀག་བསྡོམས་དང་ཕྱིར་ཕ་ཡུལ་ལ་སྐྱེལ་ཡོད་འདུག
19. དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ལྡེ་ར་ལྡུན་ཁུལ་གྱི་མཛད་རིམ་ཁག་ལེགས་འགྲུབ་བྱུང་ནས་ཕྱིར་བཞུགས་སྒར་ཁུལ་དུ་ཆིབས་ཞལ་བསྒྱུར་གནང་ཡོད་འདུག
20. ༧གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་༼ལེགས་བཤད་བློ་གསལ་མིག་འབྱེད་༽ཞེས་བ་བལ་བོའི་སྐད་ཡིག་ཐོག་ཕབ་བསྒྱུར་གནང་གི་ཡོད་འདུག
21. ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཁེ་ལིང་ཊོན་རྒྱ་ནག་ནང་ཕེབས་སྐབས་རྒྱ་ནག་གི་ངོས་ནས་སྲིད་འཛིན་གཞོན་པ་ཞི་ཅན་ཕིན་དང་ཐུག་འཕྲད་མཛད་རིམ་གློ་བུར་ཕྱིར་འཐེན་བྱས་པ་དེར་མི་ཚོས་ཚོད་དཔགས་མང་པོ་བྱེད་བཞིན་འདུག
1Like · · Share
Sakar Tashi and 4 others like this.
Write a comment…