ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༦ ཉིན་གྱི་བོད་ནང་གི་དུས་ཚོད་བཅུ་དང་ཕྱེད་ཀ་ཡོལ་ཙམ་ལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་ཚེ་རིང་བཀྲ་ཤིས་ཀྱི་བུ་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ཀྱི་སྤུན་ཆུང་བ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་། རང་ལོ་ ༡༨ ཡིན་པ་ཁོང་དང་། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཚེ་རྒྱས་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག རང་ལོ་ ༡༨ ཡས་མས་ཙམ་ཡིན་པ་ཁོང་གཉིས་ཀྱིས་རྔ་པ་རྫོང་ཐོག་གི་ཁྲོམ་གཞུང་དུ་ཐོན་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་ཆོས་དད་རང་དབང་དགོས། སོགས་ཀྱིས་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་སྲེག་བཏང་ཡོད་པ་དང་། ཅུང་ཙམ་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པ་དང་། དྲག་ཆས་དམག་དཔུང་གིས་གཡས་གཡོན་ནས་ཆུ་དང་མེ་གསོད་ཡོ་ཆས་སོགས་བེད་སྤྱད་ནས་མེ་བསད་ཡོད་ཀྱང་། སྐབས་དེར་མི་མང་གིས་སུ་ཡིན་ངོ་ཐག་མ་ཆོད་ཀྱང་གཅིག་གྲོངས་ཡོད་པའི་མཐོང་སྣང་བྱུང་ཡོད་འདུག་པ་ཙམ་ལས་གསལ་པོ་གང་ཡང་མེད་པ་དང་། གཅིག་གྲོངས་མེད་པ་གསལ་པོ་ཤེས་ཡོད་འདུག
མེ་བསད་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་ཁྱེར་ཡོད་ཀྱང་གང་དུ་ཁྱེར་ཡོད་མེད་དང་། ད་ལྟའི་ཁོང་གཉིས་ཀྱིས་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་འདུགཁོང་གཉིས་ཀྱིས་དེ་ལྟར་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་ནི་ལོ་མང་པོའི་རིང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ནོར་འཁྲུལ་ལས་བྱུང་བ་སྨོས་མེད་དང་། བྱེ་བྲག་ད་ལོའི་ཕྱི་ཟླ་༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ངོ་རྒོལ་བྱས་པ་ནས་བཟུང་ད་བར་རྔ་པའི་ས་གནས་ཡོངས་ལ་དམ་བསྒྲགས་བཀག་སྡོམ་ཤུགས་ཆེ་བྱས་པ་དང་། ལྷག་པར་དུ་ཀིརྟི་དགོན་པའི་གྲྭ་པ་རྣམས་ཟླ་བ་ལྔ་ལྷག་རིང་དགོན་པའི་ལྕགས་རིའི་ཕྱི་ལ་ཐོན་མ་བཅུག་པར་བཙོན་པ་དང་གཅིག་མཚུངས་ཀྱིས་བཀག་སྡོམ་བྱས་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་ནས་གྲྭ་པ་བརྒྱ་ཕྲག་མང་པོ་དགོན་པའི་ནང་ནས་ཕྱིར་ཕུད་བཏང་ཞིང་། རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ལས་འགུལ་ལ་འབྲེལ་བ་ཡོད་པར་བསྙོན་འཛུགས་བྱས་ཏེ་མི་གསོད་ལག་དམར་དང་། མི་གསོད་ལག་དམར་གྱི་ལག་རོགས་ཀྱི་ཉེས་མིག་གཡོགས་ནས་ལོ་མང་པོའི་ཁྲིམས་ཐག་བཅད་པ་སོགས་བཟོད་ཐབས་བྲལ་གནས་ཚུལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པར་མ་ཟད། རྔ་པ་ཀིརྟི་དགོན་པའི་ནང་ལ་ད་ལྟ་ད་དུང་རྒྱ་གཞུང་གི་ལས་བྱེད་པ་བརྒྱ་ཕྲག་མང་པོ་ཉིན་མཚན་གཉིས་ཀར་བསྡད་ནས་སུན་གཙེར་བཟོ་བཞིན་ཡོད་པ་བཅས་ཀྱིས་ཡིན་འདུག
ཁོང་གཉིས་ནི་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པའི་ནང་གྲྭ་པ་བྱས་པ་ཞིག་ཡིན་འདུག གནས་ཚུལ་དེ་བྱུང་མ་ཐག་རྔ་པའི་ཕྱོགས་ཚང་མར་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཏེ་རྔ་པ་རྫོང་མཁར་ཡོངས་དང་ཀིརྟི་དགོན་པ་སོགས་ལ་བཀག་སྡོམ་ནན་མོ་བྱས་ཡོད་པས
གསུམ་པའི་བཅུ་དྲུག་གི་རྗེས་ནས་ད་བར་རྔ་པ་རྫོང་ཐོག་གི་དྲ་རྒྱ་ཁང་ཚང་མ་སྒོ་བརྒྱབ་ཡོད་པ་དང་། ཁ་པར་ནང་ནས་འཕྲིན་ཐུང་གཏོང་རྒྱུ་བཀག་འགོག་བྱས་པ་སོགས་མུ་མཐུད་ཡོད་འདུག དེ་བཞིན་དེ་རིང་ཡང་རྔ་པའི་ནང་ཁ་པར་གཏོང་ལེན་ལ་ཡང་དཀའ་ངལ་འཕྲད་བཞིན་ཡོད་འདུག་པ་བཅས།
བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་༢༦ ལ།
ཡང་དག་ལྟ་དང་གཞན་ཕན་བྱང་ཆུབ་སེམས། །
ཐུབ་པའི་བཀའ་ལུང་བསླུ་བ་མེད་པའི་མཐུས། །
སྙིང་རྗེའི་ཡུལ་གྱུར་ནག་ཕྱོགས་སྡེར་གཏོགས་ཀུན། །
སྡང་དང་གདུག་པའི་བློ་ངན་རབ་ཞི་ནས། །
བླང་དོར་འབྱེད་པའི་བློ་མིག་མྱུར་ཐོབ་ཅིང་། །
དུས་ཀྱི་རྒུད་པའི་མུན་པ་ཡོངས་སངས་ཏེ། །
ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ། །
འཆར་བར་ངེས་སོ་དམ་ལྡན་སྙིང་མ་ཞུམ། །
ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོས།
རྒྱལ་གཅེས་དཔའ་བོ་རྣམ་གཉིས་ཀྱི་རང་གཤིས་རྣམ་པར་རྒྱལ་ལོ། དཀའ་བ་བརྒྱ་ཕྲག་གྲུབ་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
རྒྱལ་གཅེས་དཔའ་བོ་འདི་དག་གི་ཐུགས་ཀྱི་བཞེད་དོན་འགྲུབ་ཆེད་ང་ཚོ་ཕྱི་སྡོད་བོད་མི་རྣམས་ཀྱིས་སྡོག་རྩ་ཆིག་སྒྲིལ་གྱི་ལམ་ནས་ནུས་པ་ཐོན་པའི་རྒྱབ་སྐྱོར་དང་ལས་འགུལ་སྤེལ་དགོས་པར་འདུག ད་ལྟའི་ཆར་རྔ་པ་ཀིརྟི་དགོན་པ་རྒྱའི་བཙོན་ཁང་གི་ངོ་བོར་བསྒྱུར་ནས་དགེ་འདུན་པ་རྣམས་ཀྱིས་ཉིན་མཚན་དུས་དྲུག་ཏུ་མནར་གཅོད་མྱང་དང་མྱོང་བཞིན་པར་བསམ་ན་དངོས་ནས་ང་ཚོ་སྡོད་ཐབས་མེད་པ་ལྟ་བུ་འདུག ཁོང་ཚོ་ནི་རང་གི་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་མ་རེད། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བློས་བཏང་ཆེན་པོ་བྱས་པ་འདི་ཚོ་ནི་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཤེས་པར་བྱས་ཏེ། རང་རང་སོ་སོའི་ས་ནས་འགན་རེ་ལེན་རྒྱུ་དེ་ཤིན་ཏུ་གལ་གནད་ཆེ།
ལོ་ཆུང་འདི་དག་ནས་ལས་འགུལ་འདི་ལྟར་བརྩམས་ཡོང་དུས་སེམས་པར་བརྗོད་བྲལ་བསམ་མི་ཐུབ་པའི་དགའ་སྣང་ཞིག་དང་སྐྱོ་བ་ཞིག་འདྲེས་ནས་ཡོང་གིན་འདུག རང་གི་མི་རིགས་ལ་ཞེན་ནས་ལུས་སྲོག་བཏང་བ་དེ་ཆེས་གཟི་བརྗིད་ཡིན་པས་གུས་འདུད་ཞུས།
རང་གི་རྒྱལ་ཁབ་ལ་བློ་ཞེན་ཟབ་པའི་ན་གཞོན་འདི་ཚོ་འདི་ལྟར་དུས་ཚོད་སྐར་མ་འགའི་ནས་རྫོགས་ནས་འགྲོ་ན་ཆེས་ཕངས་ཤིང་སེམས་ངལ་ཞིག་ཀྱང་མ་ཡིན་ནམ། ངོ་མ་ང་ཚོས་ན་གཞོན་སྐྱོང་སྟངས་དང་ཆབ་སྲིད་གནོན་ཤུགས་དང་། མི་རིགས་ཀྱི་ལྷག་བསམ་འཁུར་སྟངས་ཐད་འབྲེལ་ཡོད་མཁྱེན་ལྡན་པ་རྣམས་ནས་སློབ་གསོ་དགོས་པ་ནི་ཛ་དྲག་ཆེས་ཤོས་དེ་ཡིན་པས།
ཆོས་རིགས་བཀའ་བློན་གཙོས་འབྲེལ་ཡོད་རྣམས་ལ་ཞུ་དོན་ནི། གནས་ཚུལ་འདི་རིགས་ཇེ་མང་ནས་འགྲོ་ན་ཇི་ལྟར་འགྱུར་མིན་གྱི་ཞིབ་འཇུག་དགོས་གལ་མཐོང་།
རྒྱལ་གཅེས་དཔའ་བོའི་ལྷག་བསམ་ལ་གུས་བརྩི་ཞུ། གནས་ཚུལ་ད་དུང་ཞིབ་ཙམ་ཞིག་གོ་བའི་རེ་བ་ཡིན།
བོད་ནང་གི་བོད་མི་ཚོས་འཐབ་རྩོད་ཀྱི་ཁ་ཕྱོགས་དང་ངོ་བོ་ངེས་པར་དུ་བསྒྱུར་བ་གཏོང་དགོས་ཀྱི་འདུག དང་པོ་འཐབ་རྩོད་ཀྱི་ངོ་བོ། རང་སྲོག་ལ་བདག་གཅེས་བྱས་ནས་མི་ཚེའི་ནུས་པ་བེད་སྤྱོད་གཏོང་ནས་རྒྱུན་རིང་པོར་ཐབས་རྩོད་བྱེད་ཐབས་ལ་བསམ་བློ་འཁོར་དགོས་པ་ལས། རང་གི་ལུས་སྲོག་མེར་བསྲེག་ནས་མི་ཚེའི་ནུས་པ་ཆུད་ཟོས་སུ་གཏོང་བཞིན་པ་སྙིས་སྟོབས་བླ་མེད་མཚོན་ཡང་། སྤྱི་སྒེར་གཉིས་ལ་གྱོང་གུད་དང་ན་ཟུག་སྤྲད་པ་རང་རེད།
གཉིས་པ་ཁ་ཕྱོགས། ཕྱི་ལོག་ན་བོད་ཡིག་དང་བོད་སྐད་མི་ཤེས་པའི་མགོ་ནག་ཕྱི་རྒྱལ་བ་རྐྱང་གིས་བོད་ཀྱི་དབུ་ཁྲིད་ཡིན་ཟེར་ནས། སྒེར་དོན་དང་མི་སྒེར་གྱི་མདུན་ལམ་འཚོལ་ཐབས་བྱེད་བཞིན་པའི་བོད་མིའི་སྒྲིག་འཛུགས་ཟེར་བའི་བཀའ་བློན་རྣམས་གཙོའི་ཕྱི་ལོགས་ཀྱི་བསླུ་བྲིད་མཁན་དག་ལ་ཡིད་ཆེས་དང་རེ་ཐག་བཅད་ནས། བོད་ནང་གི་གནས་སྟངས་དང་འཚམ་པའི་འཐབ་རྩོད་བྱེད་དགོས་པ་དང་། རང་གི་དབུ་ཁྲིད་རང་ཉིད་བྱེད་དགོས་པ་ལས། བོད་ཀྱི་ས་མི་ཆུ་གསུམ་ལ་ཆ་རྒྱུས་མེད་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་རྒྱུས་མངའ་མེད་པའི་ཕྱི་རྒྱལ་མགོ་ནག་དཀྱུས་མ་ཁ་ཤས་ལ་མཁས་དབང་སོགས་ཀྱི་མིང་སྤྲས་ནས་དབུ་ཁྲིད་ཀྱི་འདུ་ཤེས་བཟུང་ནས་རྣ་བ་དང་ཡིད་ཆེས་བཅོལ་མི་རུང་ལྟ་བུ་ཡིན།
བོད་ནས་མི་མང་པོ་འདི་འདྲའི་ཚེ་སྲོག་མཆོད་མེ་ལ་སྒྲོན་པ་འདི་བཙན་བྱོལ་ནང་གི་ཆབ་སྲིད་པ་ཚོས་སྐད་ཆ་རྫུན་མ་རེད་དང་ལས་འགུལ་རྫུན་མ་རེ་སྤེལ་ནས་འདི་ལྟར་བྱུང་བ་རེད་་་་་མི་འདི་ཚོས་ཚེ་སྲོག་བཅད་པའི་ལན་ཁག་དང་སྡིག་པ་ཡོད་ཚད་བཙན་བྱོལ་ནང་གི་༧རྒྱལ་བ་རིན་པོ་ཆེ་མན་ཆད་ང་ཚོ་ཚང་མས་ཁུར་དགོས།ང་ཚོས་སྐད་ཆ་རྫུན་མ་རེ་བཤད་ནས་གྲུབ་འབྲས་གཡང་མེད་པར་ལོ་ལྔ་བཅུ་ཕྱིན་ཚར་བ་རེད།བོད་ནང་ནས་ན་གཞོན་འདིའི་འདྲའི་མང་པོས་ཚེ་སྲོག་ཤོར་འགྲོ་བ་འདིའི་ལན་ཁག་ཚང་མ་ང་ཚོ་ལ་ཡོད།སྡིག་པ་ཚང་མ་ང་ཚོ་ལ་ཡོད།རྒྱལ་བ་རིན་པོ་ཆེ་ལ་ཡོད།་བློ་བཟང་སེངྒེ་ལ་ཡོད།བཀའ་བློན་ཚོ་ལ་ཡོད་་་་བླ་ཆེན་མི་ཆེན་ཚང་མ་ལ་ཡོད།དེ་རིང་ནས་བཟུང་ཁྱེད་ཚོས་སྐད་ཆ་རྫུན་མ་རེ་བཤད་པའི་མཚམས་བཞགས་རིགས་་་་་སྐུ་མཁྱེན་མི་འདི་འདྲའི་མང་པོ་བོད་ནས་ཤི་མ་བཅུགས་རོགས་སྐུ་མཁྱེན་་་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་གི་ཡོད།
I feel that time has come for the civilians of China to come and help their brothers and sisters of Tibet. Once, China was very deeply molested by Genghis Khan, East India Company (Britishers) and then Japanese, and they didn’t like it and fought against it. The same thing is now done by then to the Tibetans, which is against their very root principle of equality and brotherhood in Communism. Let people protest peacefully in sharing their ideas and thoughts. Tibetans have never had been violent in the history.
To the Tibetans I offer my brotherly support and hope that their soul remains strong with love and awareness the principles on which tibetan buddhism is based. I’m not in favor of self immolation as it’s the negation of life. It’s better that with patience and love, whole China could be changed.
བོད་རང་དབང་གཙང་མ།
http://www.youtube.com/watch?v=_rqri3FUo9s
http://www.youtube.com/watch?v=ANccgDlW8d8
དེ་རང་ཕ་ཡུལ་གྱི་གྲྭ་བ་གཉིས་ཀྱིས་ངོ་རྒོལ་འདི་འདྲ་ཞིག་བྱས་པ་ད་ལྟ་རང་ཁ་བརྡའི་སྟེང་རིག་སོང་།
རང་ཤི་བརྒྱབ་པ་ནི་རང་ཉིད་ཨུ་ཐུག་པའི་ལས་ཀའམ་ང་རང་ཐག་ཆོད་པའི་དཔའ་བོ་ཞིག་ཡིན་བསམ་
ནས་བྱུང་བ་ཞིག་རེད། བོད་དོན་ལ་ཕན་པ་ཡོད་ན་ཆོག་མེད་ན་རུང་ལས་འགུལ་འདིའི་རིགས་ལ་ང་
འཐད་པ་གཏན་ནས་མེད། ཕྲན་རྔ་བ་རང་ནས་སྐྱེས་པས་ཟིན་བྲིས་པ་གཞན་དང་མི་འདྲའོ།
ཀིརྟིས་ཁྱབ་སྒྲོག་འདིས་ཀི་རྟིའི་རང་མགོ་རང་གིས་བསྐོར་ནས་མིང་ལ་ཕན་པ་མེད།
གྲུབ་འབྲས་མེད་པའི་ཁྱབ་བསྒྲགས་ཀི་ལག་ཆའི་ཆེད་དུ་མི་སྲོག་དེ་འདྲ་མང་པོ་ཆུ་ཟོས་སུ་གཏོང་མི་རུང་། བོད་ནང་དུ་ངེས་པར་འཐབ་རྩོད་ཀྱི་ལམ་བུ་ཡང་དག་པ་ཞིག་འཚོལ་རྒྱུ་གལ་ཆེན་པོ་རེད། པཎ་ཆེན་རིན་པོ་ཆེའི་ཕྱག་ལས་གནང་སྟངས་དང་བོད་དོན་བསྒྲུབས་ཐབས་དེ་ནི་དམིགས་དཔེ་ལྟ་འོས་པ་ཞིག་ཏུ་མཐོང་གི་འདུག བོད་ཟེར་དུས་བོད་ཀྱི་ས་ཆ། བོད་ཀྱི་མི། བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གཞུང་རྣམས་ལ་གོ་དགོས་པ་མ་ཡིན་ནམ། ད་ལྟའི་འཀའ་ཤག་གིས་བོད་ཀྱི་ས་ངོ་མི་ཤེས། བོད་ཀྱི་སྐད་ཡིག་གཙང་མ་མི་ཤེས། བོད་མི་གཙང་མ་དང་འབྲེལ་བ་མེད་པས་མི་འདི་དག་གིས་བོད་ཀྱི་དབུ་ཇི་ལྟར་བྱེད་དམ། བོད་ཀྱི་དབུ་ཁྲིད་ཟེར་དུ་གོང་གི་བོད་ཀྱི་གྲུབ་ཆ་དེ་དག་ལ་ཤ་ཞེན་དང་རྒྱུས་མངའ་ཡོད་མཁན་ངེས་པར་ཡིན་དགོས་པར་མཐོང་། དེ་མིན་བོད་ངོ་མི་ཤེས་ཐོག་ལ། རྒྱ་ཡང་ངོ་མི་ཤེས་པའི་ཕྱི་རྒྱལ་མགོ་ནག་ཁ་ཤས་ཀྱིས་བོད་མིའི་དབུ་ཁྲིད་ཀྱི་མིང་ཁྱེར་བཞིན་པ་ཡག་པོ་མཐོང་གི་མི་འདུག མི་འདི་འདྲ་དག་གིས་བོད་ཀྱི་དབུ་ཁྲིད་བྱས་ན་མཇུག་འབྲས་ནག་པོ་རྐྱང་རྐྱང་དང་གྱོང་གུད་ཆེ་ནས་ཆེ་རུ་འགྲོ་རྒྱུ་ཡིན་པ་མཐོང་གི་འདུག
ང་ཚོར་འདབས་གཞོག་གཉིས་ལྡན་གྱི་སྲིད་དོན་པ་དང་ཤེས་ཡོན་་པ་དགོས་པ་ལས། འཛམ་གླིང་སྤྱིའི་ཕལ་སྐད་དབྱིན་ཡིག་ཁོ་ན་ལས་མི་ཤེས་མཁན་ཚོ་དུས་རབས་འདི་ཤེས་ཡོན་པ་ཚད་ལྡན་གྱི་གྲས་སུ་འཇོག་མི་ཐུབ།
ཨ་ཁུ་དགྲ་ལྷ་ཟེར་པའི་མི་འདིས་ཧམ་བཤད་བྱས་འདུག ཕྱི་ལོ་༢༠༠༨ལོ་ནས་ད་བར་དུ་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱིས་བློས་བཏང་ཆེན་པོས་རྒྱ་གཞུང་ལ་ངོ་རྒོལ་གནམ་ས་འགུལ་བ་དེ་འདྲ་བྱས་ཏེ། བོད་དོན་འདི་རྒྱལ་སྤྱིའི་གདན་ཆའི་གཏིང་འཇོག་ཐུབ་པ་བྱུང་ཡོད། དེ་ཡང་ཁོང་ཚོས་མ་སྐུལ་དྭངས་བླངས་ཀྱིས་བྱས་པ་ལས་སུས་ཀྱང་སྐུལ་སློང་བྱས་པ་དང་། ཕྱི་ལོགས་ནས་སྐད་ཆ་རྫུན་མ་དང་ལས་འགུལ་རྫུན་མ་སྤེལ་བ་ལས་བྱུང་བ་ཞིག་གཏན་ནས་མ་རེད། དེ་ལྟར་རེད་ལབ་ནས་ཁྱོད་ཀྱིས་ད་དུང་གླན་པས་འུ་ཚུགས་བྱས་ན། རྒྱ་དམར་གྱིས་ལོགས་བཤད་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱིས་སྐུལ་སློང་བྱས་པ་ལས་བྱུང་རེད་ཟེར་པའི་རྫུན་གཏམ་དང་ཁྱོད་ཀྱི་སྐད་ཆ་གཉིས་ལྟོ་བ་འབྱར་འདུག ད་དུང་ཁྱོད་ཀྱིས་ཧམ་བཤད་བྱས་པར་སྡིག་པ་ཚང་མ་ང་ཚོ་ལ་ཡོད། རྒྱལ་པ་རིན་པོ་ཆེ་ལ་ཡོད། བློ་བཟང་སེངྒེ་སོགས་བཀའ་བློན་རྣམས་ལ་ཡོད་ཟེར་པ་དེ་ནི་གཞི་མེད་ཀྱི་སྐུལ་འདེབས་ཁོ་ན་རེད། ལྷག་པར་དུ་༧གོང་ས་དོན་གྱི་བདག་པོ་ཁོང་ལ་ཁྱོད་ཀྱིས་འདི་འདྲའི་གཞི་མེད་སྐུལ་འདེབས་ཀྱི་ལས་ངན་བསགས་པ་ནི་ཁྱོད་ཀྱིས་ཁོང་གི་སྐུ་མདུན་ནས་བཀའ་ཆོས་ཀྱི་སྒྲ་རྣ་བས་ཐོས་མྱོང་མེད་པ་འདྲ།
གང་ལྟར་ཁྱོད་ཀྱི་གཏམ་ཐུང་འདི་ལ་ལན་འདེབས་པའི་ངལ་བ་བྱས་ཀྱང་ངལ་བ་འབྲས་མེད་ལས་མ་འདས་ཡང་། རྒྱལ་སྲས་ཆེན་པོའི་ལག་ལེན་ལས། འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན།། གསུངས་པ་ལྟར་ཁྱོད་ཀྱི་ལོག་བཤད་ལ་སུན་འབྱིན་གྱི་དགག་པ་ཞིག་མ་བྱས་ཐབས་མེད་ཆགས་སོང་།
མཇུག་མཐར་ཁྱོད་དངོས་གནས་བོད་མི་རིགས་ཀྱི་ཆེད་དུ་ཁ་ཞེ་གཉིས་མེད་བྱེད་མཁན་ཞིག་ཡིན་ན། མདའ་མདུང་གི་ཁ་ནང་ཁུལ་ལ་མ་གཏོད་པར། དགྲ་བོ་གང་ན་ཡོད་པ་དེའི་ཕྱོགས་སུ་ཁ་གཏད་ནས་ངོ་རྒོལ་དང་རྩོམ་ཡིག་སྤེལ་ཐུབ་ན་རབདང་། དེ་མ་བྱུང་ཡང་། རང་གཞུང་གི་མཛད་གཙོ་རྣམ་པ་དང་། ལྷག་པར་དུ་བོད་གཞིས་བྱས་གཉིས་ཀྱིས་རེ་བ་རྒྱག་ས་དང་བློ་གཏད་བཅོལ་སའི་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་མཚུངས་ཟླ་མ་མཆིས་པ་ཁོང་ལ་ཁ་བཏང་པ་ཡིན་ན། ང་ཚོ་ཁྱོད་ཀྱི་ཁ་གཏད་དུ་ལངས་ངེས་ཡིན།
མདོར་ན། ཁྱོད་ཀྱི་སྐད་ཆ་འདི་རྒྱ་ནག་དམར་ཕྱོགས་ལ་དགོས་པའི་སྐད་ཆ་རང་རེད་འདུག
དེ་བཞིན་དྲ་གྲོགས་ཚོས་ཀྱང་དགོངས་ཚུལ་གླེང་ན་ལེགས།
བློ་བཟང་སེང་གེ་ཚུད་པའི་ད་ལྟའི་བཀའ་བློན་གྱི་མིང་ཅན་ཚོས་བོད་ཀྱི་ས་ཆ་ངོ་མི་ཤེས། བོད་ཀྱི་སྐད་ཡིག་གཙང་མ་མི་ཤེས། བོད་མི་གཙང་མའི་སེམས་གཤིས་དང་འབྲེལ་བ་མེད། དེའི་ཕྱིར་ད་ལྟའི་བཀའ་ཤག་ནི་བོད་ངོ་མི་ཤེས་ཤིང་རྒྱ་ནག་ལ་རྒྱུས་མངའ་མེད་པའི་ཕྱི་མི་ང་རྒྱལ་ཅན་རྐྱང་རེད་ཟེར་ན་འདོད་སོང་། མི་འདི་འདྲ་དག་གིས་དབུ་ཁྲིད་ཁུལ་བྱས་ན་མཇུག་འབྲས་ནག་པོ་རྐྱང་རྐྱང་དང་གྱོང་གུད་ཆེ་ནས་ཆེ་རུ་འགྲོ་རྒྱུ་ཡིན་པ་མཐོང་གི་འདུག
ང་ཚོར་འདབས་གཞོག་གཉིས་ལྡན་གྱི་སྲིད་དོན་པ་དང་ཤེས་ཡོན་པ་ཚད་དགོས་པ་ལས། འཛམ་གླིང་སྤྱིའི་ཕལ་སྐད་དབྱིན་ཡིག་གཅིག་པོ་ཤེས་པ་ཙམ་ལ་མཁས་དབང་གི་མིང་བཏགས་ནས་ཡིད་ཆེས་བྱེད་པ་ནི་གླེན་པ་རང་རེད། བློ་སེང་ནི་འདབས་གཞོག་གཉིས་ལྡན་མ་ཡིན་ཁར། དམིགས་བསལ་བོད་མི་ལ་མཁོ་བའི་འདབ་གཞོག་གལ་ཆེ་ཤོས་དེ་ཆད་ཡོད་པ་རེད།
࿏སྟག་སྨྱོན་ལགས། ཁོང་ཚོར་དམོད་ཚིག་བགྲང་བའི་ཕན་པ་གང་ཡང་མེད།གལ་སྲིད་ཁྱེད་རྡ་སརབཞུགས་
ཡོད་ན། ལམ་ཁ་མང་བོ་མེད། རྡ་ས་ནི་དོན་གྱི་མང་གཙོ་དང་རང་དབང་གི་སྐད་ཆ་བཤད་ས་མ་རེད།
བདེན་པ་དང་རྒྱུ་འབྲས་ཟེར་བ་ང་ཚུད་པའི་བོད་པ་ཚོའི་ཁ་ནང་ལ་ཆུ་བཞུར་བཞུར་རེད།
དོན་ལ་ནུབ་ཕྱོགས་འདིར་སྡོད་མཁན་༡༠༠ཐམས་པའིནང་༥རེར་བོད་ནང་ལ་འཛིན་པའི་བསམ་བློ་ཅུང་
འགྲིག་འདུག
འོན་ཀྱང་བོད་པ་བོད་ལ་མི་འགའ་མཁན་ཞིག་མེད་དམ་ཡོད།
བོད་ལ་སེམས་པ་དཀར་ན། བོད་དོན་ཆེད་མི་སྲོག་ཆུ་ཆུ་རྒྱུགས་གཏོང་བཞིན་པའི་མདོ་སྨད་ཀྱི་འཐུས་མི་བཀའ་ཤག་ནང་མ་སླེབས་པ་གང་རེད་དམ། བཀའ་ཤག་གི་བརྒྱ་ཆ་ཕྱེད་ཡས་མས་ཕྱོགས་གཅིག་དང་བློ་སེང་རང་གི་ཕྱོགས་ཁག་ཁོ་ན་རེད། འདི་ནི་ཆིལ་སྒྲིལ་གྱི་ཆེད་དུ་རེད་དམ། ཕྱོགས་རེས་ཀྱི་ཆེད་དུ་རེད་དམ།
༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲད་ཟིན་རྗེས་ད་དུང་དགེ་ལྡན་པའི་ཕྱོགས་ནས་བོད་དོན་ཆེད་ལུས་སྲོག་གཏོང་བཞིན་པ་ག་རེས་ཡིན་ནམ།
ཁོང་ཚོའི་སེམས་གཏིང་ན་མ་འདྲ་བ་ཞིག་ཡོད་པས་མིན་ནམ།
ས་བྱི་ཞི་རྒོལ་ཆེན་མོ་དེ་དགེ་ལྡན་པས་རང་ལག་གི་སྲིད་དབང་སྲ་བརྟན་རྒྱུན་འཁྱོང་ཆེད་རེད་ཤོད་མཁན་གྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཟེར་བ་དེར་བརྡ་ལན་ཞིག་མ་ཡིན་ནམ།
རྒྱལ་གཅེས་དཔའ་བོ་འདི་རྣམས་ལ་སེམས་གཏིང་ནས་རྗེས་དྲན་ཞུ། །
ཨ་ཁུ་དགྲ་ལྷ།
ཁྱོད་ད་བར་བཙན་བྱོལ་སྤྱི་ཚོགས་ནང་ཁ་མིག་རྣ་གསུམ་བཀག་ནས་བསྡད་པ་ཡིན་ནམ།ངས་དཔེ་མཚོན་ཙམ་ཞིག་ཞུས་ན།
ཉེ་སྔོན་བལ་ཡུལ་གཞུང་གིས་བོད་མི་༢༣འཛིན་བཟུང་གིས་རྒྱ་གཞུང་ལ་རྩིས་སྤྲོད་བྱེད་ཉེན་མཚམས་ལ།བཙན་བྱོལ་ནང་བོད་ཀྱི་གཞོན་ལྷན་དང་།བོད་རང་དབང་སློབ་ཕྲུག་ཚོགས་པས་གཙོས་པའི་ཚོགས་སྡེ་དང་མི་མང་གིས་ནེའུ་ཡོག་མཉམ་སྦྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་མདུན་ངོ་རྒོལ་གྱིས་བལ་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་དེ་དག་ཀློད་འཁྲོལ་དགོས་པའི་དགོས་འདུན་ནས་སྣ་མང་ལས་འགུལ་སྤེལ་བའི་ཉེར་ལེན་ལས་རྒྱ་གཞུང་གིས་བལ་གཞུང་ལ་གནོད་ཤུགས་ཇི་ལྟར་སྤྲད་ཀྱང་བཙན་བྱོལ་བོད་མིའི་གནོད་ཤུགས་ལས་རྣམ་པར་རྒྱལ་ཐུབ་མེད་པ་དེ་ང་ཚོའི་རྒྱལ་ཁ་ཆེན་པོ་ཞིག་རེད།དེ་ནི་ང་ཚོའི་བོད་མིས་སྐྱག་རྫུན་མ་བཤད་པར་བདེན་པ་བརྡར་བའི་གྲུབ་འབྲས་དངོས་མཐོང་རེད།དེ་དང་དེ་བཞིན་མང་པོ་བརྗོད་རྒྱུ་ཡོད།
ཁྱོད་ཀྱི་བྱ་སྤྱོད་ལ་ང་ཚོ་དོག་པ་ཟ་གི་འདུག
མུ་མཐུད་ནས་མཇལ་ཡོང་།
རྣམ་པ་ཚོས་དྲ་གནས་འདི་ལ་གཅིག་གཟིགས་རོགས་གནོངས།
http://www.tibettimes.net/blogs.php?id=265&post_id=17356
དམར་ལྷབ་ལྷབ་ཀྱི་གཟན་ཤམ་འདི།
མ་གཞི་ནས་མེ་ལྕེ་ཞིག་དང་འདྲ་བར།
སུ་ཞིག་བསྲེག་པར་བྲེལ་བཞིན་ཡོད།
རྗེས་ཕྱོགས་མི་སུ་ཡིན་རུང་རང་ལུས་རིན་པོ་ཆེ་དེ་ལྟར་འཕྲོ་བརླག་ཏུ་མ་གཏོང་ཞུ་རོགས། ད་ལྟ་ང་ཚོར་མཁོ་བ་ནི་མི་ཡིན། མི་གཅིག་ཇེ་ཉུང་དུ་ཕྱིན་རུང་གྱོང་གུད་ཧ་ཅང་གི་ཚབས་ཆེན་ཡིན། དེ་ལས་སྐད་ཡིག་དང་རིག་གནས་ཐོག་ལ་ཤུགས་རྒྱག་རོགས་ཞེས་བཤད་རོགས།
ད་ལྟ་རྒྱ་མི་ཚོ་དགའ་ནས་བསྡད་ཡོད་རྒྱུ་རེད། ཁྱེད་ཚོས་རང་ལུས་མེར་སྲེག་ཐོངས་དང་ང་ཚོས་ལྟད་མོར་ལྟ་འདུག་ཟེར་གྱི་ཡོད་ཚོད། ཁྱེད་ཚོར་ང་ཚོས་ལག་འགུལ་མ་དགོས་པར་སོ་སོ་རང་ངོས་ནས་མེད་བརླག་ཏུ་བཏང་སོང་ན་ང་ཚོའི་ལས་དོན་ཇེ་ཡང་དུ་སོང་བ་རེད་སྙམ་བཞིན་ཡོད་ངེས།
ཨེ་ཀླུ་སྨྱོན། ང་ལ་ཁྱེད་ཀྱི་གློག་འཕྲིན་ཁ་བྱང་དེ་གཅིག་སྐུར་དང་།
གངས་ཅན་མི་རིགས་ཀྱི་བདེ་སྐྱིད་ཆེད་དུ་གཅེས་འོས་རང་སྲོག་བློས་གཏོང་ལ་སྙིང་རྩའི་ན་ཟུག་ཞིང་ལང་ཡོང་བ་མ་ཟད། ས་ཡ་དྲུག་པོས་ལས་དབང་གི་འདུན་པ་གཅིག་ཏུ་འབྲེལ་བར་སོང་། ད་དུང་བཙན་པོས་རྔ་རྡུང་ལ་གཞིགས་པའི་ཁྲོ་བོའི་གར་འཆམ་ཞིག་ཀྱང་རྒྱལ་སྤྱིའི་མིག་མདུན་དུ་འཁྲབ་དགོས་པར་སེམས།
སྤྱིར་ན་རང་གི་ལུང་པ་དང་རང་གི་སྤྱི་ཚོགས་ཀྱི་རང་དབང་གི་ཆེད་དུ་ལུས་སྲོག་ལོངས་སྤྱོད་སློས་བཏང་བྱེད་ཐུབ་མཁན་ཡོད་པ་དེ་དངོས་གནས་སེམས་འགུལ་ཐེབས་དགོས་པ་རེད། སྤྱིར་ན་སངས་རྒྱས་པའི་གཞུང་ལས་རང་སྲོག་བཏང་བ་དེ་འཚེ་བའི་ལས་སུ་གསུངས་ཡོད་མོད་དེ་ཞེ་སྡང་གི་དབང་དུ་མ་སོང་བར་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་མདུན་ལམ་ལ་འགྱུར་བ་ཡོང་རེས་བྱས་པ་ཡིན་ན་དམིགས་བསལ་ཡོད་པ་ནི་སངས་རྒྱས་བྱངས་སེམས་ཀྱི་སྐྱེས་རབས་ལས་ཀྱང་ཤེས་ནུས། ཡིན་ན་ཡང་སྐབས་འདིར་ལོ་ན་བཅུ་བཞི་མ་གཏོགས་སོན་མེད་པའི་གྲྭ་བ་དེ་ལ་ཕངས་སེམས་ཆེན་པོ་སྐྱེས་སོང་། བྱིས་པས་རང་དབང་གི་བསམ་གཞིག་བྱ་མི་ནུས་སྟབས་དེ་མི་གཞན་གྱི་བརྒྱུད་སྐུལ་འོག་ཏུ་ཚུད་པ་ཡིན་ན་སེམས་སྐྱོ་བོ་རེད།
འདི་ན་མི་ཁ་ཤས་ཤིག་གིས་ཅི་ཡང་ཧ་མི་གོ་བར་ཕྱོགས་གཅིག་ལ་བསྟོད་མདོག་གིས་བཀའ་ཤག་དང་བོད་གཞུང་ལ་མཐའ་གཅིག་ཏུ་སྨད་འདུག་པ་དེ་གྲུང་པོ་མ་རེད། བོད་གཞུང་རང་ལ་ཐུབ་ཚོད་དང་འཇོན་ཚོད་ཀྱི་ལམ་ཁ་ཞིག་ཡོད་པ་རེད། བོད་ནང་གི་མི་ལ་དེ་ལ་དཔག་པའི་ཐུབ་ཚོད་འཇོན་ཚོད་ཀྱི་ལམ་ཁ་ཞིག་ཡོད་པ་རེད། ལྷག་པར་ཡང་ང་ཚོས་པཎ་ཆེན་རིན་པོ་ཆེའི་བྱེད་སྟངས་ལྟར་བྱེད་དགོས་ཟེར་བ་དེ་ཡང་རྒྱུ་མཚན་དེ་ཙམ་མི་འདུག པཎ་ཆེན་གྱིས་ལོ་ཁ་ཤས་རིང་ལ་འགུལ་སྐྱོད་རྒྱག་སའི་ཁོར་ཡུག་ཅིག་རག་པ་དེ་ཧུ་ཡོ་པང་དང་ཀྲོའི་ཙི་དབྱང་སོགས་ཀྱིས་གཞུང་འཛིན་སྐབས་སུ་ཁེལ་ཡོད། སྐབས་དེ་དང་དེང་དུས་གཉིས་བསྡུར་ཐབས་ཡོད་པ་མ་རེད། སྐབས་དེར་ལྷ་ས་གྲོང་ཁྱེར་ལྟ་བུ་ཡིན་ན་ཁྲོམ་གཞུང་དུ་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཆེ་ཆུང་གང་བཤམ་ཀྱང་འགོག་མཁན་ཡོད་པ་མ་རེད། དེང་སང་ཁྲོམ་གཞུང་ཕར་ཞོག་ལྷ་སའི་ཁྱིམ་ཚང་གི་མཆོད་སྒམ་ནང་དུ་ཡང་བཤམ་མི་ཕོད་པའི་ཚོད་ཅིག་ལ་སླེབས་ཡོད་པ་རེད། བོད་ནང་གི་མིས་འཚེ་བ་མེད་པའི་ལས་འགུལ་སྤེལ་སྟངས་ལ་མདུན་སྐྱོད་བྱེད་བཞིན་པ་དེ་ང་ཚོའི་རྒྱལ་ཁ་རེད། ལུས་སྲོག་ལོངས་སྤྱོད་བློས་བཏང་མཁན་ཚོ་ནི་ངོ་མ་རྒྱལ་གཅེས་དཔའ་བོ་རེད། རང་དབང་མེད་བཞིན་གསོན་པ་ལས་རང་དབང་གི་ཆེད་དུ་ཤི་བ་འདེམས་ཕོད་མཁན་དེ་ཚོ་ལ་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད། དཔའ་བོ་རྒྱལ་ལོ།
སྙིང་རྗེ་བའི་ཡུལ་དུ་གྱུར་བའི་ལོ་ན་གཞོན་པའི་ཤ་རུས་གཅིག་པའི་བོད་ནང་ལ་ཡོད་པའི་བུ་ཕྲུག་དེ་རྣམས་་ལ་དངོས་གནས་སྙིང་རེ་རྗེ། དེ་རྣམས་ཀྱི་ཆད་ཏུ་ཐམ་ཅད་གི་སྔོ་སྨོན་རེ་མཛད་པ་ཐུགས་རྗེ་གཟིགས། གནད་ཚུལ་དེ་བའི་རིག་ང་ཚོ་ཚང་མས་ཤེས་གསལ་རེད་ཕྱི་ལོག་ན་ཡོད་པའི་བོད་མི་དེ་ཚོས་འཁྱོར་བཤད་དང་ལོག་སྨྲ་སྣ་ཚོགས་གི་འབྲས་བུ་རེད། ཡང་དམིག་གསལ་གི་རྒྱལ་གར་རྡ་ས་ལ་ཡོད་པའི་་ཀི་ཏིའི་དགོན་པའི་བླ་སྤྲུལ་རྣམས་ལ་འགན་ཡོད་རེད། ད་ཕྱིན་ཆད་དེ་འདྲའི་ཁྱོ་གཤད་དང་ལོག་པའི་སློབ་གསོ་མ་གཏོང་རོག་གྱིས། ཚེ་སྲོག་ལ་རིན་ཐང་གང་ཡོད་སོ་སོར་གསལ་བ་རེད། གལ་སྲིག་ཁྱོད་ཚོ་དེ་འདྲའི་སེམ་ཤུག་དང་རང་ཤི་བརྒྱབ་ན་བོད་གི་བསྟན་སྲིག་ལ་ཕན་གི་འདུག་ན་འཁྱོར་བཤད་དང་ལོག་པའི་སློབ་གསོ་དོར་ནས་ཁྱོད་ཚོ་རྒྱ་མིས་གཞིང་ཚབ་འདུན་རང་ཤི་བརྒྱབ།
དགུང་ན་ཕྲ་ཡང་རྣམ་དཔྱོད་རྩལ་རྫོགས་པ།
གཅེས་པའི་ལུས་གཟུགས་་མི་རིགས་ཆེད་དུ་བཏང་།
སྙིགས་དུས་དཔའ་བོའི་ཁྱུ་མཆོག་སེང་གེ་ཟུང་།
གྲུ་འཛིན་མགོན་པོས་རྗེས་སུ་བཟུང་བར་ཤོག
བདེན་པས་འཕོངས་པས་མཉམ་འབྲེལ་རྒྱལ་ཚོགས་དང་།
མིག་ཟུང་བྲལ་བའི་འཛམ་གླིང་རྒྱལ་ཁབ་རྣམས།
ཉམས་ཆུང་བོད་མིའི་དཀའ་སྡུག་མིག་ཆུའི་ཕྲེང་།
མིག་གིས་མཐོང་ཡང་སེམས་ནས་སྐྱུར་འདི་མཚར།
ལི་བྷི་ལ་ཡ་ལ་ན་ཏོའི་དམག་གིས་སྐྱོབས།
མཉམ་འབྲེལ་རྒྱལ་ཚོགས་གཅིག་ཏུ་བསྒྲིལ་ནས་འཆོངས།
ཉམ་ཆུང་བོད་མི་རྒྱ་མིས་བཅོམ་པའི་དུས།
མཉམ་འབྲེལ་རྒྱལ་ཚོགས་སྤྱན་ཟུང་བཀབ་ནས་བཞུགས།
རེད་ལོ་ལྔ་བཅུའི་ནང་དུ་བོད་གངས་ཅན་ནས་གཅེས་པའི་ཚེ་སྲོག་གྲངས་ཀ་མི་ཐེབས་པ་རྩ་བརླགས་བཏང་བ་དེ་རྡ་སའི་ཆབ་སྲིད་པ་ཚོས་གྲུབ་འབྲས་ངོ་མ་དེ་རེད།
ཁོང་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་ཆོས་ལུགས་དད་པའི་ཆེད་དུ་འདི་ལྟར་ཚེ་སྲོག་བློས་བཏང་བྱ་གི་ཡོད།
རྡ་ས་ནས་རང་གི་རིགས་གཞུང་མི་ཤེས་བའི་བཀའ་ཁྲི་གདམ་སོང།
ཆོས་མི་ཤེས་པའི་ཆོས་བློན་བདམ་སོང།
ཕ་སྐད་མི་ཤེས་པའི་ཕྱི་བློན་གདམ་སོང།
ད་རྡ་ས་ནས་གྲུབ་འབྲས་ཞིག་ལ་རེ་ན་ལོང་བ་རང་རེད།
ཁྱོད་རང་ཕྱོགས་རིས་ཀྱི་མིག་ཤེལ་དེ་ཕུད་ནས་ཡག་པོ་ལྟ་དང།
ཁྱོད་ཀྱི་རྡ་སའི་ཆབ་སྲིད་ངོ་མ་དེ་མཐོང་གི་རེད།
གང་ལྟར་བོད་གངས་ལྗོངས་ནས་གཅེས་པའི་ཚེ་སྲོག་དུ་མའི་སྡིག་པ་དང་ནག་ཉེས་ཚང་མ་རྡ་སའི་ཆབ་སྲིད་པ་ཚོད་ཁུར་དགོས།
མ་འོངས་པར་ཁོང་ཚོས་འབོད་བསྐུལ་དང་ཁྱབ་བསྒྲགས་རྫུན་མ་རེ་བྱ་ནས།
ན་གཞོན་མང་པོ་འདི་ལྟར་འཕྲོ་བརླགས་བཏང་སོང་ན།།
མུ་མཐུད་ནས་ཐ་ཚིག་བསྒྲགས་ཀྱི་ཡིན།
ཨོ་མདུད་མགྲིན་པ་ནས་གཙེར་རྒྱུ་ཡིན།
མཐའ་གཅིག་ཏུ་གཙེར་རྒྱུ་ཡིན།
རྡ་ས་ལ་རང་ཆེན་པོ་བཟོ་བའི་གདོང་འབག་རྫུན་མ་རེ་མ་གཏོགས་གང་ཡང་ལྷག་མེད།
གནས་ཚུལ་དེ་ཤེས་བ་གྱིས།
རེད་ལོ་ལྔ་བཅུའི་ནང་དུ་བོད་གངས་ཅན་ནས་གཅེས་པའི་ཚེ་སྲོག་གྲངས་ཀ་མི་ཐེབས་པ་རྩ་བརླགས་བཏང་བ་དེ་རྡ་སའི་ཆབ་སྲིད་པ་ཚོས་གྲུབ་འབྲས་ངོ་མ་དེ་རེད།
ཁོང་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་ཆོས་ལུགས་དད་པའི་ཆེད་དུ་འདི་ལྟར་ཚེ་སྲོག་བློས་བཏང་བྱ་གི་ཡོད།
རྡ་ས་ནས་རང་གི་རིགས་གཞུང་མི་ཤེས་བའི་བཀའ་ཁྲི་གདམ་སོང།
ཆོས་མི་ཤེས་པའི་ཆོས་བློན་བདམ་སོང།
ཕ་སྐད་མི་ཤེས་པའི་ཕྱི་བློན་གདམ་སོང།
ད་རྡ་ས་ནས་གྲུབ་འབྲས་ཞིག་ལ་རེ་ན་ལོང་བ་རང་རེད།
ཁྱོད་རང་ཕྱོགས་རིས་ཀྱི་མིག་ཤེལ་དེ་ཕུད་ནས་ཡག་པོ་ལྟ་དང།
ཁྱོད་ཀྱི་རྡ་སའི་ཆབ་སྲིད་ངོ་མ་དེ་མཐོང་གི་རེད།
གང་ལྟར་བོད་གངས་ལྗོངས་ནས་གཅེས་པའི་ཚེ་སྲོག་དུ་མའི་སྡིག་པ་དང་ནག་ཉེས་ཚང་མ་རྡ་སའི་ཆབ་སྲིད་པ་ཚོད་ཁུར་དགོས།
མ་འོངས་པར་ཁོང་ཚོས་འབོད་བསྐུལ་དང་ཁྱབ་བསྒྲགས་རྫུན་མ་རེ་བྱ་ནས།
ན་གཞོན་མང་པོ་འདི་ལྟར་འཕྲོ་བརླགས་བཏང་སོང་ན།།
མུ་མཐུད་ནས་ཐ་ཚིག་བསྒྲགས་ཀྱི་ཡིན།
ཨོ་མདུད་མགྲིན་པ་ནས་གཙེར་རྒྱུ་ཡིན།
མཐའ་གཅིག་ཏུ་གཙེར་རྒྱུ་ཡིན།
རྡ་ས་ལ་རང་ཆེན་པོ་བཟོ་བའི་གདོང་འབག་རྫུན་མ་རེ་མ་གཏོགས་གང་ཡང་ལྷག་མེད།
གནས་ཚུལ་དེ་ཤེས་བ་གྱིས།
གྲགས་སྐམ་ཆེ་བའི་བསྟན་འཛིན་ཤེས་རབ། ད་སྐྱག་བཤད་རྒྱག་གི་མ་འདུག མི་སུ་ཡིན་རུང་རང་ཉིད་ཀྱི་མི་ཚེ་འཕྲོ་བརླག་ཏུ་གཏོང་འདོད་མཁན་ཡོད་པ་མ་རེད། སྐབས་འདི་ལྟ་བུ་མཚོན་ནའང་རང་གི་འཕྲལ་གྱི་ཁེ་ཕན་གཡུགས་ནས་མི་རིགས་ཧྲིལ་བོ་ཞིག་གི་རང་དབང་བརྩོན་ལེན་ལ་མིའི་ཚེ་སྲོག་མེ་རུ་སྤར་ནས་བདེན་དོན་རྩོད་པ་འདི་རང་གི་ཚེ་སྲོག་སྲུང་སྐྱོབ་བྱ་མ་ཤེས་པ་མིན་ཡང་ཁྱོད་དང་ཁོང་གཉིས་ཀྱི་བསམ་བློའི་རིགས་ཞེན་དང་སྤོབས་སེམས་མ་འདྲ་ཙང་ཁོང་གཉིས་ཀྱི་ཆེས་རྩ་ཆེ་བའི་ཚེ་སྲོག་གིས་མཐའ་མའི་ལམ་ཀ་འདི་འདེམས་པ་རེད། ད་དུང་ཧ་ཅང་མཁས་མདོག་གིས་ཕ་ཡུལ་ལ་སྐད་བསྐུར་འདྲ་ཞིག་བྱེད་ཀི་འདུག ཟས་མལ་ལོངས་སྤྱོད་འཛོམས་པའི་བར་གསེང་ནས་རྒྱག་གཏམ་རེ་བཤད་ཀི་མ་འདུག ཁྱེད་ཀྱི་བསམ་ཚོད་དང་ལག་གི་འགུལ་ཚོད་གཉིས་ནམ་ཡང་དོ་མཉམ་མིན་པས་ཐུགས་ལ་ཞོག
རང་དབང་གི་རིན་ཐང་མི་ཤེས་པའི་མི་ཁྱི་ལྟ་བུ་ཁ་ཤས་ནས་རྒྱལ་བཅེས་དཔའ་བོ་གཉིས་ལ་གདུང་སེམས་མཉམ་སྐྱེད་བྱེད་རྒྱུའི་ཚབ་ལ། ནང་ཁུལ་ཕུ་སྐྲུག་མདའ་སྐྲུག་བྱེད་ཡོང་གི་འདུག། མི་འདི་ཚོའི་སེམས་ལ་གདོན་འདྲེ་དོལ་རྒྱལ་ཞུག་ཡོད་པ་མིན་ནམ། དེ་མིན་ན་ཕུང་འདྲེ་རྒྱ་དམར་ཞུག་ཡོད་པ་ཐག་གི་ཆོད།
བོད་མི་དམངས་ཀྱི་དོན་དུ་རང་སྲོག་སྐྱེལ་ནུས་པ་ནི་དགའ་བསུ་ཞུ་ཡུལ་ཞིག་ཡིན་ཀྱང་མི་ལུས་དལ་
འབྱོར་འདི་ཐོབ་པ་ལ་ལས་སླ་པོ་ཞིག་གཏན་ནས་མིན་ཐོབ་བྱེད་ཀྱི་རྒྱུ་ཚོགས་བསགས་གང་འཚམ་
དང་སྐབས་བབས་ཀྱི་རྐྱེན་དེ་འདྲ་བ་ཞིག་འཕྲད་མ་ཐུབ་ན་འབྲས་བུ་འབྱིན་དཀའ་བ་ཞིག་ཡིན་མོད།
རང་རྒྱལ་གྱི་ཆེད་དུ་བློས་སྲོག་དོར་བ་ནི་ཆེས་གཟི་བརྗིད་དང་ལྡན་པའི་ལ་རྒྱ་ཞིག་གི་མཚོན་རྟགས་ལགས། འདི་ནི་དགྲ་གཉེན་དང་རང་གཞན་གྱི་ས་མཚམས་ལེགས་པོ་འབྱེད་ཐུབ་མཁན་ཏེ་དཔའ་རྒོད་རིགས་གཅིག་གི་མཛད་རྗེས་ཁོ་ན་རེད། དེས་ན་སུས་ཀྱང་དེ་དག་མཐའ་གཅིག་ཏུ་ནོར་འཁྲུལ་ཅན་ཞིག་ཡིན་པ་ཡང་དག་པའི་རིགས་ལམ་ནས་སྒྲུབ་མི་ནུས། གང་ལྟར་བོད་ཕྲུག་ངས་དེ་འདྲའི་སྔར་བྱུང་དང་ད་ལྟ་འབྱུར་འགྱུར་ཡོངས་ལ་དཔའ་བོའི་རྗེས་དྲན་དང་། ཡིན་སྨོན། ད་དུང་མྱ་ངན་གྱི་འོ་དོད་གྲངས་མེད་བྱེད་རྒྱུ། བོད་རྒྱལ་ལོ།།
རང་རྒྱལ་གྱི་ཆེད་དུ་བློས་སྲོག་དོར་བ་ནི་ཆེས་གཟི་བརྗིད་དང་ལྡན་པའི་ལ་རྒྱ་ཞིག་གི་མཚོན་རྟགས་ལགས། འདི་ནི་དགྲ་གཉེན་དང་རང་གཞན་གྱི་ས་མཚམས་ལེགས་པོ་འབྱེད་ཐུབ་མཁན་ཏེ་དཔའ་རྒོད་རིགས་གཅིག་གི་མཛད་རྗེས་ཁོ་ན་རེད། དེས་ན་སུས་ཀྱང་དེ་དག་མཐའ་གཅིག་ཏུ་ནོར་འཁྲུལ་ཅན་ཞིག་ཡིན་པ་ཡང་དག་པའི་རིགས་ལམ་ནས་སྒྲུབ་མི་ནུས། གང་ལྟར་བོད་ཕྲུག་ངས་དེ་འདྲའི་སྔར་བྱུང་དང་ད་ལྟ་འབྱུར་འགྱུར་ཡོངས་ལ་དཔའ་བོའི་རྗེས་དྲན་དང་། ཡིད་སྨོན། ད་དུང་མྱ་ངན་གྱི་འོ་དོད་གྲངས་མེད་བྱེད་རྒྱུ། བོད་རྒྱལ་ལོ།།
ང་ཚོ་ལ་ངའི་རྒྱལ་ཁབ་དང་ངའི་དབུ་ཁྲིད། ངའི་བླ་མ་དང་། ངའི་དགེ་འདུན་སོགས་ཟེར་ནས་ཡིད་ཆེས་བརྒྱ་ཆ་བརྒྱ་བྱེད་ཐུབ་ས་ཞིག་ཡོད་ན། སྲོག་བཏང་ཡང་འགྱོད་པ་ཆུང་ཚོད་རེད། འོན་ཀྱང་རང་གི་རྒྱལ་ཁབ་རྩ་མེད་བྱས། ས་གཞི་རྒྱ་དམར་ལ་སྤྲད། བོད་མི་ཡོངས་རྫོགས་རྒྱ་ལག་ལ་སྤྲད་ཚར་བའི་མ་ཚད། ཆོལ་ཁ་དང་ཆོས་ལུགས་ཀྱི་དུག་་ཆུ་འཐུང་ནས་སྨྱོ་བཞིན་པའི་གྲོས་ཚོགས་འདི་ལྟ་བུ་དང་། བོད་ཀྱི་ས་ཆ་དང་བོད་ཀྱི་སྐད་ཡིག་གི་ཕྱོགས་ནས་མིག་མེད་པའི་བཀའ་ཤག་འདི་ལྟ་བུ་བོད་ཀྱི་དབུ་ཁྲིད་ལ་སླེབས་ན། ང་ཚོས་ད་ན་སུ་ཞིག་ལ་ཡིད་ཆེས་བྱེད་དམ། ཅི་ཞིག་གི་ཆེད་དུ་ལུས་སྲོག་གཏོང་ངམ། དེ་ལས་སྡུག་བསྔལ་གྱི་ནང་གི་བདེ་སྐྱིད་ཕྲན་བུ་མྱོང་བཞིན། རང་གི་མི་ཚེ་མཐའ་བསྐྱལ་ཐུབ་ན་བསམ་གི་འདུག
ཀུན་སློང་བཟང་ཡང་། ཐབས་ལམ་དམན་པས། རང་སྲོག་བློས་བཏང་མི་འོས་ལགས། མ་གཏོང་རོགས་གནོངས། ཞེས་རེ་བསྐུལ་ཙམ་ལས་ཞུ་ཚོད་མ་ཐིག
yum དང་། ཨ་ཁུ་དགྲ་ལྷ་གཉིས་ནས་ད་ལྟ་བར་དུ་གང་བྱས་ཡོད་དམ། ཁ་བདེ་བོ་མ་ཤོད་ཨ་རོགས། དང་པོ་རང་མགོ་མ་ཐོན་གོང་ལ་བོད་གཞུང་གི་སྤྲིང་མོག་ལ་སྐྱབས་བཅོལ། ད་ཆ་རང་མགོ་ཐོན་དུས་བོད་གཞུང་དང་། ༧གོང་ས་མཆོག་ལ་སྡང་། ཨ་རོགས་ཁྱོད་གཉིས་ལ་ཉུང་མཐར་ཡང་མིའི་གཤིས་ཁ་ཙམ་ཡང་མི་འདུག །ཨ་རོགས་ཁྱི་ཡིན་ན་དང་པོ་ཨ་མ་ནས་སྐྱེས་ཀྱང་ལོ་ཤས་རྗེས་མ་ལ་རྒྱོ་ལེ་རེད། དེ་ཁྱོད་གཉིས་རེད།
yum དང་། ཨ་ཁུ་དགྲ་ལྷ་གཉིས་ལ་ཁ་བརྡས་དགའ་བསུ་མི་ཞུ་ཀི།
yum དང་། ཨ་ཁུ་དགྲ་གཉིས་ལ་ཁ་བརྡས་དགའ་བསུ་མི་ཞུ་ཀི། xxxxxxxxxxxxxxxxxxxxxxx
ཨ་ཁ་རྒྱུ་མཚན་གང་ཞིག་གིས་ཆེད་དུ་ཡིན་མི་ཤེས་སྟག་སྨྱོན་ཟེར་བ་འདི་བཀའ་ཤག་གི་ལས་བྱེད་གང་ཞིག་སླེབས་ཀྱང་མ་འགྲིགས་པ་ཁོ་ན་སྒྲོག་བཞིན་པ་འདི་ལ་བསམ་ཚེ་སྐབས་རྗེས་མ་ཁོང་རང་ཉིད་ལས་གཞན་པའི་བཀའ་ཁྲི་ཚད་ལྡན་ཞིག་མི་སྲིད་པ་འདྲ།
བོད་རྒྱལ་ལོ་ཞེས་དུས་རྟག་ཏུ་སྨོན་ལམ་ཞུ།། རྒྱས་གཅེས་དཔལ་བོ་རྣམས་དུས་རྟག་ཏུ་རྒྱས་གྱུར་ཅིག།།།
བོད་རྒྱལ་ལོ་ཞེས་དུས་རྟག་ཏུ་སྨོན་ལམ་ཞུ།། རྒྱས་གཅེས་དཔལ་བོ་རྣམས་དུས་རྟག་ཏུ་རྒྱས་གྱུར་ཅིག།།།
དྲ་གྲོགས་ཚོ་ནོར་འདུག་་་་་་་་ང་ཚོ་རྒྱ་གར་གཞུང་གི་བཀའ་དྲི་ན་ལ་བརྟེན་ནས་རྒྱལ་བ་རིན་པོ་ཆེ་མན་ཆོད་ཁྱོད་དང་ང་ཚོ་ཡན་ཆོད་སྐྱབས་བཅོལ་ཐུབ་པ་རེད་དེ་བོད་གཞུང་དང་རྒྱལ་བ་རིན་པོ་ཆེས་བཀའ་དྲིན་ཡིན་པ་བཤད་ན་ནོར་བ་རེད་་་་་་་་བོད་པ་མ་ཡིན་པའི་རྒྱལ་ཁབ་མང་པོའི་མི་ཁྲི་སྟོང་མང་པོ་རྒྱ་གར་ལ་སྐྱབས་བཅལ་བྱས་ནས་བསྡད་ཡོད་འདི་ཚོ་ཡང་རྒྱལ་བ་རིན་པོ་ཆེས་བཀའ་དྲིན་རེད་དམ།གནས་ལུགས་མེད་པའི་སྐད་ཆ་མ་བཤད།
འགུལ་བསྐྱོད་བྱ་ཚད་རྒྱལ་བ་རིན་པོ་ཆེས་བཀའ་དྲིན་ཡིན་ཟེར་བ་དེ་ཕྱོགས་གཅིག་ལས་མ་མཐོང་སྐད་ཆ་རང་རེད།
བོད་ནང་གི་དཔའ་བོའི་མཛད་རྗེས་ལ་བསྟོད་པ།
རང་བྱུང་ཡིད་དགའ་དྲི་བསུང་འཐུལ་བའི་ཡུལ། །
དྭངས་གཙང་བཞུར་རྒྱུན་རྒྱུ་བའི་སྒྲ་དང་འགྲོགས། །
དཀར་གཙང་གངས་རིས་བསྐོར་བའི་ཡུལ་ལྗོངས་དེ། །
ཤར་ཕྱོགས་སྤྲིན་ནག་གིས་ནི་ཡོངས་སུ་གཏུམས། །
ཡུལ་ལུང་གཅིག་ཀྱང་ཡུལ་མི་ཁག་གཉིས་སུ། །
བྲལ་ནས་ལོ་ངོ་ལྔ་བཅུ་འདས་མོད་ཀྱི། །
ཕྱི་ནང་གཉིས་ནས་འབོད་སྒྲ་གཅིག་སྒྲོགས་འོག །
གངས་ལྗོངས་གནད་དོན་འཛམ་གླིང་ཀུན་ལ་ཁྱབ། །
གཞིས་ཀྱི་ཆོད་སེམས་སྙིང་སྟོབས་ལ་རྒྱ་དང་། །
ལྷག་བསམ་གཡོ་མེད་ལྕགས་ཀྱུ་ལ་བརྟེན་ནས། །
བྱེས་ཀྱི་རྒན་གཞོན་དབྱེ་མེད་ཆིག་སྒྲིལ་གྱིས། །
ལས་འགུལ་རྣམ་པ་འདྲ་མིན་ཨ་ལོང་བཏབ། །
གཞིས་ལུས་རང་དབང་བྲལ་བ་ཡིན་མོད་ཀྱང་། །
རང་ལུས་མེ་ལྕེ་འོག་ནས་ཡར་ལངས་བྱེད། །
བྱེས་ཡུལ་རང་དབང་གསོར་འགོད་ཐབས་བྱུས་ཀྱིས། །
རང་ཡུལ་གནས་སྟངས་ཇི་བཞིན་ཡོངས་ལ་སྤེལ། །
དེ་ལྟའི་ཞི་བའི་ཐབས་ལམ་འོད་སྣང་གིས། །
གདུག་རྩུབ་ཆེ་བའི་སྤྲིན་ནག་རྡུལ་དུ་བརླག །
གངས་ལྗོངས་ཞིང་དུ་སླར་ཡང་ཞི་བདེའི་དཔལ། །
གཞིས་བྱེས་མཉམ་གནས་རོལ་བ་མྱུར་དུ་འོང། །
བཀའ་ཤག་ལ་མ་དགའ་བའི་རྒྱུ་མཚན་འདི་འདྲ་རེད། དང་པོ་བློ་བཟང་སེང་གེས་བོད་ཡིག་ནི་འཛིན་གྲྭ་བརྒྱད་པ་བར་དུ་བེད་སྤྱོད་ཡོད་མེད་ཀྱི་སྐད་ཆ་བཤད་ཀྱི་འདུག དེ་ནི་བོད་ཀྱི་སྟོབས་ཤུགས་ངོས་མ་ཟིན་པ་རེད། བོད་ཀྱི་དབུ་ཁྲིད་ཅིག་གི་ངོས་བོད་ཡིག་དང་བོད་ཀྱི་རིག་གཞུང་ནུས་མེད་དུ་གཏོང་བ་ནི། རྒྱ་མིའི་མདུན་ནས་རང་གི་ལག་པ་རང་གིས་བཅད་པ་གཅིག་རེད། གཉིས་པ་བཀའ་བློན་ལས་རོགས་འདེམས་སྟངས་དྲང་པོ་མ་རེད། བློ་སངས་གིས་འོས་འགྲན་སྐབས་གཞོན་སྐྱེས་གཞོན་སྐྱེས་བཤད་བཤད་ནས་འོས་ཐོབ་པ་དང་། པད་པ་ཆོས་འབྱོར་ལྟ་བུ་སྔ་མོ་ནས་ལས་ཡོལ་ཟིན་པའི་མི་རྒན་ཞིག་སླར་ཡང་བཀའ་བློན་དུ་བསྐོས་པ་ནི། སྒེར་གྱི་དྲིན་ལན་ཞིག་མཇལ་ཆེད་གཞུང་གི་རྐུབ་སྟེབས་སྤྲད་པ་རེད་བསམ་གི། བཀའ་བློན་མི་བདུན་གྱི་ནང་གི་ཉུང་མཐའ་གསུམ་བཞི་ཞིག་མདོ་སྟོད་རེད། འདི་ཆོལ་ཁ་གཞན་པ་དག་བརྙས་བཅོས་བྱེད་འདོད་པ་རེད། དེ་ཡང་གཙོ་བོ་ཆིལ་སྒྲིལ་ལ་ཤ་ཚ་མ་བྱས་པ་ཞིག་ཀྱང་རེད། གསུམ་པ། བཀྲས་མཐོང་ལྟ་བུ་བོད་མི་ཁྲི་མང་པོས་རེ་ལྟོས་བྱེད་ས་བཀའ་ཤག་ནང་མ་འདེམས་པ་ནི། ཁོ་རང་གི་སྒེར་ནད་རྩོད་ཆེད་ཡིད་སྲིད། བསམ་བློ་ཡག་པོ་བཏང་ན་བཀྲས་མཐོང་བཙན་བྱོལ་སྤྱི་ཚོགས་ཀྱི་ཕྱི་ལ་ཕུད་པ་ནི། བཀྲས་མཐོང་མི་གཅིག་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་དཀྱིལ་ཁོར་ནས་ཕྱི་ཕུད་པ་ཙམ་མ་ཡིན་པར། ཁོང་ལ་རྒྱབ་སྐྱོར་ཡོད་མཁན་བོད་ཁྲི་ཁ་ཤས་ལ་བརྙས་བཅོས་བྱས་པ་ཞིག་རེད། འདི་ཡང་ཆིལ་སྒྲིལ་དང་སྤྱི་དོན་ལ་མཐོང་ཆུང་བྱས་པ་ཞིག་རེད། ཕྱོགས་གཅིག་ནས་བཀྲས་མཐོང་གི་འཇོན་ཐང་ལ་ཕྲག་དོག་པ་རེད། བཀྲས་དང་པད་མ་ཆོས་འབྱོར་བསྡུར་ན་རྟ་དང་བོང་བུའི་ཁྱད་པར་ཡོད་རེད། ང་རང་བཀྲས་མཐོང་རྒྱབ་སྐྱོར་བ་ཡིན་ཡང་བློ་བཟང་གིས་བྱེད་སྟངས་ལ་གསལ་བཤད་ཙམ་ཡིན། མིའུ་ཕྲུག་ལ་ལན་ཕྲན་འདི་དུས་ཚོདཡོད་མེད་་ལ་མ་ལྟོས་པར་ཕུལ་བ་ཡིན།
བཀའ་ཤག་ལ་མ་དགའ་བའི་རྒྱུ་མཚན་འདི་འདྲ་རེད། དང་པོ་བློ་བཟང་སེང་གེས་བོད་ཡིག་ནི་འཛིན་གྲྭ་བརྒྱད་པ་བར་དུ་བེད་སྤྱོད་ཡོད་མེད་ཀྱི་སྐད་ཆ་བཤད་ཀྱི་འདུག དེ་ནི་བོད་ཀྱི་སྟོབས་ཤུགས་ངོས་མ་ཟིན་པ་རེད། བོད་ཀྱི་དབུ་ཁྲིད་ཅིག་གི་ངོས་ནས་བོད་ཡིག་དང་བོད་ཀྱི་རིག་གཞུང་ནུས་མེད་དུ་གཏོང་བ་ནི། རྒྱ་མིའི་མདུན་ནས་རང་གི་ལག་པ་རང་གིས་བཅད་པ་དང་གཅིག་རེད། གཉིས་པ་བཀའ་བློན་ལས་རོགས་འདེམས་སྟངས་དྲང་པོ་མ་རེད། བློ་སངས་གིས་འོས་འགྲན་སྐབས་གཞོན་སྐྱེས་གཞོན་སྐྱེས་བཤད་བཤད་ནས་འོས་ཐོབ་པ་དང་། པད་པ་ཆོས་འབྱོར་ལྟ་བུ་སྔ་མོ་ནས་ལས་ཡོལ་ཟིན་པའི་མི་རྒན་ཞིག་སླར་ཡང་བཀའ་བློན་དུ་བསྐོས་པ་ནི། སྒེར་གྱི་དྲིན་ལན་ཞིག་མཇལ་ཆེད་གཞུང་གི་རྐུབ་སྟེབས་སྤྲད་པ་རེད་བསམ་གི། བཀའ་བློན་མི་བདུན་གྱི་ནང་གི་ཉུང་མཐའ་གསུམ་བཞི་ཞིག་མདོ་སྟོད་རེད། བྱེད་སྟངས་འདི་ནི་ཆོལ་ཁ་གཞན་པ་དག་ལ་བརྙས་བཅོས་བྱེད་འདོད་པ་རེད། དེ་ཡང་ཕྱོགས་གཅིག་ནས་ཆིལ་སྒྲིལ་ལ་ཤ་ཚ་མ་བྱས་པ་ཞིག་ཀྱང་རེད། གསུམ་པ། བཀྲས་མཐོང་ལྟ་བུ་བོད་མི་ཁྲི་མང་པོས་རེ་ལྟོས་བྱེད་ས་བཀའ་ཤག་ནང་མ་འདེམས་པ་ནི། ཁོ་རང་གི་སྒེར་ནད་རྩོད་ཆེད་ཡིད་སྲིད། བསམ་བློ་ཡག་པོ་བཏང་ན་བཀྲས་མཐོང་བཙན་བྱོལ་སྤྱི་ཚོགས་ཀྱི་ཕྱི་ལ་ཕུད་པ་ནི། བཀྲས་མཐོང་མི་གཅིག་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་དཀྱིལ་ཁོར་ནས་ཕྱི་ཕུད་པ་ཙམ་མ་ཡིན་པར། ཁོང་ལ་རྒྱབ་སྐྱོར་ཡོད་མཁན་བོད་མི་ཁྲི་ཁ་ཤས་ལ་བརྙས་བཅོས་བྱས་པ་རེད། འདི་ཡང་ཆིལ་སྒྲིལ་དང་སྤྱི་དོན་ལ་མཐོང་ཆུང་བྱས་པ་རེད། ཕྱོགས་གཅིག་ནས་བཀྲས་མཐོང་གི་འཇོན་ཐང་ལ་ཕྲག་དོག་པ་རེད། བཀྲས་དང་པད་མ་ཆོས་འབྱོར་བསྡུར་ན་རྟ་དང་བོང་བུའི་ཁྱད་པར་ཡོད་རེད། ཕྲན་བཀྲས་མཐོང་གི་རྒྱབ་སྐྱོར་བ་མིན་ཡང་བློ་བཟང་གིས་བྱེད་སྟངས་ལ་དགའ་མ་སོང་། མིའུ་ཕྲུག་ལ་ལན་ཕྲན་འདི་དུས་ཚོདཡོད་མེད་་ལ་མ་ལྟོས་པར་ཕུལ་བ་ཡིན།
བོད་རང་དབང་གཙང་མ།
བོད་རྒྱལ་ལོ།།
http://www.youtube.com/watch?v=vRpnu0whB5A
དྲང་བདེན་དང་རང་དབང་། མི་མང་གི་བདེ་དོན་ཆེད་དུ་རང་སྲོག་བློས་བཏང་གནང་བ་ན་དགེ་བ་མེད་ན་སྡིག་པ་ཡོད་ཚེ་ལས་འབྲས་ཀྱི་རྣམ་བཞག་དང་འགལ་བ་རེད། དེ་ལྟར་ཡིན་ན་དྲང་བདེན་དང་ལས་འབྲས་ཟེར་བ་སྐྱག་རྫུན་རེད།
ཨ་ཁུ་དགྲ་ལྷ་ཁྱེད་རང་འདིའི་ནང་ལ་མ་ཡོང་ན་ཡག་པོ་འདུག ཁྱེད་རང་ནི་རྒྱ་གར་གཞུང་གི་བཀའ་དྲིན་འོག་འཚོ་བའི་རྒྱ་གར་གྱི་མི་ཞིག་ཡིན་པས་ཁྱེད་རང་རྒྱ་གར་གྱི་དྲ་རྒྱ་ཁག་ནང་ལ་རྒྱུག འདི་ང་ཚོ་བོད་པའི་བདེ་སྡུག་བཤད་ས་རེད་མ་གཏོག་བོད་པའི་ཡོད་ཚད་ལ་སྒྲོ་བཀུར་སྐྱོན་བརྗོད་བྱེད་ས་མ་རེད། སྟག་སྨྱོན་ཁྱེད་རང་ཡང་སྨྱོན་པ་མིན་ན་གནས་ལུགས་ཡོད་པའི་སྐད་ཆ་བཤད་ན་ཡག་པོ་འདུག
སྟག་སྨྱོན་ཟེར་བའི་ལོ་བ་དེས་ཕྱོགས་ཚང་མ་མཐོང་མི་འདུག་གནས་ཚུལ་གང་ཡང་མ་ཤེས་པར་རང་སྣང་གང་ཤར་བཤད་ནས་སྤྱི་ཚོགས་དཀྲུག་ཤིང་མབྱེད་རོགས།བཀའ་བློན་ན་ནས་མང་ཤོས་ཁམས་པ་རེད་ཟེར་བ་དེས་ཁྱོད་རང་ལོང་བ་ཡིན་པའི་སྒྲུབ་བྱེད་གཅིག་རེད།པདྨ་ཆོས་འབྱོར་དང་སྒྲོལ་མ་རྒྱ་རི་གཉིས་མ་གཏོགས་མདོ་སྟོད་གཞན་ཞིག་བཀའ་བློན་ནང་དུ་ཡོད་མ་རེད་འདུག་ན་སུ་རེད་ཤོད་དང།ཧ་མ་གོ་བའི་སྐད་ཆ་དེ་འདྲ་བཤད་མ་བཤད་ན་ལེགས།
ཁ༑ོད་འདྲ་བའི་མི་ཁ་ཤས་ཤིག་བཙན་བྱོལ་སྤྱི་ཚོགས་ནང་དུ་ཡོད་ན་བོད་པའི་ཆིག་སྒྲིལ་གྱི་གོང་བུ་བཤིགས་ཐག་ཆོད་རེད།གཏོར་བཤིགས་དང་འཐེན་ཁྱེར་གྱིས་ར་བཟི་བའི་སྟག་སྨྱོན་ལགས་ཁྱོད་རང་གི་སྐྱག་ཁ་དེ་བཙུམ་ན་མི་ལེགས་སམ།
རྒྱ་གར་ལ་སྐྱབས་བཅོལ་ཐུབ་པ་དེ་རྒྱལ་བ་རིན་པོ་ཆེས་དྲིན་མ་རེད་ཅེས་པ་དེ་གནས་ལུགས་ཀྱི་གཏམ་ཞིག་རེད་ཁྱོད་རང་མ་དགའ་ན་སྡུག་གྱོང་རང་རེད།ཁྱེད་རང་ཚོ་ཆོས་ལུགས་དང་ཁྱེད་རང་ཚོའི་ཕྱོགས་གཏོགས་ལ་རྒྱལ་བ་རིན་པོ་ཆེ་དྲིན་ཆེན་པོ་ཡིན་རྒྱུ་རེད་།བོད་པ་ཚང་མ་མཉམ་དུ་མ་དྲུད་རོགས།ཞུ་གི་ཡོད།ལུང་རྟོགས་ཟེར་བ་འདི་ལ་བཤད་ཀྱི་ཡོད།
རྒྱལ་བ་རིན་པོ་ཆེ་ཡང་རྒྱ་གར་ལ་སྐྱབས་བཅོལ་པ་ རེད།
རྒྱ་གར་ལ་སྐྱབས་བཅོལ་ཐུབ་པ་དེ་རྒྱལ་བ་རིན་པོ་ཆེ་ གི་དྲིན་མ་རེད།
བློ་བཟང་སེང་གེ་བོད་གཞུང་གི་སྤྲིང་མོག་སྐྱབས་བཅོལ་རེད།།
ལས་འགུལ་གང་ཞིག་བརྩམ་ན་དེ་བོད་རིགས་ཉུང་ཤས་ཤིག་གི་དགག་པ་ཡོད་ཡོད་པ་རེད། དེ་ལས་ལས་དོན་མ་བརྩམ་ན་ཡག་སྟེ། རྙོགས་དྲ་མེད་པས་སོ། ཁོང་ཚོས་དེ་ལྟར་བྱེད་དགོས་བའི་རྒྱབ་ལྗོངས་ཅི་ཞིག་ཡིན་མིན་མི་ཤེས། དྲང་བདེན་དང་རང་དབང་། མི་མང་གི་བདེ་དོན་ཆེད་དུ་རང་སྲོག་བློས་བཏང་གནང་བ་ན་དགེ་བ་མེད་ན་སྡིག་པ་ཡོད་ཚེ་ལས་འབྲས་ཀྱི་རྣམ་བཞག་ཟེར་བ་མེད་ཅིང་། དྲང་བདེན་དང་ལས་འབྲས་ཟེར་བ་སྐྱག་རྫུན་རེད།
རྒྱལ་བ་རིན་པོ་ཆེ་ལ་བོད་མི་མང་དཀའ་དྲིན་ཆེན་པོ་ཡིན་པ་ལས་བོད་མི་མང་ལ་རྒྱལ་བ་རིན་པོ་ཆེ་བཀའ་དྲིན་ཆེན་པོ་མ་རེད།
རྒྱལ་བ་རིན་པོ་ཆེ་འཛམ་གླིང་ནང་དུ་འདི་ལྟར་ཆེན་པོ་ཆགས་པ་དེ་བོད་མི་ས་ཡ་དྲག་གི་གདོང་འབག་གྱོན་ནས་ཆགས་པ་རེད།
གནས་ཚུལ་དེ་ངེས་པར་དུ་ཤེས་དགོས།
ཁ་ཤས་ཀྱི་ཆབ་གསང་ནང་དུ་སྐྱགས་པ་བཏང་ཐུབ་པ་དེ་ཡང་རྒྱལ་བ་རིན་པོ་ཆེའི་དྲིན་རེད་ཁོང་མེད་ན་ཆབ་གསང་ལ་སྐྱགས་པ་བཏང་ཐུབ་ཀྱི་མ་རེད་བཤད་ཉེན་ཆེ།
མི་དེ་ཚོའི་རིགས་ཀྱི་གནས་ཚུལ་འདི་ངེས་པར་དུ་ཤེས་དགོས།
སྔ་མ་གནས་ཚུལ་གསལ་དེ་ཙམ་མི་འདུག་ཀྱང་ད་དེང་གསལ་བཤད་མང་དྲགས་པ་བྱས་འདུག་
ཡག་པོ་འདུས་མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད་ཅེས་གསུངས་པ་བཞིན་ལེ་བདའ
གང་ཡང་མེད།
ཨ་ཁུ་དགྲ་ལྷ་ཁྱེད་རང་གི་སྐད་ཆའི་སྟེངས་ནས་ཁྱེད་རང་ཆོས་རྒྱུད་དང་ཆོལ་ཁའི་འཐེན་ཁྱེར་གྱི་ཡོང་སུ་གཟི་ཚར་ཡོད་པ་གསལ་བསྟོན་བྱེད་བཞིན་དུ་ད་དུང་སྟག་སྨྱོན་ལ་གཅིག་བཤད་ཁུལ་བྱེད་པ་ནི་ངོ་ཚ མེད་པའི་རྣམ་ཐར་རང་རེད།
ང་ཚོས་རྩ་བའི་གནད་དོན་ལ་མ་འགལ་བའི་ཐོག་ནས་མཆན་གདབ་དགོས་རྒྱུ་ལས་སྐབས་དང་མ་འབྲེལ་བའི་བརྗོད་གཞི་མང་པོ་ཞིག་སླེབས་ཡོང་བ་ནི་ཅུང་མི་འགྲིག དེས་ན་དྲྭ་གྲོགས་ཚོས་སྐབས་བབ་ཀྱི་བརྗོད་བྱ་དངོས་ལ་འགྲོ་ཐུབ་རྒྱུ་ཧ་ཅང་གིས་གལ་ཆེན་ཞིག་ཏུ་མཐོང་གིན་ཡོད། ཡང་ན་དངོས་མཆན་དང་། ཟུར་མཆན་གྱི་དབྱེ་བ་ལེགས་པོ་གནང་ན་ཡག་པོ་འདུག
ཨ་ཁུ་ལུང་རྟོགས་ལགས་ཁྱེད་སྤྱན་ཀ་གཉིས་ལྡང་སྟེ་བགྲོ་གླེང་རེ་བཤད་ན་མི་བཟང་ངམ་གྲུབ་མཐའི་
འཐེན་ཁྱེར་བྱེད་ཀྱི་འདུག་ན་གྲུབ་མཐའ་གང་ལ་སྒྲོ་བཏགས་ཀྱི་ཆེ་བརྗོད་དང་གང་ལ་སྨད་པ་དང་
ཆེད་གསོད་བྱེད་ཀྱི་འདུག་ཡང་ན་ལུང་མཚན་གང་ཡར་འཐེན་དང་ཆོལ་ཁ་གང་ལ་མར་འཐེན་བྱེད་
ཚུལ་གསལ་པོར་བཤད་ཡག་འདྲ་ཡོད་དམ་གལ་སྲིད་ཡོད་ན་དྲ་གྲོགས་ཚོའི་སྤྱན་ལམ་གསལ་བཤད་
རེ་བྱས་ན་བུ་རྒོད་ཡིན་དེ་མིན་ལུང་མཚན་དང་འཐེན་ཁྱེར་གྱིས་གཟི་སྐད་དེ་རང་ཉིད་ཀྱིས་སྒྲོག་སྦྱོང་
ཙམ་གྱི་མངོན་རྟགས་འདྲ་མིན་འགྲོ། ཁྱོད་ཀྱི་འཁྲུལ་ཚུལ་བདེན་ན་ང་ཨ་ཁུ་སྒྲ་ལྷ་མིན
ངས་ནམ་རྒྱུན་སྟག་སྨྱོན་ལགས་བྱུང་རྒྱལ་དང་འུད་སྒྲོགས་མཁན་ཞིག་ཏུ་བསམ་གྱི་ཡོད།
ད་ལན་སྐད་ཆ་རྣལ་མ་ཞིག་བཤད་འདུག
ཧ་འཐོར་ན་BBC་དང་CNN སོགས་སུ་གནས་ཚུལ་མདོར་བསྡུས་ཚར་རེ་བཀོད་སྲིད་པ་ཙམ་གྱི་ཆེད་དུ་
ཤ་དར་ཁྲག་རྒྱས་ཀྱི་བོད་པའི་ན་གཞོན་དག་ཕྱེ་མ་ལེབ་བཞིན་མེ་རུ་བསྐྱབས་སོང་ན་ཡིན་ཕང་པོ་རེད།
ཨ་ཁུ་དགྲ་ལྷ་གིས་གསུང་དེ་དངོས་པོའི་གནས་ཚུལ་དང་སངས་རྒྱས་གི་གསུང་ངོ་མ་རེད་། བོད་གཞུང་གི་མི་དེ་ཚོས་འུར་བཤད་གི་བོད་མི་ཚོས་ཚེ་སྲོག་དེ་ཕང་བ་ལ་ཨ་ཙི་ཙི་། བོད་ནང་གི་བོད་མི་ཚོ་དུས་ད་ནས་བཟུང་
ཁྱེད་རང་ཚོས་བསམ་བློ་ཡག་པོ་ཞིག་ཐོང་དང་བོད་གཞུང་གི་འུར་བཤད་འོག་མི་ལོ་ལྔ་བཅུ་ལྷག་འགྲོ་ཚར་རེད་ད་མགོ་མ་ཐོམ་
ན་ཡག་པོ་རེད་ངས་དངོས་པོའི་གནས་ཚུལ་ཞུ་གི་ཡོད་།
ད་དངོས་ནས་བོད་དོན་ལ་སེམས་ཤུག་ཡོད་ན་་བཀའ་བློན་ནས་བཟུང་ལས་བྱེད་ཚང་མ་གི་རང་ལུས་མེར་སྲེག་བཏང་ཤོག་དང་།
ཨ་ཁུ་དགྲ་ལ་དང་རང་གཉིས་གི་མཉམ་དུ་ལུས་སྲོག་བཏང་ཡ་ལ་འགྱོད་པ་རྩ་བ་ནི་མེད་། དེ་མིན་བོད་མི་ཁ་ཞས་གི་ལུས་སྲོག་
བཏང་ཁ་ཤས་གི་འུར་བཤད་ཡ་དང་སྐྱིད་པོ་བྱེད་ནས་སྡད་ན་ཡག་པོ་མི་འདུག་། དྲ་རྒྱ་ནང་བདེན་པ་དང་དངོས་པོའི་གནས་
ཚུལ་ལ་དམ་ཉམ་དང་རྒྱ་མི་ཉུལ་མ་སོག་མ་བཤད་ན་ཡག་པོ་རེད་སྐད་ཆ་དེ་ཚོ་སྔོན་མ་གི་རེད་དེས་སང་བཤད་ན་གྲུབ་འབྲས་
ཡོད་མ་རེད་། འཛམ་བུ་གླིང་དངོས་པོའི་གནས་ཚུལ་ལ་དོ་ནང་ཡོད་དང་ཡོད་བཞིན་པ་རེད་ཞུ་།
ཨ་ཁུ་དགྲ་ལྷའི་སྐད་ཆ་ལ་རྒྱུ་མཚན་མེད་པ་ཤ་སྟག་གཅིག་ཏུ་བརྩིས་ན་ང་ཚོ་ནོར་འདུག ཁོང་གི་སྐད་ཆ་ལྟ་བུ་ནི་ང་ཚོའི་སྤྱི་ཚོགས་ནང་དུ་བཤད་མཁན་མང་པོ་ཡོད། ཡིན་ན་ཡང་དྲ་རྒྱ་ནང་དུ་ཁོང་གཅིག་པོ་སླེབས་པ་རེད། དཔེར་ན། ཟླ་ཤས་སྔོན་དུ་དུས་བབས་ཀྱི་འོས་འདེམས་དྲི་བའི་ལེ་ཚན་བསམ་ཤོག་གི་ནང་དུ་༸གོང་ས་མཆོག་བཀའ་དྲིན་ཆེའམ། བཙན་བྱོལ་བོད་གཞུང་བཀའ་དྲིན་ཆེ་ཟེར་བ་ན་མང་ཆེ་བས་བཙན་བྱོལ་བོད་གཞུང་བཀའ་དྲིན་ཆེ་ཟེར་བ་ལ་བསྣན་པ་རེད། འདིས་གང་བསྟན་ཅེ་ན། ༸གོང་ས་མཆོག་བོད་མི་མང་ལ་བཀའ་དྲིན་མི་ཆེ་བ་མ་རེད། འོན་ཀྱང་ཡང་ལྗིད་འདེགས་ཤེས་དགོས། ངས་བལྟས་ན་གལ་སྲིད་སླར་ཡང་དུས་བབ་ནང་དུ་༸གོང་ས་མཆོག་བོད་མི་མང་ལ་བཀའ་དྲིན་ཆེའམ། ཡང་ན་བོད་མི་མང་༸གོང་ས་མཆོག་ལ་བཀའ་དྲིན་ཆེ་ཟེར་ནས་དྲིས་ན་བསམ་ཤོག་གང་ལ་མང་པོ་ཐོབ་གིན་ཡོད་མེད་ཧ་གོ་གིན་རེད། བོད་མི་མང་དེ་༸གོང་ས་མཆོག་ལ་བཀའ་དྲིན་ཆེ་བ་ཡིན་པ་ནི་༸གོང་ས་མཆོག་སྐུ་ཉིད་ཀྱིས་དུས་རྟག་ཏུ་གསུང་བཞིན་ཡོད། དཔེར་ན། ཁོང་ལ་གཟེངས་རྟགས་གྲགས་ཅན་ནོ་སྦེལ་ཞི་བདེ་དང་ཨ་རི་གསེར་གྱི་རྟགས་མ་ཟེར་བ་སོགས་བླངས་སྐབས་གསུངས་བཤད་ནང་དུ་གཟེངས་རྟགས་འདི་ནི་བོད་མི་མང་གི་བཀའ་དྲིན་ལ་བརྟེན་ནས་ཐོབ་པ་ཞིག་ཡིན་ཟེར་ནས་རྟག་ཏུ་གསུང་བཞིན་འདུག འདི་ཙམ་ལ་བརྟེན་ནས་ཀྱང་ཤེས་ཐུབ།
ད་ཁྱོད་ཚོས་སྐད་ཆ་རྣམ་མ་དེ་ངོ་ཤེས་སོང་ངམ་ངས་ཀྱང་ད་ཁྱོད་ཚོས་རྣམ་ལྡོག་གི་དབྱེ་བ་ཕྱེ་ཐུབ་
ཚོད་རེད་སྙམ་སྟེ་བྲིས་པ་ཡིན། ཧཧཧ ཁྱོད་རང་ཚོ་ངོ་མ་འཁྲུལ་འཁོར་དགུ་ཡིས་མགོ་བོ་འཐོམ་
འདུག། ཨ་ཁུ་སྒྲ་ལྷ་ཨ་ཁུ་སྒྲ་ལྷ་ཞེས་སུ་ལ་མིང་རྗེ་བསྒྱུར་བྱེད་ཀྱིས་ཡོད། ཨ་རོགས།
ཧཧཧ གོང་ས་མཆོག་གིས་བོད་མི་མང་ཐུགས་བརྩེས་མ་དོར་བར་འཛམ་གླིང་གི་ས་ཕྱོགས་གང་དུ་ཕེབས་ཀྱང་དེ་སྐད་གསུང་དང་གསུངས་བཞིན་པ་རེད། ང་ཚོས་ཀྱང་དེ་དེ་བཞིན་ནོ་ཞེས་ང་ཚོ་གོང་ས་མཆོག་ལ་བཀའ་དྲིན་ཆེན་པོ་ཡིན་ཚུལ་བརྗོད་ན་ཕ་རྒོད་པོ་ཤ་གཟན་ལ་བུ་ཁ་ཏ་སྐྱག་གཟན་བྱུང་བ་རེད། ཤེས་སམ། ང་ཚོ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད་པ་འདི་ཡང་ཁྱོད་ལྟར་ན་བོད་གཞུང་དང་བོད་མི་མང་གིས་འཇོན་བཞག་པ་རེད་དམ། ཞབས་འདྲེན་པ།
ཁྱི་དང་ཕག་གི་ཙི་སྒྲ་འདི་ཚོར་རྣ་བའི་དབང་བོ་ཉོབ་པ་ལ། །
ཆོ་འཕྲུལ་སྣ་དགུའི་ཁ་ལོ་བསྒྱུར་བའི་འདྲེ་ངན་འདི་ཚོར་བསུན་པ་ལ། །
ངམ་གནག་མུན་པའི་ཀློང་དུ་གསིག་པའི་ལོང་བའི་ཚོགས་འདིར་འཕང་བ་ལ། །
ཞེ་རྩ་ཧ་ལ་ནག་པོས་སྦྲིད་པའི་བྲང་འགྲོའི་ཚོགས་འདིར་སྐྱོ་བ་ལ། །
འཕག་ཚག་ལགས་གསལ་བཤད་མང་པོ་དགོས་དོན་མི་འདུག་གོང་གི་ཨ་ཁུ་དགྲ་ལྷའི་སྐད་ཆ ལ་བལྟོས་དང་ཤེས་ཡོང་། ངོ་མ་བཤད་ན་༸གོང་ས་མཆོག་གིས་དམངས་གཙོ་གསོལ་རས་གནང་བ་དང་དགའ་ལྡན་ཕོ་བྲང་གཞུང་ཕྱིར་བསྡུ་གནང་བའི་བཀའ་དྲིན་གཅིག་པུ་ལ་བས་མ་ན་ཡང་བཀའ་དྲིན་གཞལ་དཀའ་བ་ཞིག་རེད། འོན་ཀྱང་བཟང་ངན་མི་ཤེས་པའི་མི་ཁྱེད་ཚོའི་གྲས་ལ་མང་པོ་བཤད་ན་ཉི་མ་སྟོང་ཟད་ལས་མེད་པས་ངས་མང་པོ་བཤད་རྒྱུ་མིན།
བཙན་བྱོལ་བ ཞེས་པའི་མིང་ཅན་ལགས་ ངས ཤེས་་སལ་བྱས་ན་ཁྱོད་བཙན་བྱོལ་ཆགས་དགོས་དོན་མི་འདུག་གང་ཡིན་ཟེར་ན་ཁྱོད་ཀྱི་སྒྲུབ་བྱེད་བོད་མི་མང་པོས་གཅིག་ཅིག་གཉིས་གཉིས་་གསུང་གི་འདུག་བྱས་ཙང་སྐུ་ཉེད་བོད་ལ་ལོགས་་ན་བོད་མི་རྒྱ་ཆ་མང་བ་བོད་དུ་གཞུགས་ཡོད་པས་སྐུ་ཉེད་ཀྱི་ཐུགས་མཐུན་བསྒྲུབ་ངེས་དང་གུས་པ་ཡངས་བོད་དུ་ལོགས་འདོད་ཆེན་པོ་འདུག་འོན་ཀྱང་
ང་ཁྱེད་དང་གཅིག་པ་མ་རེད་ ཁྱེད་ལ་མཐུན་མོང་མ་ཡིན་པའི་རྒྱ་མིའི་ལྟ་ཚུལ་བཟང་པོ་ཡོད་པ་དང་ཁྱོད་ཀྱང་བློ་རྙིང་ཐམས་བཅད་རྒྱ་དམར་ལ་ཕྱོགས་པས་ན་བཙན་བྱོལ་ལ་ཕེབས་དགོས་དོན་མི་འདུག་ འོ་ན་གང་གི་ཆེད་དུ་ཕེབས་པ་ཡིན་ནམ་