དམག་མི་གྲོག་མ་བཞིན་བོད་ལ་ཁེངས་པའི་རྒྱུ་མཚན་ནི་བཙན་འཛུལ་བ་དང་འཇིགས་སྐུལ་བ་ཡིན་རང་རྟགས་དང། བདེན་པ་སྤུ་ཙམ་མེད་པར་གཞན་ལ་གཅར་རྡུང་བྱེད་པའི་ཧྥ་ཞི་སི་ངོ་མ་བོད་ནང་སླེབས་ཡོད།
ཕ་ས་སྣུམ་པོ་དགྲ་བོས་བཙན་གྱི་ཕྲོགས། །ཕ་མཁར་སྨུག་པོ་དགྲ་བོས་ཁོག་སྟོང་བཙོས། །ཕ་ཡུལ་སྤུན་མཆེད་དགྲ་བོས་བཀྲན་གཡོགས་བཀོལ། །ཕ་བཟང་བུ་ཚོ་ཤི་ཡང་བརྗེད་ཐབས་མེད། །
འབའ་སྲས་ལགས་ཀྱིས་བྲིས་པའི་སྙན་རྩོམ་ལྷ་ས་བ་ཞེས་པར་མཆན་བཀག་སྟེ། འདེབས་ཡུལ་མ་རྙེད། འོན་ཀྱང་འབའ་སྲས་ལགས་ཀྱི་ཀུན་སློང་གང་ཡིན་ཆ་མ་རྟོགས་ཀྱང་ཚིག་ཟིན་ཁས་བླང་ཐབས་བྲལ་བས་དེ་རིང་ལྷ་སའི་གནས་ཚུལ་འདི་ཐོན་པ་དང་མཆན་འདི་བཏབ་ཡོད། ཁ་བརྡ་དྲྭ་བདག་ནས་ཕྲན་གྱི་མཆན་འདི་མི་འགོག་པའི་རེ་བ་ཡོད། གལ་སྲིད་མཆན་འདི་བསུབ་ཚེ་འབའ་སྲས་ཀྱི་རྩོམ་འདི་བཏོན་ཆོག་པར་ངའི་འདི་མ་བཏོན་པ་ཡིན་ན། ཁ་བརྡ་དྲྭ་བ་འདིར་དོགས་སློང་མི་ཞུ་ཀ་མེད་ཡིན། བཙན་པོའི་སྙིང་སྟོབས་ལྷ་སའི་ཡུལ་ནས་རྒྱས།། བརྗིད་ཆགས་ཕོ་བྲང་ལྷ་སའི་ཡུལ་དུ་བརྗིད།། ས་ཕག་རིན་གཙང་དགའ་གཞུང་རིམ་པ་བཅས།། དེ་རིང་བདེན་པའི་ལག་ཆ་གཅིག་པུ་ཡིན།། སྲོང་བཙན་བཀའ་ཡིས་ཡི་གེ་ལྷ་སར་བཅོས།། ཁྲི་སྲོང་བཙན་པོས་ཆོས་སྒོ་ལྷ་སར་བཀྱེད།། རྒྱ་གཞུང་བོད་ཀྱི་སྐད་དུ་ལྷ་སར་བསྒྱུར།། དེ་རིང་སྤྲེའུས་ངོམ་རྒྱུ་རྐུབ་དང་མཚུངས།། བོད་དུ་སྐྱེས་ཀྱང་རིགས་ཆད་མཐའ་ཡི་མི།། ཁེ་གྱོང་གཏིང་ནས་བསམ་པའི་བློ་གྲོས་མེད།། བྱས་པ་ཅུང་ལ་བྱས་རིན་ཧམ་ཤེད་ཅན།། དེ་རིང་འདི་རུ་ཡོད་ཀྱང་ཕན་འདོགས་མེད།། སྐུ་དྲག་ཟེར་ནས་དབུས་གཙང་མི་ལ་གཤེ།། གཡོ་སྒྱུ་ཆེ་ཞེས་དངོས་ཤུགས་བརྒྱུད་ནས་བཤད།། སྐུ་དྲག་ཟེར་བའི་མི་ཆེན་བཀའ་དྲིན་ལས།། དེ་རིང་དགའ་ལྡན་ཕོ་བྲང་མ་སྟོང་ཙམ།། ཕག་ལོ་༸རྒྱལ་བ་འཛམ་གླིང་གྲགས་པོ་དང་།། སྟག་ལོ་༸པཎ་ཆེན་བོད་འབངས་སྐྱོབ་པོ་གཉིས།། ཆུང་ནས་གསོ་སྐྱོང་མཛད་པའི་བློ་མིག་ཅན།། དེ་རིང་ང་ཡིས་ཤེས་སོང་ལྷ་ས་བ།། ང་དགུར་ལྷ་སར་ཕོ་ཟད་མོར་ཐུག་སྟེ།། དཔའ་མོས་དགྲ་ལ་རྒོལ་བའི་དཔའ་སྐད་ཀྱིས།། ནུབ་ཕྱོགས་རྒྱ་མཚོའི་རྦ་རླབས་མཐའ་ལ་དེད།། དེ་དུས་ཁྱོད་ཚོར་རྨིས་པའི་རྨི་ལམ་ཅི།། རྩྭ་ཐང་ཐོག་གི་ཕྱུག་རྫི་བླུན་པོ་ཚོ།། ཁྲོན་པའི་སྦལ་པ་བློ་མིག་དོག་པོ་ཅན།། ཡུལ་ལྷ་གཞིས་བདག་སྐྱབས་སུ་འཛིན་པ་པོ།། ཁྱོད་ཚོས་དེ་རིང་བར་དུ་ཉི་མ་བསྐྱལ།། ལྷ་སའི་མི་ཡིས་བསྟན་པ་སྨད་ནས་གསོས།། འཐབ་རྩལ་དྲུག་ཅུ་ལྷ་སའི་མི་ལ་ཡོད།། ཡར་ཀླུང་གཙང་པོའི་རླབས་ཀྱི་རྒོད་སྒྲ་དེ།། ཡང་ནས་ཡང་དུ་ཇེ་མཐོར་འགྲོ་ངེས་ཡིན།། ཁྲི་ཤོར་རྨ་འབྲུ་འཕྱུར་ཀྱང་སྟོང་པ་ཉིད།། རྫ་ཆུ་བཞུར་ཡུན་རིང་ཡང་ཨོྃ་ཨཱ་ཧཱུ།། ལྐོག་འགྱུར་མུན་པའི་གནས་ཚུལ་གསལ་སྟོན་པའི།། ལྷ་མོའི་བླ་མཚོ་ལྷ་སའི་རྣམ་དཔྱོད་ཡིན།། ཙོང་ཁའི་རི་བོ་རྒྱ་ཡི་སྒོ་ཆེན་ཡིན།། ཨ་རྨྱེ་རྨ་ཆེན་སྤྲིན་གྱིས་མཐོང་དུས་མེད།། གངས་ཆེན་ཏི་སི་མཐོ་ནས་མཐོར་བརྗིད་པ།། མ་མཐོང་ཕྱོགས་ལྷུང་ལིང་ཏོག་སྒྲིབ་པའི་རྟགས།། འཐེན་རྩོད་ཧམ་ཤེད་ཆེ་བའི་ངན་གཤིས་ཅན།། དོན་ཆུང་འུར་སྒྲོག་བྱེད་པའི་ཤེས་མདོག་ཅན།། སྤྱོད་ངན་དེ་འདྲ་མ་བྱེད་མདོ་སྨད་པ།། ང་ཚོ་ཚང་མ་གདོང་དམར་ཅན་པ་རེད།། ཡང་ཅིག་ལྷ་སའི་མི་ལ་རྣམ་དཔྱོད་ཡོད།། རིག་གསར་སྐབས་དང་བསྟུན་ནས་རང་དབང་བརྩད།། ནོར་ཝེའི་གཟེངས་རྟགས་བསྟུན་ནས་རང་དབང་བསྒྲགས།། དྲུག་བཞིའི་རྐྱེན་དང་བསྟུན་ནས་ཞི་བས་རྒོལ།། འཐབ་དགོས་བྱུང་ན་དུས་དང་བསྟུན་ནས་འཐབ།། ལྷ་སས་བརྒྱད་ཅུར་ས་བོན་བཏབ་པ་དེ།། ལོ་ངོ་ཉི་ཤུ་ལྷག་ཅིག་སོང་བའི་མཚམས།། མདོ་ཁམས་ཡུལ་ནས་ད་གཟོད་མྱུ་གུ་འབུས།། ཨ་ཧོ་མེ་མཆོད་དཔའ་བོ་རྒྱལ་གྱུར་ཅིག།
བོད་ནས་weibo འམ་དེ་མིན་དྲ་རྒྱ་རྒྱུད་ལམ་གཞན་པ་གང་རུང་ཞིག་ནས་པར་དང་བརྙན་པར་སོགས་འབྱོར་སྐབས་ངེས་པར་དུ་གཏོང་པ་པོའི་ཁ་བྱང་འདི་འབྲི་གསུབ་གནང་རོགས། དེ་ནི་གལ་ཁོ་ཤིན་ཏུ་ཆེ།
གོང་གསལ་གྱི་པར་དེ་དག་ལས་སྤུན་ཟླའི་མི་རིགས་ཞེས་པའི་དོན་དེའི་འདུ་ཤེས་མེད་པ་ མངོན་སུམ་དུ་ར་སྤྲོད་བྱུང་འདུག་པས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་ཚད་ལྡན་གྱི་རང་སྲིད་རང་སྐྱོང་དོན་དུ་གཉེར་བའམ་རྩོད་པའི་དབུ་མའི་ལམ་དེ་ཡང་སྐེ་ཁྱེར་ནས་ཞགས་པ་ཉོ་བའི་ངང་ཚུལ་ཙམ་དུ་ཟད་པས།དུས་ཚོད་ཇི་ཙམ་འགོར་ཡང་རང་བཙན་གྱི་ལྟ་བ་བློས་མ་བཏང་བར་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་དམར་འོག་སྡོད་འདོད་བསམ་བློ་ལས་རྣམ་པར་རྒྱལ་བ་བྱས་ཏེ་བོད་རྒྱལ་ཁབ་ ཀྱི་བདག་དབང་སླར་གསོ་ཡོང་ཆེད། ཆོད་སེམས་བརྟན་པོ་འཇོག་དགོས། ཕྱི་ཚུལ་དུ་མངོན་གསལ་དོད་པའི་ལས་འགུལ་སྤེལ་རུང་མ་སྤེལ་རུང་། ནང་སེམས་ ཀྱིས་བདག་དབང་སླར་གསོའི་དམ་བཅའ་ཡལ་མི་ཉན།། ཁ་ཅིག་ན་རེ། དེ་ལྟར་བྱས་ན་བོད་མི་རིགས་སྟོང་བའི་ཉེན་ཁ་ཆེ་བས། ད་ལྟའི་ཛ་དྲག་གི་གནས་བབ་ལས་མྱུར་དུ་སྐྱོབ་ཆེད་དབུ་མའི་ལམ་དུ་མགྲིན་དབྱངས་ གཅིག་དང་། རྒྱུད་ལམ་གཅིག་གི་ཐོག་ཤར་སྐྱོད་བྱེད་དགོས་། དེ་ལྟར་མ་བྱས་ཚེ་བོད་ཀྱི་སྣོད་བཅུད་གཉིས་འཇིག་ཉེན་ཤིན་ཏུ་ཆེ་ཟེར།། དེ་ཡིན་ན་ངས་ཁྱེད་ལ་འདི་ལྟར་འདྲི་བར་བྱ་སྟེ། དབུ་མའི་ལམ་དང་རང་བཙན་གྱི་ལམ་གཉིས་ལས་གང་མྱུར་རམ་ཞེས་བཀའ་འདྲི་ཞུ་གི་ཡིན། དབུ་མ་མྱུར་ཏེ། རང་བཙན་བློས་བཏང་ནས་རྒྱ་ནག་གི་རྩ་ཁྲིམས་འོག་ནས་ཁ་བྲལ་མི་དགོས་པ་གང་ཞིག་ དེ་ནི་བློ་མཐུན་ཏེང་ཞོའོ་ཕིང་གི་དགོངས་པ་ཡིན་པར་ཁོང་རང་གིས་གསུངས་པའི་ཕྱིར་ཟེར་ཤས་ཆེ།། དེ་ནི་སྔ་ས་ནས་རྒྱ་ནག་གཞུང་གིས་ཁས་ལེན་མེད་པ་གསལ་བསྒྲགས་ཟིན་པའི་ཕྱིར་ཏེ། བློ་མཐུན་ཏེང་ཞའོ་ཕིང་གིས་དེ་ལྟར་གསུངས་མི་སྲིད། གང་ཡིན་ཞེ་ན་ཁོང་ནི་རླབས་ཆེན་གྱི་རྒྱལ་ཅེས་རིང་ལུགས་པ་ཡིན་པས་སོ། ཞེས་རྒྱ་གཞུང་གིས་ཁ་གསལ་གཏིང་གསལ་གྱིས་ལན་འདེབས་བྱེད་སྐབས། རང་ཕྱོགས་ནས་སྐབས་དེའི་གནས་ཚུལ་གྱི་རང་བཙན་ཕུད་པའི་གནས་གང་ཡིན་ཡང་ཐག་གཅོད་བྱེད་ཆོག ཅེས་པའི་དཔངས་རྟགས་སུ་སྒྲ་ཕབ་སྤྱིན་ཤོག་ཙམ་ཡང་སྟོན་རྒྱུ་མེད་པར་སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་གསར་འགྱུར་རྒྱུད་ལམ་ཁག་གིས་བཅར་འདྲི་ཞུ་སྐབས།ཁོང་གིས་གསུངས་ཐག་ཆོད་གསུངས་བྱུང་ཞེས་མནའ་སྐྱེལ་གྲབ་བྱེད་པ་ཙམ་ལས་གཞན་གང་ ཡང་མེད་པའི་ཕྱིར་རོ། གལ་སྲིད་མནའ་སྐྱེལ་ནའང་དམར་ཤོག་ཙམ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲིམས་ ལུགས་པས་ཀྱང་ཁས་ལེན་བྱེད་མི་སྲིད། དེས་ན་དབུ་མ་དང་རང་བཙན་གཉིས་མྱུར་དལ་གྱི་ཁྱད་པར་འབྱེད་པ་ནི་རང་གི་སེམས་ཚོར་གྱི་རྗེས་སུ་འབྲངས་བ་ཙམ་དུ་ཟད་དོ།། དབུ་མས་རང་བཙན་པ་ལ་དགྲར་མ་འཛིན།། རང་བཙན་ཐོབ་ན་དེ་ལས་ལྷག་པས་སོ།། རང་བཙན་ལྟ་བས་དབུ་མ་བཅོམ་མི་ཉན།། དེང་གི་ལྷ་སས་འགྲེལ་བཤད་ཟིན་པའི་ཕྱིར།།
ས་འདི་ནས་གུང་གཞུང་ལ་ངོ་རྒོལ་རྒྱུན་རིང་ལ་ངར་ཤུགས་ཆེ་བས། གུང་བྲན་གཞུང་ལ་སེམས་ཕྲལ་ཆེན་པོ་ཡོད་པར་བརྟེན་དམ་དྲག་དེ་བས་ཆེ་བ་བྱེད་བཞིན་ཡོད། འོན་ཀྱང་དྲག་གནོན་ཁོ་ནས་རྒྱལ་ཁབ་སྐྱོངས་ཐབས་བྱེད་པ་ཐབས་ལམ་ཡག་པ་གང་ཡང་མིན།།
ལྷ་ས་འདི་ནས་འདི་ལྟ་བུའི་དམ་དྲག་བྱེད་དགོས་དོན་མི་འདུག ལྷ་ས་བ་རྣམས་མགོ་རུམ་ལ་བསྡུས་འདུག ཨ་མདོ་དང་ཁམས་པ་གཉིས་ཀྱིས་ངོ་རྒོལ་དྲག་པོ་བྱེད་ཀྱིན་འདུག
ཆོལ་གསུམ་གཅིག་སྒྲིལ་པུར་རྒྱལ་སུ་ཡིས་བཙུགས། ས་ཕག་གཙང་དགའི་གཞུང་འཛིན་གང་དུ་གནས།། རྒྱ་དམག་འཁྲིད་ནས་བོད་རྒོལ་སུ་ཡིས་དྲངས། འབྲི་ཆུ་བརྒལ་ནས་བཙན་འཛུལ་སུ་ཡིས་བྱས།། མཱ་པུ་ཧྥང་ལས་འོས་སྤྲུལ་སུ་ཡིས་བསླུས།། ཆིངས་ཡིག་དོན་ཚན་བཅུ་བདུན་སུ་སུས་བཞག ། དར་དམར་འོག་གི་ཞི་རྒོལ་སུ་ཡིས་གཏོད།།། བོད་མིའི་སྒྲིག་འཛུག་ཉེར་ལེན་སུ་ཡིས་སུ་ཡིས་བཏབ།། ཆུ་བཞི་སྒང་དྲུག་འཚོ་རྟེན་སུ་ཡིས་འཕུལ།། ཟས་གོས་གནས་མལ་གོ་ལག་སུ་ཡིས་གནང་།། ༸རྒྱལ་བའི་སྐུ་བཅར་དམག་ཞབས་སུས་མཐའ་བསྐྱལ།། ཟམ་གདོང་བླ་མ་བཀའ་ཁྲིར་སུ་ཡིས་གདམས།། འཐེན་འཁྱེར་ཆུང་བའི་བཀའ་སྤྱི་སུ་ཡིས་འདེམས།། བོད་སོག་ལས་ཁུངས་མགོ་བོ་སུ་ཡིས་བཏགས།། ཐའེ་ཝེན་ཤོག་ཆར་དམར་པོ་སུ་ཡིས་དབབ།། བོད་སོག་ལས་ཁུངས་འབྲེལ་ཐག་སུ་ཡིས་བཅད།།།
རྒྱ་མིས་བོད་ནང་ལ་དྲག་རྩུབ་ལག་བསྟར་བྱས་ཡོང་ན། བོད་ནང་གི་བོད་མི་ཚོས་རང་སྲོག་འབེན་ལ་བཞག་ནས་བདེན་དོན་རྩོད་ཡོང་སྐབས། ང་ཚོས་འདི་ནས་དབུས་གཙང་གི་མ་རེད་ཨ་མདོའི་རེད་ཅེས་བསྡད་ན་ཕན་ཐོག་ག་རེ་འདུག སྔོན་མ་ཞིག་ལ་དབུས་གཙང་གི་འཇོན་རབས་དང་ཨ་མདོའི་མ་འཇོན་ཚུལ་བཤད་བསྡད་ན་ཕན་ཐོག་གང་ཡང་མེད་པ་དེ་གསལ་བོ་རེད། ཚང་མ་ཚོར་བའི་གཞན་དབང་དུ་སོང་ནས་ཡིད་ལ་གང་དྲན་ཤར་མར་བཤད་བཞག་པ་ཡིན་ཤོས་ཆེ་སྟབས། ད་ནས་བཟུང་རྩོད་པ་འདི་འདྲ་མ་གནང་རོགས་གངས་ཅན་བོད་པ་ཚོ། ཁ་བརྡ་ཚང་གིས་ཀྱང་འདི་རིགས་ད་ནས་གཏན་འགོག་བྱེད་རྒྱུ་མཁྱེན་ཞེས་འབོད་སྐུལ་བྱས་པ་ཡིན།།།།།
རྒྱ་ཁྱུ་དེ་ཚོ། ད་ཡིན་ན་ཇོ་ནང་མདུན་གྱི་ཕྱག་འཚལ་མཁན་རྣམས་ཀྱང་འདུག་བཅུག་མ་སོང་། ང་ཡིན་ན། བོད་པ་ཚོས་རྒྱ་གཞུང་ལ་ངོ་རྒོལ་མི་བྱེད་ཐབས་མེད་ཆགས་འདུག་གཱ བོད་མི་རིགས་འདིའི་ལས་དབང་འདི་སྐྱོ་བ་ལཱ། ངས་བལྟས་ན། ད་ཆར་རྒྱ་གཞུང་ཙམ་དུ་མ་ཚད། རྒྱ་མི་རིགས་ཀྱི་ཕྱེད་ཀ་ཙམ་བོད་མིའི་དགྲ་བོ་རེད་བཞག དྲ་ལམ་ནས་རྒྱལ་སྤྱི་དང་རྒྱ་ནག་གང་རུང་གི་རྒྱ་རིགས་ཚོར་འབྲེལ་བ་བྱེད་སྐབས། བོད་པར་དོམ་དམ་ཐོག་རྒྱབ་སྐྱོར་གནང་མཁན་མི་འདུག་གཱ འདི་རྒྱ་རྒན་ཚོར་རྒྱ་ནག་རིང་ལུགས་པའི་ཞེན་ཁོག་ཆེ་དྲག་པས་ཨེ་ཡིན། ང་ནོར་མེད་ན། རྒྱ་རིགས་མང་པོ་ཞིག་གུང་ཁྲན་ཏང་ལ་མི་དགའ་རུང་། བོད་པའི་གནད་དོན་ཐོག་ཚང་མས་ཁ་གཅིག་གྲགས་ཀྱིང་ངོ་རྒོལ་བྱེད་ཀཱི
སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ། ། རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པའི། ། སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས། ། སུམ་ཉིས་ས་ལ་དབང་བསྒྱུར་དྲན་པར་གྱིས། །
ཁ་སང་གི་ལྷ་ས་ནི། དེ་རིང་གི་རྒྱ་ས་རེད། སེང་ཉིན་ནས་འདྲེ་ས་ཡིན་རྒྱུ་རེད། དེང་སང་ཁྲེན་ཆོན་གོ་དང་བྱམས་པ་ཕུན་ཚོགས་སོགས་སྐྲག་གི་ཡོད་པ་འདྲ།
ཨ་ དཀོན་མཆོག་མཁྱེན། བོད་ནང་དུ་རང་དབང་མེད་ལབ་ན་ཡོད་ཟེར། ད་ག་འདྲ་འདུག མི་ལ་དབང་རང་མེད་ན་བཙོན་པ་དང་གཅིག་པ་གཅིག་རྐྱང་ཡིན།
གཡོ་རྒྱུ་ཆེ་བའི་ལྷ་སའི་སྐུ་དྲག་ཚོ། རང་མགོ་གང་ཐོན་མ་ཅང་མིག་མང་རོལ། བོད་ལ་སྡུག་སྔལ་འདི་ཡི་རྩ་བ་རྩུག ཐུགས་སྤྲོ་རྒྱས་སྤྲོད་ཁྱིམ་རྒྱུད་དབང་སྟེགས་བརྩོད། དགོས་པ་བྱུང་ན་དུག་ཆང་ནང་དུ་གཏོང་། ཨ་ཁུ་འབྲོག་པར་མགོ་སྐོར་དམའ་འབེབ་བྱེད། བྱང་ཕྱོགས་འབྲོག་པའི་མར་ཕྱུར་རྫུན་གྱི་ཉོ། པཎ་ཆེན་བླ་མ་ཚོང་པ་རྒྱག་པ་འབོད། རྒྱ་མགོ་མཐོ་དུས་རྒྱ་སྐད་རྒྱ་ཟས་རོལ།
ཁ་བརྡ་ཚང་ལ་ཞུ་རྒྱུ་ཞིག་ལ། པར་སྟེང་གི་ཡི་གེ་དེ་ཚོ་མེད་པར་བཏང་ན་དགའ་ས་རེད། དེས་གང་ཟག་སུ་ཞིག་གིས་པར་དེ་བཏང་པ་ཡིན་གོ་བ་རེད།
ལྷ་ས་སྡུག་གིན་མ་འདུག ལྷ་ས་ལ་ཁག་མེད་ཀི པར་འདི་དག་མིག་གིས་མཐོང་དུས་དམག་ཆེན་གཉིས་པའི་སྐབས་ཡུ་རོབ་གྲོང་གི་རྣམ་པ་དང་ཨ་ན་མ་ན་རེད།
ཕ་ས་དགྲ་ལག་ལ་ཤོར་ན་འདི་འདྲ་རེད། རྒྱ་མི་ལྷ་སར་ཆུ་བོ་ནང་བཞིན་བཞུར་ནས་ཡོང་དུ་བཅུག བོད་མི་རེ་རེའི་གཉའ་ནས་འཇུས་ཏེ་མགོ་ལ་མེ་མདའ་བཙུགས་ནས་ཕྱིར་ཕུད་གཏོང་གི་ཡོད་པ་རེད། བོད་བོད་ཡུལ་ནས་འདུག་དབང་མེད་པ་བཟོ་གི་ཡོད་པ་རེད། རྒྱ་མི་ཚོ་རང་གི་གཉའ་ལ་ཞོན་དུ་འཇུག་མཁན་སྔོན་གྱི་བོད་གཞུང་དང་ཆབ་སྲིད་པ་དང་ཆོས་ལུགས་མི་སྣ་ཚོས་བྱས་རྗེས་རེད། ཆོས་རྒྱུད་ཁག་གི་བླ་མ་སྐད་གྲགས་ཅན་ཚོས་ཕྱི་མའི་བར་དོ་དང་དམྱལ་ཁམས་ཀྱི་སྡུག་བསྔལ་མཁྱེན་ནས། དེ་རུ་མི་སྐྱེས་པའི་ཆོས་བསྒྲུབ་སྟངས་བཤད་ཤེས་ཡོད་ཀྱང་། རྒྱ་མི་བོད་ལ་ཡོང་བོད་མི་རིགས་ལ་དམྱལ་བ་མྱོང་དུ་འཇུག་རྒྱུ་ཡིན་པ་མ་མཁྱེན་པ་མ་ཟད། རྒྱ་མི་བོད་ལ་ཡོང་ནས་བོད་མིར་མི་ཚོར་གསོན་པོར་དམྱལ་བ་མྱོང་དུ་འཇུག་རྒྱུ་ཡིན་པ་མ་མཁྱེན་པ་ཅི་ཡིན་ནམ། །། ཁྱིམ་འཚེས་འཇིགས་པ་འོང་བ་མ་མཁྱེན་ཡང་།། ཕྱི་མིའི་བར་དོ་ལམ་ཁྲིད་ཇི་ལྟར་མཛད།། ཚེ་འདིའི་མནར་གཅོད་སྤངས་ཐབས་མ་བསྟན་པར།། དམྱལ་བའི་སྡུག་བསྔལ་སྤངས་ཐབས་ཇི་ལྟར་མཁྱེན།། ཤི་ནས་བདེ་འགྲོར་སྐྱེ་ཐབས་བསྟན་ཁུལ་ཀྱང་།། གསོན་པོའི་དམྱལ་བ་སྤངས་ཐབས་མ་ཤེས་པའི།། དུས་གསུམ་མཁྱེན་པ་འདི་ཚོ་ངོ་རེ་ཚ།། དམར་སེར་གོས་ཆེན་གོན་ཚོ་དོན་རེ་ཆུང་།།
དམག་མི་དེ་ཚོ་མེད་ས་མེད་གི། ཕྱག་མཆོད་བྱེད་སར་དེ་ཚོ་སླེབས་འདུག། ཕྱག་སྐོར་འགྲོ་སར་དེ་ཚོ་སླེབས་འདུག། ལབ་ཙེ་བསྟོད་སར་དེ་ཚོ་སླེབས་འདུག། དེ་ཚོ་ཆོས་སེམས་ཆེ་ནས་ཨེ་རེད།། དམག་མི་དེ་ཚོ་མེད་ས་མེད་གི། ཞོ་སྟོན་ཡོད་ས་དེ་ཚོ་སླེབས་སོང་།། སྟོན་མོ་ཆེ་ས་ཀུན་ལ་སླེབས་སོང་།། སྒེར་གྱི་ཆང་སའི་ཐོག་ལ་སླེབས་སོང་།། དེ་ཚོ་དགའ་སྤྲོ་ཆེ་ནས་ཨེ་རེད།། རྒྱ་དམག་དེ་ཚོ་མེད་ས་མེད་གི། སྟོད་ཀྱི་ནོར་ལུག་མཐའ་ལ་སླེབས་འདུག། བར་གྱི་ཞིང་ཁའི་དཀྱིལ་ལ་སླེབས་འདུག། སྨད་ཀྱི་གྲོང་སྡེའི་ནང་ལ་སླེབས་འདུག། དེ་ཚོ་བོད་སར་དགའ་ནས་ཨེ་རེད།། མགོ་ལ་ལྕགས་རྨོག་གོན་ནས་སླེབས་འདུག། ལུས་ལ་ལྕགས་ཁྲབ་བགོས་ནས་སླེབས་འདུག། ལྕགས་མདའ་ལྕགས་བོའུ་ཁྱེར་ནས་སླེབས་འདུག། ལྕགས་ཁྲབ་དམག་འཁོར་བསྐོར་ནས་སླེབས་འདུག། བོད་མིའི་སྲུང་སྐྱོབ་ཆེད་དུ་ཨེ་རེད།། དམག་མི་ཟེར་བ་རྒྱལ་མཚམས་ཁུལ་དུ།། རྒྱལ་ཁབ་མཐའ་མཚམས་སྲུང་མཁན་ཡིན་ཡང་།། དེ་རུ་མི་འགྲོ་བོད་སར་བླུགས་འདུག། ཕྱོགས་མཚམས་ཀུན་ཏུ་འཚང་ཀ་ཤིག་ཤིག། བོད་མིར་བྱམས་བརྩེ་ཆེ་ནས་ཨེ་རེད།། རྒྱ་དམར་སྐད་ཆའི་བཤད་སྟངས་གོ་ན།། དམག་མི་དེ་ཚོའི་བྱེད་སྟངས་མཐོང་ན།། སྲིད་བྱུས་ནག་པོ་བཟོ་སྟངས་བལྟས་ན།། བོད་མི་དགྲ་ཡི་དྭངས་མར་བཟུང་འདྲ།། བོད་འདི་རྒྱལ་ཁབ་གཞན་ཞིག་ཡིན་འདྲ།།
མིག་གི་མདུན་གྱི་དམྱལ་བ་མ་མཐོང་བར།། ཕྱི་མིའི་དམྱལ་བ་བཤད་པ་ཡ་རེ་མཚར།། ཚེ་འདིའི་དགྲ་ལས་རྒྱལ་ཐབས་མ་བརྩམ་པར།། ཕྱི་མིའི་བདེ་ཐབས་བཤད་པ་གོ་རེ་འཆོལ།། གཟུགས་ཅན་དགྲ་བོ་ངོ་ཐག་མ་ཆོད་ཀྱང་།། གཟུགས་མེད་སེམས་ཀྱི་དགྲ་བོར་འཐབ་ར་བརྩིགས།། སྣང་སྟོང་སྒྱུ་མའི་ཡུལ་ན་མགོ་འཁོར་བའི།། སྐྱབས་གནས་བླ་སྤྲུལ་འདི་ཚོ་སྙིང་རེ་རྗེ།།
ད་ཁོ་ཚོས་ཅི་ཞིག་བཤད་ཀྱིན་ཡོད་པ་རེད། ང་ཚོ་ཕྱི་སྡོད་བོད་མི་མི་རིགས་ཀྱི་བདེན་དོན་རྩོད་དུ་བསྡད་ཡོད་པ་རེད་མ་གཏོགས། ཆོལ་ཁ་རྩོད་དུ་བསྡད་ཡོད་པ་མ་རེད། ཨ་ཧ་བོ་་་་་་་་་་་་་་་་་་
རྒྱ་ས་དགའ། བོད་པ་གནམ་དགའ། དེའི་ཉེར་ལེན་གྱིས་འདི་བྱུང་བ་རེད། བོད་པའི་བླ་མ་ཚོ་ལ་ཁག་དཀྲི་ས་ཡོད་པ་མ་རེད། རྒྱ་མིས་བྱེད་སྟངས་ཧ་གོ་གི་ཡོད་པ།
བླ་མ་དང་་་་་་་སྤྲུལ་སྐུ་་་་་་་་་་་་་་་གཉིས་ལ་ཁྱད་པར་ཡོད་པ་ཤེས་དགོས། བླ་མ་ནི་ཡོན་ཏན་པ་དང་དགེ་རྒན་སོགས་ལ་གོ་དགོས། དཔེར་ན་བླ་སློབ་གཉིས་ཟེར་དུས་བླ་མ་ནི་དགེ་རྒན་ལ་གོ་བ་ཡིན། སོང་ཙང་དགེ་རྒན་ཡིན་ན་སློབ་སྦྱོང་ཡོད་མཁན་ཞིག་ཡིན་དགོས་པས་རེད། བླ་མ་དང་སྤྲུལ་སྐུ་གཉིས་ཀ་ཡིན་མཁན་ཞིག་ལ་ང་ཚོས་ཞུ་དགོས་པ་གང་ཡང་ཡོད་པ་མ་རེད། དེ་ནི་དོན་ལ་གནས་པ་རེད་ལ་ང་ཚོའི་དད་སའི་ཡུལ་ཡང་རེད། འོན་ཀྱང་སྤྲུལ་སྐུ་ཞབས་འདྲེན་ཞུ་མཁན། སྤྲུལ་སྐུ་སློབ་སྦྱོང་མེད་མཁན། སྤྲུལ་སྐུ་རྒྱུ་ནོར་ཁོ་ན་བསམ་མཁན། བོད་པའི་སྲོལ་རྒྱུན་ཙམ་གྱི་སྤྲུལ་སྐུ། སྤྱིར་བཏང་གིི་འགྲོ་སྟངས་ཙམ་ཡང་མི་ཤེས་པའི་སྤྲུལ་སྐུ། ཁྲི་ཐོག་ནས་ཁ་མར་ལོག་སྟེ་མུག་བཙུམས་རེ་བཙུམས་རེ་དང་ཁ་འགུལ་ཙམ་འགུལ་ཙམ་གྱིས་ལྷ་དང་ཡང་ན་འདྲེ་འདྲ་བ་རེད་མཐོང་གི་ཡོད་འདོག་ལས་གཞན་མེད་མཁན། འདི་ཚོ་བོད་པའི་རྐང་འདྲེན་ཡིན། བོད་པ་ཚོས་འདི་འདྲའི་དུས་རབས་ཡོལ་ཟིན་པ་ཤེས་དགོས། འདི་ནི་མཐའ་གཅིག་ཏུ་སྤྲུལ་སྐུ་ཁོ་གཅིག་པོའི་ནོར་འཁྲུལ་མ་ཡིན་པར། མཚམས་ལ་རེ་ཕ་མ་དང་སྤུན་མཆེད་ཡང་ན་ཉེ་འབྲེལ་དང་གྲོགས་པོ་སོགས་ཀྱིས་ཐབས་ཤེས་གང་ཡོད་སྒོས་སྤྲུལ་སྐུ་རྫུན་མ་བཟོ་གི་ཡོད།
མཆན་(༡༨ )ཀྱི་རྗེས་སུ་མཐུད་རོགས། རྣམ་དཔྱོད་ཆེ་བའི་ལྷ་སའི་སྐུ་དྲག་ཚོས།། འགྲན་ཟླ་བྲལ་བའི་༧གོང་ས་གདན་འདྲེན་ཞུས།། རང་ས་རྒྱ་འོག་མ་ཤོར་ཐབས་བཙལ་ཀྱང་།། མཐའ་ནས་གློད་པས་དབུས་ནས་སྲུང་ཐབས་བྲལ།། ཐ་མ་དབུས་པས་རྒྱ་རྒོལ་མ་ཐུབ་ཀྱང་།། ༧གོང་ས་མཆོག་དང་སྟོན་འཁོར་ལྷན་རྒྱས་རྣམས།། རྒྱ་གར་གཞུང་ལ་ཕེབ་ཆོག་འབྲེལ་ཞུས་ནས།། དེད་དཔོན་ཆེན་པོ་འཕགས་པའི་ཡུལ་དུ་དྲངས།། འཕགས་པའི་ཡུལ་ནས་བོད་ལ་སྨན་པའི་ཕྱིར།། ༧གོང་ས་མཆོག་གི་དབུ་འོག་དཔུང་བཏེགས་ཀྱིས།། གཞུང་ས་དགའ་ལྡན་ཕོ་བྲང་མིང་ཐོག་ནས།། མ་འོང་སོན་རྩའི་གསོ་སྐྱོངས་འགྲན་བྲལ་མཛད།། སྤྱིར་ན་དེད་དཔོན་ཆེན་པོའི་ཐུགས་རྗེ་དང་།། སྲིད་ཞུ་གོང་མའི་དཔུང་འདེགས་ལ་བརྟེན་ནས།། བོད་མིའི་རིག་གཞུང་མ་ཉམས་ད་ལྟ་བར།། གསོན་པོར་གནས་པའི་བཀའ་དྲིན་སུ་ཡིས་བྱས།།
རྐྱལ་སྟོང་མི་དེ་སྨྲ་བ་མང་། ། རང་སྐྱོན་རི་བོ་མི་མཐོང་པར། ། གཞན་སྐྱོན་སྲོ་མ་བཙལ་ལ་དགའ། ། དབྱེན་སྦྱོར་དཀྲུག་གི་གཞི་མ་ཡིན།་།
དེ་རིང་གི་ལྷ་ས་སང་ཉིན་གྱི་རྒྱལ་ཁ།
བོད་མི་རིགས་མེ་མདའ་ལ་འཇིགས་མི་སྲིད།
དམག་མི་གྲོག་མ་བཞིན་བོད་ལ་ཁེངས་པའི་རྒྱུ་མཚན་ནི་བཙན་འཛུལ་བ་དང་འཇིགས་སྐུལ་བ་ཡིན་རང་རྟགས་དང། བདེན་པ་སྤུ་ཙམ་མེད་པར་གཞན་ལ་གཅར་རྡུང་བྱེད་པའི་ཧྥ་ཞི་སི་ངོ་མ་བོད་ནང་སླེབས་ཡོད།
བོད་པ་ཤི་ལ་མི་སྐྲག
ཕ་ས་སྣུམ་པོ་དགྲ་བོས་བཙན་གྱི་ཕྲོགས། །ཕ་མཁར་སྨུག་པོ་དགྲ་བོས་ཁོག་སྟོང་བཙོས། །ཕ་ཡུལ་སྤུན་མཆེད་དགྲ་བོས་བཀྲན་གཡོགས་བཀོལ། །ཕ་བཟང་བུ་ཚོ་ཤི་ཡང་བརྗེད་ཐབས་མེད། །
རྒྱ་དམག་གིས་བོད་མིའི་ལུས་བཙོན་དུ་བཀག་ཐུབ་ཀྱང་སེམས་ཁམས་ལ་བཙོན་གནོན་དང་དབང་སྒྱུར་བྱེད་མི་ཐུབ།
འབའ་སྲས་ལགས་ཀྱིས་བྲིས་པའི་སྙན་རྩོམ་ལྷ་ས་བ་ཞེས་པར་མཆན་བཀག་སྟེ། འདེབས་ཡུལ་མ་རྙེད། འོན་ཀྱང་འབའ་སྲས་ལགས་ཀྱི་ཀུན་སློང་གང་ཡིན་ཆ་མ་རྟོགས་ཀྱང་ཚིག་ཟིན་ཁས་བླང་ཐབས་བྲལ་བས་དེ་རིང་ལྷ་སའི་གནས་ཚུལ་འདི་ཐོན་པ་དང་མཆན་འདི་བཏབ་ཡོད། ཁ་བརྡ་དྲྭ་བདག་ནས་ཕྲན་གྱི་མཆན་འདི་མི་འགོག་པའི་རེ་བ་ཡོད། གལ་སྲིད་མཆན་འདི་བསུབ་ཚེ་འབའ་སྲས་ཀྱི་རྩོམ་འདི་བཏོན་ཆོག་པར་ངའི་འདི་མ་བཏོན་པ་ཡིན་ན། ཁ་བརྡ་དྲྭ་བ་འདིར་དོགས་སློང་མི་ཞུ་ཀ་མེད་ཡིན།
བཙན་པོའི་སྙིང་སྟོབས་ལྷ་སའི་ཡུལ་ནས་རྒྱས།།
བརྗིད་ཆགས་ཕོ་བྲང་ལྷ་སའི་ཡུལ་དུ་བརྗིད།།
ས་ཕག་རིན་གཙང་དགའ་གཞུང་རིམ་པ་བཅས།།
དེ་རིང་བདེན་པའི་ལག་ཆ་གཅིག་པུ་ཡིན།།
སྲོང་བཙན་བཀའ་ཡིས་ཡི་གེ་ལྷ་སར་བཅོས།།
ཁྲི་སྲོང་བཙན་པོས་ཆོས་སྒོ་ལྷ་སར་བཀྱེད།།
རྒྱ་གཞུང་བོད་ཀྱི་སྐད་དུ་ལྷ་སར་བསྒྱུར།།
དེ་རིང་སྤྲེའུས་ངོམ་རྒྱུ་རྐུབ་དང་མཚུངས།།
བོད་དུ་སྐྱེས་ཀྱང་རིགས་ཆད་མཐའ་ཡི་མི།།
ཁེ་གྱོང་གཏིང་ནས་བསམ་པའི་བློ་གྲོས་མེད།།
བྱས་པ་ཅུང་ལ་བྱས་རིན་ཧམ་ཤེད་ཅན།།
དེ་རིང་འདི་རུ་ཡོད་ཀྱང་ཕན་འདོགས་མེད།།
སྐུ་དྲག་ཟེར་ནས་དབུས་གཙང་མི་ལ་གཤེ།།
གཡོ་སྒྱུ་ཆེ་ཞེས་དངོས་ཤུགས་བརྒྱུད་ནས་བཤད།།
སྐུ་དྲག་ཟེར་བའི་མི་ཆེན་བཀའ་དྲིན་ལས།།
དེ་རིང་དགའ་ལྡན་ཕོ་བྲང་མ་སྟོང་ཙམ།།
ཕག་ལོ་༸རྒྱལ་བ་འཛམ་གླིང་གྲགས་པོ་དང་།།
སྟག་ལོ་༸པཎ་ཆེན་བོད་འབངས་སྐྱོབ་པོ་གཉིས།།
ཆུང་ནས་གསོ་སྐྱོང་མཛད་པའི་བློ་མིག་ཅན།།
དེ་རིང་ང་ཡིས་ཤེས་སོང་ལྷ་ས་བ།།
ང་དགུར་ལྷ་སར་ཕོ་ཟད་མོར་ཐུག་སྟེ།།
དཔའ་མོས་དགྲ་ལ་རྒོལ་བའི་དཔའ་སྐད་ཀྱིས།།
ནུབ་ཕྱོགས་རྒྱ་མཚོའི་རྦ་རླབས་མཐའ་ལ་དེད།།
དེ་དུས་ཁྱོད་ཚོར་རྨིས་པའི་རྨི་ལམ་ཅི།།
རྩྭ་ཐང་ཐོག་གི་ཕྱུག་རྫི་བླུན་པོ་ཚོ།།
ཁྲོན་པའི་སྦལ་པ་བློ་མིག་དོག་པོ་ཅན།།
ཡུལ་ལྷ་གཞིས་བདག་སྐྱབས་སུ་འཛིན་པ་པོ།།
ཁྱོད་ཚོས་དེ་རིང་བར་དུ་ཉི་མ་བསྐྱལ།།
ལྷ་སའི་མི་ཡིས་བསྟན་པ་སྨད་ནས་གསོས།།
འཐབ་རྩལ་དྲུག་ཅུ་ལྷ་སའི་མི་ལ་ཡོད།།
ཡར་ཀླུང་གཙང་པོའི་རླབས་ཀྱི་རྒོད་སྒྲ་དེ།།
ཡང་ནས་ཡང་དུ་ཇེ་མཐོར་འགྲོ་ངེས་ཡིན།།
ཁྲི་ཤོར་རྨ་འབྲུ་འཕྱུར་ཀྱང་སྟོང་པ་ཉིད།།
རྫ་ཆུ་བཞུར་ཡུན་རིང་ཡང་ཨོྃ་ཨཱ་ཧཱུ།།
ལྐོག་འགྱུར་མུན་པའི་གནས་ཚུལ་གསལ་སྟོན་པའི།།
ལྷ་མོའི་བླ་མཚོ་ལྷ་སའི་རྣམ་དཔྱོད་ཡིན།།
ཙོང་ཁའི་རི་བོ་རྒྱ་ཡི་སྒོ་ཆེན་ཡིན།།
ཨ་རྨྱེ་རྨ་ཆེན་སྤྲིན་གྱིས་མཐོང་དུས་མེད།།
གངས་ཆེན་ཏི་སི་མཐོ་ནས་མཐོར་བརྗིད་པ།།
མ་མཐོང་ཕྱོགས་ལྷུང་ལིང་ཏོག་སྒྲིབ་པའི་རྟགས།།
འཐེན་རྩོད་ཧམ་ཤེད་ཆེ་བའི་ངན་གཤིས་ཅན།།
དོན་ཆུང་འུར་སྒྲོག་བྱེད་པའི་ཤེས་མདོག་ཅན།།
སྤྱོད་ངན་དེ་འདྲ་མ་བྱེད་མདོ་སྨད་པ།།
ང་ཚོ་ཚང་མ་གདོང་དམར་ཅན་པ་རེད།།
ཡང་ཅིག་ལྷ་སའི་མི་ལ་རྣམ་དཔྱོད་ཡོད།།
རིག་གསར་སྐབས་དང་བསྟུན་ནས་རང་དབང་བརྩད།།
ནོར་ཝེའི་གཟེངས་རྟགས་བསྟུན་ནས་རང་དབང་བསྒྲགས།།
དྲུག་བཞིའི་རྐྱེན་དང་བསྟུན་ནས་ཞི་བས་རྒོལ།།
འཐབ་དགོས་བྱུང་ན་དུས་དང་བསྟུན་ནས་འཐབ།།
ལྷ་སས་བརྒྱད་ཅུར་ས་བོན་བཏབ་པ་དེ།།
ལོ་ངོ་ཉི་ཤུ་ལྷག་ཅིག་སོང་བའི་མཚམས།།
མདོ་ཁམས་ཡུལ་ནས་ད་གཟོད་མྱུ་གུ་འབུས།།
ཨ་ཧོ་མེ་མཆོད་དཔའ་བོ་རྒྱལ་གྱུར་ཅིག།
བོད་ནས་weibo འམ་དེ་མིན་དྲ་རྒྱ་རྒྱུད་ལམ་གཞན་པ་གང་རུང་ཞིག་ནས་པར་དང་བརྙན་པར་སོགས་འབྱོར་སྐབས་ངེས་པར་དུ་གཏོང་པ་པོའི་ཁ་བྱང་འདི་འབྲི་གསུབ་གནང་རོགས། དེ་ནི་གལ་ཁོ་ཤིན་ཏུ་ཆེ།
གོང་གསལ་གྱི་པར་དེ་དག་ལས་སྤུན་ཟླའི་མི་རིགས་ཞེས་པའི་དོན་དེའི་འདུ་ཤེས་མེད་པ་
མངོན་སུམ་དུ་ར་སྤྲོད་བྱུང་འདུག་པས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་ཚད་ལྡན་གྱི་རང་སྲིད་རང་སྐྱོང་དོན་དུ་གཉེར་བའམ་རྩོད་པའི་དབུ་མའི་ལམ་དེ་ཡང་སྐེ་ཁྱེར་ནས་ཞགས་པ་ཉོ་བའི་ངང་ཚུལ་ཙམ་དུ་ཟད་པས།དུས་ཚོད་ཇི་ཙམ་འགོར་ཡང་རང་བཙན་གྱི་ལྟ་བ་བློས་མ་བཏང་བར་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་དམར་འོག་སྡོད་འདོད་བསམ་བློ་ལས་རྣམ་པར་རྒྱལ་བ་བྱས་ཏེ་བོད་རྒྱལ་ཁབ་
ཀྱི་བདག་དབང་སླར་གསོ་ཡོང་ཆེད། ཆོད་སེམས་བརྟན་པོ་འཇོག་དགོས།
ཕྱི་ཚུལ་དུ་མངོན་གསལ་དོད་པའི་ལས་འགུལ་སྤེལ་རུང་མ་སྤེལ་རུང་། ནང་སེམས་
ཀྱིས་བདག་དབང་སླར་གསོའི་དམ་བཅའ་ཡལ་མི་ཉན།།
ཁ་ཅིག་ན་རེ། དེ་ལྟར་བྱས་ན་བོད་མི་རིགས་སྟོང་བའི་ཉེན་ཁ་ཆེ་བས། ད་ལྟའི་ཛ་དྲག་གི་གནས་བབ་ལས་མྱུར་དུ་སྐྱོབ་ཆེད་དབུ་མའི་ལམ་དུ་མགྲིན་དབྱངས་
གཅིག་དང་། རྒྱུད་ལམ་གཅིག་གི་ཐོག་ཤར་སྐྱོད་བྱེད་དགོས་། དེ་ལྟར་མ་བྱས་ཚེ་བོད་ཀྱི་སྣོད་བཅུད་གཉིས་འཇིག་ཉེན་ཤིན་ཏུ་ཆེ་ཟེར།།
དེ་ཡིན་ན་ངས་ཁྱེད་ལ་འདི་ལྟར་འདྲི་བར་བྱ་སྟེ། དབུ་མའི་ལམ་དང་རང་བཙན་གྱི་ལམ་གཉིས་ལས་གང་མྱུར་རམ་ཞེས་བཀའ་འདྲི་ཞུ་གི་ཡིན། དབུ་མ་མྱུར་ཏེ། རང་བཙན་བློས་བཏང་ནས་རྒྱ་ནག་གི་རྩ་ཁྲིམས་འོག་ནས་ཁ་བྲལ་མི་དགོས་པ་གང་ཞིག་ དེ་ནི་བློ་མཐུན་ཏེང་ཞོའོ་ཕིང་གི་དགོངས་པ་ཡིན་པར་ཁོང་རང་གིས་གསུངས་པའི་ཕྱིར་ཟེར་ཤས་ཆེ།། དེ་ནི་སྔ་ས་ནས་རྒྱ་ནག་གཞུང་གིས་ཁས་ལེན་མེད་པ་གསལ་བསྒྲགས་ཟིན་པའི་ཕྱིར་ཏེ། བློ་མཐུན་ཏེང་ཞའོ་ཕིང་གིས་དེ་ལྟར་གསུངས་མི་སྲིད། གང་ཡིན་ཞེ་ན་ཁོང་ནི་རླབས་ཆེན་གྱི་རྒྱལ་ཅེས་རིང་ལུགས་པ་ཡིན་པས་སོ། ཞེས་རྒྱ་གཞུང་གིས་ཁ་གསལ་གཏིང་གསལ་གྱིས་ལན་འདེབས་བྱེད་སྐབས། རང་ཕྱོགས་ནས་སྐབས་དེའི་གནས་ཚུལ་གྱི་རང་བཙན་ཕུད་པའི་གནས་གང་ཡིན་ཡང་ཐག་གཅོད་བྱེད་ཆོག ཅེས་པའི་དཔངས་རྟགས་སུ་སྒྲ་ཕབ་སྤྱིན་ཤོག་ཙམ་ཡང་སྟོན་རྒྱུ་མེད་པར་སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་གསར་འགྱུར་རྒྱུད་ལམ་ཁག་གིས་བཅར་འདྲི་ཞུ་སྐབས།ཁོང་གིས་གསུངས་ཐག་ཆོད་གསུངས་བྱུང་ཞེས་མནའ་སྐྱེལ་གྲབ་བྱེད་པ་ཙམ་ལས་གཞན་གང་
ཡང་མེད་པའི་ཕྱིར་རོ། གལ་སྲིད་མནའ་སྐྱེལ་ནའང་དམར་ཤོག་ཙམ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲིམས་
ལུགས་པས་ཀྱང་ཁས་ལེན་བྱེད་མི་སྲིད།
དེས་ན་དབུ་མ་དང་རང་བཙན་གཉིས་མྱུར་དལ་གྱི་ཁྱད་པར་འབྱེད་པ་ནི་རང་གི་སེམས་ཚོར་གྱི་རྗེས་སུ་འབྲངས་བ་ཙམ་དུ་ཟད་དོ།།
དབུ་མས་རང་བཙན་པ་ལ་དགྲར་མ་འཛིན།།
རང་བཙན་ཐོབ་ན་དེ་ལས་ལྷག་པས་སོ།།
རང་བཙན་ལྟ་བས་དབུ་མ་བཅོམ་མི་ཉན།།
དེང་གི་ལྷ་སས་འགྲེལ་བཤད་ཟིན་པའི་ཕྱིར།།
ས་འདི་ནས་གུང་གཞུང་ལ་ངོ་རྒོལ་རྒྱུན་རིང་ལ་ངར་ཤུགས་ཆེ་བས། གུང་བྲན་གཞུང་ལ་སེམས་ཕྲལ་ཆེན་པོ་ཡོད་པར་བརྟེན་དམ་དྲག་དེ་བས་ཆེ་བ་བྱེད་བཞིན་ཡོད། འོན་ཀྱང་དྲག་གནོན་ཁོ་ནས་རྒྱལ་ཁབ་སྐྱོངས་ཐབས་བྱེད་པ་ཐབས་ལམ་ཡག་པ་གང་ཡང་མིན།།
ལྷ་ས་འདི་ནས་འདི་ལྟ་བུའི་དམ་དྲག་བྱེད་དགོས་དོན་མི་འདུག ལྷ་ས་བ་རྣམས་མགོ་རུམ་ལ་བསྡུས་འདུག ཨ་མདོ་དང་ཁམས་པ་གཉིས་ཀྱིས་ངོ་རྒོལ་དྲག་པོ་བྱེད་ཀྱིན་འདུག
ཆོལ་གསུམ་གཅིག་སྒྲིལ་པུར་རྒྱལ་སུ་ཡིས་བཙུགས།
ས་ཕག་གཙང་དགའི་གཞུང་འཛིན་གང་དུ་གནས།།
རྒྱ་དམག་འཁྲིད་ནས་བོད་རྒོལ་སུ་ཡིས་དྲངས།
འབྲི་ཆུ་བརྒལ་ནས་བཙན་འཛུལ་སུ་ཡིས་བྱས།།
མཱ་པུ་ཧྥང་ལས་འོས་སྤྲུལ་སུ་ཡིས་བསླུས།།
ཆིངས་ཡིག་དོན་ཚན་བཅུ་བདུན་སུ་སུས་བཞག །
དར་དམར་འོག་གི་ཞི་རྒོལ་སུ་ཡིས་གཏོད།།།
བོད་མིའི་སྒྲིག་འཛུག་ཉེར་ལེན་སུ་ཡིས་སུ་ཡིས་བཏབ།།
ཆུ་བཞི་སྒང་དྲུག་འཚོ་རྟེན་སུ་ཡིས་འཕུལ།།
ཟས་གོས་གནས་མལ་གོ་ལག་སུ་ཡིས་གནང་།།
༸རྒྱལ་བའི་སྐུ་བཅར་དམག་ཞབས་སུས་མཐའ་བསྐྱལ།།
ཟམ་གདོང་བླ་མ་བཀའ་ཁྲིར་སུ་ཡིས་གདམས།།
འཐེན་འཁྱེར་ཆུང་བའི་བཀའ་སྤྱི་སུ་ཡིས་འདེམས།།
བོད་སོག་ལས་ཁུངས་མགོ་བོ་སུ་ཡིས་བཏགས།།
ཐའེ་ཝེན་ཤོག་ཆར་དམར་པོ་སུ་ཡིས་དབབ།།
བོད་སོག་ལས་ཁུངས་འབྲེལ་ཐག་སུ་ཡིས་བཅད།།།
རྒྱ་མིས་བོད་ནང་ལ་དྲག་རྩུབ་ལག་བསྟར་བྱས་ཡོང་ན། བོད་ནང་གི་བོད་མི་ཚོས་རང་སྲོག་འབེན་ལ་བཞག་ནས་བདེན་དོན་རྩོད་ཡོང་སྐབས། ང་ཚོས་འདི་ནས་དབུས་གཙང་གི་མ་རེད་ཨ་མདོའི་རེད་ཅེས་བསྡད་ན་ཕན་ཐོག་ག་རེ་འདུག སྔོན་མ་ཞིག་ལ་དབུས་གཙང་གི་འཇོན་རབས་དང་ཨ་མདོའི་མ་འཇོན་ཚུལ་བཤད་བསྡད་ན་ཕན་ཐོག་གང་ཡང་མེད་པ་དེ་གསལ་བོ་རེད། ཚང་མ་ཚོར་བའི་གཞན་དབང་དུ་སོང་ནས་ཡིད་ལ་གང་དྲན་ཤར་མར་བཤད་བཞག་པ་ཡིན་ཤོས་ཆེ་སྟབས། ད་ནས་བཟུང་རྩོད་པ་འདི་འདྲ་མ་གནང་རོགས་གངས་ཅན་བོད་པ་ཚོ། ཁ་བརྡ་ཚང་གིས་ཀྱང་འདི་རིགས་ད་ནས་གཏན་འགོག་བྱེད་རྒྱུ་མཁྱེན་ཞེས་འབོད་སྐུལ་བྱས་པ་ཡིན།།།།།
རྒྱ་ཁྱུ་དེ་ཚོ། ད་ཡིན་ན་ཇོ་ནང་མདུན་གྱི་ཕྱག་འཚལ་མཁན་རྣམས་ཀྱང་འདུག་བཅུག་མ་སོང་། ང་ཡིན་ན། བོད་པ་ཚོས་རྒྱ་གཞུང་ལ་ངོ་རྒོལ་མི་བྱེད་ཐབས་མེད་ཆགས་འདུག་གཱ བོད་མི་རིགས་འདིའི་ལས་དབང་འདི་སྐྱོ་བ་ལཱ། ངས་བལྟས་ན། ད་ཆར་རྒྱ་གཞུང་ཙམ་དུ་མ་ཚད། རྒྱ་མི་རིགས་ཀྱི་ཕྱེད་ཀ་ཙམ་བོད་མིའི་དགྲ་བོ་རེད་བཞག དྲ་ལམ་ནས་རྒྱལ་སྤྱི་དང་རྒྱ་ནག་གང་རུང་གི་རྒྱ་རིགས་ཚོར་འབྲེལ་བ་བྱེད་སྐབས། བོད་པར་དོམ་དམ་ཐོག་རྒྱབ་སྐྱོར་གནང་མཁན་མི་འདུག་གཱ འདི་རྒྱ་རྒན་ཚོར་རྒྱ་ནག་རིང་ལུགས་པའི་ཞེན་ཁོག་ཆེ་དྲག་པས་ཨེ་ཡིན། ང་ནོར་མེད་ན། རྒྱ་རིགས་མང་པོ་ཞིག་གུང་ཁྲན་ཏང་ལ་མི་དགའ་རུང་། བོད་པའི་གནད་དོན་ཐོག་ཚང་མས་ཁ་གཅིག་གྲགས་ཀྱིང་ངོ་རྒོལ་བྱེད་ཀཱི
སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ། །
རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པའི། །
སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས། །
སུམ་ཉིས་ས་ལ་དབང་བསྒྱུར་དྲན་པར་གྱིས། །
ཁ་སང་གི་ལྷ་ས་ནི།
དེ་རིང་གི་རྒྱ་ས་རེད།
སེང་ཉིན་ནས་འདྲེ་ས་ཡིན་རྒྱུ་རེད།
དེང་སང་ཁྲེན་ཆོན་གོ་དང་བྱམས་པ་ཕུན་ཚོགས་སོགས་སྐྲག་གི་ཡོད་པ་འདྲ།
ཨ་ དཀོན་མཆོག་མཁྱེན། བོད་ནང་དུ་རང་དབང་མེད་ལབ་ན་ཡོད་ཟེར། ད་ག་འདྲ་འདུག མི་ལ་དབང་རང་མེད་ན་བཙོན་པ་དང་གཅིག་པ་གཅིག་རྐྱང་ཡིན།
གཡོ་རྒྱུ་ཆེ་བའི་ལྷ་སའི་སྐུ་དྲག་ཚོ།
རང་མགོ་གང་ཐོན་མ་ཅང་མིག་མང་རོལ།
བོད་ལ་སྡུག་སྔལ་འདི་ཡི་རྩ་བ་རྩུག
ཐུགས་སྤྲོ་རྒྱས་སྤྲོད་ཁྱིམ་རྒྱུད་དབང་སྟེགས་བརྩོད།
དགོས་པ་བྱུང་ན་དུག་ཆང་ནང་དུ་གཏོང་།
ཨ་ཁུ་འབྲོག་པར་མགོ་སྐོར་དམའ་འབེབ་བྱེད།
བྱང་ཕྱོགས་འབྲོག་པའི་མར་ཕྱུར་རྫུན་གྱི་ཉོ།
པཎ་ཆེན་བླ་མ་ཚོང་པ་རྒྱག་པ་འབོད།
རྒྱ་མགོ་མཐོ་དུས་རྒྱ་སྐད་རྒྱ་ཟས་རོལ།
ཁ་བརྡ་ཚང་ལ་ཞུ་རྒྱུ་ཞིག་ལ། པར་སྟེང་གི་ཡི་གེ་དེ་ཚོ་མེད་པར་བཏང་ན་དགའ་ས་རེད། དེས་གང་ཟག་སུ་ཞིག་གིས་པར་དེ་བཏང་པ་ཡིན་གོ་བ་རེད།
ལྷ་ས་སྡུག་གིན་མ་འདུག ལྷ་ས་ལ་ཁག་མེད་ཀི
པར་འདི་དག་མིག་གིས་མཐོང་དུས་དམག་ཆེན་གཉིས་པའི་སྐབས་ཡུ་རོབ་གྲོང་གི་རྣམ་པ་དང་ཨ་ན་མ་ན་རེད།
ཕ་ས་དགྲ་ལག་ལ་ཤོར་ན་འདི་འདྲ་རེད། རྒྱ་མི་ལྷ་སར་ཆུ་བོ་ནང་བཞིན་བཞུར་ནས་ཡོང་དུ་བཅུག བོད་མི་རེ་རེའི་གཉའ་ནས་འཇུས་ཏེ་མགོ་ལ་མེ་མདའ་བཙུགས་ནས་ཕྱིར་ཕུད་གཏོང་གི་ཡོད་པ་རེད། བོད་བོད་ཡུལ་ནས་འདུག་དབང་མེད་པ་བཟོ་གི་ཡོད་པ་རེད། རྒྱ་མི་ཚོ་རང་གི་གཉའ་ལ་ཞོན་དུ་འཇུག་མཁན་སྔོན་གྱི་བོད་གཞུང་དང་ཆབ་སྲིད་པ་དང་ཆོས་ལུགས་མི་སྣ་ཚོས་བྱས་རྗེས་རེད། ཆོས་རྒྱུད་ཁག་གི་བླ་མ་སྐད་གྲགས་ཅན་ཚོས་ཕྱི་མའི་བར་དོ་དང་དམྱལ་ཁམས་ཀྱི་སྡུག་བསྔལ་མཁྱེན་ནས། དེ་རུ་མི་སྐྱེས་པའི་ཆོས་བསྒྲུབ་སྟངས་བཤད་ཤེས་ཡོད་ཀྱང་། རྒྱ་མི་བོད་ལ་ཡོང་བོད་མི་རིགས་ལ་དམྱལ་བ་མྱོང་དུ་འཇུག་རྒྱུ་ཡིན་པ་མ་མཁྱེན་པ་མ་ཟད། རྒྱ་མི་བོད་ལ་ཡོང་ནས་བོད་མིར་མི་ཚོར་གསོན་པོར་དམྱལ་བ་མྱོང་དུ་འཇུག་རྒྱུ་ཡིན་པ་མ་མཁྱེན་པ་ཅི་ཡིན་ནམ། །།
ཁྱིམ་འཚེས་འཇིགས་པ་འོང་བ་མ་མཁྱེན་ཡང་།།
ཕྱི་མིའི་བར་དོ་ལམ་ཁྲིད་ཇི་ལྟར་མཛད།།
ཚེ་འདིའི་མནར་གཅོད་སྤངས་ཐབས་མ་བསྟན་པར།།
དམྱལ་བའི་སྡུག་བསྔལ་སྤངས་ཐབས་ཇི་ལྟར་མཁྱེན།།
ཤི་ནས་བདེ་འགྲོར་སྐྱེ་ཐབས་བསྟན་ཁུལ་ཀྱང་།།
གསོན་པོའི་དམྱལ་བ་སྤངས་ཐབས་མ་ཤེས་པའི།།
དུས་གསུམ་མཁྱེན་པ་འདི་ཚོ་ངོ་རེ་ཚ།།
དམར་སེར་གོས་ཆེན་གོན་ཚོ་དོན་རེ་ཆུང་།།
དམག་མི་དེ་ཚོ་མེད་ས་མེད་གི།
ཕྱག་མཆོད་བྱེད་སར་དེ་ཚོ་སླེབས་འདུག།
ཕྱག་སྐོར་འགྲོ་སར་དེ་ཚོ་སླེབས་འདུག།
ལབ་ཙེ་བསྟོད་སར་དེ་ཚོ་སླེབས་འདུག།
དེ་ཚོ་ཆོས་སེམས་ཆེ་ནས་ཨེ་རེད།།
དམག་མི་དེ་ཚོ་མེད་ས་མེད་གི།
ཞོ་སྟོན་ཡོད་ས་དེ་ཚོ་སླེབས་སོང་།།
སྟོན་མོ་ཆེ་ས་ཀུན་ལ་སླེབས་སོང་།།
སྒེར་གྱི་ཆང་སའི་ཐོག་ལ་སླེབས་སོང་།།
དེ་ཚོ་དགའ་སྤྲོ་ཆེ་ནས་ཨེ་རེད།།
རྒྱ་དམག་དེ་ཚོ་མེད་ས་མེད་གི།
སྟོད་ཀྱི་ནོར་ལུག་མཐའ་ལ་སླེབས་འདུག།
བར་གྱི་ཞིང་ཁའི་དཀྱིལ་ལ་སླེབས་འདུག།
སྨད་ཀྱི་གྲོང་སྡེའི་ནང་ལ་སླེབས་འདུག།
དེ་ཚོ་བོད་སར་དགའ་ནས་ཨེ་རེད།།
མགོ་ལ་ལྕགས་རྨོག་གོན་ནས་སླེབས་འདུག།
ལུས་ལ་ལྕགས་ཁྲབ་བགོས་ནས་སླེབས་འདུག།
ལྕགས་མདའ་ལྕགས་བོའུ་ཁྱེར་ནས་སླེབས་འདུག།
ལྕགས་ཁྲབ་དམག་འཁོར་བསྐོར་ནས་སླེབས་འདུག།
བོད་མིའི་སྲུང་སྐྱོབ་ཆེད་དུ་ཨེ་རེད།།
དམག་མི་ཟེར་བ་རྒྱལ་མཚམས་ཁུལ་དུ།།
རྒྱལ་ཁབ་མཐའ་མཚམས་སྲུང་མཁན་ཡིན་ཡང་།།
དེ་རུ་མི་འགྲོ་བོད་སར་བླུགས་འདུག།
ཕྱོགས་མཚམས་ཀུན་ཏུ་འཚང་ཀ་ཤིག་ཤིག།
བོད་མིར་བྱམས་བརྩེ་ཆེ་ནས་ཨེ་རེད།།
རྒྱ་དམར་སྐད་ཆའི་བཤད་སྟངས་གོ་ན།།
དམག་མི་དེ་ཚོའི་བྱེད་སྟངས་མཐོང་ན།།
སྲིད་བྱུས་ནག་པོ་བཟོ་སྟངས་བལྟས་ན།།
བོད་མི་དགྲ་ཡི་དྭངས་མར་བཟུང་འདྲ།།
བོད་འདི་རྒྱལ་ཁབ་གཞན་ཞིག་ཡིན་འདྲ།།
མིག་གི་མདུན་གྱི་དམྱལ་བ་མ་མཐོང་བར།།
ཕྱི་མིའི་དམྱལ་བ་བཤད་པ་ཡ་རེ་མཚར།།
ཚེ་འདིའི་དགྲ་ལས་རྒྱལ་ཐབས་མ་བརྩམ་པར།།
ཕྱི་མིའི་བདེ་ཐབས་བཤད་པ་གོ་རེ་འཆོལ།།
གཟུགས་ཅན་དགྲ་བོ་ངོ་ཐག་མ་ཆོད་ཀྱང་།།
གཟུགས་མེད་སེམས་ཀྱི་དགྲ་བོར་འཐབ་ར་བརྩིགས།།
སྣང་སྟོང་སྒྱུ་མའི་ཡུལ་ན་མགོ་འཁོར་བའི།།
སྐྱབས་གནས་བླ་སྤྲུལ་འདི་ཚོ་སྙིང་རེ་རྗེ།།
ད་ཁོ་ཚོས་ཅི་ཞིག་བཤད་ཀྱིན་ཡོད་པ་རེད། ང་ཚོ་ཕྱི་སྡོད་བོད་མི་མི་རིགས་ཀྱི་བདེན་དོན་རྩོད་དུ་བསྡད་ཡོད་པ་རེད་མ་གཏོགས། ཆོལ་ཁ་རྩོད་དུ་བསྡད་ཡོད་པ་མ་རེད། ཨ་ཧ་བོ་་་་་་་་་་་་་་་་་་
རྒྱ་ས་དགའ། བོད་པ་གནམ་དགའ། དེའི་ཉེར་ལེན་གྱིས་འདི་བྱུང་བ་རེད། བོད་པའི་བླ་མ་ཚོ་ལ་ཁག་དཀྲི་ས་ཡོད་པ་མ་རེད། རྒྱ་མིས་བྱེད་སྟངས་ཧ་གོ་གི་ཡོད་པ།
མེ་གསོད་སྤྱད་དེ་ཕྲག་ཏུ་ལྗིད་ཡེར་རེ་ལོ་ནས་ལོ་བསྟུད་ཁུར་དགོས་རྒྱུ་རེད་ཡ།
བླ་མ་དང་་་་་་་སྤྲུལ་སྐུ་་་་་་་་་་་་་་་གཉིས་ལ་ཁྱད་པར་ཡོད་པ་ཤེས་དགོས། བླ་མ་ནི་ཡོན་ཏན་པ་དང་དགེ་རྒན་སོགས་ལ་གོ་དགོས། དཔེར་ན་བླ་སློབ་གཉིས་ཟེར་དུས་བླ་མ་ནི་དགེ་རྒན་ལ་གོ་བ་ཡིན། སོང་ཙང་དགེ་རྒན་ཡིན་ན་སློབ་སྦྱོང་ཡོད་མཁན་ཞིག་ཡིན་དགོས་པས་རེད། བླ་མ་དང་སྤྲུལ་སྐུ་གཉིས་ཀ་ཡིན་མཁན་ཞིག་ལ་ང་ཚོས་ཞུ་དགོས་པ་གང་ཡང་ཡོད་པ་མ་རེད། དེ་ནི་དོན་ལ་གནས་པ་རེད་ལ་ང་ཚོའི་དད་སའི་ཡུལ་ཡང་རེད། འོན་ཀྱང་སྤྲུལ་སྐུ་ཞབས་འདྲེན་ཞུ་མཁན། སྤྲུལ་སྐུ་སློབ་སྦྱོང་མེད་མཁན། སྤྲུལ་སྐུ་རྒྱུ་ནོར་ཁོ་ན་བསམ་མཁན། བོད་པའི་སྲོལ་རྒྱུན་ཙམ་གྱི་སྤྲུལ་སྐུ། སྤྱིར་བཏང་གིི་འགྲོ་སྟངས་ཙམ་ཡང་མི་ཤེས་པའི་སྤྲུལ་སྐུ། ཁྲི་ཐོག་ནས་ཁ་མར་ལོག་སྟེ་མུག་བཙུམས་རེ་བཙུམས་རེ་དང་ཁ་འགུལ་ཙམ་འགུལ་ཙམ་གྱིས་ལྷ་དང་ཡང་ན་འདྲེ་འདྲ་བ་རེད་མཐོང་གི་ཡོད་འདོག་ལས་གཞན་མེད་མཁན། འདི་ཚོ་བོད་པའི་རྐང་འདྲེན་ཡིན། བོད་པ་ཚོས་འདི་འདྲའི་དུས་རབས་ཡོལ་ཟིན་པ་ཤེས་དགོས། འདི་ནི་མཐའ་གཅིག་ཏུ་སྤྲུལ་སྐུ་ཁོ་གཅིག་པོའི་ནོར་འཁྲུལ་མ་ཡིན་པར། མཚམས་ལ་རེ་ཕ་མ་དང་སྤུན་མཆེད་ཡང་ན་ཉེ་འབྲེལ་དང་གྲོགས་པོ་སོགས་ཀྱིས་ཐབས་ཤེས་གང་ཡོད་སྒོས་སྤྲུལ་སྐུ་རྫུན་མ་བཟོ་གི་ཡོད།
མཆན་(༡༨ )ཀྱི་རྗེས་སུ་མཐུད་རོགས།
རྣམ་དཔྱོད་ཆེ་བའི་ལྷ་སའི་སྐུ་དྲག་ཚོས།།
འགྲན་ཟླ་བྲལ་བའི་༧གོང་ས་གདན་འདྲེན་ཞུས།།
རང་ས་རྒྱ་འོག་མ་ཤོར་ཐབས་བཙལ་ཀྱང་།།
མཐའ་ནས་གློད་པས་དབུས་ནས་སྲུང་ཐབས་བྲལ།།
ཐ་མ་དབུས་པས་རྒྱ་རྒོལ་མ་ཐུབ་ཀྱང་།།
༧གོང་ས་མཆོག་དང་སྟོན་འཁོར་ལྷན་རྒྱས་རྣམས།།
རྒྱ་གར་གཞུང་ལ་ཕེབ་ཆོག་འབྲེལ་ཞུས་ནས།།
དེད་དཔོན་ཆེན་པོ་འཕགས་པའི་ཡུལ་དུ་དྲངས།།
འཕགས་པའི་ཡུལ་ནས་བོད་ལ་སྨན་པའི་ཕྱིར།།
༧གོང་ས་མཆོག་གི་དབུ་འོག་དཔུང་བཏེགས་ཀྱིས།།
གཞུང་ས་དགའ་ལྡན་ཕོ་བྲང་མིང་ཐོག་ནས།།
མ་འོང་སོན་རྩའི་གསོ་སྐྱོངས་འགྲན་བྲལ་མཛད།།
སྤྱིར་ན་དེད་དཔོན་ཆེན་པོའི་ཐུགས་རྗེ་དང་།།
སྲིད་ཞུ་གོང་མའི་དཔུང་འདེགས་ལ་བརྟེན་ནས།།
བོད་མིའི་རིག་གཞུང་མ་ཉམས་ད་ལྟ་བར།།
གསོན་པོར་གནས་པའི་བཀའ་དྲིན་སུ་ཡིས་བྱས།།
རྐྱལ་སྟོང་མི་དེ་སྨྲ་བ་མང་། །
རང་སྐྱོན་རི་བོ་མི་མཐོང་པར། །
གཞན་སྐྱོན་སྲོ་མ་བཙལ་ལ་དགའ། །
དབྱེན་སྦྱོར་དཀྲུག་གི་གཞི་མ་ཡིན།་།