མི་གསོན་པོ།
ངས་ལག་པ་གཡས་པས་ག་ལེར་ཁོང་གི་ལག་གཡོན་མ་ནས་འཇུས་ཞིང་ལག་གཡོན་གྱིས་ཁོའི་རྣ་བ་གཡས་པ་དལ་བུར་འཕུར་འཕུར་བྱས། ཁོང་གི་མིག་ཟུང་ག་ལེར་བཙུམ་སོང་ལ་དབུགས་ཀྱང་རྒྱུན་ལྡན་མིན་པར་གྱུར།
དེ་རིང་གི་སྒྲུང་། (གཉིས་པ།)
ང་ར་ཡན་གྱི་ཁང་པའི་ནང་དུ་འཛུལ་ནས་ཨ་མ་ཡོང་བཞིན་འདུག་ལབ་པས་ར་ཡན་གྱིས་མགྱོགས་མྱུར་ལག་པ་གཉིས་ཀྱིས་རྗིན་སི་གོས་ཐུང་གི་གཟེར་རྒྱག་ཞོར་ལྟས་ངན་མ། མར་སྒོ་ལ་རྒྱུགས་ཟེར་ནས་ང་ལ་གཤེ་གཤེ་གཏོང་བྱུང་། ངས་ཀྱང་ཀུ་རེའི་ཚུལ་དུ་ད་སྒོ་ལ་སོང་ན་ཕན་ཐོགས་ཅི་ཡོད། མཐོང་རྒྱུ་ཆ་ཚང་ནི་མཐོང་ཚར་སོང་ཞེས་གད་མོ་དང་མཉམ་དུ་ལབ་ཡིན། ར་ཡན་ངོ་གདོང་དམར་པོ་ཆགས་བཞིན་ཁྱོད་ག་དུས་སླེབས་ཡིན་ཟེར་ནས་དྲིས་བྱུང་། ངས་དུས་ཚོད་འདང་ཐག་ཆོད་བྱུང་། ད་དགོང་ཟས་ཟ་མ་གཏོགས་ཁྱོད་ཀྱིས་གྲོད་ཁོག་ཚང་མ་སྟོང་པ་བཟོ་ཚར་ཡོད་རྒྱུ་རེད་ཅེས་ལབ་སྟེ་འཛུམ་ཙམ་བྱས། ར་ཡན་མགོ་བོ་སྒུར་བཞིན་ཀར་ཀོར་མ་ཤོད་ཁྱོད་སྔོན་ལ་སོང་དང་ང་སྐར་མ་གཅིག་གི་རྗེས་སུ་སླེབས་ཡོང་ཟེར། ངས་ཡང་བསྐྱར། འོ་ཁྱོད་ལ་ད་དུང་ལས་ཀ་ཡོད་རྒྱུ་རེད་ཅེས་ཕྱི་ལབ་བྱས་ཏེ་སྐས་འཛར་ལས་བབས་ནས་ཐབ་ཚང་དུ་སོང་། ཨ་མ་ལ་ར་ཡན་གདོང་པ་དང་ལག་པ་ཁྲུས་ནས་ཡོང་གི་ཡིན་ཟེར་གྱི་འདུག་ཅེས་བཤད་དེ་གསོལ་ཅོག་འགྲམ་གྱི་སྐུབ་སྟེགས་སུ་སྡད། ར་ཡན་སླེབས་སོང་མོད་ད་དུང་ཡང་གདོང་པ་དམར་ཀྱང་ཆགས་འདུག ཅ་དངོས་སྒྲིག་གཤམ་བྱེད་ཚར་ཡིན་ནམ་ད་ལན་ཁྱོད་ཀྱི་ངོ་གདོང་ཡང་དེ་ཙམ་མི་ཡག་འདུག ན་བ་འདྲ་བྱུང་མ་སོང་ངམ་ཞེས་ཨ་མས་སེམས་ཁུར་ཆེན་པོས་དྲིས་སོང་། ར་ཡན་གྱིས་ཟུར་མིག་གིས་ང་ལ་བལྟ་ཙམ་བྱས་ནས་ངའི་སྒམ་ད་དུང་རླངས་འཁོར་ནང་དུ་ཡོད། དེ་རིང་རླངས་འཁོར་གཏོང་ཡུན་རིང་དྲག་པས་ཅུང་ཟད་དཀའ་ལས་ཁག་པ་ལས་གཟུགས་གཞི་བདེ་ཐང་ཡིན་ཞེས་བརྗོད་ཀྱིན་མགོ་བོ་སྒུར་སོང་། འོ་བཟང་གི་ཨ་མ་ཕྱི་ལོགས་སུ་འགྲོ་དགོས་ཡོད་པས་ས་ར་ནས་ཁྱེད་ལ་སྒམ་ཡར་ཁུར་བ་དང་ཅ་ལག་སྒྲིག་གཤམ་སོགས་རོགས་བྱེད་ཀྱིན་རེད། ཟ་མ་ཟོས་ཏེ་མལ་གསོ་ཡག་པོ་གྱིས། གཟའ་སྤེན་པ་ཉིན་ཁྱེད་རང་ཆེད་དུ་སྤྲོ་སྟོན་བྱེད་རྒྱུ་གྲ་སྒྲིག་ཡོད་པས་དམིགས་བསལ་སྐད་གཏོང་དགོས་པའི་སློབ་གྲོགས་འདྲ་ཡོད་ན་ང་ལ་ལོབས་ཞེས་ཨ་མས་བཤད་ཀྱིན་ར་ཡན་གྱི་འགྲམ་དུ་སྡད་སོང་། ར་ཡན་གྱིས་སྡེར་མའི་ནང་དུ་ཨི་ཏྲ་ལིའི་ཐུག་པ་བླུགས་ཞོར་ཏྲོམ་མེལ་ནང་ལ་ཡོད་རེད། རྗེ་ཕི་ཡང་སང་ཉིན་སླེབ་རྒྱུ་རེད། ཁོང་གཉིས་ཕལ་ཆེར་ཡོང་གི་རེད་གཞན་དམིགས་བསལ་མེད། ལབ་ཏེ་ང་ལ་བལྟ་ཙམ་གྱིས་འཛུམ་མདངས་ཞིག་ཕྱུངས། ངས་ཀྱང་ཀུ་རེའི་ཚུལ་དུ་གཞན་སུ་མེད་དམ། ངས་བལྟས་ན་བུ་མོ་ཁ་ཤས་ཀྱང་མགྲོན་འབོད་བྱེད་རྒྱུ་ཡོད་རྒྱུ་རེད། གལ་སྲིད་གཞན་མེད་ནའང་དགའ་རོགས་སྐད་གཏོང་ལོས་དགོས་ཞེས་བཤད་དེ་ར་ཡན་སྡེར་མའི་ནང་དུ་ཟ་མ་ཉུང་ཙམ་ཞིག་སྐྱར་བསྣོན་བྱས། ར་ཡན་གད་མོ་ཞིག་དང་ལྷན་ཁྱེད་ཀྱིས་བསམ་ན་ང་ཚོ་མཐོ་སློབ་ནང་ཆང་རག་མཐུང་བ་དང་དགའ་རོགས་སྒྲིག་རྒྱུ་གང་བྱས་བྱས་རེད་དྲན་གྱི་འདུག་གམ། ལོ་ཉེར་གཅིག་མ་ལོན་ན་དེ་ལྟར་མི་ཆོག་པ་ཁྱོད་ཀྱིས་མི་ཤེས་སམ་ཟེར། ལོས་ཡིན། འོན་ཏེ་ས་ར་ལོ་བཅོ་བརྒྱད་མ་གཏོགས་ལོན་མེད་ཀྱང་ད་ལྟ་ནས་ཆང་རག་མཐུང་བཞིན་འདུག ང་དེའི་ཐོག་ཏུ་སེམས་ཁྲལ་ཆེན་པོ་འདུག་ཅེས་ཨ་མས་བཤད། དཀོན་མཆོག་མཁྱེན། ཨ་མ། ངས་ནང་ནས་ཅུང་ཙམ་མཐུང་བ་ལ་དེ་ཙམ་བཤད་དགོས་ཡ་ཅི་ཡོད། མ་གཞི་ངས་སོ་སོའི་ཚོད་སོ་སོས་བཟུང་ཤེས་ཀྱི་རེད་ཅེས་བཤད་ཀྱིན་ཨ་མ་ལ་མིག་ལོག་ཅིག་བལྟས། འོ་ཡ་་་ད་ཟ་མ་ཟོ་རྙོག་སྒྲ་མང་པོ་མ་ཤོད་། ཏོག་ཙམ་རྗེས་སུ་ཇོ་ལགས་ལ་རོགས་པ་གྱིས་ཟེར་ཨ་མ་ཅུང་ཁྲོས་འདུག དགོས་ཟས་འཇུག་གྲིལ་རྗེས་ངས་ར་ཡན་ལ་སྒམ་ལེན་དུ་འགྲོ་ཞེས་བཤད་ཀྱང་ར་ཡན་གྱིས་སྒམ་ལྗིད་ཆེན་པོ་མེད་པས་ཁོ་རང་ནས་ལེན་ཐུབ། ཁྱེད་ཀྱིས་ཨ་མ་ལ་སྣོད་ཆས་འཁྲུད་རོགས་གྱིས་ཞེས་ཟེར་བ་ལྟར་ངས་སྣོད་ཆས་རྣམས་བཀྲུས། ཨ་མས་ཕ་ཡར་ཁོང་གཉིས་གློག་བརྙན་བལྟ་བ་འགྲོ་དགོས་པས་སང་ཉིན་མཇལ་ཡོང་ཟེར་ནས་བུད་སོང་། ངས་སྣོད་སོགས་གཙང་མ་བཀྲུས་ཏེ་ར་ཡན་གྱི་ཁང་པར་ཕྱིན། ཏག་ཏག་་་་སྒོ་བརྡུང་བཞིན་ནང་ལ་ཡོང་ན་འགྲིག་གམ་ཞེས་དྲིས། ར་ཡན་ནས་སྒོ་ཕྱེས་ཏེ་ཅ་ལག་རྣམས་ཕར་ཁུར་རྒྱུ་ཡིན་ནམ་ཟེར། ངས་ངའི་ཅ་དངོས་རྣམས་འདིར་བཞག་ན་དྲན་སོང་ཡང་ད་བྱས་ན་ཁྱེད་ཀྱིས་འཕྲོ་བརླག་བཏང་ས་རེད་ཅེས་བཤད་པས་ར་ཡན་གྱི་གདོང་པ་དམར་སང་ངེ་འགྲོ་སོང་། ངས་ཡང་སྐྱར་ངའི་ཅ་ལག་གལ་ཆེ་ཤོས་དེ་གང་དུ་བཞག་ཡོད། དེ་ཕར་ཁུར་དགོས་ཞེས་ལབ། ར་ཡན་དགོད་བཞིན་དུ། ཁྱེད་ཀྱིས་གང་ཞིག་བཤད་ཀྱི་ཡོད་པ་ངོ་མ་ངས་ཤེས་མ་སོང་། ལས་ཀ་མེད་ན་ཁྱེད་རང་ནང་དུ་ལོག་རྒྱུགས། ང་ཡང་མལ་གསོ་བྱེད་དགོས་ཟེར། ངས་ཧ་དགོད་དང་མཉམ་ངའི་ཅ་ལག་རྩ་ཆེན་པོ་དེ་ཁྱེད་ཀྱིས་མི་ཤེས་ཟེར་ན་རྫུན་ལོས་ཡིན་ཟེར་བཞིན་ཁོང་གི་འཁྲིས་སུ་བཅར། འོ་འདི་དག་ཟེར་བ་ཡིན་ནམ་ཟེར་བཞིན་ངའི་གོས་ཐུང་དང་དངུལ་ལེན་ཁ་ཤས་བླངས་ཏེ་ངའི་སྒང་དུ་གཡུགས་སོང་། འདི་དག་ལས་གཞན་ངའི་གསང་ཁེབ་ཆུ་རས་དེ་གང་དུ་ཡོད། དེ་ང་ལ་དགོས་ཀྱི་འདུག་ཆེས་བརྗོད། ངས་ཧ་གོ་མ་སོང་ཁྱེད་རང་གི་ཅ་ལག་ཁྱེད་རང་གིས་ཚོལ། ཨོ་ད་དུང་ང་ལ་ལས་ཀ་གཞན་ཡོད་པས་བྲེལ་བ་ཡོད། ཁྱེད་རང་ནང་དུ་ལོག་རོགས་གྱིས་ཟེར། ངས་ཁྱེད་ལ་བྲེལ་བ་གང་ཞིག་ཡོད། ལས་ཀ་ཁེ་མཚར་པོ་དེ་འདྲ་ཨི་རེད་ཅེས་བརྗོད་ཀྱིན་ཁོང་གི་རྒྱབ་ལོགས་ཀྱི་སྟོད་གོས་ནས་ཚུར་ལ་འཐེན། དམྱལ་བ་མོ། ག་རེ་བྱེད་ཀྱི་ཡོད་ཟེར་ནས་ཁོང་ཁ་ཚུར་ལོག་པ་ན་ང་ཚོ་གཉིས་ཀྱི་ངོ་གདོང་ཁ་ཐུག་ཏུ་གྱུར། ད་ལན་ཁོང་གི་ངོ་གདོང་ཅུང་ཚ་ག་ཚི་གེ་རྣམ་པ་ཅན་དུ་གྱུར་འདུག་ལ་མི་གཉིས་ཆགས་མིག་གི་རྣམ་པ་ཧ་ཅང་ཡིད་དུ་འོང་བ་འདི་འདྲ་སྔོན་ཆད་ཡེ་ནས་མཐོང་མ་མྱོང་། ངས་ཁོང་ལ་སྙིང་སྟོབས་སྦྱིན་ཆེད་གང་ལའང་ཞེད་དགོས་མ་རེད་ཅེས་ཁོང་གི་རྣ་འགྲམ་དུ་ཁ་སྦྱར་ཏེ་ཤུབ་བུ་སྨྲས། ད་དུང་ངས་ལག་པ་གཡས་པས་ག་ལེར་ཁོང་གི་ལག་གཡོན་མ་ནས་འཇུས་ཞིང་ལག་གཡོན་གྱིས་ཁོང་རྣ་བ་གཡས་པ་དལ་བུས་འཕུར་འཕུར་བྱས། ཁོང་གི་མིག་ཟུང་ག་ལེར་བཙུམ་སོང་ལ་དབུགས་ཀྱང་རྒྱུན་ལྡན་མ་ཡིན་པ་རུ་གྱུར། ང་བློ་སྟོབས་རྙེད་དེ་ལག་གཡས་ཀྱིས་ཁོང་གི་མགུལ་ནས་འཁྱུད་ཅིང་ཁ་ལ་འོ་བྱེད་ཀྱིན་བྲང་ཁོག་ཁོང་གི་བྲང་ལ་སྦྱར་བས་ཁོང་གི་སྙིང་གི་འཕར་སྒྲ་ཡང་ཚོར་གྱི་འདུག།
ཨ་ཨ། ལྟས་ངན་འདི་ཚོར་བྱེད་རྒྱུ་མང་གི ང་ནི་ངོ་ཚ་ནས་འབར་སོང་།
ཨ་ལགས་དགོང་དྭངས་ཡོང་བ་ཞུ། ཁྱེད་རྩོམ་འདི་འདྲ་བ་ལ་ངོ་ཚ་བ་ངས་ཀྱང་ཤེས།
ད་ལྟ་ཀློག་ཁོམ་མ་བྱུང་ཡང་། ཁ་ཐུག་མཐོང་བ་ཅིག་ནི། ངལ་གསོ་ལ་། མལ་གསོ་ཞེས་བྲིས་འདུག
ལེགས་སོ། ཀརྡོ་ཁྱེད་བདེན་ནོ། ཁ་སྐད་ཚུལ་དུ་བྲིས་པའི་ཚུལ་ཡིན་མོད་མ་དག་པ་ཆགས་འདུག
མི་གསོན་པོ། ཡིག་ནོར་ཤི་བོ་བྲི་ན། ཁ་བརྡ་རྒད་པོ། ཁ་བྱས་པར་སྲིད་པས། དེས་ན་ཁྱེད། ཡི་གེའི་དག་ཆ་སློབ་པར་རོགས་སོ།
ཨོ་། དེའི་མཇུག་དེ་གང་འདྲ་ཞིག་ཡོད་ན། ང་ནི་དངངས་སྐྲག་ཞིག་ལངས་སོང།
ཁྱོས་ནི། རྩ་ལང་བཞིན། རྩོམ་འབྲི་བཞིན་བྱས་ཡོད་པ་འདྲ།
དྲ་འབུ་ཚོས་ནི། རྩོམ་ཀློག་བཞིན། རྩ་ལང་བཞིན་བྱེད་ཀིན་ཡོད་པ་འདྲ། ཧ་ཧ།
མི་གསོན་པོ་འདི་ཡང་ད་གླུ་སྨྱོན་དང་དཔལ་དགྱེས་སོགས་ཀྱི་ལད་མོ་བྱེད་ཡོང་གི་ཡོད་ས་རེད། ཧཧཧཧཧཧ
མི་གསོན་པོས་ཀྱང་ད་གླུ་སྨྱོན་དང་དཔལ་དགྱེས་སོགས་ཀྱི་ལད་མོ་བྱེད་ཡོང་གི་ཡོད་ས་རེད། ཧཧཧཧཧཧ
སུ་ཡིན་ཡང་རྩ་ལང་ས་རེད་་སྒྲུང་སྙན་པོ་འདུག།
སྙན་པོ་འདུག མུ་མཐུད་ནས་བྲི་རོགས།