ཀླུ་སྨྱོན།
དགེ་ལུགས་པའི་ཆོས་གྲོགས་ཚོར་འདྲི་རྒྱུར། རྡོ་རྗེ་འཇིགས་བྱེད་ཀྱི་བདག་བསྐྱེད་སྒོམ་དུས་དང་པོར་སེམས་དཔའ་སུམ་བརྩེགས་གསལ་བཏབ། དེ་ནས་ཏིང་ངེ་འཛིན་སེམས་དཔའི་མཐར་རྩ་སྔགས་དང་སྙིང་པོ་ཉེ་སྙིང་གསུམ་སྒོམ་པའི་སྐབས་སུ་སྔགས་རིགས་མི་འདྲ་བ་འདི་གསུམ་གྱི་ཁ་དོག་ཇི་ལྟར་སྒོམ་དགོས། སྔོན་མར་ལྷུན་གྲུབ་པཎ་ཌི་ཏའི་འཇིགས་བྱེད་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་དེར་ལྟ་མྱོང་ཡང་དེང་སང་བརྗེད་འདུག
ད་སྤྲུལ་སྐུ་ཚང་ངའི་མཆན་མཐོང་དུས་རྣམ་རྟོག་འདྲ་ཟ་གི་ཡོད་རྒྱུ་རེད་དེ་ཀ་འཛིན་ཐུབ་མ་སོང་། ལྷ་སྐུ་འདི་འདྲ་བཙོག་པའི་འདྲ་པར་ཁྱབ་སྤེལ་མ་བྱེད་རོགས། འདུལ་བ་གསང་དགོས་དོན་མི་འདུག རྫོགས་ཆེན་གསང་དགོས་དོན་མི་འདུག ཡིན་ན་ཡང་ཆགས་ཉམས་དང་ཁྲོ་ཉམས་ཆེན་པོ་ཅན་གྱི་པར་འདི་འདྲའི་རིགས་དེ་མང་ཚོགས་ཀྱི་མདུན་དུ་ཁྱབ་སྤེལ་བྱེད་པ་དེ་ངོ་མ་ཡག་པོ་མི་འདུག གསང་སྔགས་རང་གཞུང་དང་ཡང་མཐུན་གྱི་ཡོད་མེད་མི་ཤེས། འདི་འདྲ་འདིས་བོད་བརྒྱུད་ནང་བསྟན་ལ་ཁ་གཏོང་སྤྱད་དང་དད་ལོག་སྐྱེ་སྤྱད་ངོ་མ་རེར་འགྱུར་གྱི་འདུག
འཛམ་གླིང་སྟེང་གི་སྐྱེ་བོ་གསང་སྔགས་ཞེས་པའི་མིང་ཚིག་འདི་ལ་ཆ་རྒྱུས་ཡོད་མཁན་ཞིག་ཡིན་ན་གསང་སྔགས་ལ་ལྷ་སྐུ་ཞི་དྲག་སྣ་ཚོགས་ཡོད་པ་དེ་ཧ་ལམ་ཤེས་པའི་ཚོད་རེད། དེ་ནི་སྒུ་སྒལ་ལྟ་བུའི་དྲ་བ་གྲགས་ཆེན་དག་གི་སྐུ་དྲིན་རེད། ཁ་བརྡ་དྲ་ཐོག་འདི་ན་བོད་པ་བརྒྱ་སྐོར་ཞིག་ཡོད་པའི་ནང་དུ་ཆོས་བརྒྱུད་མི་འདྲ་བའི་བླ་མ་དག་གི་མདུན་ནས་གསང་སྔགས་ཀྱི་དབང་རྗེས་གནང་དང་ཁྲིད་ལུང་ཞུ་མ་མྱོང་མཁན་རེ་ཟུང་ལས་ཡོད་མི་སྲིད་ལ། རེ་ཟུང་དེ་ཚོས་ཀྱང་གསང་སྔགས་ཀྱི་ལྷ་སྐུའི་ཐང་ཀ་དང་སྐུ་འདྲ་མཐོང་མྱོང་ཡོད་པ་ནི་ཁ་ཚོན་བཅད་ནས་བཤད་ཐུབ། ད་སུས་གང་ལ་ལོག་ལྟ་བྱེད་དགོས་སམ།
ཡ་ཡ་སྤྲུལ་སྐུ་ཚང་། ཐུགས་རྗེ་ཆེ། ད་ཁྱེད་ལ་དགོས་པའི་དྲི་བ་དེ་ལ་ངས་ལན་འདེབས་མི་ཤེས་དུས་འབྲེལ་མེད་ཀྱི་སྐད་ཆ་བཤད་ན་ཁྱེད་ལ་ཕན་མི་ཐོགས་པས་ངས་འདིར་མཚམས་འཇོག
ད་ཀླུ་སྨྱོན་པ་འདིས་ཁ་བརྡ་དྲ་བའི་སྟེང་ག་རེ་འཇོག་དགོས་མིན་ཤེས་གི་མེད་པ་འདྲ།
གད་མོ་ཤོར་ཡ་རང་རེད།
ད་ཁོང་གི་སྙན་ངག་གནམ་སྔོན་པོ་དང་ཆུ་བོ་དངས་མོ་སོགས་བྲིས་ཚར་བ་འདྲ།
ད་དུང་སྟུ་མཇེ་སོགས་ལ་སུན་སྣང་བྱུང་བ་ཤེས་ཐུབ། སྟུ་མཇེ་སྐོར་ལ་ག་ཚད་བྲིས་ཀྱང་རེགས་མྱོང་བྱེད་ཐུབ་གི་མེད་པས་རེད།
དྲ་གྲོགས་ཀླུ་སྨྱོན་ལགས་་་་ལྷ་ཡེ་ཤེས་སེམས་དཔའ་དང། བདག་དམ་ཚིག་སེམས་དཔའ་དང། གཉིས་མེད་ལས་ཀྱི་སེམས་དཔའ་བཅས་གསུམ་ལ་་་་སེམས་དཔའ་ཞེས་བརྗོད་དོན་གང་ཡིན་ནམ། སྐབས་དེའི་སེམས་དཔའ་ཟེར་བ་དེ་བྱང་ཆུབ་སེམས་དཔའ་ཞེས་པའི་སེམས་དཔའ་དེ་ལ་གོ་དགོས་སམ། སེམས་དཔའ་གསུམ་བརྩེགས་སུ་འདོད་མཁན་གྱི་གསང་སྔགས་རྒྱུད་སྡེ་བཞི་ལས་གང་དང་གང་ཡོད་དམ། རྒྱུད་སྡེ་འོག་མ་གཉིས་ནས་སེམས་དཔའ་གསུམ་བརྩེགས་འདོད་ནུས་སམ། མི་ནུས་ན་མི་ནུས་པའི་རྒྱུ་མཚན་དང་བཅས་པའི་བཀའ་ལན་ཞིག་གནང་རོགས་ཞུ་གི་ཡོད། སྤོབས་མཐས་གསུངས་པ་ལའང་རྒྱབ་སྐྱོར་ཡོད། སྔོན་མ་དགོན་པར་མཇལ་ཞུ་གནང་མཁན་གྱི་བུད་མེད་ཞིག་གིས། ལྷ་ཁང་ནང་གི་ལྷ་ཡབ་ཡུམ་བདེ་སྟོང་གི་ཕྱག་རྒྱ་ཆེན་པོའི་སྐུ་འཁྲིལ་ནས་བཞུགས་པའི་སྐུ་བརྙན་ཞིག་གི་མདུན་དུ་འདི་སྐད་སྨྲས་འདུག འདས་པ་ངེད་གཉིས་འདི་འདྲ་ག་ཚོད་ཞིག་བྱས་མེད་དམ་ཟེར་ནས་བུད་མེད་དེ་ངུས་རབས་འདུག ཡིན་ནའང་དེང་སང་གསང་སྔགས་ཁྲོམ་དུ་སྒྲོགས་པའི་དུས་ཡིན་པས་དེ་ཚོའང་གསང་ལྐོག་བྱས་ན་བཞག་ས་མེད། བླ་མ་སྐད་གྲགས་ཆེན་པོ་དེ་ཚོའི་དབང་གྲལ་དུ་དད་ཡོད་དད་མེད་སྣོད་ལྡན་སྣོད་མེད་སུ་ཞིག་སླེབ་ནའང་འོས་པར་མ་ཟད་དེ་ཚོར་བརྟག་དཔྱད་བྱེད་མཁན་ཀྱང་མེད། གསང་ན་འདི་ཚོའང་གསང་དགོས་པ་རེད་སྙམས། མ་ཟད་གསང་སྔགས་ནང་རྒྱུད་ཀྱི་དཀྱིལ་འཁོར་དེ་ཚོའང་མི་མང་ལ་ཁྱབ་བསྒྲགས་བྱེད་བཞིན་འདུག
སྤྲུལ་སྐུ་ཚང་གིས་འདི་སྒོམ་སྟངས་དེ་བརྗེད་སོང་གསུངས་འདུག འདི་འདྲའི་སྲོག་ཆགས་ཞེད་སྣང་ཚ་པོ་ཞིག་སྒོམ་སྟངས་དེ་བརྗེད་སོང་ན་ཡག་ཤོས་རེད། འདི་འདྲ་ཞིག་དངོས་སུ་མཐོང་ཡོང་ན་སྨྱོ་ས་རེད། ད་སུ་གཅིག་གིས་ཀླུ་སྨྱོན་ལ་འཇིགས་བྱེད་སྒོམ་སྟངས་མ་སློབས་རོགས། ཀུ་རེ་ཡིན། ཁ་བཙུམས་ཐུབ་མ་སོང་།
སྤོབས་མཐའ་འདི་མདོ་མདོ་ནག་ཡིན་ས་རེད། ཀུ་རྩེད་ཞུས་ཡིན་་་གང་ལའང་བརྟག་དཔྱད་དང་རང་རང་གི་མོས་པ་དང་འཚམས་པ་ཞིག་གི་གནས་ལ་བརྩོན་ན་ཡག་པོ་རེད། ལྷག་པར་དུ་དཔལ་ཎ་ལཎྡའི་ཆོས་རྒྱུད་འཛིན་མཁན་ཚོས་མདོ་མདོ་རྐྱང་ཞིག་གི་བརྒྱུད་པ་རང་ཚུགས་བརྟན་པོར་བཟུང་ན་ངོ་མ་དཔལ་ཎ་ལན་ཌའི་རིང་ལུགས་རྨ་མེད་པ་ཞིག་ཏུ་མཐོང། ལྷ་འབོད་ཀླུ་འབོད་གསང་སྔགས་ཀྱི་ཆོ་ག་འདྲ་མིན་དེ་ཚོ་ཁོ་རང་གང་ནས་བྱུང་བ་དེ་རང་ལ་བཞག་ན་ཡག་ཤོས་རེད། དྲ་གྲོགས་སྤོབས་མཐའ་ཁྱེད་ནས་གང་ལའང་གཞུག་རྐྱང་མི་བྱེད་པར་བརྟག་དཔྱད་གནང་བ་དེར་ཡི་རངས་ཡོད།
སྣང་ལ་རང་བཞིན་མེད་པ་རྟོགས་མཁན་ལ་ཇི་ལྟར་བསྟན་ཀྱང་ཆོག དེ་མིན་སྣང་བ་བདེན་པར་འཛིན་པ་པོ་ལ། སྤོབས་པ་མཐའ་ཡས་ཀྱིས་གསུངས་པ་ལྟར། ཅང་མི་སྨྲ་བའི་ཚུལ་འཛིན་པ་དེ་བདག་གིས་མཆོག་ཏུ་འཛིན་ནོ།
བན་དེ་ཟེར་བ་དེ་མི་རྒྱུགས་ལེན་ནས་ཨང་ཀི་སྤྲོད་མཁན་འདྲ་པོ་ཞིག་རེད་བཞག
ཉི་མ་ཁ་ཤས་སྔོན་ལ་སྤྱན་རས་གཟིགས་བཙུར་རྒྱུ་ཡོད་ས་མེད་ས་ནས་བཙུར་བ་ཡིན། མཐའ་མ་དེར་ཁོང་རྣམ་པས་ང་ལ་དམྱལ་བའི་ཁྲིམས་ཐག་བཅད་སོང་། ངའི་རྒྱུ་མཚན་དང་དཔྱད་ཞིབ་དེ་ཚོ་ལ་ལག་པ་འཇུ་ཐུབ་མཁན་ཡོད་མ་སོང་། ད་འཇིགས་བྱེད་འདི་ཕར་བལྟས་ན་ཞེད་སྣང་ཚ་པོ་ཡོད་ཀྱང་འདི་ལ་དེ་ལས་ཀྱང་ཁུར་རྒྱུ་དྲུད་རྒྱུ་མང་དྲགས་ནས་ང་དམྱལ་བ་ལས་ལྷག་ཅིག་ལ་འཕེན་པའི་ནུས་པ་མེད་དུས་ང་སྐྲག་གི་མི་འདུག ཁ་ཏོག་ཙམ་ཏོག་ཙམ་གཏོང་གི་ཡིན།
བཙུར་དང་བཙིར་ལ་ཁྱད་པར་མེད་པར་ཤོག
http://www.youtube.com/watch?v=OVa9S6xdHGc
སྣང་ལ་རང་བཞིན་མེད་པ་སྒོམ་བསམ་ན་འདི་ཚོ་སྒོམས།
དྭངས་གཙང་རྙོགས་པ་མེད་པའི་མཚེའུ་རུ།།
དཀར་གསལ་ཟླ་བ་རྒྱུ་སྐར་ཕྲེང་བ་ཅན།།
གཡོ་ཞིང་འདར་བའི་སྣང་བརྙན་མཐོང་བ་འདི།།
སྣང་ལ་རང་བཞིན་མེད་པའི་དྲན་སྐུལ་ཡིན།།
དྲོད་འཇམ་ཉི་མའི་ཟེར་དང་འགྲོགས་པ་ཡི།།
ཟིམ་ཟིམ་ཆར་པའི་རྒྱུན་གྱི་བྲན་པའི་ཚེ།།
ཁ་ཏོག་སྣ་ལྔར་བཀྲ་བའི་འཇའ་ཚོན་འདི།།
སྣང་ཞིང་སྟོང་པའི་ཆོས་ཀྱི་མཚོན་དཔེ་ཡིན།།
བསིལ་བསིལ་ཞོགས་པའི་བརླན་གྱིས་ཟིན་པ་ཡི།།
གསལ་ཞིང་འཁྲིལ་བའི་རྩ་རྩེའི་ཟིལ་བའི་རྒྱུན།།
མུ་ཏིག་ཕྲེང་བ་དཔྱངས་པའི་རྣམ་འགྱུར་ཅན།།
སྲིད་གསུམ་མི་རྟག་སྟོན་པའི་དྲན་ཐོ་ཡིན།།
ཆགས་དང་སྡང་བའི་རྣམ་འགྱུར་རྫོགས་པའི་ལུས།།
དུད་འགྲོའི་མགོ་ལ་རུས་པའི་རྒྱན་ཆ་ཅན།།
མི་སྡུག་སྲིན་པོའི་གཟུགས་ཅན་འདི་སྒོམ་ན།།
མཚན་མོའི་རྨི་ལམ་འཁྲུགས་ལས་དགོས་ཕན་མེད།།
ཁྱེད་ཚོས་སངས་རྒྱས་ཀྱི་བསྟན་པ་བོད་ལ་དར་སྟངས་སྐོར་གྱི་ལོ་རྒྱུས་ཚང་མར་ཞིབ་བསྔོགས་བྱས་ཡོད་ན། དེའི་ཁྲོད་ནས་ཁུངས་མི་དག་པའམ་ཁུངས་གཙང་མ་འདི་ཡིན་ཟེར་ནས་ཡར་ལ་འདེད་རྒྱུ་མེད་པ་དེ་གསང་སྔགས་ཀྱི་བསྟན་པ་འདི་རེད། ཡེ་ཤེས་འོད་དང་ཞི་བ་འོད་གཉིས་ཀྱི་བཀའ་ཤོག་གཅིག་པོར་གཟིགས་དང་དེ་ནས་ཤེས་ཡོང་།
ཡེ་ཤེས་འོད་དང་ཞི་བ་འོད་གཉིས་དེ་འདྲའི་ཚད་མའི་སྐྱེས་བུ་ཡིན་པའི་རྒྱུ་མཚན་ཅི། ནུབ་པ་ལགས།
༸འཇམ་དཔལ་དབྱངས་དྲག་ཏུ་ཁྲོས་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་ངེ་འཛིན་སེམས་དཔའི་མཐར་རྩ་སྔགས་དང་སྙིང་པོ་ཉེ་སྙིང་གསུམ་སྒོམ་པའི་སྐབས་སུ་སྔགས་རིགས་མི་འདྲ་བ་འདི་གསུམ་གྱི་དགོས་པ་དངོས་གྲུབ་མི་འདྲ་བ་བསྒྲུབ་པ་ལ། ཁ་མདོག་མི་འདྲ་བ་བསྒོམ་པ་ལ་དགོས་པ་ཡོད་སྲིད་ཀྱང་། སྤྱིར་ཁ་མདོག་དཀར་ལ་འོད་འཚེར་བ་དེང་སང་གི་གློག་གི་ཤེལ་རྡོག་ནང་གི་ཀློག་སྐུད་ཀྱི་འོད་ལྟར་བསྒོམ་དགོས་པ་སྔགས་སྤྱིའི་འགྲོ་སྟངས་ཡིན་པ་ཅིག་བདག་གི་བླ་མས་གསུངས་པ་དྲན། གསང་སྔགས་ཁྲོམ་བསྒྲགས་ཕྱིན་པ་མ་ལེགས་ཀྱང་། ཕྱིན་ཟིནད་དུས་འགྲེལ་བཤད་དོན་ལྡན་བྱུང་ན། རང་གཞན་ཀུན་ལ་དེ་བས་ཕན་ཡོན་ཆེ་བར་ངེས་པས། ཀླུ་སྨྱོན་ལྟར་ཀུན་གྱིས་དད་བརྩོན་བྱས་ན་མི་ལེགས་སམ། ལགས།། །།
ཆགས་དང་སྡང་བའི་རྣམ་འགྱུར་རྫོགས་པའི་ལུས།།
དུད་འགྲོའི་མགོ་ལ་རུས་པའི་རྒྱན་ཆ་ཅན།།
མི་སྡུག་སྲིན་པོའི་གཟུགས་ཅན་འདི་སྒོམ་ན།།
མཚན་མོའི་རྨི་ལམ་འཁྲུགས་ལས་དགོས་ཕན་མེད།།
འདི་ལ།
ཆགས་དང་སྡང་བའི་རྣམ་འགྱུར་རྫོགས་པའི་སྐུ། །
དུད་འགྲོའི་དབུ་ལ་རུས་པའི་རྒྱན་ཆ་ཅན། །
མི་སྡུག་སྲིན་པོའི་གཟུགས་ཅན་འདི་བསྒོམས་ནས། །
རྨི་ལམ་འཁྲུགས་ལྟར་བདག་འཛིན་འཁྲུགས་ཕྱིར་སྒོམས། །
ཀླུ་སྨྱོན་འདི་སྤྲུལ་སྐུ་ཡིན་མིན་ཧ་གོ་གི་མེད་ལ་ཡིད་ཆེས་ཀྱང་མེད།
ཡིན་ནའི་སྨྱོ་པ་ཞིག་ཡིན་པ་ཧ་གོ་གི་འདུག
ཡེ་ཤེས་འོད་དང་ཞི་བ་འོད་གཉིས་ནི་སྔགས་སྤྱི་དང་ཁྱད་པར་བླ་མེད་ལ་ཆ་རྒྱུས་ཅི་ཡང་མེད་པའི་ནང་པའི་ཆོས་པ་སྙོམས་ཆུང་གཉིས་རེད། ཕོ་བྲང་ཞི་བ་འོད་ཀྱིས་ཤ་ལྔ་བདུད་རྩི་ལྔ་ཞེས་པ་དེར་སྐྱུག་བྲོ་བའི་སྐོར་རྩོམ་ཡིག་རེ་ཟུང་བྲིས་འདུག ཡེ་ཤེས་འོད་ཀྱིས་པཎ་ཌི་ཏ་ཤམ་ཐབས་སྔོན་པོ་ཅན་སོགས་ཀྱིས་སྔགས་ཀྱི་སྦྱོར་སྒྲོལ་ཆོ་ག་སོགས་བློས་མ་འཆུན་པར་ཇོ་བོ་རྗེ་བོད་དུ་སྤྱན་དྲངས་པ་ལོ་རྒྱུས་ཡོངས་གྲགས་སུ་གསལ། ཇོ་བོར་སྔགས་སྐོར་མང་པོ་ཞིག་གསུང་དུ་མི་འཇུག་མཁན་གྱི་གྲས་སུ་ཁོང་ཡོད་སྲིད། ཡིན་ཡང་བླ་མ་ལ་ལས་བོད་ཀྱི་སྙིང་ལ་གདོན་ཞུགས་ནས་ཇོ་བོར་གསང་སྔགས་འཆད་དུ་མ་བཅུག་ཟེར་བ་འདུག དེ་ནི་མི་ལ་རས་པ་ཡིན་བསམས་སོང་།
རང་ཉིད་དམ་པའི་ཆོས་ལ་གོ་རྟོགས་ཅུང་ཟེར་ལས་མེད་མཁན་ཞིག་ཡིན་ན་ང་རྒྱལ་གྱི་གཞན་དབང་དུ་མ་སོང་བར་རང་གཞན་ཀུན་ལ་ཕན་ཕྱིར་དམ་པའི་ཆོས་ལ་ཚོད་དཔག་ངང་ནས་མཆན་རིགས་མ་བྲི་ན་ལེགས་།།
གང་ཞིག་གིས་སྦྱོར་སྒྲོལ་བྱས་ན་ཁེ་ཆེ་བ་ཡོད་དམ། གྱོང་ཆེ་བ་ཡོད་རེད། ལགས།
ནུབ་པ་ལགས། ཀླུ་སྨྱོན་གྱིས་༡༩ གྱིས་ག་རེ་བྲིས་འདུག མཐོང་སོང་ངམ།
ཀླུ་སྨྱོན་ལགས་ཀྱིས་སྙིང་ནས་འབད་འདོད་ཞིག་ཡོད་ན་རྗེ་ཤེས་རབ་རྒྱ་ཚོ་དང་བཀའ་ཆེན་ཡེ་ཤེས་རྒྱལ་མཚན་རྗེ་ཕ་བོང་ཁ་བ་དང་ཁྲི་བྱང་བླ་མ་་གཞན་རྗེ་འཇམ་བཞད་དང་ཁྲི་གུང་ཐང་སོགས་ཀྱི་གསུང་ལ་ལྟས་ན་བསྐལ་བ་དང་ལྡན་ན་་ཁྱོད་ཀྱིས་ལྟས་མོ་ཞིག་མཐོང་སྲིད་གཞན་འདིར་སྡིག་ཆེན་པོ་ཞིག་བསོག་ངེས་རེད་དོ།
རྗེ་རིམ་ལྔ་གསལ་སྒྲོན་ལས། རང་དམ་ཚིག་སེམས་དཔའ་པར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཐེ་བོང་ཙམ་ཞིག་དང༌། དེའི་ཐུགས་དཀར་རྡོ་རྗེ་ཡུངས་འབྲུ་ཙམ་གྱི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་མཐིང་ནག་སྤུས་བྲིས་པ་ཙམ་ཞིག་བསྒོམ་ནས་ཞེས་གསུངས་པ་ལྟར།
།དེ་ཡང་ལུས་རགས་པ་མཚོན་པའི་དམ་ཚིག་སེམས་དཔའ། ཕྲ་བ་གཉུག་མའི་ལུས་མཚོན་པའི་ཏིང་ངེ་འཛིན་སེམས་དཔའ།གཉུག་མའི་སེམས་མཚོན་པའི་ཏིང་ངེ་འཛིན་སེམས་དཔའ་བཅས་སོ། །
དག་བྱ་དག་བྱེད་ཤེས་ན་ས་རྡོས་ཀྱང་། །སངས་རྒྱས་སྟེར་ན་དེ་ལ་ཅིས་མི་དགའ། །གཞན་དུ་རང་ཉིད་འཇིགས་པའི་མེ་མཚོན་དང་། །གཅན་གཟན་ཞབས་སུ་མནན་ཀྱང་སེམས་གསོ་ཙམ། །ཕྲ་བའི་གཉུག་མ་དཔེ་ལ་བརྟེན་པ་དང་། །མཚོན་བྱ་མཚོན་བྱེད་འདོད་ཕྱོགས་སྦྱར་བ་ཙམ། །འགྲེལ་མེད་ཀུན་ལ་སྨྲ་བསམ་བརྗོད་མེད་ཅེས། །ཆེན་པོའི་ཚིག་གིས་གཡོགས་ཀྱང་སེམས་གསོ་ཙམ། །མེད་པའི་ཁ་དོག་ཡོད་མར་བསྒོམ་པ་དང་། །སྟོང་པའི་ཆོས་སྐུ་གཟུགས་ཀྱིས་མཚོན་པ་དང་། །མེད་པ་བསྒོམ་ནས་ཡོད་པ་ཐོབ་པ་སོགས། །རྒྱུ་འབྲས་འགལ་ཀྱང་གནས་སྐབས་སེམས་གསོ་ཙམ། །བདེན་གཉིས་ཟུང་འཇུག་དག་མཉམ་ཆེན་པོ་དང་། །འཁོར་འདས་དབྱེར་མེད་སྣང་སྲིད་མཉམ་བརྡལ་དང་། །རྒྱུ་འབྲས་རྟེན་འབྲེལ་སྟོང་ཉིད་འགྲེལ་བའི་ཚུལ། །ཤེས་ན་བཟང་མོད་མོད་མིན་ན་སེམས་གསོ་ཙམ། །
རང་དམ་ཚིག་སེམས་དཔའ་པར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཐེ་བོང་ཙམ་ཞིག་དང༌། དེའི་ཐུགས་དཀར་རྡོ་རྗེ་ཡུངས་འབྲུ་ཙམ་གྱི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ རང་དམ་ཚིག་སེམས་དཔའ་པར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཐེ་བོང་ཙམ་ཞིག་དང༌། དེའི་ཐུགས་དཀར་རྡོ་རྗེ་ཡུངས་འབྲུ་ཙམ་གྱི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་མཐིང་ནག་སྤུས་བྲིས་པ་ཙམ་ཞིག་བསྒོམ་ནས་ཞེས་གསུངས་པ་ལྟར།་མཐིང་ནག་སྤུས་བྲིས་པ་ཙམ་ཞིག་བསྒོམ་ནས་ཞེས་གསུངས་པ་ལྟར། དགོས་དབངགིས་ཆེ་ཆུང་ཙམ་མ་གཏོགས། དེ་ལྟར་ཡིན་ན་ཡང་། དེའི་མཐའ་སྐོར་དུ་བསྒམ་པའི་ཉེ་སྙིང་གི་ཁ་ཁོག་ལ་དྭོགས་འདྲི་བྱས་པ་ལས། ཧཱུཾ་གི་ཁ་དོག་ཡིན་མིན་འདིར་འོངས་དོན་མེད་ལགས།
སེམས་དཔའ་གསུམ་རྩེག་ལ་བླ་མ་རྡོ་རྗེ་འཇིགས་བྱེད་དཆའི་ཐགས་ཀར་ཐུབ་དབང་དང་། ཐུབ་དབང་དེའི་ཐུགས་ཀར་ཧཱུཾ་གིས་མཚན་པ་ཡང་མེད་དམ་སྙམ་ལགས།
གསང་བ་སྔགས་ཀྱི་ནང་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཤེས་འདོད་ཡོད་ན། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་རྣམ་ཐར་ཡོངས་གྲགས་སུ་རྭ་ལོའི་རྣམ་ཐར་ཞེས་པ་དེ་ཀློག་རོགས། ནང་པའི་མདོ་སྔགས་ཤེས་ནས་དད་མཁན་ཀླུ་སྨྱོན་ཧེ་རུ་ཀ་ཁྱེད་ལ་རྣམ་ཐར་དེའི་ནང་ཡིད་དམ་རྡོ་རྗེ་འཇིགས་བྱེད་སྐོར་གྱི་་བློ་སྐྱེས་རེག་ངེས་ཡིན།
དེང་རབས་དང་། དེང་དུས་ཀྱི་མཁས་པར་རློམས་མཁན་སྤོབས་པ་མཐའ་ཡིས་ཟེར་བ་ཁྱེད་ཀྱི་བློ་ངོར་མི་བདེ་བ་དང་། ཁྱེད་ཀྱི་མིག་ལ་མ་མཛེས་ན་མི་མཛེས་པའི་ཁྱབ་པ་ཡོད་པ་མ་རེད། འཁྲུས་ནད་ཅན་ལ་དུང་དཀར་སེར་རོ་ཟེར་བ་མ་ཡིན་ནམ། ཁྱེད་ལ་ལས་ངན་བག་ཆགས་ཟབ་པས་ནམ་ཡང་ཡིད་དམ་ལྷ་བླ་སྲོག་ཆགས་ཤིག་ཏུ་མཐོང་བ་རེད། ཁྱེད་ལ་དད་པ་མེད་ན་འགྲིག་གི ཡིད་ཆེས་མེད་ཀྱང་ཆོག ཁྱེད་ནས་ཡིད་དམ་ལྷར་ཚིག་ངན་དང་དམོད་པོ་བྱས་ན་མི་འགྲིག་གི ཁྱེད་མི་གཞི་བརླག་གི་རེད། ཤེས་སོང་ངམ། གལ་སྲིད་ཁྱེད་ངའི་སར་ཡོད་པ་ཡིན་ན་ཁྱེད་ཀྱི་ཁ་ནང་ལ་རྡོ་རྡོག་གཅིག་རེག་ངེས་རེད།
ད་དེ་རེད། ཁར་སང་སྤྱན་རས་གཟིགས་ཚང་གིས་ང་ལ་དམྱལ་བའི་ཁྲིམས་ཐག་བཅད་པ་རེད། ད་འཇིགས་བྱེད་ནི་འཇིགས་བྱེད་རེད། རྡོ་རྡོག་ཁྱེར་ནས་སླེབས་སོང་།
ནང་པའི་སེམས་བཟང་འདི་ཚོས་མ་གྱུར་སེམས་ཅད་ཀྱི་ཁ་ལ་རྡོ་རྡོག་བརྒྱབ་ཀྱི་རེད་ད་་་་ཧཧཧཧ
སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ།
སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ།
འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ།
འདི་ན་ཡོད་པའི་འདྲེན་པ་ཞེས་པའི་དོན་དག་མ་ཤེས་པར་ས་མཐོན་པོའི་དོད་དག་ཤེས་དཀའ་བས། བདག་གིས་འདིའི་དོན་ཤེས་པར་འདོད་པས། གསུང་བར་ཞུའོ།
དོད་དག་ཅེས་པ་དོན་དག་ཅེས་སོ།
སྤོབས་མཐའི་ལྕེ་ཨོག་ཞབས་ལ་འདྲེན་དགོས་བ་རེད། གདོན་རྒན་ཁྱོད་ལ་དད་སེམས་མེད་པའི་རྒྱུ་མཚན་གྱིས་ང་ཚོ་ལ་མཐོང་ཆུང་དང་ཆོས་ལྷ་བླ་མ་ཡིད་དམ་ལ་སྐུལ་འདེབས་བྱོས་མ་ཡོང་ཨ།
སེམས་མ་རུང་བ། ལྟ་ས་མ་རུང་བ། ཤེས་བ་མ་རུང་བ། ཁ་མ་རུང་བ། ལུས་མ་རུང་བ། གོ་བ་མ་རུང་བ། ཉན་པ་མ་རུང་བ། འགྲེལ་བ་མ་རུང་བ། དོན་མ་རུང་བ། མ་རུང་སྣ་དགུ་ཚང་བའི་མྱི་ངན་འདི་ལ་ཅི་བྱུང་བ་ཡིན་ནམ།
བཙུམ་ཐུབ་ཚུམས། བཙུམ་མི་ཐུབ་ན་བཙེམ་དགོས། ཤེས་སོང་ངམ།
གདན་གསུམ་ཚང་བའི་དཀྱིལ་འཁོར་ཟེར་བ་དེ་འགྲེལ་བཤད་ཞིག་གནང་རོགས
རྒན་ལ་དྭགས་པ་ལགས། ཅུང་ལེགས།
འདྲེན་པ་ཅེས་པའི་དོན་དག་ནི་དེང་སང་གི་མིའི་གོ་སླ་བ་ལ་སྒྱུར་ན་མི་གཏོང་བ་ཅེས་པ་གོ་ན་འགྲིག་གི་རེད། དགེ་འདུན་པ་ཚོ་ནི་མྱི་གཏོང་མཁན་རེད། ཁོང་ཚོས་བདེ་ཆེན་དག་པའི་ཞིང་ཁམས་སུ་གཏོང་གི་རེད། དེ་ལ་བདེ་ཆེན་དག་པའི་ཞིང་ཁམས་སུ་ཡར་འདྲེན་བྱེད་པ་ཟེར་ནའང་འདྲ། ཞིང་ཁམས་སུ་གཏོང་བ་རེད་ཟེར་ནའང་འདྲ་་་་གཅིག་པ་རེད།
མྱི་གཏོང་མཁན་ལ་དབྱེ་བ་ཕྱེས་ན་གཉིས་ཡོད་རེད། གཅིག་ནི་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་ནང་དུ་མི་གཏོང་མཁན་ཚོ་རེད། གཅིག་ནི་བདེ་ཆེན་དག་པའི་ཞིང་ཁམས་སུ་མྱི་གཏོང་མཁན་ཚོ་རེད། ནུབ་ཕྱོགས་ཡུ་རོབ་དང་ཨ་རི་སོགས་ལ་མི་གཏོང་གླ་ཆེན་པོ་ཡིན་པར་འདྲ། ཡིན་ཀྱང་ཁོ་ཚོས་བྱ་བ་མཐར་ཐུག་སྒྲུབ་ཐུབ་ཀྱི་འདུག
བདེ་ཆེན་དག་པའི་ཞིང་ཁམས་སུ་གཏོང་མཁན་ཁོ་རང་ཚོས་ཡང་བདེ་ཆེན་དག་པའི་ཞིང་ཁམས་མཐོང་མྱངས་ཡོད་ས་མ་རེད་ལ་འགྲོ་མྱངས་ཡོད་ས་མ་རེད། དེ་འདྲ་ཡིན་དུས་མི་ཡར་འདྲེན་མཁན་ཚོ་ལ་ཡིད་ཆེས་དེ་ཙམ་བྱེད་དཀའ་བ་ཡིན་ས་རེད།།་་ཧཧཧཧ
ཕུང་ཁམས་གཤེགས་པ་གཤེགས་མ། དབང་ཡུལ་སེམས་དཔའ་སེམས་མ། ཡག་ལག་ཁྲོ་མོ་ཁྲོ་མོ།
སྤོབས་པ་མཐའ་ཡས་བློ་ཁོག་མཐའ་ཡས་ཡིན་ན་མ་གཏོགས་འདི་ན་ཁ་ཅིག་གིས་རྡོ་རྡོག་དང་ཁ་ཅིག་གིས་ལྕེ་འཐེན་ནས་བྲེག་རྩིས་རེད་འདུག་ཏ
སྨོན་འཇུག་སེམས་གཏོང་མདོ་སྔགས་ཆོས་ལ་སྨོད། །མ་སྨིན་གསང་སྒྲོག་རང་གི་ཕུང་པོར་བརྙེས།། དཱ་གང་ཤེས།
སྤོབས་མཐས་ཅི་བཤད་ནའང་བཤད་དུ་ཆུགས། ང་རང་ནི་དགེ་སྡིག་ལས་འབྲས་ལ་ཡིད་ཆེས་ཡོད་པའི་མི་ཞིག་ཡིན་ན། རང་ཉིད་ཀྱི་ས་མཚམས་མི་འགལ་བར་བྱས་པ་ལ་འབད་བཞིན་ཡོད། སྤོབས་པས་ང་གཡང་ལ་འཆོང་ཟེར་ན་དགོངས་དག་ཞུ་པ་ལས་འོས་མེད།
ཉོན་མོངས་གདོན་གྱིས་སྨྱོས་པའི་བརླང་སྤྱོད་ཀྱིས། ། རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ། །མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིག །ཡོངས་ཐོབ་བྱམས་བརྩེས་མཛའ་བའི་དཔལ་ལ་སྦྱོར། །
ང་རང་གི་བལྟ་ཕྱོགས་ང་རང་གི་ཐོབ་ཐང་། ཁོ་རང་གི་བལྟ་ཕྱོགས་ཁོ་རང་གི་ཐོབ་ཐང་། བོད་ཀྱི་ཟས་བཅུད་ཐུན་མོང་བའི་ཐོབ་ཐང་། བོད་ཀྱི་ཡར་རྒྱས་ཐུན་མོང་བའི་ལས་འགན། བོད་ཀྱི་སྐད་ཡིག་ཐུན་མོང་བའི་ཐོབ་ཐང་། སྐད་ཡིག་ཡར་རྒྱས་ཐུན་མོང་བའི་ལས་འགན། བོད་ཀྱི་ཁྲག་དེ་བོད་ཀྱི་ཐོབ་ཐང་། བོད་ཁྲག་གང་ན་ཡོད་པར་། དེ་ལ་གུས་ཞབས་ཡོད།
ཡན་ལག་ཁྲོ་བོ་ཟེར་བ་ཡན་ལག་རེ་རེ་ལ་ལྷ་ཁྲོ་བོ་གང་གནས་ཡོད་འགྲེལ་བཤད་གནང་རོགས།
ར་བསད་སྟངས། རྒྱུ་མ་རྒྱོང་སྟངས་རེ་རེ་ནས་བཤད་ཐུབ་ས་མ་རེད། བསྐྱེད་རིམ་ཁག་གི་དཔེ་ཆ་ལ་ལྟོས།
རྭ་ལོའི་རྣམ་ཐར་ཚར་བཅུ་གྲངས་ཤིག་བཀླགས་མྱོང་ཡང་ཁོང་གི་ཡི་དམ་གྱི་བསྐྱེད་རྫོགས་ཅི་ཡང་མི་འདུག
ངེས་པར་སྔགས་སྐོར་གྲོས་གླེང་གནང་བར་གལ་ཆེ་མཐོང་བ་ཚོར། སྔོན་ལ་སྔགས་ཀྱི་གོ་དོན་གང་ཡིན་ཤེས་གལ་ཆེ། དེ་མིན་སྟོང་བསམ་དང་སྟོང་ལབ་རེད་སྙམ། ང་ཚོའི་བསམ་བློར་ཡོད་པའི་ ཧུཧུ་ཕཊ་ཕཊ་ཀྱི་སྔགས་དང་ཁྱད་པར་འབྱེད་གལ་ཆེ། ང་ཚོའི་བསམ་བློར་ཡོད་པའི་ཆགས་སྲེད་ཅན་གྱི་སྔགས་དང་ཁྱད་པར་འབྱེད་གལ་ཆེ། ང་ཚོའི་བསམ་བློར་ཡོད་པའི་གཞི་བརྟེན་མེད་པའི་སྔགས་དང་ཁྱད་པར་འབྱེད་གལ་ཆེ། ང་ཚོའི་བསམ་བློར་ཡོད་པའི་རྨོངས་དད་ཅན་གྱི་སྔགས་དང་ཁྱད་པར་འབྱེད་གལ་ཆེ།
དྲ་ངོས་འདིའི་དགེ་ལུགས་པ་ཚོས་དྲི་བ་འདི་ཙམ་ལ་ཡང་ལན་འདེབས་མི་ཐུབ་བམ། གདན་ས་གསུམ་ན་སྔགས་ཤེས་མཁན་མེད་པ་རེད་དམ། གདན་ས་གསུམ་ན་སྔགས་ཀྱི་འཆད་ཉན་མེད་པ་རེད་དམ། མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར། །བློ་བཟང་རྒྱལ་བའི་བསྟན་པ་ཞེས་པ་དེ་གང་དུ་སོང་། གདན་ས་ནས་ལོ་ཉི་ཤུར་བསྡད་ཀྱང་གསང་སྔགས་སྐོར་སྐུ་གསུམ་ལམ་འཁྱེར་ཙམ་ཡང་མི་ཤེས་པ་རེད་དམ།
དེ་ཡང་ལུས་རགས་པ་མཚོན་པའི་དམ་ཚིག་སེམས་དཔའ། ཕྲ་བ་གཉུག་མའི་ལུས་མཚོན་པའི་(ཏིང་ངེ་འཛིན་)ཡེ་ཤེས་སེམས་དཔའ།གཉུག་མའི་སེམས་མཚོན་པའི་ཏིང་ངེ་འཛིན་སེམས་དཔའ་བཅས་སོ། །འདི་ལྟར་ནོར་བཅོས་གནང་རྒྱུ་མཁྱེན།
དམ་ཚིག་སེམས་དཔའ། རང་ལྷར་གསལ་བའི་ལྷ་སྐུ་དེ་དང་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་དེ་ལ་དམ་ཚིག་སེམས་དཔའ་ཞེས་བྱ། ཡེ་ཤེས་པ་རྣམས་ཡང་དག་པར་འགྲོ་བ་དང་འདུ་བའི་གནས་ཡིན་པས་ན་དེ་ལྟ་བརྗོད།
ཡེ་ཤེས་སེམས་དཔའ། རང་ལྷར་གསལ་བའི་ཐུགས་ཀར་གསལ་བའི་ཡེ་ཤེས་ཀྱི་སྐུ་དེ་ལ་ཡེ་ཤེས་སེམས་དཔའ་ཞེས་བྱ། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལྷ་སྐུའི་རྣམ་པར་ཤར་བས་ན་དེ་ལྟ་བརྗོད།
ཏི་ངེ་འཛིན་སེམས་དཔའ། ཡེ་ཤེས་སེམས་དཔའི་ཐུགས་དཀར་གསལ་གཏབ་རྒྱུའི་ཧཱུཾ་དང་ཏཾ་ཧྲི་ལ་སོགས་པ་དུ་མ་ཡོད། འདི་རྣམས་རྩེ་གཅིག་དུ་དམིགས་ནས་བསྒོམས་པས་ཏི་ངེ་འཛིན་གྱི་མཆོག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ནས་སྒྲུབ་པ་པོ་མཐར་པ་ལ་སྦྱོར་བས་ན་ཏི་ངེ་འཛིན་སེམས་དཔའ་ཞེས་བྱ།
གདན་གསུམ་ཚང་ཞེས་པའི་གདན་གསུམ་ནི། སྣ་ཚོགས་པདྨ་དང་ཉི་མ་ཟླ་བའི་གདན་གསུམ་ལ་ཟེར། དེ་ལ་སྣ་ཚོགས་པདྨ་ནི་ཁ་མདོག་སྣ་ཚོགས་ཡོད་པའི་པདྨ་ཡིན། དེ་འདམ་ལས་སྐྱེས་ཀྱ་འདམ་གྱི་མ་གོས་པ་ལྟར། དེ་གདན་དུ་བྱེད་ལྷ་སྐུ་དང་དཀྱིལ་ཁོར་རྣམས་ཀྱང་འཁོར་བའི་སྐྱོན་གྱི་མ་གོས་པ་སོགས་མཚོན།
སྔགས་ཟེར་ན་ངས་མི་ཤེས་འགྲེལ་བཤད་ཞིག་གནང་རོགས་གནང་ཀླུ་སྨྱོན་ལགས། རང་ཉིད་ཡིད་དམ་ཞིག་ལ་འགྱུར་རྒྱུ་ཡོད་མེད་གནས་ཚུལ་མ་ཤེས་པར་ཁ་མདོག་འདྲ་མིན་སྒོམ་ན་བསྒོམ་དོན་སྟོར་བ་མ་རེད་པས།
གཉིས་ནས་དབང་ཐོབ་མྱོང་ཨེ་ཡོད། སྔགས་ཀྱི་འཇུག་སྒོ་ཨེ་ཤེས། འཇུག་སྒོ་ཡིན་པའི་རྒྱུ་མཚན་ཨེ་ཤེས། ཐུགས་རྗེ་གཟིགས་འགྲེལ་བཤད་ཞིག་སྐྱབས་འཇུག་ཡོད་པ། དངོས་གནས་ང་ནི་གདན་སར་དེ་ཙམ་བསྡད་མྱོང་ཡང་དེ་ཚོ་མ་ཤེས་པར་ངོ་རེ་གནོང་དགོས་པ་ཞིག་འདུག་རུང་། ཅི་བྱས།
སེམས་དཔའ་ཞེས་པའི་གོ་དོན་དེ་མ་ཤེས་དུས་སེམས་དཔའ་གསུམ་བརྩེགས་རྒྱུ་རང་ཡོད་དམ།
སྔགས་ཀྱི་ཁ་མདོག་ནི་ཁྱེད་ཀྱིས་ལྷ་བསྒྲུབས་སྐབས་ཀྱི་ཞི་རྒྱས་དབང་གྲག་གི་ལས་ལ་རག་ལས་ཡོད།
ཀླུ་སྨྱོན་གྱིས་ནམ་ཡིན་སྨྱོ་བཤད་ལ་མཁས་པ་ལས་སྒོམ་གྱི་སྐོར་ག་ལ་ཤེས། སྒོམ་ཟེར་བ་དེ་གོམས་པའི་དོན་ཡིན། གོམས་པའི་དོན་ནི་རང་སེམས་སུ་འདྲིས་བར་བྱེད་པའི་དོན་ཡིན།དེས་སྟབས་ཁྱེད་ཀྱིས་ཚེ་རིང་སྐྱིད་ཀྱི་གཟུགས་བརྙན་ཅི་ལྟར་ཁྱེད་ཀྱི་སེམས་ངོས་སུ་འདྲིས་བར་བྱེད་པ་དེ་སྒོམ་པའི་དོན་ནོ།དེ་མིན་སྤོབས་མཐའ་འདིས་སྙན་གྲགས་ཞིག་གི་ཆེད་དུ་གསར་བརྗེ་བ་དམར་སྲུང་དམག་མི་ཞིག་བྱེད་འདོད་པ་དེ་རེད། དང་པོ་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་ནས་གསར་བརྗེ་བྱེད་དགོས།དེའི་རྗེས་སུ་ཁྱེད་ཀྱི་ནང་མི་སྤུན་མཆེད་གསར་བརྗེ་དམར་སྲུང་དམག་ནང་དུ་ཞུགས་ཐབས་ལ་འབད་དགོས།དེའི་རྗེས་ནས་བོད་ཀྱི་རིག་གཞུང་རྙིང་དོར་དང་དངོས་གཙོ་དང་སེམས་གཙོ་བར་གྱི་གསར་བརྗེ་བྱས་ན་ཆོག
ཀླུ་སྨྱོན་ཁ་ལས་ལུད་པའི་མྱོས་ཆང་གིས།།
དྲྭ་འབུ་ཕལ་ཆེར་བཟིའམ་སྨྱོས་པ་སྟེ།།
འཁྱ་འཁྱོར་སྤོ་བའི་སྤོབས་མཐའི་གོམ་འགྲོས་དང་།།
མེ་དཀར་སོགས་ཀྱི་ལབ་བརྡོལ་འབྱིན་ལ་ལྟོས།།
གསང་བ་ཕལ་དུ་སྒྲོག་པའི་འུད་པོ་ཆེ།།
ཀླུ་སྨྱོན་གླལ་སྒྱིང་སྲིད་མཐར་ཆེར་བསྒྲགས་པས།།
འབྱུང་བོ་ཕལ་ཆེར་ཤིའམ་བརྒྱལ་བ་སྟེ།།
ཚུལ་འཆོས་བག་ཡོད་གོས་ཀྱིས་མཛེས་པར་བྱས།
མངར་ཆ་དམུར་བའི་ཁ་ཆུ་ལ་སྲེད་པའི།།
གྲོག་མའི་ཚང་སྒོ་སྣ་མང་བརྡོལ་བའི་གཞིར།།
བུ་རམ་མ་ཡིན་བུར་ཤིང་པགས་པའི་རོ།།
མྱོང་བའི་གཏམ་འདིས་བདག་བློ་ལྷོད་ཀྱིས་འཛུམ།།
ཧ་ཧ་ཧ་་་དྲྭ་གྲོགས་ཚོས་མུ་མཐུད་ནས་གླེང་ཡང་གསང་བ་ཕྱི་སྒྲོག་གི་ཉེས་པ་མི་འབྱུང་བ་འདྲ།
དགེ་ལུགས་པས་དངོས་གནས་མང་པོ་ཞིག་མི་ཤེས་པར་འདུག ཕྱི་ཁག་ལ་ཆོས་ཞིག་བཤད་ནའང་སྒྲིགས་ལམ་གཞི་པོ་གཅིག་ཁུར་ནས་ལབ་ཆོག་མིན་མང་པོ་ཞིག་བསམ། མ་ཟད་ལྐུག་པ་ཨུ་ཚུགས་ཀྱིས་བཅོམ་ལྡན་འདས་དང་སྔོན་འབྱོན་སྐྱེ་ཆེན་དམ་པ་རྣམས་ཀྱི་བཀའ་ལུང་དང་། ལམ་སྟོན་ཐོག་འགྲོ་གང་ཐུབ་བྱས། སློབ་མ་ཉིན་རེ་ནས་ཇི་ཉུང་སོང་། དངུལ་འབབ་ཉིན་རེ་ནས་འབོར་རླག་ལ་གྱུར། ཨ་ཁ་མི་ཤེས་ཐག་གཅོད་རེད། གཞན་སེམས་བསྲུང་བར་བཅོམ་ལྡན་འདས་ཀྱི་བཀའ་རེ་གཉིས་དང་འགལ་ནའང་མི་ཆོག་པ་ཅི་ཡོད་ན་བསམ་བཞིན་ཡོད། ཨ་ཁ་དེ་འདྲའི་ཨུ་ཚུགས་ལ་ཨང་།
དམ་ཚིག་པ་དང། ཡེ་ཤེས་པ་དང། ཏི་ངེ་འཛིན་གསུམ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སེམས་པས་ན་སེམས་དཔའ་ཞེས་བྱ་འོ།།
ཀླུ་སྨྱོན་ལགས
ཁྱེད་ཀྱིས་བཞག་པའི་པར་འདི་དཔའ་བོ་གཅིག་པ་ཡིན་པ་འདྲ།
ཁྱེད་པར་ཡུམ་ཡོད་མེད་ཀྱི་འབྱེད་པ་མིན།
སྐུའི་རྣམ་འགྱུར་དང་ཕྱག་མཚན་བསྣམས་སྟངས་ལ་ཁྱད་པར་ཡོད་ལགས
འདི་ལ་འཇམ་མགོན་བླ་མར་བརྒྱུད་པའི་མཐུན་མོང་མ་ཡིན་པའི་ལུགས་ཅིག་ཀྱང་ཡོད།
ཞི་ཁྲོ་བསྒྲགས་སྒྲུབ་ཀྱི་གནད་ཅིག་ཡོད་རེད།
དེ་སེམས་དཔའ་སུམ་བརྩེགས་དང་དེའི་སྙིང་ཁའི་ཧཱུྃ་ཞལ་བསྒྱུར་དགོས་པ་རེད།
བཅུམ་གསུམ་མ་དང་མི་འདྲ་བའི་གནད་མང་། འདི་ལ་གྲུབ་ཆེན་ལུགས་ཟེར།
ཞིབ་ཕྲ་བཤད་རྒྱུ་མིན།
གང་ཤེས་ཚང་མ་ཕྱི་ལ་བཤད་ཡ་མ་རེད་ལགས།
རྭ་ལོའི་རྣམ་ཐར་ནི་གསང་བའི་རྣམ་ཐར་གྱི་ལུགས་སུ་བརྩམས་ཡོད།
བསྐྱེད་རྫོགས་ཀྱི་སྒོམ་རིམ་མང་བོ་ཞིག
ཚིགས་བཅད་དེ་ཚོའི་ནང་ལ་བསྡུས་པའི་ཚུལ་གྱི་བསྟན་ཡོད་། བསྐྱེད་རྫོགས་ཁྲིད་མ་མྱོང་བ་ཞིག་ཡིན་ན་ལས་སླ་བོར་མི་གོ་ལགས།
ཁྱད་པར་དུ་རྫོགས་རིམ་གྱི་དཀའ་གནད་འགའ་ཤས་མཇལ་ཡ་ཡོད་།
ཞིབ་དུ་གཟིགས་རོགས།
ད་དེ་ཙམ་ཡིན་་་གང་མགྱོགས་བྲིས་པ་ཡིན་པས་ཡིག་ནོར་ཡོད་སྲིད། དགོངས་པ་མ་ཚོམ།
བློ་བཟང་ལགས་ཀྱིས་སེམས་དཔའ་ཞེས་པར་འགྲེལ་བཤད་གནང་བར་ཐུགས་རྗེ་ཆེ།
འོན་ཀྱང་སྔགས་ཀྱི་སྐད་དུ་སེམས་དཔའ་ཞེས་མི་བརྗོད་པར་རིག་འཛིན་ཅེས་བརྗོད་དགོས་པའི་ལུང་དེ་འདྲ་མང་དུ་མཐོང།
འདྲེན་པ།
སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ།
སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ།
འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ།
སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ།།
མི་དཔེ་ཡར་ལྟ་བྱ་ས་བྱས་ནས་གཞན་རྣམས་ཡར་འདྲེན་མཁན་དེ་གོ་བ་མིན་ནམ།
སེམས་དཔའ་གསུམ་བརྩེགས་དང་། སྐུ་གསུམ་ལམ་འཁྱེར་སྐོར་ལ་རྒན་ཀླུ་སྨྱོན་ལགས་ཀྱིས་འགྲེལ་བཤད་ཅིག་གནོངས་དང་། ཐུགས་རྗེས་གཟིགས།
དགེ་འདུན་རྒྱ་མཚོས་འགྲེལ་བཤད་ཅིག་གནང་སོང་འོན་ཀྱང་ཁག་ཅིག་གསང་བ་ཡིན་གསུངས་སོང། མ་གཞི་ནས་གསང་སྔགས་ཞེས་པའི་གོ་དོན་ནི། མི་གོ་ལོག་ལྟ་ཅན་ལ་གསང། སྐལ་ལྡན་དོན་ཡོད་ཅན་ལ་བསྔགས་ཟེར་བས། སྣོད་དང་མི་ལྡན་པ་ལ་གསང་སྔགས་ཀྱི་སྒྲ་ཡང་མི་སྒྲོག་གསུངས་ཡོད། འོན་ཀྱང་དེང་སང་གསང་སྔགས་ཀྱི་དཀྱིལ་འཁོར་དང་གསང་སྔགས་ཕྱག་རྒྱ་ཆེན་པོའི་ཕྱི་ནང་གསང་གསུམ་གྱི་དབང་རྣམས་སྣོད་ལ་བརྟག་པ་སོགས་གང་ཡང་མེད་པར་མི་མང་སྟོང་ཕྲག་མང་པོར་གནང་དང་གནང་བཞིན་ཡོད་འདུག་པས་དེ་ཚོར་དགོངས་པ་གང་འདྲ་ཞིག་བཞེས་ཀྱི་ཡོད་དམ། ཀླུ་སྨྱོན་གྱིས་འདིར་ཁ་དོག་ཙམ་གྱི་དྲི་བ་བཀོད་པ་ཙམ་ལ་དེ་ཙམ་གསང་དགོས་པའི་གནད་དེ་འདྲ་རང་ད་མི་འདུག་དྲན།
སྤྱིར་ཀླུ་སྨྱོན་འདི་ལ་ནང་ཆོས་ཀྱི་རྨང་གཞི་ཅི་ཡང་མི་འདུག་མོད།སྤྲུལ་སྐུ་རྫུན་མ་ཞིག་གི་གོ་གནས་འཕྲོག་སྟེ་མགོ་སེར་རྨོངས་དད་ཅན་ཚོར་དབང་བསྐུར་ཁུལ་བྱེད་ཀྱི་ཡོད།དབང་བསྐུར་བ་ལ་རང་ཉིད་རྡོ་རྗེ་སློབ་དཔོན་མཚན་ཉིད་ཕྱོགས་གཅིག་ཀྱང་མེད་པ་ད་ཐེངས་འདི་ནས་གསལ་འདོན་བྱས་འདུག
དང་པོ་སྒོམ་ཟེར་བ་དེའི་དོན་གང་ཡིན་མ་ཤེས་བར་གཞན་ལ་རྫོགས་ཆེན་སོགས་བཤད་ཁུལ་བྱས།ད་རུང་རིམ་གྱིས་བོད་ཀྱི་ནང་པའི་གྲུབ་མཐའི་བར་ཚིག་འཇམ་པོས་རྒྱང་ལ་སྐོར་ནས་དཀྲུགས་ཤིང་རེ་བྱས། དེའི་མཚམས་དེར་དམར་སྲུང་དམག་མི་ཁ་ཤས་ཞིག་གིས་གསར་བརྗེ་ཡི་སྐད་ཆ་བཤད། ཁ་སང་སྔོན་མ་ཞིག་ལ་ཡང་གྲུབ་མཐའི་རྙོག་འཛིངས་ཅན་གྱི་རྩོམ་འཆལ་ཞིག་བྲིས་སོང་། སྤྱིར་ཁ་བརྡའི་རྩོམ་སྒྲིག་པས་ཀླུ་སྨྱོན་གྱི་གང་དྲན་དྲན་བྲིས་པ་ཚང་མ་དྲ་ཐོག་ཏུ་ཕུད་པ་འདི་བཟང་ཕྱོགས་མ་རེད་སྙམ། ཀླུ་སྨྱོན་གྱིས་དེ་རིང་ཡིད་ལ་གང་དྲན་པ་ཚང་མ་ཁ་བརྡ་ཐོག་ཕུད་ཀྱི་ཡོད། འདིར་ལྟས་ཚེ་ཁ་བརྡ་ཟིན་བྲིས་འདི་ལ་མཐོང་མེད་པ་ཞིག་ཆགས་གྲབས་འདུག ཁ་བརྡས་ཀླུ་སྨྱོན་གྱི་རྩོམ་འཆལ་རིགས་ཚོད་འཛིན་བྱས་ན་ཁ་བརྡ་ལ་མཐོང་ཆེན་ཡོད་པ་སྔར་ལྟར་བསྡད་ངེས་རེད།བསམ་ཚུལ་འདི་ ནོར་འཁྲུལ་ཡོད་ཚེ་ཁ་བརྡའི་རྩོམ་སྒྲིག་པ་ལ་དགོངས་འགལ་མེད་པར་ཞུ།
གསལ་ལེ་རྒྱལ་ད་ཁྱོད་སྡོད། འུ་ཚོའི་ཕ་ཡུལ་ལ་ང་ལྟ་བུའི་བླ་མ་རྫུན་མ་མ་གཏོགས་བླ་མ་དངོས་མ་ཟིག་གི་བསོད་ནམས་གང་ན་ཡོད། ཁྱད་པར་དུ་ཁྱོད་ཚོ་བྱ་ཁོག་པ་ཚོར་དེ་འདྲའི་བསོད་ནམས་མེད་ནོ་ངས་ཤེས།
དོལ་འདྲེ་དེ་ཁ་ལ་འཁྱེར་ནས་ལས་དོན་མང་པོ་ཞིག་བསྒྲུབས་དང་སྒྲུབ་པ་བཞིན་ཡིན་ནའང་དེ་ནི་དགེ་ལུགས་པས་མཐུན་སྒྲིལ་ལ་གཏོར་ཤིག་གཏོང་བ་ཞིག་མི་འདོད། གནད་དོན་དེ་གཙང་བཟོ་བྱས་ནས་མི་ལོ་བཅུ་ཕྲག་ལྷག་སོང་ནའང་། ད་དུང་དེ་ཁ་ལ་འཁྱེར་ནས་དམིགས་བརྩེ་མ་མ་བཏོན། རྗེ་རིན་པོ་ཆེའི་དཔར་ཡོད་ན་གནོད་ལེ་ཟེར་བའི་བསམ་མེད་རེ་ཟུང་འདུག
ངས་ལྟས་ན་ཁྱད་པར་མི་འདུག ཁོང་རྣམ་པར་བོད་སྤྱི་ལ་ཕན་པའི་དམིགས་ཡུལ་ཞིག་ཡོད་སྲིད། ཡང་ན་བསམ་མེད་ཡིན་པར་ཆ་བཞག་ནའང་མ་འགྲིག་པ་མི་འདུག་སྙམ། གང་ལ་ཟེར་ན་སྤྱིར་ཆོས་རྒྱུད་ཚང་མའི་ནང་བསམ་ཡོད་མང་བས་སོ།།
འོན་ཀྱང་ང་ཚོས་ཀླུ་སྨྱོན་ལགས་ཀྱི་སྒེར་ལ་ཚིག་ངན་མ་ཞུ་ན་ཡག་པོ་འདུག དྲ་ཐོག་དེའི་སྟེང་ངོ་མདོང་གསལ་པོ་སྟོན་པ་ཁོང་མ་གཏོགས་མེད། ཁོང་ནས་དགེ་ལུགས་དགེ་བཤེས་ཞིག་ལ་ངོ་མདོང་ཐོག་འདྲི་ན་གཏན་གཏན་ལན་ཞིག་ཐོབ་ཡོང་།
ཡང་ན་སྒེར་གྱི་དྲ་རྒྱའི་ཐོག་ནས་གནང་དང་།
དགོངས་དག འོན་ཀྱང་ཞེས་བྲིས་ནོར་ཤོར་འདུག གོ་བ་ལོག་པ་མ་ལེན་གོང་གསལ་བཤད་བྱས་པ་ཡིན།
ཨ་ཁུ་ཀླུ་སྨྱོན་ལགས།ང་རང་གསལ་ལེ་རྒྱ་མིན།དེ་ཁྱེད་རང་ནོར་འདུག་སྟབས་ངས་ཁྱེད་ལ་གསལ་བཤད་བྱས་པ་ཡིན།ང་རང་གིས་བསམ་ཚུལ་དངོས་མ་དེ་བཤད་པ་ཡིན།ཁྱེད་ཀྱིས་གང་དྲན་དྲན་འབྲི་ཐུབ་ན་ངས་དེ་ལ་མི་འདོད་པའི་བསམ་ཚུལ་བཤད་ལོས་ཆོག ངས་བསམ་ན་ཁྱེད་ཀྱིས་ནམ་ཡང་གྲུབ་མཐའི་བར་གྱི་ཚིག་འགའ་ཁྱེར་ནས་ཡོང་གི་འདུག འདིས་ཁྱེད་ལ་སྐྱིད་པོ་ཞིག་ཡོང་གི་འདུག་གམ། དེ་ཡིན་ན་བོད་ཀྱི་གྲུབ་མཐའ་བཞིའི་ལྟ་བའི་ཕྱོགས་ཀྱི་མི་མཐུན་ས་གཙོ་བོ་གང་ཡིན་དང་ཅི་ཞིག་ལ་མ་མཐུན་པ་གསལ་བོར་བཤད་རོགས། རྗེས་ནས་ངས་ཁྱེད་ལ་བགྲོ་གླེང་བྱས་ཆོག་ལ། དེ་མིན་དོན་མེད་ཀྱི་རྙོག་འཛིངས་རིགས་ཁྱེར་མ་ཡོང་།
ཨོ། གསལ་ལེ་རྒྱལ་ཁྱོད་གཉིས་སྡོད་སའི་རྒྱལ་ཁབ་དང་གྲོང་ཁྱེར་སྲང་ལམ་ཚུན་ཆད་གཅིག་པ་རེད་འདུག་པས་ངས་དེ་ལྟར་བྲིས་པ་ཡིན། ད་ཡིན་ན་ཁྱེད་གཉིས་ཤག་རོགས་ཡིན་ས་རེད། རེད་པ།
ཁ་བརྡ་དྲ་རྒྱ་ནང་དུ་གསར་འབྱོར་བའི་ཐོབ་ཐང་དང་རང་བཙན་གཙང་མའི་སྐོར་རྩོད་སྐབས་ཅོ་རི་ཉི་མ་མིང་ཅན་གྱིས་གཙོས་པའི་དྲ་མི་རྣམས་གཅིག་རྒྱབ་གཉིས་ལང་དང་གཅིག་ལས་གཅིག་ངར་རེད་འདུག འོན་ཀྱང་བོད་ཀྱི་རིག་གཞུང་ངོ་མ་ནང་ཆོས་དང་འབྲེལ་བའི་དྲི་བ་སླེབས་སྐབས་ལན་ཐད་ཀར་མེད་པར་གང་ཟག་གི་མི་གཞི་ལ་སྙད་འདོགས་རྐྱང་བྱེད་བཞིན་འདུག སྔ་མོ་ཡིན་ན་ཁ་བརྡ་དྲ་རྒྱ་བལྟས་ནས་བློ་སྐྱེད་མང་པོ་འཕེལ་མྱོང་། ལོ་ཤས་གཅིག་ནས་དབུ་རང་དང་། ཆོལ་ཕྱོགས། གསར་རྙིང་རྩོད་པ་འཁྲུགས་ཆེས་ནས་ཕྱོགས་འཐེན་གྱི་རྣམ་རྟོག་འཕེལ་སོང་།
ཀླུ་སྨྱོན་གྱི་དྲི་བར་ལན་ཐད་ཀར་འབྲི་ཤེས་པ་ཨེ་ཡོད་ན། དེ་ཀློག་སྙིང་འདོད་ཀི
རྒྱ་གར་བའི་ཤཀྱའི་ཆོས་ལུགས་ཀྱི་རིག་གནས་འདི་བོད་ཀྱི་རིག་གཞུང་ངོ་མ་ཞིག་ཡིན་པར་ངོས་ལེན་མེད། ས་དིང་བྷ་བྷ་རྫུན་རྐྱལ་བ་ཚོའི་བཤད་ཚོད་ཐམས་ཅད་ལ་བདེན་དཔང་སུ་ཀྱང་བྱེད་ཐུབ་ཀྱི་མ་རེད།།
ང་ནི། དགེ་ལུགས་པ་གཙང་མ་ཅིག་མིན་ཡང་། རིས་མེད་ཅིག་ཡིན་མདོག་བྱེད་བགྱིན་ཡོད་ལགས།
ཁ་བརྡ་དྲ་བ་ནི་བོད་མི་ཚོའི་རང་འཁྲུག་བྱེད་སའི་གཡུལ་ས་ཞིག་དུ་གྱུར་འདུག་པས་རབ་ཡིན་ན་ཁ་བརྡ་དྲ་སྒོ་བརྒྱག་རོགས་གནང་། ཞེས་ཁ་བརྡ་ཚང་གི་ཀློག་མཁན་དཀར་སྲས་ནས།
ད་ང་ལ་དགོས་པའི་ལན་དེ་མི་འདུག ད་ངས་དྲི་བ་འདི་བསུབ་ཀི་ཡིན།
མ་གཞི་ནས་ཀླུ་སྨྱོན་གྱི་དྲི་བ་ཁ་གསལ་བོ་མ་རེད། ཏིང་ངེ་འཛིན་སེམས་དཔའི་མཐའ་ལ་རྩ་སྙིང་ཉེ་གསུམ་གྱིས་སྐོར་ཚུལ་དང་དེའི་ཁ་དོག་ཅི་ཡིན་དྲིས་འདུག དེ་འདྲ་ཞིག་མེད།
སྙིང་ཁར་འཁོར་ལོ་སྒོམ་ཚུལ་ཞིག་ཡོད།
ཁོ་དེ་ལ་འཁྲུག་བསྡད་ཡོད་པ་འདྲ།
དེ་ནི་འཁོར་ལོ་སེར་པོ་དང་དྷི་ཡིག་དང་སྔགས་གསུམ་ཀྱི་ཁ་དོག་སེར་བོ་གསེར་བཙོ་མ་ལྟ་བུ་ཡིན།
རང་ཉིད་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག་དུ་སྒོམ་པ་ནི་དམ་ཚིག་སེམས་དཔའ་ཡིན།
དེའི་ཐུགས་ཀར་འཇམ་དཔལ་སེར་བོ་སྒོམ་པ་ནི་ཡེ་ཤེས་སེམས་དཔའ་ཡིན།
དེའི་ཐུགས་ཀར་ཧཱུྃ་ཡིག་མཐིང་ག་སྒོམ་པ་ནི་ཏིང་ངེ་འཛིན་སེམས་དཔའ་ཡིན།
དེ་པདྨ་དང་ཉི་མ་ཟླ་བའི་སྟེང་དུ་སྒོམ་པ་ཡོད་ཀྱང་སྔགས་འཁོར་སྐོར་ཚུལ་མེད།
ཁྱེད་རང་འཁོར་ལོ་སྐོར་ཚུལ་དང་ནོར་བ་འདྲ། ཞིབ་དུ་གཟིགས་རོགས་གནང་། ཏིང་ངེ་འཛིན་སེམས་དཔའི་མཐའ་ལ་སྔགས་ཕྲེང་གསུམ་གྱིས་སྐོར་ཚུལ་ག་བ་ན་གསུངས་འདུག དེ་མེད་ན་ཁ་དོག་ཅི་ཡིན་རི་བོང་གི་རྭ་རེད་ལགས།
འཁོར་ལོ་སྒོམ་ན་ལྟེ་བར་དྷི་ཡིག་དང་བར་དུ་ཉེ་སྙིང་། དེའི་མཐའ་ལ་སྙིང་བོ། དེའི་མཐའི་མུ་ཁྱུད་ཀྱི་སྟེང་དུ་རྩ་སྔགས་བཀོད་པ་རེད། དེ་བཞི་ཀ་ཡང་གྱེན་འགྲེང་དང་ཁ་དོག་སེར་བོ་འོད་ཟེར་དང་བཅས་པ་རྩུབས་ལ་མ་རེག་ཙམ་དུ་སྒོམ་པ་དང་རེག་ནས་ཞི་རྒྱས་དབང་དྲག་གི་ལས་སྒྲུབ་ཚུལ་སོགས་མང་བོ་སྒོམ་པ་ཡོད་རེད།
མལ་དོ་བའི་བདེ་མཆོག་གི་རྣལ་འབྱོར་བཞི་རིམ་ན་པད་འདབ་བཞི་བཀོད་པའི་སྟེང་དུ་རྩ་སྔགས་བསྡུ་རིམ་བྱེད་ཚུལ་གྱི་མན་ངག་ཡོད།
དེ་རྡོ་རྗེ་འཇིགས་བྱེད་དང་མཐུན་མཚམས་སྦྱོར་ཚུལ་མེད།
ཡ་ཡ་རྗེས་ནས་བཤད་ཆོག་
སྐབས་འདིའི་གསང་སྔགས་་ཀྱི་གསང་བ་ནི་སྣོད་མིན་ལ་གསང་བས་ན་གསང་བ་ཟེར་བ་རེད།
ཁྲོམ་སྒྲོག་བྱེད་ཆོག་མིན་གྱི་སྐད་ཆ་མ་རེད།
མཚན་ཉིད་མ་ཚང་ན་མི་གཅིག་ཡིན་ཡང་དབང་སྐུར་ན་ཕན་ཐོག་ཡོད་མ་རེད།
བླ་མའི་རྟོགས་པ་མཐོ་པོ་ཡིན་ན་གདུལ་བྱ་ཅི་ཙམ་མང་བ་དེ་ཙམ་ལ་དབང་བསྐུར་བྱེད་ཆོག་པ་རིག་པས་འགྲུབ་ངེས་རེད།
མ་དད་པ་རྣམས་ལ་ནི་བཤད་ཡ་ཅི་ཡང་མེད་ལགས།
དངོས་གནས་དྲང་གནས་ཀྱི་གསང་བ་དེ་ནི་སོ་སོས་ཉམས་ལེན་བྱས་པ་ལ་བརྟེན་ནས་ཉམས་དང་རྟོགས་པ་འཕེལ་རིམ་བཞིན་དུ་ཧ་གོ་དགོས་རྒྱུ་ཞིག་རེད། དེ་འདྲའི་གསང་བ་དེ་ནི་བསྐལ་ལྡན་རེ་ཟུང་གིས་མ་གཏོགས་ཤེས་རྒྱུ་དང་རྟོགས་རྒྱུ་ཁག་པོ་ཡིན་འགྲོ། རྩ་བ་ཟབ་དཀར་རྒྱ་མཚོའི་ཉག་མར་སྦས། གསུངས་ཡོད་ལེ་རེད། གཞན་གསང་བ་ཁྲོམ་བསྒྲགས་མ་བྱེད་ཟེར་ཡ་འདི་ཚོ་ནི་གསང་བ་ཆུང་ཆུང་དེ་ཚོ་ཡིན་པ་འདྲ། །
དྲ་གྲོགས་ཀླུ་སྨྱོན་ཧེ་རུ་ཀའི་སེམས་པ་གསོ་བའི་ཕྱིར་དང་བཞེད་པ་བསྐོང་བའི་ཕྱིར་འདི་ལྟར་སྨྲའོ།།
བླ་མ་ལྷ་ལ་ཕྱག་འཚལ་ལོ།།
རྩ་གསུམ་ལྷ་ཡི་གནང་བ་སྩོལ།།
ཏིང་འཛིན་སེམས་དཔའི་ཁ་དོག་ནི།།
གང་བསྒོམས་དེ་དག་གི་ཡང་ངོ་།།
ཉལ་འགྲེང་སྟབས་ནི་རང་མོས་སྦྱར།།
བཟླས་པའི་རིམ་པས་ཕྱི་ནས་ནང་།།
བསྐོར་བ་ཞལ་ཤེས་མན་ངག་སྟེ།།
འདི་ལས་གསལ་བ་སྨྲར་མི་བཏུབ།།
གོ་བ་ཅན་ཞིག་འདིར་མཆིས་ན།།
འདི་ག་ཙམ་གྱིས་ཆོག་པ་ལས།།
ཕྱོགས་འགྲོའི་གོ་བ་ཙམ་མེད་ན།།
རེེ་ཞིག་ངལ་གསོ་བྱས་ན་བདེ།།
དོ་དགོང་ཕྱིས་པོར་ཁ་བརྡར་བལྟས་པས་མཆན་ཉག་ཉོག་ཧ་ཅང་མང་པོ་བཏབ་པ་མཐོང་རྐྱེན་སེམས་པས་མ་བཟོད་པར་འདི་འདྲ་ཞིག་ཁྲོམ་བསྒྲགས་སུ་བྲིས་ཤོར་བས་རྩ་གསུམ་ལྷ་ལ་མཐོལ་ལོ་བཤགས་སོ།།
༧༦༽ དགེ་འདུན་རྒྱ་མཚོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༧ གི་ཆུ་ཚོད་ ༡༦ སྐར་མ་ ༠༤
མ་གཞི་ནས་ཀླུ་སྨྱོན་གྱི་དྲི་བ་ཁ་གསལ་བོ་མ་རེད། ཏིང་ངེ་འཛིན་སེམས་དཔའི་མཐའ་ལ་རྩ་སྙིང་ཉེ་གསུམ་གྱིས་སྐོར་ཚུལ་དང་དེའི་ཁ་དོག་ཅི་ཡིན་དྲིས་འདུག དེ་འདྲ་ཞིག་མེད།
སྙིང་ཁར་འཁོར་ལོ་སྒོམ་ཚུལ་ཞིག་ཡོད། ཁོ་དེ་ལ་འཁྲུག་བསྡད་ཡོད་པ་འདྲ། ་་་་་་ཟེར།
རང་ཉིད་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག་དུ་སྒོམ་པ་ནི་དམ་ཚིག་སེམས་དཔའ་ཡིན།
དེའི་ཐུགས་ཀར་འཇམ་དཔལ་སེར་བོ་སྒོམ་པ་ནི་ཡེ་ཤེས་སེམས་དཔའ་ཡིན།
དེའི་ཐུགས་ཀར་ཧཱུྃ་ཡིག་མཐིང་ག་སྒོམ་པ་ནི་ཏིང་ངེ་འཛིན་སེམས་དཔའ་ཡིན།
དེ་པདྨ་དང་ཉི་མ་ཟླ་བའི་སྟེང་དུ་སྒོམ་པ་ཡོད་ཀྱང་སྔགས་འཁོར་སྐོར་ཚུལ་མེད།
ཁྱེད་རང་འཁོར་ལོ་སྐོར་ཚུལ་དང་ནོར་བ་འདྲ། ཞིབ་དུ་གཟིགས་རོགས་གནང་། ཏིང་ངེ་འཛིན་སེམས་དཔའི་མཐའ་ལ་སྔགས་ཕྲེང་གསུམ་གྱིས་སྐོར་ཚུལ་ག་བ་ན་གསུངས་འདུག དེ་མེད་ན་ཁ་དོག་ཅི་ཡིན་རི་བོང་གི་རྭ་རེད་ལགས། ་་་་་་་ཟེར།
ནོར་བཅོས།:
རྩ་གསུམ་ལྷ་ཡིས་གནང་བ་སྩོལ།།
དེའི་ཐུགས་ཀར་ཧཱུྃ་ཡིག་མཐིང་གའི་མཐའ་སྐོར་དུ་ཉེ་སྙིང་དང་། སྙིང་པོ། རྩ་སྔགས་བཀོད་ན། ཀློག་མི་ཐུབ་ཅིག་མོས་སྒོམ་རང་བྱ་རྒྱུ་ལས་ལྷག་མི་འདུག་པས། དྲི་བའི་ནང་གི་རུས་སྦལ་གྱི་སྤྱུ་རིང་པོ་དེ་དག་གི་ཁ་དོག་གང་ཡིན་དྲིས་པ་དང་མཚུངས་མི་འདུག་གམ། ལགས།
གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །
དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །
གདུལ་དཀའ་འདུལ་བའི་དོན་མཛད་པ། །
རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཞེས་པ་འདི་སྐུ་པར་གྱི་གཤམ་དུ་འདི་འདྲ་ཅིག་བྱུང་ན། ཁ་བརྡ་ཡང་བྱིན་རླབས་ཅན་དུ་འགྱུར་ངེས་འདུག་གོ། །།
དྲ་གྲོགས་དགེ་འདུན་ལ་ཐུགས་རྗེ་ཆེ་ཞུའོ།།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བདག་འཛིན་གཏོར་ཆེད་ཡིན་པས་ན། དེ་ལས་ལྡོག་པའི་རྩོད་པ་ཆོས་ཀྱི་དགྲ་ཡིན་ནོ།
དགེ་འདུན་རྒྱ་མཚོའི་ལན་འདིས་འཐུས་པ་འདུག ཁ་བརྡ་ཟེར་ན་དེ་འདྲ་དགོས་འདུག བློ་སྐྱེད་འདུག་
དྲ་གྲོགས་རྣམས་ལ་འདྲི་རྒྱུ།། རྙིང་མས་བཤད་ན་ཕུར་པ་མཐུ་ཆེ་ཟེར། གསར་མས་བཤད་ན་འཇིགས་བྱེད་མཐུ་ཆེ་ཟེར། རྭ་ལོའི་རྣམ་ཐར་ཏུ་ཕུར་བའི་རྣལ་འབྱོར་པ་ལང་ལབ་ཐེངས་གཉིས་རྒྱལ་ཀྱང་ཐ་མར་བསྒྲལ་ཟེར། ལང་ལབ་རྣམ་ཐར། པུར་པའི་ཆོས་འབྱུང་། རླངས་ཀྱི་གདུང་རབས་སོགས་སུ་རྭ་ལོ་ཕམ་པ་དང་ལང་ལབ་ཚེའི་རིག་འཛིན་བརྙེས་ནས་མི་རབས་མང་པོར་བཞུགས་ཟེར། ཏཱ་ར་ནཱ་ཐས་ལྷ་ཡེ་ཤེས་པ་ལ་མཐུ་བཟང་ངན་མེད། ལྷ་འགྲས་ལྷ་འཁྲུགས་ཀྱང་མེད། མཐུ་བཟང་ངན་སྒྲུབ་པ་པོའི་ཏིང་འཛིན། བརྩོན་འགྲུས། དམ་ཚིག་དང་། མན་ངག་གནད་དུ་འབྱོར་མིན་ལ་ཐུག་ཟེར། བཤད་ཚུལ་དེར་འཐད་པ་ཡོད་དམ།
ཀླུ་སྨྱོན་ཧེ་རུ་ཀ་ལ་ཞུ་བ། འཇིགས་བྱེད་ཤེས་དགོས་ན་རྭ་པོད་དང་དཔལ་པོད་ངེས་པར་མཇལ་དགོས། ལོ་རྒྱུས་ཤེས་དགོས་ན་ཏཱ་ར་ནཱ་ཐའི་འཇིགས་བྱེད་ལོ་རྒྱུས་ལ་གཟིགས། དེ་ལས་བཤུས་པ་འཇམ་བཞད་འཇིགས་བྱེད་ཆོས་འབྱུང་ཡང་ཡིག་སྣ་བདེན་རྫུན་ཅི་རིགས་པ་འདུ་ཆེ། དགྲ་ནག་འཇིགས་གསུམ་ཕན་ཚུན་གྱི་མན་ངག་གུང་སྒྲིགས་མ་ཤེས་ན་འཇིགས་བྱེད་ཀྱི་ཕྱག་ཞབས་ཀྱི་དག་པ་སྦྱར་བ་ལྟར་ལམ་སྤྱིའི་འགྲོས་དང་འགལ་བའི་ཨུ་ཚུགས་བཙན་སྦྱོར་མང་། མདོར་ན་བསྐྱེད་རྫོགས་ཀྱི་གནད་མང་པོ་ཞིག་འཇམ་དཔལ་མཚན་བརྗོད་དུ་ཡོད་པས་པ་ཕའི་ཁ་དོན་ནོ་སྙམ་པའི་མཐོང་ཆུང་མི་བྱ། མི་ལ་རས་པ་མཐུ་ཡི་གྲགས་པ་འབར་རྙིང་མའི་དྲག་སྔགས་གཟའ་གདོང་དམར་ནག་རེད།དེའང་འཇིགས་བྱེད་དམ་གཤིན་རྗེའི་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་མན་ངག་གུད་དུ་སྦས་པ་རུ་མཚོན་དམར་ནག་དང་ཀི་ཀང་དམར་པོའི་ལས་མཐའ་ལགས། འདི་ཤེས་པར་འདོད་ན་རྙིང་མ་དང་འབྲི་གུང་གི་བླ་མ་ཞིག་ཚུལ་བཞིན་ཡུན་རིང་པོར་བརྟེན་ཅིང་། བླ་སློབ་འབྲེལ་བ་ཡག་ན་ཐོབ་ཡོང་། སྤྱི་ལ་ཁྱབ་པའི་བྱིན་རླབས་ལ་དེ་ཙམ་བཀའ་དོག་པོ་རང་མེད། ཤིན་ཏུ་གསང་བའི་སྐོར་ནི་མན་ངག་ཆིག་བརྒྱུད་ཡིན་པས་སུ་ཡིན་ཡིན་གྱིས་ཐོབ་པ་ཞིག་མ་རེད།
འདྲི་བ་དང་ལན་གཉིས་མཐུན་པར་དགའ་པོ་བྱུང་། ཐུགས་རྗེ་ཆེ།
དྲི་མེད་ལྷག་བསམ་ལགས་ཐུགས་རྗེ་ཆེ། ད་ངས་མཐུ་ཞིག་བསྒྲུབ་འདོད་འདུག སྙིགས་དུས་སུ་མཐུ་མེད་ན་དྲ་འབུ་འབུ་ལི་འདྲ་བ་ཚོས་ཀྱང་བརྙས་བཅོས་བྱེད་ཀི དྲ་འབུ་ཁ་ཆིངས་ཀྱི་མཐུ་ཞེས་པ་ཞིག་ཡོད་རབས་འདུག་པས་ཉིད་ཀྱིས་མཁྱེན་ནམ། རྭ་པོད་དཔལ་པོད་གཉིས་ལ་ནམ་ཡང་མཇལ་མ་མྱོང་། གོང་དུ་ཞུས་པ་ལྟར་ལོ་མང་སྔོན་ལྷུན་གྲུབ་པཎཌཏིའི་འཇིགས་བྱེད་བསྐྱེད་རྫོགས་ལན་འགའ་མཇལ་མྱོང་ཡང་དེང་སང་ཤུལ་མེད་རེད། འཇམ་དཔལ་མཚན་བརྗོད་ལ་ང་འདྲ་བོ་ཤེས་རབ་འཆལ་བ་ཞིག་གིས་སོ་སེན་མོ་མི་ཚུགས་ཀི འཇལ་དཔལ་མཚན་བརྗོད་ནི་འགྱིག་གིས་བཟོས་པའི་མདོ་སྡེ་ཞིག་རེད། ཡར་མར་གང་ལ་འཐེན་ན་འཐེན་ས་འགྲོ་གི འཇིགས་བྱེད་ལ་དེ་འགྲོ་གི དུས་འཁོར་ལ་དེ་འགྲོ་གི ཇོ་ནང་སྒྲོལ་མགོན་གྱི་འཇིགས་བྱེད་ཆོས་འབྱུང་གི་ཉེ་ཆར་རག་བྱུང་ཡང་ད་ལྟ་ཀློག་རྒྱུ་མ་བྱུང་། ས་མཐའ་ནས་རྙིང་མ་དང་བཀའ་བརྒྱུད་པའི་བླ་མ་ཚད་ལྡན་དེ་འདྲ་ལས་སླ་བོར་མི་མཇལ་གི
མཆན། ༨༠༽
བླ་མ་ལྷ་ལ་ཕྱག་འཚལ་ལོ།།
རྩ་གསུམ་ལྷ་ཡི་གནང་བ་སྩོལ།།
ཏིང་འཛིན་སེམས་དཔའི་ཁ་དོག་ནི།།
གང་བསྒོམས་དེ་དག་གི་ཡང་ངོ་།།
ཉལ་འགྲེང་སྟབས་ནི་རང་མོས་སྦྱར།།
བཟླས་པའི་རིམ་པས་ཕྱི་ནས་ནང་།།
བསྐོར་བ་ཞལ་ཤེས་མན་ངག་སྟེ།།
འདི་ལས་གསལ་བ་སྨྲར་མི་བཏུབ།།
གོ་བ་ཅན་ཞིག་འདིར་མཆིས་ན།།
འདི་ག་ཙམ་གྱིས་ཆོག་པ་ལས།།
ཕྱོགས་འགྲོའི་གོ་བ་ཙམ་མེད་ན།།
རེེ་ཞིག་ངལ་གསོ་བྱས་ན་བདེ།།
འདིས་མ་གོ་ན་སྣོན་པ་མི་བཏབ། ཀླུ་སྨྱོན་ལགས། ཁྱེད་ཀྱི་དྲི་བའི་ལན་དངོས་ལྷུན་གྲུབ་པཎྜིཏའི་གསུང་ལས་བདུན་པ་ཆེན་པོའི་དེ་གསལ་བ་་འདུག
མདོ་སྔགས་སེམས་གསུམ་གྱི་དཔེ་ཆ་ཁག། དབང་ལུང་ཁྲིད་གསུམ་མེད་པར་དེ་འདྲ་གང་བྱུང་བྱུང་དུ་ཀློག་ཆོག་ཆོག་ཅིག་ཡོད་རབས་མེད། ཡིན་ནའང་དེང་སང་མི་ཚོས་ཚགས་དཔར་དང་དུས་དེབ་ཀློག་ཀློག་བྱེད་ཀྱི་ཡོད་བཟོ་རེད། དེས་མཐུ་དང་ནུས་པ་གཟི་བྱིན་རྒྱས་ཟེར་བ་རི་བོང་གི་རྭ་དང་གཅིག་པ་ཡིན་འགྲོ། །
འདོད་ཆགས་ལངས་པས་མཚན་མ་གྱེན་དུ་འགྲེངས།།
ཞེ་སྡང་འཁྲུགས་པས་མཚོན་ཆས་གསོད་གཏུབ་བྱེད།།
གཏི་མུག་མུན་པས་དུད་འགྲོའི་མགོ་བོ་སྐྱེས།།
སྲོག་ཆགས་འདི་ཉིད་མཐོང་ན་འཇིགས་པ་སྐྱེད།།
ཧིན་དྷུ་གླང་དད་ཅན་གྱི་མཆོད་ཁྲི་ནས།།
གླང་མགོ་ཅན་གྱི་འཇིགས་བྱེད་སྣང་བརྙན་འདི
གངས་ཅན་བོད་མིའི་སྒོམ་ཞིང་མཆོད་པ་ལས།།
སངས་རྒྱས་གོ་འཕངས་ཐོབ་པར་རེ་བ་འཁྲུལ།།
ཤཱཀྱ་ཐུབ་པས་བཀག་པ་ཕལ་མོ་ཆེ །
ཤཱཀྱ་ཐུབ་པས་གནང་བ་ལ་བརྫུས་པའི།།
མན་ཏྲ་ཡ་ནའི་ལྷ་མཆོད་རིང་ལུགས་འདིས།།
བསྟན་པ་བཤིག་པ་ཙམ་ཞིག་གཞན་གྱིས་མིན།།
བདེ་གསང་འཇིག་བྱེད་རྙིང་རྒྱུད་གསང་སྙིང་སོགས།།
རྒྱུད་སྡེ་རྣམས་ཀྱི་གླེང་གཞི་ལ་ལྟོས་དང་།།
ཤཱཀྱ་ཐུབ་པས་གསུངས་པའི་རྒྱུད་སྡེ་ཞིག །
རྙེད་ན་བདག་གི་མགོ་བོ་དེ་རིང་གཅོད།།
རྒྱུད་སྡེ་རྣམས་ཀྱི་འབྱུང་ཁུངས་ཕལ་མོ་ཆེ།།
རྒྱ་གར་ནུབ་ཕྱོགས་ཨོ་དི་ཡ་ན་དང་།།
རྗེས་སུ་ཤར་ཕྱོགས་ཀ་ལིང་ཀ་ནས་བྱུང་།།
ཡུལ་དེར་སྟོན་པས་ཞབས་ཀྱིས་བཅགས་མ་མྱོང་།།
སྟོན་པ་འདས་ནས་མི་ལོ་སུམ་བརྒྱའི་ནང་།།
བཀའ་ཡི་བསྡུ་བ་རིམ་པ་གསུམ་ལ་བྱས།།
གསང་བ་སྔགས་ཀྱི་རྒྱུད་སྡེ་ཤོག་ལྷེ་གཅིག །
བསྡུས་པའི་ལོ་རྒྱུས་མེད་འདི་ཅི་ཞིག་ནོངས།།
ལྷ་སྐུ་འཇིགས་སྣང་ཅན་དེ་ཆུ་ལ་སྐྱུར།།
སྔགས་ཚིག་ལོག་སྐད་ཅན་དེ་མེ་ལ་སྲེགས།།
ཧིན་དྷུའི་ལྷ་མཆོད་རིང་ལུགས་ལྷག་ལུས་འདི།།
ཤཱཀྱ་ཐུབ་པའི་ལུགས་དང་མཐུན་མ་ཡིན།།
ད་ཡིན་ན་་་་ཨོ་ཕྱི་མེ་བཀྲ་་་་བཞི་པོ་གང་དུ་ཡོན་ནའང་ཐོན་ཤོག་ཨ། ཡང་མ་གོ་མ་ཐོས་མདོག་མདོག་བྱས་ནས་སྡོད་མ་ཡོང་མ་གཏོགས། དེང་སང་བན་རྒན་འདི་ཚོ་ལ་འགྱུར་བ་གང་ལ་གང་མཚམས་ཤིག་ཕྱིན་འདུག། དངོས་གནས་ཁྱད་མཚར་པོ་རེད། །
ང་ཡོད།
ཀླུ་སྨྱོན་གྱིས་དགའ་ལྡན་ཁྲི་བར་འདྲི་དགོས་པའི་འདྲི་ཚིག་ཅིག་གྲྭ་བ་བན་དེ་ལ་དྲིས་བས་རང་མཚང་དང་གཞན་མཚང་ལྷིང་ལ་ཕུད་ནས་མི་གཙང་བའི་སྡིག་གཏམ་ཕོག སྤྱིར་ཁ་བརྡ་ནང་གི་མི་ཐམས་ཅད་ལ་དེ་འདྲའི་ཡོན་ཏན་ཞིག་ག་ལ་ཡོད། ཡོན་ཏན་མེད་པ་དེའི་སྟེང་ཉོན་མོངས་དུག་གསུམ་དང་ཆོས་བརྒྱད་ཀྱི་འདམ་ནས་མ་ཐར་བར་དབུལ་ཞིང་ཕོངས་བར་ལྷག་ཡོད། ༧གོང་ས་མཆོག་དང་དགའ་ལྡན་ཁྲི་བ་ཁ་བརྡ་ནང་དུ་གཏན་ནས་མི་ཡོང་བའི་རྒྱུ་མཚན་ཡང་དེ་རེད།
སྔགས་འདི་ཚོ་སྟོན་པས་མ་གསུངས་ནའང་ཆོག ཡིན་ནའང་བདག་ཅག་ལ་སྟོན་་པ་ཡོད་ཅིང་དེས་བསྟན་པའི་ཆོས་དྲི་མ་མེད་པ་སྟཔ་ཡོད་པས་ཞེ་བློ་བདེ།
སྤ྄ོབས་པའི མཆན་གོ་བཞི་པ་དེ་ཁ་བརྡའི་ནང་མརྩོམ་གྱི་ཚུལ་དུ་བཀོད་ན་བདག་ཅག་རྣམས་བགྲོ་བར་བྱའོ།།
དེ་ནས་ལྷ་མཆོད་ཀླུ་མཆོད། ཆོས་སྲུང་མདའ་ཐོག་མདུང་ཐོག་དེ་ཚོར་དོན་དང་མཐུན་པའི་འགྲེལ་བཤད་ཅིག་རྒྱག་མི་ཐུབ། ཕྱི་རྒྱལ་བ་ཚོར་འཇིགས་སྣང་ཡང་བསླངས་མི་ཐུབ། རྭ་མ་ལུག་གི་གཟུགས་བརྙན་དེ་དག་གིས་༧གོང་ས་མཆོག་གིས་འཚེ་མེད་ཞི་བདེ་ལམ་ལ་འགྲེལ་བཤད་ཀྱང་རྒྱག་ཁག་པོ་ཆགས་འདུག དེ་བས་མ་འོངས་བའི་གནས་སྐབས་ན་འཇིགས་སུ་མི་རུང་བའི་འཇིགས་བྱེད་མཚོན་བྱེད་འདི་དག་དོར་ནས་དངོས་གནས་འཇིགས་སུ་རུང་བའི་ཡོན་ཏན་དང་མཚོན་ཆ་བཞེངས་དགོས།
རྡུལ་ཕྲན་མཚོན་ཆ་ལྟ་བུ་སོགས་ནི་དངོས་གནས་འཇིགས་བྱེད་ཀྱི་མཚོན་བྱེད་རེད།
གླང་ངུའི་འགོ་ནས་མེ་འབར་དུ་བ་འཕྱར།
འདོམས་ཀྱི་བདག་པོ་མི་ཡི་ལང་ག་འདྲ།
གང་ནས་བལྟས་རུང་དུད་འགྲོ་འདྲ་བ་འདིས།
སྐྱེ་རྒུའི་མགོན་ཏུ་གྱུར་འདི་ཀྱེ་མ་འོ།
འཇིགས་སུ་རུང་བ་མཚོན་འདོད་ན།
དུས་དང་མཐུན་ནས་མཚོན་ན་མཛེས།
མཐུ་དང་དངོས་གྲུབ་སྦྱིན་འདོད་ན།
ཀུན་དགའ་དོན་འགྲུབ་ཆར་ལྟར་ཕོབས།
སྟོན་པ་ཡོད་དེ་རྡོ་སྐུ་མང་པོ་ཡོད་པའི་ཕྱིན་ཟེར་རྒྱུ་ཡིན་ནམ། ཡང་ན་སྟོན་པ་ཀུན་ཏུ་བཟང་པོ་གང་དུ་ཡོད་སྟོན་ཤོག། དེ་གལ་ཆེ་ཤོས་རེད་ད། ཡང་ན་ཏུན་ཧོང་སོགས་ཀྱི་ཡིག་རྙིང་ཁག་གི་ནང་དུ་མིང་ཙམ་ཡང་མཐོང་རྒྱུ་མི་འདུག་ལབ་རྒྱུ་ཡིན། ད་འདིར་དོན་མེད་རྩོད་འདོད་མེད། བགྲོ་གླེང་ཡག་པོ་ཞིག་འགྲོ་བཞིན་འདུག་པས་ཁོང་རྣམ་པ་ལ་བར་ཆད་མི་བྱེད། །
སྔགས་ལ་རྩོད་པ་དང་མོས་པ་གཉིས་ཀྱི་ནང་ན། མོས་པ་གཙོ་ཆེ་བ་ཡིན་པ་ཐོས། ངའི་མངོན་འགྱུར་ལ་ཡང་དེ་ལྟ་བུ་ཞིག་ཏུ་མཐོང་།
ངའི་དྲི་བ་དེ་ལ་ལན་རྒྱབ་པ་པོ། ཅོ་རི་ཉི་མ་མཆོག་དང་། ཀ་རྡོ་གཉེར་ཕྱག་པ་མཆོག་རྣམ་པ་གཉིས་ལ་འཇུ་ལེགས་ཞུ། འཇུ་ཞེས་པ་གུས་བཀུར་ཆེད་སྔོན་དུས་བོད་དབུས་ཕེན་པོ་སོགས་སུ་བཀོལ་ཀྱང་། དིང་སང་ལུང་པ་དེ་དག་ཏུ་ལུས་ཡོད་དམ་མེད་མ་ཤེས། སྔར་ལ་དྭགས་ལུང་པར་ཡང་། འཇུ། ཟེར་བ་མ་གཏོགས་འཇུ་ལེགས་ཟེར་བ་མེད་། ད་ལྟར་ལེགས་ཞེས་བསྣོན་པ་རྒྱབ།
ངའི་དྲི་བའི་ཚིགས་བཅད་དེ་ཡི་གསུང་བ་པོ་སུ་ཡིན་ནམ། ཡོངས་གྲགས་ཀྱི་ཚིགས་བཅད་མང་པོ་ཞིག་གི་མཛད་པ་པོ་ཀློང་རྡོལ་བླ་མ་རིན་པོ་ཆེས་བརྩད་གཅོད་མཛད་དེ། ཚིགས་བཅད་འདི་དང་འདིའི་མཛད་པ་པོ་འདི་དང་འདི་ཞེས་བྲིས་པ་ཞིག་མཇལ་ཀྱང་། སྟོན་པ་བླ་མེད་མའི་ཚིགས་བཅད་འདིའི་མཛད་པ་པོ་ངོས་འཛིན་ཡོད་མེད་ལག་ཏུ་དཔེ་ཆ་མེད་པས་མ་ཤེས།
ཉེ་དུས་བདག་གིས་བློར་ཤར་བ་ནི། ཚིགས་བཅད་འདིའི་ནང་གི འདྲེན་པ། འདྲེས་པའི་དོན་དུ་མཐོང་། དེ་ཡང་བོད་ཚིག་མང་པོར་རྗེས་འཇུག ན་དང་ས་གཉིས་རེས་མོས་ཀྱི་ཚུལ་དུ་མཆིས་ཏེ། ཟས་དང་ཟན། ཚོས་དང་ཚོན། འདུས་བཟང་དང་འདུན་བཟང་། ཞེས་སོགས་ལྟར་འདིར་ཡང་། འདྲེན་པ་ཞེས་པ་འདྲེས་པའི་དོན་ལ་གོ་དགོས་ཏེ། དེ་ཡང་ཡུལ་སོ་སོ་ནས་ནས་གྲྭ་པ་རྣམས་གཅིག་ཏུ་ཡང་དག་པར་འདྲེས་པ་ལ་འདྲེན་པ་བླ་མེད་ཅེས་ཆགས། དེ་ཡང་ཚིགས་བཅད་འདི་བོད་རྩོམ་མ་ཡིན་པར་ལེགས་སྦྱར་སོགས་ནས་བསྒྱུར་པ་ཡིན་ན། འདྲེན་པའི་དོན་གསལ་པོར་ཆགས་ངེས་ལ།
འདྲེན་པ་མཉམ་མེད་ཟས་གཙང་སྲས། ཞེས་པ་ན་ཡོད་པའི་འདྲེན་པ་དང་། འདི་ན་ཡོད་པའི་འདྲེན་པ་གཉིས་ལ་གོ་དོན་སོ་སོར་དགོས་ཏེ། དང་པོ་དེ་སྟོན་པ་སངས་རྒྱས་དང་། གཉིས་པ་དེ་དགེ་འདུན་ལ་གོ་དོན་ཡོད་པས་སོ།
ལ་དགས་ལགས་སུ་ཁྱེད་ཀྱིས་བཤད་པ་ལྟར་ན་ཞབས་འདྲེན་ལ་ཞབས་འདྲེས་ཟེར་དགོས་པ་ཨེ་རེད།
ལོ་རྒྱུས་ངོ་མ་དོན་གྱིས་མ་བཤད་ན།།
གསང་ཆེན་ངེས་པའི་བཀའ་ཞེས་གྲགས་འདི་ལ།།
ཡིད་ཆེས་དྲགས་པའི་སྐྱོན་དུ་འགྱུར་བས་ན།།
ལོ་རྒྱུས་སྤྱི་ཁོགས་ཙམ་ཞིག་ང་ཡིས་གླེང་།།
གནའ་མི་ཀླ་ཀློས་དང་པོ་འབྱུང་བ་མཆོད།།
དེ་ནས་ཕ་མེས་ཤི་བའི་མིང་ལ་མཆོད།།
དེ་ནས་སྲོག་ཆགས་དུད་འགྲོ་ལ་ཡང་མཆོད།།
དེ་དག་འདུས་པས་སྔགས་ཀྱི་ཆོས་ལུགས་བྱུང་།།
འབྱུང་བཞི་ལྷ་རུ་བཀུར་བའི་རྒྱུ་མཚན་ལས།།
འབྱུང་བཞི་ལྷ་རུ་ལྟ་བའི་དག་སྣང་བྱུང་།།
ཕ་མེས་མཚུན་ལ་མཆོད་པའི་ལྟ་བ་ལས།།
ལྷ་འདྲེ་མི་གཅིག་རྣམ་པ་སྣ་ཚོགས་བྱུང་།།
དུད་འགྲོ་ལྷ་རུ་མཆོད་པའི་གྲུབ་མཐའ་ལས།།
ལྷ་ལ་དུད་འགྲོའི་མགོ་བོ་ཡོད་པ་བྱུང་།།
རིག་བྱེད་ལྷ་ཡིས་བསྟན་པའི་རྫུན་གཏམ་ལས།།
སྔགས་བགྲང་ལྷ་ཡི་བྱིན་རླངས་འཇུག་པར་རློམ།།
ལོ་རྒྱུས་རྩད་གཅོད་བྱས་ན་འདི་འདྲ་རེད།།
ཡིན་ལུགས་དྲང་མོར་བཤད་ན་དེ་ལུགས་རེད།།
གོ་ན་རྣ་བའི་བདུད་རྩི་འདི་དག་རེད།།
མ་གོ་སྙིང་གི་འཛེར་བུ་དེ་ཡང་རེད།།
ལ་དྭགས་པས་ག་དུས་ཡིན་ནའང་ལ་དྭགས་ཀྱི་སྐད་དེ་ཚོ་རྣམ་དག་དང་བོད་སྐད་ཐམས་དག་མ་དག་བཀའ་འགྱུར་ལ་བསྟུན་དགོས་གསུང་གི་འདུག སྐད་དག་དང་མ་དག་ནི་རང་མི་རིགས་ལ་གོ་བ་ཕྱིན་ཅི་ལོག་དང་མ་ལོག་ལ་བལྟ་དགོས་པ་མ་གཏོགས་བཀའ་འགྱུར་ལ་བསྟུན་དགོས་པའི་ངེས་པ་མེད། བཀའ་འགྱུར་བསྒྱུར་བ་པོ་དེ་ཚོའང་ཡུལ་ལུང་བྱེ་བྲག་པ་ཞིག་གི་མི་ཡིན་པ་ལས་ཀུན་ཁྱབ་ཀྱི་མི་བུ་ཞིག་མ་རེད།
ལོག་ལྟའི་མིག་ལ་འཇིགས་སྣང་ཞིག།
དག་པའི་མིག་ལ་ལྷ་སྣང་ཞིག།
དྲི་ངན་འཐུལ་བའི་ཆང་ཁང་དུ།།
དོགས་སེལ་ལེགས་བཤད་ཅི་ལྟར་འབྱུང་།།
ལོག་ལྟའི་མིག་ལ་འཇིགས་སྣང་ཞིག།
དག་པའི་མིག་ལ་ལྷ་སྣང་ཞིག།
དྲི་ངན་འཐུལ་བའི་ཆང་ཁང་དུ།།
དོགས་སེལ་ལེགས་བཤད་ཅི་ལྟར་འབྱུང་།།
ཡུལ་དབུས་ན་ལན་དྲ་ཡི་ཆོས་སྡེ་ན།།
གསང་སྔགས་སྤྱོད་མཁན་འདུག་པའི་དབང་ཆ་མེད།།
ལྐོག་ནས་ཉམས་སུ་ལེན་མཁན་ཡོད་ན་ཡང་།།
སྒྲུབ་རྫས་ཆང་ཐིག་གཅིག་ཀྱང་ཉར་མི་ཆོག །
བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན།།
བཙན་པོ་རིམ་བྱོན་ནང་གི་མཁས་ཤོས་ཡིན།།
ཁོང་ཡང་སྔགས་ལ་གཏིང་ནས་མི་དགྱེས་ཤིང་།།
མདོ་བཅུ་ཙམ་ལ་གཏན་གྱི་ཉམས་ལེན་བྱེད།།
ཕྱིས་སུ་་མངའ་རིས་སྟོད་ཀྱི་རྒྱལ་པོ་ཚོས།།
གསང་སྔགས་སྤྱོད་པ་འགོག་པའི་ལས་འགུལ་བརྩམས།།
འོན་ཀྱང་བོད་མི་ལྷ་འདྲེར་དགའ་དྲགས་པས།།
ཐ་མ་གླེགས་མ་ཁེལ་ནས་འདི་འདྲ་བྱུང་།།
ད་སྐབས་་སྤོབས་པ་མཐའ་ཡས་འདི་ལ་ཅིག་འགྲིག་མེད་ནི་འདྲ་རེད་་་་་དེ་སྔོན་ཞིག་ལ་་་སྤྱན་རས་གཟིགས་ཀྱི་བསྐོར་ནས་ཀྱང་བདེན་མིན་གཉིས་ཀ་ལུང་བ་གང་བཤད་སོང་་་་དེ་རིང་ཡང་འདི་ན་གསལ་ནོ་འདི་རེད་་་་དེང་གི་ཀླད་གསར་ཚོའི་འགྲོ་སྟངས་རེད་དམ་་་་མཁས་པ་ཚོའི་ཞིབ་འཇུག་གནང་སྟངས་རེད་་་་ཚང་མར་ལོག་འགྲེལ་རྐྱང་གནང་སྟངས་ལ་བལྟས་ན་་་་བཀུར་འོས་པའི་སྔོན་གྱི་སྤོབས་མཐའ་དེ་ཡིན་མིན་ལ་དོགས་པ་ཡོད།
Bonpo རྣ་བ་གླགས་ཏེ་ཉོན་ཅིག ཀུན་ཏུ་བཟང་པོ་མེད་ཀྱང་ཆོག ། རྡོ་རྗེ་འཆང་ཆེན་མེད་ཀྱང་འགྲིག །པདྨ་འབྱུང་གནས་མེད་ཀྱང་རུང་།། འདི་ནས་ཡར་ལ་རྩིས་པ་ཡི།། ལོ་ནི་ཉིས་སྟོང་ལྔ་བརྒྱའི་གོང་།། ནེ་པ་ལ་དང་རྒྱ་གར་མཚམས།། ལུམ་བི་ནི་ཞེས་གྲགས་པ་རུ།། རྒྱལ་པོའི་སྲས་ཞིག་སྐུ་བལྟམས་པ། ། དེ་ཉིད་དགུང་ལོ་སོ་བདུན་ལ།། རྒྱ་གར་བི་ཧར་མངའ་སྡེ་ཡི།། གྷ་ཡ་རྫོང་གི་ནགས་ཤིག་ཏུ།། མངོན་པར་རྫོགས་པར་སངས་རྒྱས་པ།། གང་དེ་ནང་པའི་སྟོན་པ་ཡིན།། དེས་ན་བདག་ཅག་ནང་པ་ལ།། སྟོན་པ་ཚད་མའི་སྐྱེས་བུ་ཡོད། །དེས་ན་བདག་ཅག་ཞེ་བློ་བདེ།། ཞང་ཞང་དང་ནི་བཤེན་བཤེན་དང་། ། ཕྱོགས་ཙམ་འདྲ་བ་མ་ཡིན་ནོ།།
དྲ་འབུ་ཚོ་ཀླུ་སྨྱོན་དང་སྤོབས་མཐའ་གཉིས་ཀྱིས་བཤད་པར་རྟོག་དཔྱོད་རེ་གནང་དང། དེ་ཡང་ཡིད་ཆེས་ཙམ་གྱིས་ཆོག་གི་མ་རེད། ཡིད་ཆེ་མེད་མཁན་ཞིག་ལ་ལུང་སྦམ་པོ་བྲག་རི་ལྟ་བུར་བརྩེགས་ཏེ་བསྒྲུབ་ཀྱང་ཕན་པ་མེད། དེ་ལས་རིགས་པ་རྒྱུ་མཚན་གྱིས་སྒོ་ནང་བསྒྲུབ་གནང་ན་ཁས་ལེན་བྱེད་སྲིད། མ་གཞི་ནས་སྐད་ཆ་འདི་འདྲ་ཕྱི་རྒྱལ་བོད་རིག་པའི་ཞིབ་འཇུག་ཚོས་དེ་ལས་ལྷག་པའི་དཔྱད་གཏམ་མང་དུ་སྤེལ་འདུག གྷུ་རུ་རིན་པོ་ཆེ་དང་སྟོན་པ་གཤེན་རབ་གླི་གེ་སར་ལས་སོགས་ས་སྟེང་འདིར་བྱུང་བའི་མི་དངོས་པོ་རང་མཚན་པ་ཞིག་བྱུང་མེད་པར་གཏམ་བརྗོད་དུ་གྲགས་པ་ཞིག་ཡིན་ཚུལ་དང། དེ་བཞིན་གསང་སྔགས་ནི་ཧིན་དྷུའི་ཆོས་ལུགས་ལས་བཅོས་རབས་མཆེད་རབས་སོགས་གསལ་གསལ་ཐིང་ཐིང་བཤད་འདུག དེ་ལ་གཞིགས་ན་སྤོབས་མཐའ་དང་ཀླུ་སྨྱོན་ཚོས་བཤད་པ་ཆུང་ཆུང་རེད། སྤོབས་མཐས་བཤད་པའི་མཆན་ཕྱི་མ་གཉིས་དེ་ཚོ་ལའང་བསམ་བློ་གཏོང་གཞི་ཞིག་རེད་མ་གཏོགས་ལམ་སང་ལྟ་ལོག་མུ་སྟེགས་ཤུགས་བརྟེན་ཕྱོགས་གཏོགས་ཟེར་བ་སོགས་ནི་ཁ་བརྡ་དྲ་རྒྱའི་ས་དམིགས་འགེང་རོགས་རང་རེད། ཁ་བརྡ་དྲ་བའི་རྩོམ་སྒྲིག་པས་ཀྱང་ཁ་བརྡ་དྲ་བའི་རྩོམ་སྒྲིག་པས་ཀྱང་དེ་ཚོར་སྟངས་འཛིན་ཅུང་ཙམ་གནང་ན་ལེགས། ཆོས་ལུགས་ཕྱོགས་ཞེན་གྱི་དུག་གིས་བཟི་བའི་བཟི་གཏམ་དེ་ཚོར་དོ་སྣང་མེད། ཚན་རིག་དང་མཐུན་པའི་ཞིབ་འཇུག་འདི་འདྲ་བྱེད་པ་བོད་པའི་རྩོམ་པ་པོའི་ནང་དུ་ཤིན་ཏུ་དཀོན་པོ་རེད། སྔར་དགེ་འདུན་ཆོས་འཕེལ་བྱུང་བ་རེད་དེ་རྗེས་རེ་ཟུང་བྱུང་མོད་བོད་པས་མཐུ་མཆིལ་བཏབ་ནས་ཡར་ལང་དུ་འཇུག་གི་མེད། ནང་པའི་རིགས་པ་རྒྱུ་མཚན་དེ་ཚོའང་དེ་ཙམ་གྱིས་གཏིང་ཟབ་མོ་མ་རེད་དྲན། དུ་བ་ཡོད་ན་མེ་ཡོད་པས་ཁྱབ། ཅེས་ཁྲིམས་སྒྲིག་བཞག་པ་ལས་་་་ཐ་མག་ཁ་འཐེན་བཞིན་པའི་མི་ཡི་ཁ་ནང་དུ་དུ་བ་ཡོད་ཅིང་མེ་མེད་པ་རེད། འོན་ཀྱང་དེ་ལ་རིགས་པར་སྨྲ་བ་ཚོས་གནས་སྐབས་ཁ་འགོག་བྱེད་དུ། ན་སྦྱར་དང་ལ་སྦྱར་ལ་ཁྱབ་པ་མེད་་་ཅེས་ལན་འདེབས་པ་ལྟ་བུ་རེད།
འཇིག་མེད་གླིང་པའི་ཡོན་མཛོད་གཞུང་ལ་ལྟོས།།
གཞན་ལ་འཆད་དང་རང་གི་ཉམས་ལེན་ལ།།
དེ་ལས་ལྷག་པའི་བསྟན་བཅོས་གཅིག་ཀྱང་མེད།།
མང་མང་མགོ་བོ་མ་འཁོར་ཧེ་རུ་ཀ།
སྤོབས་པ་མཐའ་ཡས་དངོས་ནས་མཁས་པ་རེད་བཞག ། མཁས་པའི་ཚིག་གི་ཟུར། །གནམ་ལྕགས་རལ་གྲིའི་འོད་ཞེས་པ་ཅི་མ་བདེན། ཁྲི་བྱང་རྡོ་རྗེ་འཆང་གི་འཆི་ཁ་མའི་གཏམ་ངན་རྣམས་ཚིགས་བཅད་དུ་ཕབས་འདུག ཁྱོད་ཀྱང་ལངྒ་བསྒྲེང་བཞིན་དུ་རོ་ལང་རྒྱབ་ནས་ཉེ་ཁ་འདུག་གདའ། གཟབ་རོགས།
་་་་ འདྲེན་པ་མཉམ་མེད་ཟས་གཙང་སྲས། ཞེས་པ་ན་ཡོད་པའི་འདྲེན་པ་དང་། འདི་ན་ཡོད་པའི་འདྲེན་པ་གཉིས་ལ་གོ་དོན་སོ་སོར་དགོས་ཏེ། དང་པོ་དེ་སྟོན་པ་སངས་རྒྱས་དང་། གཉིས་པ་དེ་དགེ་འདུན་ལ་གོ་དོན་ཡོད་པས་སོ། ་་་་་ཟེར།
་་་་་ མི་ལ་རས་པ་མཐུ་ཡི་གྲགས་པ་འབར་རྙིང་མའི་དྲག་སྔགས་གཟའ་གདོང་དམར་ནག་རེད། ་་་་ཟེར།
སྟོན་པ་ཀུན་ཏུ་བཟང་པོ་དང་། སངས་རྒྱས་གཉིས་དོན་གཅིག་ཡིན་དགོས། མཚམས་མཚམས་ལ་ཀུན་ཏུ་བཟང་པོ་ནི། གཉུག་མའི་སེམས་ལ་གསུངས་པ་མང་ངོ་།། །།
༨༨༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༧ གི་ཆུ་ཚོད་ ༢༣ སྐར་མ་ ༢༦
འདོད་ཆགས་ལངས་པས་མཚན་མ་གྱེན་དུ་འགྲེངས།།
ཞེ་སྡང་འཁྲུགས་པས་མཚོན་ཆས་གསོད་གཏུབ་བྱེད།།
གཏི་མུག་མུན་པས་དུད་འགྲོའི་མགོ་བོ་སྐྱེས།།
སྲོག་ཆགས་འདི་ཉིད་མཐོང་ན་འཇིགས་པ་སྐྱེད།།
ཧིན་དྷུ་གླང་དད་ཅན་གྱི་མཆོད་ཁྲི་ནས།།
གླང་མགོ་ཅན་གྱི་འཇིགས་བྱེད་སྣང་བརྙན་འདི
གངས་ཅན་བོད་མིའི་སྒོམ་ཞིང་མཆོད་པ་ལས།།
སངས་རྒྱས་གོ་འཕངས་ཐོབ་པར་རེ་བ་འཁྲུལ།།
ཤཱཀྱ་ཐུབ་པས་བཀག་པ་ཕལ་མོ་ཆེ །
ཤཱཀྱ་ཐུབ་པས་གནང་བ་ལ་བརྫུས་པའི།།
མན་ཏྲ་ཡ་ནའི་ལྷ་མཆོད་རིང་ལུགས་འདིས།།
བསྟན་པ་བཤིག་པ་ཙམ་ཞིག་གཞན་གྱིས་མིན།།
བདེ་གསང་འཇིག་བྱེད་རྙིང་རྒྱུད་གསང་སྙིང་སོགས།།
རྒྱུད་སྡེ་རྣམས་ཀྱི་གླེང་གཞི་ལ་ལྟོས་དང་།།
ཤཱཀྱ་ཐུབ་པས་གསུངས་པའི་རྒྱུད་སྡེ་ཞིག །
རྙེད་ན་བདག་གི་མགོ་བོ་དེ་རིང་གཅོད།།
རྒྱུད་སྡེ་རྣམས་ཀྱི་འབྱུང་ཁུངས་ཕལ་མོ་ཆེ།།
རྒྱ་གར་ནུབ་ཕྱོགས་ཨོ་དི་ཡ་ན་དང་།།
རྗེས་སུ་ཤར་ཕྱོགས་ཀ་ལིང་ཀ་ནས་བྱུང་།།
ཡུལ་དེར་སྟོན་པས་ཞབས་ཀྱིས་བཅགས་མ་མྱོང་།།
སྟོན་པ་འདས་ནས་མི་ལོ་སུམ་བརྒྱའི་ནང་།།
བཀའ་ཡི་བསྡུ་བ་རིམ་པ་གསུམ་ལ་བྱས།།
གསང་བ་སྔགས་ཀྱི་རྒྱུད་སྡེ་ཤོག་ལྷེ་གཅིག །
བསྡུས་པའི་ལོ་རྒྱུས་མེད་འདི་ཅི་ཞིག་ནོངས།།
ལྷ་སྐུ་འཇིགས་སྣང་ཅན་དེ་ཆུ་ལ་སྐྱུར།།
སྔགས་ཚིག་ལོག་སྐད་ཅན་དེ་མེ་ལ་སྲེགས།།
ཧིན་དྷུའི་ལྷ་མཆོད་རིང་ལུགས་ལྷག་ལུས་འདི།།
ཤཱཀྱ་ཐུབ་པའི་ལུགས་དང་མཐུན་མ་ཡིན།།
ཞེས་པའི་ལནདུ།
འདོད་ཆགས་ལངས་པས་མཚན་མ་གྱེན་དུ་འགྲེངས། །
ཞེ་སྡང་འཁྲུགས་པས་མཚོན་ཆས་རྒྱན་དུ་འཆང་། །
གཏི་མུག་མུན་པས་དུད་འགྲོའི་མཆེ་གཙིགས་འདི་། །
སྲོག་ཆགས་མ་ཡིན་ཡེ་ཡེས་སྐུ་ཉིད་ལགས། །
ཧིན་དྷུ་གླང་དད་ཅན་གྱི་ཆོས་འཁྲིད་དང་། །
གླང་མགོ་ཅན་གྱི་འཇིགས་བྱེད་སྣང་བརྙན་འདི། །
གངས་ཅན་བོད་མིའི་སྒོམ་ཞིང་མཆོད་པ་འདི། །
སངས་རྒྱས་གོ་འཕངས་ཐོབ་པར་ཐེ་ཚོམས་མེད། །
ཤཱཀྱ་ཐུབ་པས་འདུལ་བ་ར་བཀག་པ་མང་། །
ཤཱཀྱ་ཐུབ་པས་བྱང་སེམས་གནང་བ་མང་། །
མན་ཏྲ་ཡ་ནའི་ལྷ་མཆོད་རིང་ལུགས་འདིས། །
བསྟན་བཤིག་སྡིག་ཅན་བསྒྲལ་ལ་འདི་ལྷག་མེད། །
བདེ་གསང་འཇིག་བྱེད་རྙིང་རྒྱུད་གསང་སྙིང་སོགས། །
རྒྱུད་སྡེ་རྣམས་ཀྱི་གླེང་གཞི་གཟིགས་ཡོད་ན། །
ཤཱཀྱ་ཐུབ་པས་གསུངས་པའི་རྒྱུད་སྡེའི་ཚོགས། །
སྤོབས་མཐས་རྙེད་ན་རང་སྲོག་གཅོད་ཉེན་ཡོད། །
རྒྱུད་སྡེ་རྣམས་ཀྱི་འབྱུང་ཁུངས་ཕལ་མོ་ཆེ། །
རྒྱ་གར་ནུབ་ཕྱོགས་ཨོ་དི་ཡ་ན་དང་། །
རྗེས་སུ་ཤར་ཕྱོགས་ཀ་ལིང་ཀ་ནས་བྱུང་། །
ཡུལ་དེར་སྟོན་པས་ཞབས་ཀྱིས་བཅགས་དགོས་མེད། །
སྟོན་པ་འདས་ནས་མི་ལོ་སུམ་བརྒྱའི་ནང་། །
བཀའ་ཡི་བསྡུ་བ་རིམ་པ་གསུམ་ལ་བྱས། །
གསང་བ་སྔགས་ཀྱི་རྒྱུད་སྡེ་ཤོག་ལྷེ་གཅིག །
བསྡུས་པའི་ལོ་རྒྱུས་མེད་འདི་ཐེག་དམན་ཞུགས། །
ལྷ་སྐུ་འཇིགས་སྣང་ཅན་དེར་གསོལ་ཐོབས། །
སྔགས་ཚིག་ལོག་སྐད་འདྲ་ལ་ཡིད་སྨོན་གྱིས། །
ཧིན་དྷུའི་ལྷ་མཆོད་རིང་ལུགས་འདྲ་ན་ཡང་། །
ཤཱཀྱ་ཐུབ་པའི་གཞུང་ལུགས་ཀུན་དང་མཐུན། །
ཐེག་དམན་ཞུགས། ། ཐེག་དམན་ལུགས། །ལ་བཅོས།
“དེ་ལས་ལྷག་པའི་བསྟན་བཅོས་གཅིག་ཀྱང་མེད” སྤྱོད་འཇུག ཡིད་བཞིན་མཛོད། ཧ ་ཧ་ཧ་ཧ་
འཕགས་ཡུལ་དཔལ་ལྡན་ན་ལན་དྲར།།
གསང་སྔགས་སློབ་དཔོན་ས་ར་ཧ། །
ལྐོག་ནས་མ་མཛད་དངོས་སུ་སྤྱོད། །
ན་ག་ཛུ་ནར་དབང་བསྐུར་མཛད། །
བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས།།
སློབ་དཔོན་པདྨ་འབྱུང་གནས་བསྟེན། །
གསང་སྔགས་རྗེ་འབངས་ཡོངས་ཀྱིས་སྒྲུབ། །
གངས་ཅན་ཡོངས་ཀྱིས་ཉམས་ལེན་མཛད། །
ཕྱིས་སུ་ས་དགེ་རིས་མེད་དུ། །
གསང་སྔགས་མཁས་གྲུབ་གྲངས་མེད་བྱོན། །
བསྟན་འགྲོའི་དོན་ལ་རྨད་བྱུང་བའི། །
བོད་ཆོས་གསང་སྔགས་འདི་འདྲར་དཀོན། །
ཚེ་གོང་རྩོད་པའི་བསྡུས་གྲྭའི་རྟོག་གེ་བས། །
མིག་གིས་མཐོང་ཞིང་རྣ་བས་ཐོས་ན་ཡང་།།
ད་དུང་མ་རེད་མི་འདུག་ཟེར་ནས་དཀྲུག།
གྲྭ་འབུ་མགོ་ནག་འདི་ཚོ་སྙིང་རེ་རྗེ། །
བླ་མ་རིག་པའི་ཡེ་ཤེས་འགྲོ་ཀུན་ཁྱབ། །
ཡི་དམ་དག་པའི་ཞིང་ཁམས་སེམས་ནས་འཆར། །
མཁའ་འགྲོ་བདེ་ཆེན་སྲིད་པའི་རྒྱན་དུ་མཛེས། །
ཆོས་སྐྱོང་ཕྲིན་ལས་ཡིད་ཀྱི་དགའ་རོགས་ཡིན། །
ཧེ་རུ་ཀཿལགས། དྲ་འབུའི་ཁ་ཆིངས་མི་ཤེས། གཅན་གཟན་དང་ལྷ་འདྲེའི་ཁ་ཆིང་གི་གདམས་པ་ཡོད། འཇིགས་བྱེད་དང་གཟའ་བདུད་ལ་རྟགས་མངོན་སུམ་དུ་ཐོན་པ་ཇོ་ནང་འཛམ་ཐང་གི་རྡོ་རྗེ་སློབ་དཔོན་གཙང་པ་བསྭེ་སྤྲུལ་འཇིགས་མེད་རྡོ་རྗེ་བཞུགས། ཏཱ་ར་ནཱ་ཐ་རྭ་ལོའི་གདུང་རྒྱུད་དང་མན་ངག་ཆིག་བརྒྱུད་ཡོད་པ་ཡིན་པས་བསྐྱེད་རྫོགས་ཀྱི་ཡི་གེ་རྣམས་ལ་ཟབ་གནད་ཡོད་པར་གྲགས། ཁོང་གི་གསུང་གི་སྒྲུབ་ཐབས་རྣམས་དང་། རྒྱུད་དོན་ཉམས་ལེན། སྒྲུབ་ཐབས་ལག་ལེན། སྤྲོས་མེད་ཆིག་བརྒྱུད་སོགས་ལ་ནན་གཟིགས་མཛད་ན་ཕན་ལས་ཆེ། ལྕགས་མཁར་ལག་ལེན་ཁུངས་གཏེར་མ་ཡིན། རྫིགས་དགོས་ན་དགེ་ལུགས་ལ་ཡོད། ཟབ་དགོས་མ་རྡོ་བྲག་ལ་བཞུགས། རྭ་པོད་ལས། ཡོངས་གྲགས་རྟོག་བདུན་སྐོར། ལྷ་བཅུ་གསུམ་མ། དཔའ་བོ་གཅིག་པ་སོགས་རང་སྲུང་བའི་ཕྱོགས་སུ་གཏོགས་པས་མཐུ་རྩལ་དུ་བཏོན་མེད། མཐུ་འདོད་ན་ལས་གཤིན་གནད་དབབ། འཁྲུལ་འཁོར་མན་ངག་གཉིས་མེད་ཐབས་མེད། རྭ་ལོའི་བྷ་རོ་ནས་བརྒྱུད་པའི་འགྱུར་ལ་རྒྱ་ཞང་ཁྲོམ་ཀྱི་གཏེར་མ་གཤིན་རྗེ་ཚེ་བདག་གི་ཁ་ཚར་བཏབ་པ་ཕྲིན་ལས་མྱུར་བའི་གྲགས་པ་ཆེ། ད་ལྟ་བཀྲ་ཤིས་འཁྱིལ་དུ་གཏོར་བཟློག་སྐབས་འདོན་པ་དེའོ། །རྭ་ཆོས་རབ་ཀྱིས་མཛད་པའི་ཕྱག་མཚན་སོ་གཉིས་ཀྱི་ལས་ཚོགས་ཐམས་ཅད་ཞང་ཁྲོམ་གཏེར་མ་བསྟན་བཅོས་ཀྱི་ཚུལ་དུ་བཀྲལ་བ་རེད། ལས་བཞི་གང་འདོད་ཡོད། དེའི་ནང་གི་རང་རེར་མཁོ་ཤོས་མདུང་གིས་ཆོ་འཕྲུལ་གཏོང་བ། དབྱུག་ཏོས་ནོར་གྲུབ་པ། ཞགས་པས་བུ་མོ་དབང་སྡུད་རྣམས་མིན་ནམ། རྭ་པོད་ལྡེབ་ལྔ་བརྒྱ་ལྷག་ཡོད། ནང་དོན་གཙོ་བོ། དཀར་འགྲེལ་གཉིས། ནག་འགྲེལ་གཉིས། བཅུད་ཐིག ལག་ཁྲིད། གསོད་མཚོན་ཧ་ལ། མན་ངག་ཁ་བརྒྱུད་བཅས་སོ། །དཔལ་པོད་ལ་རྒྱ་གཞུང་མང་། གཙོ་བོ་དཔའ་གཅིག་སྐོར་ཡིན་ཀྱང་རྒྱལ་དབང་ལྔ་བ་དང་། ངོར་ཆེན་དཀོན་ཅོག་ལྷུན་གྲུབ་མན་ནས་ལུང་རྒྱུན་ལས་མན་ངག་གི་བརྒྱུད་པ་ཆད་པར་བཤད། ཚིག་བརྒྱུད་ཙམ་ཁོ་བོའི་རྣ་བའི་བསོད་ནམས་ཏུ་གྱུར། འཇིགས་བྱེད་དབང་སྡུད་དགོས་ན། འཇམ་བཞད་ཀྱི་བཀའ་རྒྱ་མ་ལས་དམར་པོ་མདའ་འགེང་ལ་གཟིགས། མཐུ་མྱུར་ཤོས་འབྲི་གུང་ལ་གྲགས་ཆེ་བའི་གཤིན་རྗེ་ཚེ་བདག་ཏུ་ངེས། དེའི་སྐོར། ཀརྨ་ཆགས་མེད་གསུང་། ན། པ། གཉིས་དང་། རིག་འཛིན་ཆོས་གྲགས་ཀྱི་གསུང་ན་ཡོད། འཇམ་དཔལ་མཚན་བརྗོད་ལ་སོ་ཞིག་ཨེ་ཐེབས་ལྟ་ན། མངའ་རི་པཎ་ཆེན་གྱི་རྫོགས་རིམ་ཚིག་གསལ་དོན་ཟབ་པར་ཡོད་པས་མཇལ་བར་ཞུ། །ལག་ཁྲིད་ཡག་པོ་ཞིག་ཡོད་ན་རྟགས་ཕྲན་བུ་རེ་འབྱུང་བ་ཉམས་མྱོང་ཡིན། ཏིང་ངེ་འཛིན་དང་དམ་ཚིག་གཙང་བའི་རིགས་ལ་ནི་མཐུ་སྟོབས་ནུས་པ་ཐོན་པ་སྨོས་མ་དགོས་སོ། །
བདུད་རིགས་འདུལ་ཕྱིར་དྲག་པོར་བཞེངས་ཞེས་པའི།།
བླུན་པོ་མགོ་སྐོར་སྒྱུ་རྩལ་བརྩམས་ཆོས་ལ།།
གཏན་གྱི་སྐྱབས་སུ་རེ་བའི་གངས་ཅན་པ།།
དཔྱོད་ཤེས་མིག་འབྱེད་གཤག་བཅོས་བདག་གིས་བྱེད།།
ཤཱཀྱ་ཐུབ་པ་མངོན་སངས་རྒྱས་པའི་ཚེ།།
བདུད་ཀྱིས་བར་ཆད་འདུལ་ཕྱིར་བྱམས་ཆེན་གྱི།།
ཏིང་ངེ་འཛིན་གྱི་ཁམས་གསུམ་གཡུལ་ལས་རྒྱལ།།
ང་ཚོའི་ལྷ་ངན་འདི་ཚོར་ཅི་ཞིག་བྱུང་།།
བསད་བསད་གཏུབ་གཏུབ་སྡིག་ཅན་སྲིན་པོའི་ལུས།།
རྔོན་དུ་སོང་ནས་ཁྱིམ་དུ་ལོག་པའམ།།
ལག་དམར་བཤན་པ་བཤས་རར་འགྲེང་བ་བཞིན།།
སངས་རྒྱས་འདི་འདྲ་ཡིན་ན་ཁྱད་མཚར་རེད།།
སྤོབས་པས་གནས་ལུགས་དང་མཐུན་པའི་སྐད་ཆ་བཤད་ཀྱི་འདུག དོན་ཉུང་ལ་ཁ་གསལ་བ་ཞིག་འདུག ངས་ཀྱང་སྔ་མོ་ནས་དེ་འདྲ་བོ་ཞིག་བསམ་བཞིན་ཡོད། ཆོས་ལུགས་ཀྱི་འབྱུང་ཁུང་ལ་ཞིབ་འཇུག་བྱས་ཚེ་མཐར་ཐུག་ཕན་ཚུན་འདྲེས་ཤིང་། མ་འདྲེས་བར་རང་སྐྱ་འཕེལ་བའི་ཆོས་ལུགས་ཤིག་འཇིག་རྟེན་འདིར་འཇོག་དུ་མི་འདུག
གང་ལྟ་ཀླུ་སྨྱོན་ཁོ་གིས་སྒོམ་འདོད་ཡོད་ན་ཁོའི་འདོད་མོས་ལས་དགག་བྱ་མེད་པ་མ་ཟད། རྒྱབ་སྐྱོར་ཡོད། མི་རེ་ལ་ཁམས་དང་མོས་རེ་ཡོད་ཅིང་། དེ་དང་མཐུན་པའི་བདེ་སྐྱིད་འཚོལ་སྟངས་དང་ཁེ་ཕན་སྒྲུབ་སྟངས་རེ་ཡོད་པས་གུས་ཞབས་ཡོད། ལྷག་པར་དུ་ནུབ་མི་ཁ་ཤས་དེ་ཕྱོགས་ལ་དོ་སྣང་འདྲ་ཡོད་ན། ངོ་སྤྲོད་གནང་ཐུབ་ཚེ་བཟང་ལས་སྐྱོན་དུ་མ་མཐོང་ལ། འདི་རྒྱུད་ནས་བོད་དང་སྦྱང་མཁན་གཉིས་ལ་ཁེ་ཕན་ཡོད་པས་ཡིན། མགོ་སེར་འདི་ཚོ་གསང་སྔགས་དང་སྒོམས་སྒྲུབ་ལ་མོས་བས་དེ་ལྟར་བྱེད་ཐུབ་ན་བཟང་ཞིང་དེས་ཁོ་ཚོ་བྲེལ་ཚབས་གྱི་འཚོར་བ་ལས་་ལྷོད་དུ་བཏང་ཐུབ་བས་ཡིན། དེ་མ་གཏོགས་ཤར་ཕྱོགས་པས་ནུབ་ཕྱོགས་པར་ཞབས་འདེགས་ཞུ་དཀའ་ཞིང་། འགྲན་ཟླ་ནི་དེ་བས་ཀྱང་ངོ་། ཡིན་ཡང་། དེ་རྒྱུ་མཚན་དུ་བྱས་ནས་རང་ལུགས་རྣམས་སྔ་ལྟར་རྨོངས་དད་ཀྱི་ལམ་དུ་མི་ཁྲིད་རོགས་ཞུ། གང་ཡིན་ཞེ་ན། ཤར་གླིང་དང་ནུབ་གླིང་གི་སྡུག་ངལ་མི་འདྲ་བ་མ་ཟད། བོད་དང་ནུབ་གླིང་གི་སྡུག་ངལ་དེ་བས་ཀྱང་མི་འདྲ། ལྷག་པར་དུ་ནུབ་མི་ཆོས་དད་མེད་མཁན་ཧ་ཅང་མང་ཞིང་། ཆོས་དད་ཡོད་མཁན་ཉུང་མཐར་དཔལ་འབྱོར་ནི་ཚེ་སྲོག་ཡིན་པས་ཅི་ལྟར་ཆོས་ལུགས་དར་སྤེལ་བཏང་ཡང་བོད་པ་བཞིན་ནང་དུ་འཐིམས་མི་སྲིད་ལ། དར་བའི་གནས་ནི་དེ་བས་ཀྱང་ཡོང་ཐབས་མེད་པས་ཡིན། སྒོམ་སྒྲུབ་བྱེད་རྒྱུ་ནི་ཆོས་ཞེན་མཁན་དང་སེམས་ལ་དཀའ་ངལ་འཕྲད་པའི་ནུབ་ཁག་ཅིག སེམས་བདེ་དོ་སྣང་ཡོད་མཁན་གྱི་ནུབ་མི་ཚོས་རང་སེམས་ལྷོད་དུ་འབབ་བྱེད་ཀྱི་ཐབས་ལམ་ཞིག་ཏུ་སྒོམས་པས་ཡིན།
སྤོབས་པ་མཐའ་ཡིས་ཀྱི་མིག་དང་། རྣ་བ། སྣ། ལྕེ། སོགས་སྐྱོན་ཅན་ཡིན་པ་འདྲ། ཁོང་གིས་དུང་དཀར་སེར་པོ་མཐོང་གི་ཡོད་པ་ངས་ཁ་སང་ནས་བཤད་ཡོད། ཡིད་དམ་རྡོ་རྗེ་འཇིགས་བྱེད་ཀྱི་གདོང་ཙམ་ལ་ཡང་ཆ་རྒྱུས་མེད་པར་ད་དུང་ཚིག་བཅད་ཅིག་གི་ལམ་ནས་ངའི་ཡིད་དམ་ལ་དམོད་ཁུལ་བྱས་འདུག མ་ཧེ་དང་གླང་གཉིས་ཀྱི་ངོ་གདོང་མི་འདྲ་བ་ཡང་ཤེས་ཀྱི་མི་འདུག ནག་ཁུང་ནང་དུ་ལག་མྱངས་བྱས་ན་ལག་པར་ཅི་ཞིག་རེག་མིན་འཕྱང་མོ་ཉུག་གོ།
ཀླུ་སྨྱོན་འདིས་རྭ་ལོའི་རྣམ་ཐར་ཐེངས་བརྒྱད་བཀླགས་ཡོད་ཀྱང་ཡིད་དམ་འདིའི་སྐོར་ནས་གང་ཡང་མ་ཤེས་པ་ནི་ཡ་མཚན་པ་ཞིག་རེད། ནམ་རྒྱུན་ཁོང་གིས་རྣམ་ཐར་ཞིག་མཇལ་བ་དང་བླ་མ་དེའི་ཚེ་གཅིག་གི་མཛད་པ་འཕྲིན་ལས་ཧ་ཅང་ཅང་། བླ་མ་དེའི་སྐྱེ་རབས་ཐམས་ཅད་ཀྱང་ཁོང་ལ་གསུང་རྒྱུ་འདུག
སྔགས་རྒན་རླིག་པ་ལངས་དུས་ཡི་དམ་ཆགས་སྤྱོད་ཅན།
བན་རྒན་ཞེ་སྡང་ལངས་དུས་སྲུང་མ་རལ་གྲི་ཅན།
ནང་གི་སེམས་ཀྱི་འདོད་མོས་ཕྱི་རུ་མངོན་པ་ལས།
དངོས་སྟོབས་རིག་པས་དཔྱད་ན་ས་སྟེང་འདི་ལ་མེད།།
༡༡༧༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ གི་ཆུ་ཚོད་ ༤ སྐར་མ་ ༣༩
བདུད་རིགས་འདུལ་ཕྱིར་དྲག་པོར་བཞེངས་ཞེས་པའི།།
བླུན་པོ་མགོ་སྐོར་སྒྱུ་རྩལ་བརྩམས་ཆོས་ལ།།
གཏན་གྱི་སྐྱབས་སུ་རེ་བའི་གངས་ཅན་པ།།
དཔྱོད་ཤེས་མིག་འབྱེད་གཤག་བཅོས་བདག་གིས་བྱེད།།
ཤཱཀྱ་ཐུབ་པ་མངོན་སངས་རྒྱས་པའི་ཚེ།།
བདུད་ཀྱིས་བར་ཆད་འདུལ་ཕྱིར་བྱམས་ཆེན་གྱི།།
ཏིང་ངེ་འཛིན་གྱི་ཁམས་གསུམ་གཡུལ་ལས་རྒྱལ།།
ང་ཚོའི་ལྷ་ངན་འདི་ཚོར་ཅི་ཞིག་བྱུང་།།
བསད་བསད་གཏུབ་གཏུབ་སྡིག་ཅན་སྲིན་པོའི་ལུས།།
རྔོན་དུ་སོང་ནས་ཁྱིམ་དུ་ལོག་པའམ།།
ལག་དམར་བཤན་པ་བཤས་རར་འགྲེང་བ་བཞིན།།
སངས་རྒྱས་འདི་འདྲ་ཡིན་ན་ཁྱད་མཚར་རེད།།
ཞེས་པ་ལ།
བདུད་རིགས་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་པའི།།
གསང་སྔགས་བླ་མེད་སྒྱུ་རྩལ་ཐེག་མཆོག་ལ། །
གཏན་གྱི་སྐྱབས་སུ་རེ་བའི་གངས་ཅན་པ། །
བླ་ན་མཆད་པའི་གདུལ་བྱ་ཡིན་པར་ངེས། །
གཞོན་ནུ་དོན་གྲུབ་མངོན་སངས་རྒྱས་པའི་ཚེ། །
བདུད་ཀྱིས་བར་ཆད་འདུལ་ཕྱིར་བྱམས་ཆེན་གྱིས། །
ཏིང་ངེ་འཛིན་གྱིས་ཁམས་གསུམ་གཡུལ་རྒྱལ་བ། །
བོད་ཀྱི་བོན་པོས་ཤེས་པ་ངོ་མཚར་ཆེ། །
བསད་བསད་གཏུབ་གཏུབ་སྡིག་ཅན་རང་གི་སེམས། །
རྔོན་དུ་སོང་ནས་ཁྱིམ་དུ་ལོག་པའམ། །
སྡིག་དང་ཉེས་པ་བགས་ཆགས་གཏན་བཅོམ་པ། །
སངས་རྒྱས་གསང་སྔགས་གསུང་འདི་ཨེ་མ་ཧོ། །
༡༢༢༽ ཅོ་རི་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ གི་ཆུ་ཚོད་ ༦ སྐར་མ་ ༣༣
སྔགས་རྒན་རླིག་པ་ལངས་དུས་ཡི་དམ་ཆགས་སྤྱོད་ཅན།
བན་རྒན་ཞེ་སྡང་ལངས་དུས་སྲུང་མ་རལ་གྲི་ཅན།
ནང་གི་སེམས་ཀྱི་འདོད་མོས་ཕྱི་རུ་མངོན་པ་ལས།
དངོས་སྟོབས་རིག་པས་དཔྱད་ན་ས་སྟེང་འདི་ལ་མེད།།
ཞེས་པའི་ལན་དུ།
སྔགས་རྒན་རླིག་པ་ལངས་དུས་གཏུ་མོ་སྒོམས། །
བན་རྒན་ཞེ་སྡང་ལངས་དུས་ཞིང་བཅུ་སྒྲོལད། །
ནང་གི་སེམས་ཉིད་གཉུག་སེམས་མངོན་གྲུར་པ། །
དངོས་སྟོབས་རིག་པས་དཔྱད་ན་འདི་ལྷག་མེད། །
འཇིགས་བྱེད་མཉམ་དུ་རྒྱ་བླ་རལ་པ་ཅན་ཡང་འདུག་ཟེར་་་་ཁོང་རྣམ་པ་གཉིས་ཀ་ལ་ཨི་ཙི་འགོས་འདུག་་་་་ཟེར་
འདི་ན་ཁུང་ལུང་མེད་པར་ཐག་གཅོད་ནས་བཤད་མཁན་འགའ་རེ་འདུག རྒྱུད་སྡེ་གསུངས་ས་དང་སླར་སྲོལ་འབྱེད་པའི་ས་མཚམས་དབྱེ་བ་འབྱེད་དགོས། ཐོག་དང་པོ་དཔལ་འབྲས་སྤུགས་དུས་འཁོར་གསུངས་པ། སྤྱན་རས་གཟིགས་སེང་གེ་སྒྲའི་རྒྱུད་རྡོར་གདན་དུ་གསུངས་པ། གཟུངས་ཆུང་ངུའི་རྒྱུད་ཀྱང་དེར་གསུངས་པ་སོགས་སོ་སོའི་གླེང་གཞི་ལྟོས། འབྲས་སྤུངས་དང་རྡོར་གདན་སོགས་སྟོན་པས་ཞབས་བཅགས་མ་མྱོང་བ་རེད་དམ།
ཐུབ་པ་དམ་ཚིག་གསུམ་བཀོད་རྒྱུད་དེ་ཤཀྱ་ཐུབ་པས་མ་གསུངས་ན་སུས་གསུངས། ཡིན་ཡང་ཁྱོད་རང་གི་མགོ་བོ་གཅོད་མི་དགོས། སྙིང་རྗེ།
དུད་མགོ་སོགས་ཀྱི་རྒྱུ་རྐྱེན་དུད་འགྲོར་མཆོད་ནས་ཡིན་པ་དེ་ཁྱེད་རང་གི་རྣམ་དཔྱོད་ཀྱི་གནས་ཚད་རེད། ཁྱེད་རང་ངོར་བདེན། ང་འདྲ་པོ་ཡིན་ན། གང་ལ་སྟོང་པ་ཉིད་རུང་བ། །དེ་ཐམས་ཅད་རུང་བར་གསུངས། ཞེས་པ་དེ་འགྱུར་ལྡོག་མང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་དང་། སྔགས་ཕྱོགས་ནས་ཀྱང་སྟོང་པ་ཉིད་དེ་གཞི་རྟེན་གཙོ་བར་གསུངས། སྟོང་པ་ཉིད་མེད་ན་ཁྱེད་རང་གི་ལུས་དེ་མེད། འགྲོ་བ་རིགས་དྲུག་མེད། སངས་རྒྱས་མེད། དེ་འདྲའི་རིགས་ལམ་ནས་བསམ་བློ་གཏོང་གི་ཡོད།
སྤྱིར་དུད་འགྲོའི་སྐྱེ་བ་ཡོད་ཆོག་པ་ལ་ནུས་མཐུ་ཅན་དང་སྐྱེད་རྫོགས་ཐར་ཕྱིན་པའི་དུད་མགོ་ཅན་ཞིག་ཡོད་མི་ཆོག་པ་གང་ཡིན། སངས་རྒྱས་ཀྱི་སྐྱེས་རབས་ཀློག་མ་མྱོང་བའམ་དེ་ཡང་ཡིད་ཆེས་མེད་ཟེར་བ་གང་ཡིན། ཁྱེད་རང་ཡང་གཏན་དུ་མི་ལུས་དེར་སྡོད་རྒྱུར་མ་བསམ་ཞིག
སེམས་ཅན་ཞི་དྲག་གཉིས་ཀྱི་བརྟུལ་དགོས་པ། དེ་ཡང་རྣམ་པ་འདྲ་མིན་ནས་འདུལ་དགོས་པ། དེ་ཚོ་ང་ཚོས་མིག་མཐོང་ལག་ཟིན་རེད། ལྷ་སྐུའི་རྣམ་པ་འདྲ་མིན་ཡོང་བ་ཡང་དེ་དག་ཞིབ་ཚགས་སུ་བཏང་བ་ཞིག་ཡིན་པར་འདོད།
སེམས་ཅན་ཞི་དྲག་གཉིས་ཀྱི་ཐོག་ནས་བཏུལ་དགོས་ཀྱི་ཡོད་ན་ཤཀྱའི་ཆོས་ལུགས་འདི་དྲག་སྤྱོད་པ་ཡང་རེད་འདུག་ག འཚེ་བ་ཆོས་སུ་འདོད་མཁན་ཞིག་ཀྱང་ཡིན་ས་རེད།་་་ཧཧཧཧ
དེ་རིང་ཉིན་གང་པོ་་ང་ཚོའི་སེང་གེས་སྟོང་པ་ཉིད་ན་གཟུགས་མེད། སྒྲ་མེད།་དྲི་མེད། རོ་མེད། རང་བཙན་མེད། རྒྱལ་ཁབ་མེད། རང་དབང་མེད་ཅེས་མེད་ཁ་གཅིག་པོར་ལྡབ་བསྡད་པའི་རྗེས་སུ་་་དངོས་ཡོད་ཉིད་ན་བཙན་གནོད་ཡོད། དམར་གསོད་ཡོད། རང་སྲེག་ཡོད། བཙོན་བཅུག་ཡོད། མནར་གཅོད་ཡོད་ཅེས་གསུངས་སོང་ཟེར།
ལྷ་འདྲ་མིན་དེ་འདྲ་ནང་ཆོས་མ་དར་གོང་ནས་ཡོད་རེད།
བོན་པ་ཚོར་ཡང་སྟག་མེ་འབར་ཟེར་བ་ཞེད་སྣང་ཚ་བོ་མེ་འབར་བ་ཅན་དེ་འདྲ་འབྲི་སྲོལ་ཡོད་རེད།
བོན་པོ་
སྤོབས་མཐའ་ཡིས་གསུངས་བ་བཞིན་འདི་དག་གཏན་དུ་སྐྱབས་བཅོལ་ཞུས་ན། རང་ཉིད་མི་བསླུ་བ་ང་ལ་ཡིད་ཆེས་མེད། རྒྱ་གར་དང་ཁ་ཆེ་འདི་ཚོས་གཏན་གྱི་བདེ་བ་རྙེད་པའི་ཐབས་ཤིག་ཡོད་པ་ང་ལ་ཡིད་ཆེས་མེད།
ནོར་བཅོས།
སྤོབས་མཐའ་ཡིས་གསུངས་བ་བཞིན་འདི་དག་གཏན་གྱི་སྐྱབས་བཅོལ་ཞུས་ན། རང་ཉིད་མི་བསླུ་བ་ང་ལ་ཡིད་ཆེས་མེད། རྒྱ་གར་བ་དང་ཁ་ཆེ་འདི་ཚོ་ལ་གཏན་གྱི་བདེ་བ་རྙེད་པའི་ཐབས་ཤིག་ཡོད་པ་ང་ལ་ཡིད་ཆེས་མེད།
་ཨ་ནུ་ཐང་བསོས་ནམས་ལགས་་་བལྟས་དང་། སྤོབས་པའི་སྐད་ཆ་་་་
བདེ་གསང་འཇིག་བྱེད་རྙིང་རྒྱུད་གསང་སྙིང་སོགས།།
རྒྱུད་སྡེ་རྣམས་ཀྱི་གླེང་གཞི་ལ་ལྟོས་དང་།།
ཤཱཀྱ་ཐུབ་པས་གསུངས་པའི་རྒྱུད་སྡེ་ཞིག །
རྙེད་ན་བདག་གི་མགོ་བོ་དེ་རིང་གཅོད།།་་་་ཅེས་གསུངས་སྟངས་ལ་བལྟས་ན་སྤོབས་པ་མཐའ་ཡས་མིང་དོན་མཚུངས་འདུག་ག་་་་་ངོ་མ་སྤོབས་པ་བྱུང་ཨ།་་་་ཧཧཧ
ཆོས་དང་འཇིག་རྟེན་གནད་ལུགས་ཤེས་མཁན་ཞིག
དཔའ་དང་སྤོབས་པ་སྙིང་ལ་ཡོད་མཁན་ཞིག
དྲང་དང་བདེན་པའི་གཤིས་ཀ་ཡོད་མཁན་ཞིག
ཉམ་ཆུང་རྒྱབ་སྐྱོར་འདི་ལ་ཇེ་དུང་རེད།།
དྲི་མེད་ལྷག་བསམ་ལགས་སུ་ཐུགས་རྗེ་ཆེ། དྲ་ཐོག་འདི་ན་ཁྱེད་ལྟ་བུའི་མཁས་པ་ཆེན་པོ་གཟིགས་རྒྱ་ཡངས་ཤིང་རིས་མེད་གདམས་ངག་གི་བང་མཛོད་དུ་བཞུགས་པ་རེ་ཟུང་མཆིས་པ་ཡང་གློ་བ་དགའ་བའི་གསོས་སུ་གདའ། ཇོ་ནང་གསུང་འབུམ་ཟླ་ཤས་སྔོན་གཟན་དཀར་རིན་པོ་ཆེའི་ཐུགས་རྗེས་འདིར་ཕེབས། ག་ལེར་ཞལ་མཇལ་ཞུ་གི་ཡིན། ལྷ་འདྲེའི་ཁ་ཆིངས་ཀྱི་གདམས་པ་འདི་ཁ་བསྒྱུར་ནས་དྲ་འབུའི་ཁ་ཆིངས་བྱེད་ཀི་ཡིན། ཕ་ཡུལ་ནས་བླ་བྲང་ཕྱག་བཞེས་ཆོས་རྒྱལ་ལྕགས་མཁར་གྱི་མུན་མཚམས་ལ་ཡང་འདུག་མྱོང་། མཐུ་རྟགས་ཐོན་ཡོད་མེད་མི་ཤེས་ཀྱང་ཟིལ་རྔམ་ཤིན་ཏུ་ཆེ། དམར་པོ་མདའ་འགེང་འདིའི་ཆོས་སྐོར་ཞིག་སྔོན་མར་ཐོབ་ཡོད་པ་དྲན། གསུང་རབ་གཞན་ཚོ་དཔེ་འབྱོར་ན་མཇལ་གྱི་ཡིན།
གསང་སྔགས་གསང་ནས་སྒྲུབ་ན་དངོས་གྲུབ་མྱུར།།
གསང་སྔགས་སྦས་ན་རིན་ཐང་བླ་མེད་མཐོ།།
ཚོགས་སུ་འོག་མ་དབེན་པར་གསང་སྔགས་སྤྱོད།།
ཅེས་པ་མཁས་པའི་ཚོགས་ལ་ཡོངས་སུ་གྲགས།།
སྤོབས་པ་མཐའ་ཡས་ལ་དྲི་བ་ཞིག་ཡོད།
གླེང་གཞིའི་ཡི་གེ་བཞི་བཅུ་མ་གཏོགས་མེད། གླེང་གཞིའི་ཡི་གེ་བཞི་བཅུ་བོ་གང་གི་སྐབས་སུ་བདེ་གསང་འཇིགས་བྱེད་རྙིང་རྒྱུད་གསང་སྙིང་སོགས་ཤཱཀྱ་ཐུབ་པས་གསུངས་མིན་པར་ལབ་འདུག
ཤེས་ནས་ལབ་གི་ཡོད་ན་བགྲོ་གླེང་བྱས་ཆོག
སྤོབས་མཐའ་འདི་ཉན་ཐོས་ལྒོག་པོ་ཞིག་ཡིན་ས་རེད། འཇམ་དབྱངས་དང་ཕྱག་རྡོར་སོགས་ཀྱིས་བསྡུས་པར་བཤད་པ་བལྟས་མེད་པ་འདྲ།
སྟོན་པ་ཤཱཀ་ཐུབ་ཀྱང་རང་རྒྱུད་པར་ཁས་ལེན་ཞིང་། སྤྲུལ་བསྒྱུར་གང་ཡང་མི་ནུས་པ། སྤོབས་པ་རང་འདྲ་པོ་ཞིག་ལ་བསམ་བློ་གཏོང་གི་ཡོད་པ་འདྲ།
སྤོབས་མཐའ་ནི་དགེ་ཆོས་ཀྱིས། ལྷུང་བཟེད་ནག་པོ་ཅན་རྣམས་ནི་གང་ལ་ཡང་འཁུ་འཕྲིག་ཟ་ཞེས་པའི་ཉན་ཐོས་དེ་འདྲ་ཞིག་གི་སྐྱེ་བ་རེད། ངེད་ཅག་མི་རྐང་གླིང་བུ་ཅན་གང་ལ་ཡང་ཐོག་བརྫིས་ཆེ་བ་དག་གི་གྲས་ནས་ཁོ་སྐྱིད་པོ་ཁྱོན་ནས་ཡོད་པ་མ་རེད།
འཇིགས་བྱེད་ཀྱི་བདག་སྐྱེད་དང་སྒྲུབ་ཐབས་གཉིས་ལ་ཁྱད་པར་གང་ཡོད་དམ།
ཀླུ་ཧེ་བདེན།
རྙིང་མ་པ་ཚོས་བདག་བསྐྱེད་གཙོ་བོ་བྱེད།།
གསར་མའི་སྔགས་པས་གཙོ་བོ་མདུན་བསྐྱེད་སྒོམ།།
སྒྲུབ་ཐབས་ཞེས་པ་གཙོ་བོ་ཆོ་གར་གོ།།
བསྐྱེད་རྫོགས་ཟུང་འཇུག་ལ་ཡང་གོ་རུང་ངོ་།།
ཨོ་རྒྱན་ཉི་མ་འདི་མི་སྣང་བ་སྐྱིད་པོ་ཞིག་ཡིན་ཚོད་འདུག
གསར་རྙིང་གི་བདག་མདུན་ལ་ཞིབ་ཆ་ཡག་པོ་བཤད་འདུག
དྲྭ་འབུ་བསམ་ཤེས་ནི་བསམ་ཤེས་རང་རེད། སྐད་ཆ་དེ་འདྲ་ཞིག་གིས་མགོ་སྐོར་གཏོང་ག་ལ་ཐུབ།
ལོག་རྟོག་སྙིང་སྟོབས་ལས།
བཞི། འདུལ་སྔགས་ལུགས་ཀྱི་སྡོམ་དང་དམ་ཚིག་གི་རྣམ་གཞག་ལ་དཔྱད་པ།
སངས་ རྒྱས་ཆོས་ལུགས་ནི་གནའ་རབས་རྒྱ་གར་གྱི་སྤྱི་ཚོགས་ཁྲོད་ནས་མགོ་འབུས་ཤིང༌། བྲམ་ཟེའི་ཆོས་ལུགས་ཀྱི་འོག་ནས་ལག་ཆགས་པ་ཞིག་ཡིན་སྟབས། ཆོས་འདུལ་བའི་ལུགས་ཀྱི་བཅའ་ཁྲིམས་ཀྱི་ནང་དུ་ཡང་སྐབས་དེའི་རྒྱ་གར་བའི་ཡུལ་ ཆོས་དང༌། བྲམ་ཟེའི་ཆོས་ཀྱི་ཆོ་ག་མང་པོ་འདྲེས་ཡོད་པ་སྨོས་ཅི་དགོས་ཏེ། ཆེ་ས་ནས་བཤད་ན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ངང་ཚུལ་འདི་ཡང་ཕྱི་རོལ་ མུ་སྟེགས་པའི་ལུགས་སྲོལ་ཡིན་པ་ལྟ་བུ་རེད། སྟོན་པ་སངས་རྒྱས་རང་ཉིད་ཀྱང་ཐོག་མར་མུ་སྟེགས་པའི་རབ་བྱུང་ཚོར་མིག་དཔེར་ བལྟས་ཏེ་ཆ་ལུགས་བསྒྱུར་བ་ཞིག་ཡིན་ལ། ཕྱིས་སུ་ལྟ་བའི་ཐད་ནས་ཏོག་ཙམ་མ་མཐུན་པས་ཟུར་དུ་དོན་དགོས་བྱུང་ཡང་རྟགས་དང་ཆ་ ལུགས་གསར་བརྗེ་གནང་མེད་པར་མ་ཟད། ཉིད་ཀྱི་རྗེས་འབྲང་ཚོར་ཡང་མུ་མཐུད་ཆ་ལུགས་དེ་ཉིད་རྒྱུན་འཛིན་བྱེད་དུ་བཅུག་ པ་རེད། ཐོག་མའི་ཆར་རབ་ཏུ་བྱུང་བའི་ཚད་དེ་སྐྲ་བྲེགས་ཤིང་གོས་བརྗེས་ཏེ་ཁྱིམ་ཚང་དང་ཁ་ བྲལ་ནས་སྡོད་པ་དེ་ཙམ་ཞིག་མ་གཏོགས། དེང་སང་ནང་བཞིན་སྡོམ་པ་ལེན་པའི་ཆོ་ག་དང༌། གཏོང་བའི་ས་མཚམས་སོགས་རྙོག་འཛིང་ཆེན་པོ་འདི་འདྲ་མེད། རིམ་བཞིན་དགེ་སློང་བཟང་སྦྱིན་གྱིས་དགེ་སྦྱོང་གི་ཆ་ལུགས་མ་དོར་བཞིན་དུ་མི་ ཚངས་པར་སྤྱད་པ་དང༌། རྫ་མཁན་ནོར་ཅན་གྱིས་རྐུ་མ་བརྐུས་པ། ཉ་པའི་ཁྱེའུ་ལྔ་བརྒྱས་མ་ཡིན་ཡིན་མདོག་གི་རྫུན་གཏམ་པ། དགེ་སློང་མི་སྡུག་པ་སྒོམ་མཁན་ཁ་ཤས་ཀྱིས་རང་སྲོག་རང་གིས་བཅད་པ་སོགས་གནད་དོན་ ཛ་དྲག་ཅན་མང་པོ་འཕྲོ་རིམ་འཕྲོར་ཐོན་པ་ན། ད་གཟོད་ཕྱོགས་གཅིག་ནས་སྔོན་འགྲོའི་ཆ་རྐྱེན་དང་ཆོ་གའི་བརྒྱུད་རིམ་མང་པོ་ཞིག་ བཟོས་ཏེ་མི་ཅི་མིན་འདི་མིན་དེ་འདྲ་རབ་བྱུང་པའི་གྲལ་དུ་འཚང་རྒྱུ་སྔོན་འགོག་ བྱས་པ་དང༌། ཕྱོགས་གཞན་ཞིག་ནས་བཅའ་ཁྲིམས་གསར་པས་རབ་བྱུང་པ་ཚོའི་ཀུན་སྤྱོད་ཀྱི་ཚད་གཞི་ གཏན་ལ་ཕབ་པ་རེད། ལས་དོན་དེ་སྐུ་ཚེ་གང་པོར་རྒྱུན་འཁྱོངས་དང༌། འཐུས་སྒོ་ཚང་དུ་བཏང་བའི་མཐར་དགེ་སློང་ཕ་ལ་འདུལ་ཁྲིམས་ཉིས་བརྒྱ་ང་གསུམ་དང༌། དགེ་སློང་མ་ལ་སུམ་བརྒྱ་རེ་བཞི། ཐུན་མོང་གི་ལས་བརྒྱ་རྩ་གཅིག་དང༌། གཞི་བཅུ་བདུན་སོགས་མ་ལག་ཚང་བའི་ལམ་སྲོལ་འདི་ཉིད་ཆགས་ཐུབ་པ་བྱུང༌། གལ་སྲིད་སྟོན་པ་ཁོང་སྐུ་ཚེ་དེ་བས་རིང་བ་ཞིག་བཞུགས་ཡོད་ན། ད་ལྟའི་འདུལ་ཁྲིམས་འདི་དག་ལས་ཁ་ཅིག་རྩིས་མེད་དང༌། ལ་ལ་ཁ་གསབ་སོགས་མུ་མཐུད་བཅོས་བསྒྱུར་གནང་ཡོད་ངེས་རེད། འདིར་ཁོ་བོས་བརྗོད་འདོད་པའི་སྐད་ཆ་ནི། འདུལ་བའི་བཅའ་ཁྲིམས་དེ་སྟོན་པ་ཤཱཀྱ་ཐུབ་པས་དབྱིངས་ཆོད་ཀྱིས་མར་བཀའ་ཕབ་བཞག་ པ་ཞིག་མིན་པར། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་ཐོག་མར་དུས་དང་ཁོར་ཡུག་ངེས་ཅན་ཞིག་གི་ཤུགས་ རྐྱེན་འོག་གཏན་འབེབས་གནང་བཞག་པ་ཞིག་ཡིན་པས། ད་དུང་ཡང་དུས་དང་ཁོར་ཡུག་ལ་བསྟུན་ནས་བསྣོན་འཕྲི་སྤོར་བཅོག་བྱེད་ཆོག་པ་ཞིག་ མ་གཏོགས། དགེ་མཚན་དང་དོན་སྙིང་ཡོད་མེད་ལ་ལྟོས་པ་མེད་པར་མཐའ་གཅིག་ཏུ་མཛེ་ཕོ་མདུང་ བཟུང་བྱེད་མི་དགོས་ཞེས་པ་འདི་ཡིན། དེ་བཞིན་དགེ་ཚུལ་སློང་གི་སྡོམ་པ་ལེན་པའི་ཆོ་ག་དེ་ཡང་བསྟན་པའི་སྒོ་རུ་འཇུག་ པའི་དམ་བཅའི་མཛད་སྒོ་ཙམ་ཞིག་ཡིན་གྱི། འབོགས་ཆོག་ལ་བརྟེན་ནས་སྡོམ་པ་ཞེས་པའི་དངོས་པོ་རྡོག་རྡོག་ཅིག་རྒྱུད་ལ་སྐྱེ་ འོང་རྒྱུ་དང་འཐོབ་འོང་རྒྱུ་ཅི་ཡང་མེད་ལ། དེ་དང་འགལ་བའི་གནས་ཚུལ་ལྷག་ན་དམ་བཅའ་ཤོར་བ་ཡིན་པས་སྨད་པར་འོས་པའི་གནས་ཙམ་ ནི་ལོས་ཡིན་མ་གཏོགས། དངོས་སུ་རྫ་བུམ་བཞིན་དུ་ཆག་འགྲོ་རྒྱུ་དང༌། ཤིང་ལོ་བཞིན་དུ་གྲུག་འགྲོ་རྒྱུ་དེ་འདྲ་གང་ཡང་ཡོད་པ་མ་རེད། སྡོམ་པ་ཤོར་སོང་ན་དམྱལ་བར་ལྷུང་འགྲོ་ཟེར་བ་འདི་ནི་དེ་བས་ཀྱང་དཔྱད་མི་བཟོད་ པའི་རྫུན་གཏམ་ཡིན་ཏེ། སྡོམ་པ་གཏན་ནས་བསྲུང་མ་མྱོང་བའི་ཁྱིམ་པ་ཚོ་དམྱལ་བར་ལྷུང་མ་སོང་ན། གྲྭ་
ཁྱོད་ཀྱི་བཤད་ཚུལ་དེ་ཁ་ཅིག་དུ་བཞག་ནས་སྔགས་རིམ་ཆེན་པོ་ན་བཀག་ཡོད།
ཡིན་ན་ཡང་དེ་ཞར་བྱུང་ཙམ་རེད་མ་གཏོགས་ཁ་ཅིག་གཙོ་བོ་དེ་མ་རེད།
རྒྱུད་སྡེ་གོང་འོག་གི་སྐད་ཆ་བཤད་དུས་ཁ་ཅིག་གིས་ལབ་པ་རེད།
ཁྱེད་རང་ནང་བཞིན་གྲོང་གསེབ་པའི་རྒྱུས་མེད་རྒྱུས་གཏམ་དེ་འདྲ་བཤད་ཡོད་མ་རེད།
རྒྱུད་སྡེ་འོག་མ་གསུམ་ལ་བདག་བསྐྱེད་སྒོམ་པ་ཡོད་མེད་དང་དེ་ལ་བསྟེན་ནས་དངོས་གྲུབ་སྒྲུབ་ཚུལ་ལ་དཔྱད་པ་ཡོད་རེད།
གོམ་མ་དང་ཁྱད་པར་དུ་བླ་མེད་ལ་གཙོ་བོ་བདག་བསྐྱེད་དང་བརྟེན་ནས་རྫོགས་རིམ་གྱི་ལམ་རིམ་པ་ལྔ་དང་ས་བཅུ་དྲུག་གི་བགྲོད་ཚུལ་བཤད་ཡོད་རེད། རྫོགས་རིམ་གྱི་ལམ་རིམ་པ་གང་ཞིག་ཡིན་ཡང་བདག་བསྐྱེད་མེད་པར་ཐབས་ཡོད་མ་རེད། བསམ་གཏམན་དང་རྗེས་གཞིག་གི་བསྡུ་རིམ་མེད་པར་ལམ་ལ་འབོགས་འདོན་ཐབས་ཡོད་མ་རེད།
འདི་འདྲའི་ལམ་གོང་མཐོར་གཏོང་བ་ལ་བསྐྱེད་རྫོགས་དང་བདག་མདུན་ལ་གསར་རྙིང་གི་སྐད་ཆ་ཡོད་མ་རེད་ལགས།
༡༤༥༽ དགེ་འདུན་རྒྱ་མཚོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ གི་ཆུ་ཚོད་ ༡༤ སྐར་མ་ ༡༣
འདི་ཨོ་རྒྱན་ཉི་མ་ལ་བཤད་པ་ཡིན།
གསར་མའི་ལུགས་ཀྱི་རྫོགས་སངས་རྒྱས་པ་ལ།།
རང་ལུས་ཐབས་ལྡན་རྩ་རླུང་ཐིགས་ལེ་ལ།།
རང་དབང་འབྱོར་ཚེ་གཞན་ལུས་ཕྱག་རྒྱ་མའི།།
བྷ་གར་མ་སྦྱོར་འབྲས་བུ་འཐོབ་མེད་གསུངས།།
དེ་ལས་གོང་ལ་ཐབས་ལམ་གཞན་མེད་པ།།
གསང་བདེ་དུས་འཁོར་གསུམ་གྱི་དགོངས་པ་རེད།།
རང་གི་ལྟ་གྲུབ་ཆ་ཙམ་མ་རྟོགས་པར།།
གཞན་གྱི་མཚང་འབྲུ་འདོད་པ་གད་མོ་གནས།།
ཀུན་ཁྱབ་གདོད་མའི་གཞི་དབྱིངས་ཀ་དག་སྦུབས།།
བླང་དོར་དབེན་པའི་ལྷུན་གྲུབ་ཐབས་མཆོག་གིས།།
བསལ་བཞག་བྲལ་བའི་འབྲས་བུ་རྫོགས་པ་ཆེར།།
རྟོགས་གྲོལ་དུས་མཉམ་བྱུང་བ་ཨ་ལ་ལ།།
རྩོལ་བཅས་རྩ་རླུང་ཐིགས་ལེ་བཏུལ་བ་ལས།།
དབང་པོ་གཉིས་སྦྱོར་བདེ་ཆེན་ལ་སྦྱོར་བའི།།
དོན་མེད་འཇིག་རྟེན་ཆོས་ཀྱིས་གོས་པ་མེད།།
གཞི་ལམ་འབྲས་བུ་ཀུན་རྫོགས་ཨ་ལ་ལ།།
ཧཧཧཧཧ
ཅོ་རི་ཉི་མ་ལགས།
ཚ་བ་མདའ་སྨྱུག་གི་སྐད་ཆ་དེ་ཚོ་གསར་བ་ཅང་མ་རེད་བསམ་སོང་།
གང་ཡིན་ཟེར་ན་འདུལ་བའི་དགེ་སློང་དག་ལ་གྲུབ་ཟིན་གྲུབ་པ་རེད།
གྲྭ་ཚང་སོ་སོའི་ཡིག་ཆ་དང་འདུལ་བའི་མཐའ་དཔྱོད་སོགས་ན་གསལ་བོ་ཡོད་རེད།
ཁྱད་པར་དུ་རྒྱལ་བ་དགེ་འདུན་གྲུབ་ཀྱི་འདུལ་བའི་གླེང་འབུམ་ན་ལག་མཐིལ་རི་མོ་ཡིན།
ད་དུང་ལོ་མང་བོར་རྩད་ནས་འདུལ་བའི་སྐོར་ལ་བརྡར་ཤ་བཅད་ཟིན་པ་རེད། ཚ་བ་མདའ་སྨྱུག་གི་རྩོལ་འདི་ལ་བལྟས་ནས་དོགས་པ་གསར་བ་ཅང་ཤར་ཡ་ཡོད་མ་རེད་སྙམ།
སྔགས་ཀྱི་སྐོར་ལ་ཁོང་གི་བསམ་ཚུལ་མང་བོ་བཤད་འདུག སྒེར་བའི་བསམ་ཚུལ་དེ་འདྲ་བཤད་མི་ཆོག་པ་ག་རེ་ཡོད། རིག་པའི་དབང་ཕྱུག་གིས། ལོག་པའི་ལམ་ལ་མཐའ་མེད་ཕྱིར།། གསུངས་ཡོད་རེད། རྨོངས་འཆར་ཙམ་བཤད་འདུག་པས་བདག་པོ་བརྒྱག་རིན་དང་སྡང་སེམས་དང་སྐྱེས་དོན་ཡོད་མ་རེད་ལ། རིན་ཐང་ཅང་ཡོད་མ་རེད།
དགོད་བྲོ་བ་ཞིག་ལ་ཁོང་གིས་རྫུན་མང་བོ་བཤད་འདུག ་གསང་སྔགས་ལུགས་ཀྱི་བླ་མ་ལ་མཚན་ཉིད་གང་ཡང་ཚང་མི་དགོས་ཏེ། སློབ་མས་འཇོན་ན་ཁྱི་སོ་ལའང་རིང་བསྲེལ་འཁྲུངས་འོང་བ་ཡིན། གསང་སྔགས་ལུགས་ཀྱི་སློབ་མ་ལ་ཡོན་ཏན་གང་ཡང་འཛོམས་མི་དགོས་ཏེ། གླེན་དད་དཔེ་མེད་ཅིག་ཡོད་ན་དེ་ག་རང་གིས་འགྲིག་པ་ཡིན། ཟེར།
གསང་སྔགས་ཀྱི་གཞུང་ན་བླ་མའི་མཚན་ཉིད་དང་སློབ་མའི་མཚན་ཉིད་གཉིས་ཏེ་གལ་ཆེན་པོ་བྱས་ནས་བཤད་ཡོད་རེད།
བླ་མ་དང་གྲུབ་ཆེན་འགའི་ལོ་རྒྱུས་བཤད་བྱ། དད་པ་ཡོད་ན་དེ་ག་རང་རེད། མེད་ན་ཇུས་གཏོགས་ཡོད་མ་རེད།་
སྒྲུབ་པ་པོའི་བྱ་སྤྱོད་དེ་ཚོ་གསང་སྔགས་སྤྱིའི་ངོ་བོ་ལ་སྒྲུབ་ཐུབ་ཀྱི་མ་རེད།
གསང་སྔགས་སྤྱི་ལ་ཁོས་སྐྱོན་བརྗོད་མི་འདུག བརྗོད་ཤེས་ཀྱི་ཡང་མ་རེད། སང་སྔགས་ཤེས་ཀྱི་མེད་པ། མ་ཤེས་ན་སྐྱོན་ཅི་ལྟར་བརྗོད། བརྗོད་ཀྱང་སྐྱོན་དུ་འགྲོ་སྲིད་ཀྱི་མ་རེད།
བ་ལང་གི་རྐང་རྗེས་ལ་བརྟགས་ནས་གླང་ཆེན་གྱི་བོངས་ཚོད་ལ་ཚད་འཇལ་གྱི་ཡོད་རེད། དངོས་གནས་དགོད་བྲོ་བོ་མ་རེད་པས།
དྲ་མཆེད་དྲི་མེད་ལྷག་བསམ་ལགས་ལ་གལ་ཆེའི་གནད་དོན་མང་པོའི་ཐོག་ངོ་སྤྲོད་གནང་བར་སྙིང་ནས་ཐུགས་རྗེ་དང་བཀྲིན་ཆེ་ཞུ། བཀའ་འདྲི་ཞུ་རྒྱུར། རྭ་པོད་ཀྱི་ལུང་ཇི་ལྟར་ཞུ་ཐུབ་བམ།
དགེ་འདུན་རྒྱ་མཚོ་ལགས།
ཚ་བའི་བཤད་ཚོད་ཐམས་ཅད་བདེན་པ་རེད་ངས་ཀྱང་ཟེར་གྱི་མེད། ཡིན་ཀྱང་ངའི་མིག་གིས་མཐོང་མྱངས་བ་ནི་དད་ལྡན་མི་དམངས་ཀྱི་མགོ་ཐོག་ཏུ་མཆིལ་མ་འདེབས་མཁན་དང་གཅན་འཐུང་བཅུག་མཁན་སྔགས་པ་བན་རྒན་དེ་འདྲ་འདུག ངོ་མ་བསམ་ཡུལ་འདས་པ་རེད་འདོད། ཤཀྱའི་རྒྱལ་པོའི་ཆོས་ལུགས་མ་རེད། ས་དིང་བྷ་བྷ་རྫུན་རྐྱལ་བ་ཚོའི་ཆོས་ལུགས་གྲུབ་མཐའ་ཞིག་རེད་བསམས་ཀྱི་ཡོད།།
ཨོ་རྒྱན་ཉི་མ་ལགས།
རྗེ་རིན་པོ་ཆེའི་གསུངས་ཚིགས་བཅད་ཅིག་ཡོད། ཝ་ར་ན་སི་ནས་དཔར་བསྐྲུན་བྱས་པའི་འགྲེལ་བ་ཞིག་ཀྱང་ཡོད།
རྗེ་མཁས་གྲུབ་ནོར་བཟང་རྒྱ་མཚོའི་གསུངས་དེ་ཚོ་ཀློགས་དང་དགེ་ལྡན་ཕྱོགས་ཀྱི་གྲུབ་ཆེན་སྤྱི་དང་བྱེ་བྲག་གི་གྲུབ་ཆེན་སོ་སོས་རིག་མ་དང་སྦྱར་དགོས་མིན་གསལ་བོ་དང་མཉམ་མྱོང་གི་སྟེང་ནས་གསུངས་ཡོད་པས་བློ་བསྐྱེད་ཡོད།
བྷ་གར་མ་སྦྱོར་འབྲས་བུ་འཐོབ་མེད་གསུངས། དོན་ལ་རིམ་ལྔ་གསལ་སྒྲོན་དང་མཐའ་དཔྱོད་སྨྱུག་གུ བསྡུས་དོན་སོགས་ན་ཚིག་འགའ་རེ་ཡོད།
ཡིན་ན་ཡང་ཁྱེད་ལ་དེ་འདྲའི་རྒྱུས་མེད་པས་ཕན་པ་ཆུང་།
རྙིང་ཞེན་ཆེན་པོ་དེར་ང་དགའ་ཡོད། ཡིན་ཡང་ཁྱོད་ལ་རྗོད་བྱེད་ལས་བརྗོད་བྱ་མི་དགོས་པ་དེ་ཡ་མཚན་རེད།
མཚན་ཉིད་པ་ལ་རྒྱུ་མཚན་གཙོ་བོ་རེད། ཁྱོད་ལ་རྒྱུ་མཚན་བཀོད་ཡ་མི་འདུག
འདམ་ལ་ཕུར་བ་བརྡེབ་པ་ནང་བཞིན་རེད་འདུག་བདའ།
ཧ་ཧ་་ཀུ་རེ་ཡིན། མུ་མཐུན་ནས་ཕྲིས།
གསང་སྔགས་ཟབ་མོ་ལ་ཧབ་ཆེན་པོ་མ་ལངས་ཤིག
རང་ཉིད་དེའི་གདུལ་བྱ་ཡིན་མིན་སུས་ཤེས
འདི་མཁས་པ་ཆེན་པོ་ཞིག་གིས་གནང་བའི་བསླབ་བྱ་བརྒྱ་འདོ་མ་ཞིག་རེད་།
༡༠༦༽ ཨོ་རྒྱན་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ གི་ཆུ་ཚོད་ ༡ སྐར་མ་ ༣༩
འཇིག་མེད་གླིང་པའི་ཡོན་མཛོད་གཞུང་ལ་ལྟོས།།
གཞན་ལ་འཆད་དང་རང་གི་ཉམས་ལེན་ལ།།
དེ་ལས་ལྷག་པའི་བསྟན་བཅོས་གཅིག་ཀྱང་མེད།།
མང་མང་མགོ་བོ་མ་འཁོར་ཧེ་རུ་ཀ
འདིའི་སྟེང་ནས་ཀྱང་ཨོ་རྒྱན་ཉི་མ་མི་ཅི་འདྲ་ཞིག་ཡིན་མིན་ཤེས་ཐུབ་པ།
དང་པོ་འཇིགས་གླིང་གསུང་ཡོན་མཛོད་ལ་ལྟོས། ཚིག་སྙན་ལ་དོན་ཟབ་པ། ཉན་ན་རྣ་བར་འཇེབས་ཤིང། བསམ་ན་ཞེ་བདེ་བ་ཞིག་རེད།
ཅོ་རི་ཉི་མ་ལགས།
ས་དིང་བྷ་བྷ་རྫུན་རྐྱལ་བ་ཚོའི་ཆོས་ལུགས་གྲུབ་མཐའ་ཞིག་རེད་བསམས་ཀྱི་ཡོད།།ཟེར།
ཁྱེད་རང་ལ་ཁག་མི་འདུག སྔགས་ཕྱོགས་ནས་ཕྱི་ནང་གཉིས་ལ་འདྲ་སེ་མང་། དེ་ལ་དགོས་པ་ཆེན་པོ་དང་རྒྱུ་མཚན་མང་བོ་ཡོད་རེད། ཇོ་བོ་རྗེ་ནས་ཀྱང་ཁོ་བོ་ལྟ་བུ་ཞིག་གིས་མ་གཏོགས་ཕྱི་ནང་གི་ཁྱད་པར་འབྱེད་མི་ཐུབ་གསུངས་ཡོད་རེད།
འདྲ་བའི་ཆོས་རྣམས་དངོས་མ་ཡིན་ཟེར། སྟག་བྱི་ལའི་ཨ་མ་མ་རེད་ལ། བྱི་ལ་སྟག་གི་ཕྲུ་གུ་མ་རེད། འདྲ་བའི་ཕྱིར་ཟེར་ན་མ་ཁྱབ་རེད། ཧ་ཧ་ཧ
སྐྱོན་ཡོད་ན་ཐེར་འདོན་བྱེད་རྒྱུ་དེ་ཡང་གལ་ཆེན་པོ་རེད། བླ་མ་རྫུན་མ། གྲྭ་བ་རྫུན་མ། ཆོས་པ་རྫུན་མ། སྤྱི་ཚོགས་གང་དུ་སོང་ན་ཡང་གད་སྙིགས་མང་པ་འདི་དཀོན་མཆོག་གིས་ཆེད་དུ་བཟོས་པ་འདྲ། ཡིན་ན་ཡང་བ་མོ་མི་འདོད་འོ་མ་འདོད་པ་འདི་དཀའ་ལས་རེད། གསང་སྔགས་ནི་འདི་ནི་གདུལ་བྱ་དམིགས་བསལ་ཅན་ཚོའི་ཆོས་ཞིག་རེད་ལ། བླ་མེད་ནི་དེ་བས་ཀྱང་རྙོག་གྲ་ཚ་བོ་རེད། འདོད་ཡོན་སྦངས་དཀའ་བ་རྣམས་ལ་གནང་བའི་ཐབས་ལམ་ཞིག་རེད། ཤིང་གི་འབུས་ཤིང་ཟ་བ་བཞིན་དུ་སྤྱོད་པ་འཆལ་སྤྱོད་ལྟ་བུའི་ལམ་ལ་བསྟེན་ནས་འདོད་ཡོན་བཙན་ཐབས་ཀྱིས་སྦང་དུ་འཇུག་གི་ཡོད་རེད། དཔེར་ན་ཆང་ལ་དགའ་མཁན་ཞིག་ལ་ཆང་མང་དུ་འཐུང་དུ་བཅུག་ནས་སྐྱུག་གི་འཇུག་གི་ཡོད་རེད། དེ་ལ་བརྟེན་ནས་ཆང་ལ་ཞེན་པ་ལོག་ཏུ་འཇུག་གི་ཡོད་རེད། ལས་སླ་བོ་གཏན་ནས་ཡོད་མ་རེད། སྙིང་བོ་མེད་པའི་སྐད་ཆ་གཡགས་ཞོག
རུས་པ་མེད་པའི་ཤ་ཞིག་རྙེད་དཀའ་བས་བརྗོད་པ་སྒོམ་རོགས་ཞུ་ཡ་ཡིན།
༡༤༠༽ བསམ་ཤེས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ གི་ཆུ་ཚོད་ ༡༣ སྐར་མ་ ༠༩
འཇིགས་བྱེད་ཀྱི་བདག་སྐྱེད་དང་སྒྲུབ་ཐབས་གཉིས་ལ་ཁྱད་པར་གང་ཡོད་དམ།
ཞེས་པ་ལ།
ཡི་དམ་གྱི་ལྷ་གཅིག་སྒྲུབ་པའི་སྒྲུབ་ཐབས་སམ། ལྷ་དེ་སྒྲུབ་པའོ་ཆོ་ག་ཆ་ཚང་ཅིག་ལ་འཇིགས་བྱེད་སྒྲུབ་ཐབས་ཟར་བ་ལྟ་བུ་དང་། ལྷ་གང་ཞིག་སྒྲུབ་པའི་ཐབས་ལ་ཡེས་ཤེས་པའི་ལྷ་དེ་མདུན་བསྐྱེད་དུ་བསྒོམ་པ་དང་། ཡང་ན། དམ་ཚིག་པ་རང་ཉིད་ལྷ་དེའི་ངོ་བོར་བསྒོམ་པའི་བདག་བསྐྱེད་དུ་བསྒོམ་པ་དེ་གཉིས་ཀར་སྒྲུབ་ཐབས་དེའི་ཆ་ཤས་ཅིག་ལ་གོ་དགོས། ལན་གནང་མཁན་སུ་ཡང་མ་བྱུང་བས་འདི་ཡང་བྲིས་ཐལ་ཤོར་སོང་བས་ནོར་ཡོད་ན། དག་བཅོས་ལ་དགའ་བསུ་ཡོད་དོ། །
རེད་རེད
སྒྲུབ་ཐབས་ནི་ལྷ་དེ་མཉེས་བར་བྱེད་པའི་ཆོ་གའི་ཡན་ལག་དང་བཅས་པ་ཆ་ཚང་བའི་སྤྱི་མིང་ཡིན།
བདག་བསྐྱེད་ནི་རང་ཉིད་ལྷ་དེ་ལ་མོས་ནས་བསྐྱེད་པའམ་བཅོས་ནས་སྒོམ་པའི་སྒོམ་རིམ་ཞིག་ཡིན།
དགེ་འདུན་རྒྱ་མཚོ་ལགས།
སྙིང་པོ་མེད་པའི་རྩོད་པ་མ་རྒྱོབ་གཡུག་ཞོག་ཟེར་བ་ཁྱོད་བདེན། ཆོས་ལུགས་གྲུབ་མཐའ་རྩོད་ནས་ཚར་འོང་པའི་དུས་མེད་པར་ངས་ཤེས་ཀྱི་ཡོད། སྔགས་རྒན་ཡིན་ནའང་འདྲ་མདོ་རྒན་ཡིན་ནའང་འདྲ་ཆོས་གང་འདྲ་ཞིག་བྱེད་མིན་སོ་སོའི་འདོད་མོས་རེད། ཡིན་ཀྱང་ཆོས་ལུགས་བེད་སྤྱོད་བྱས་ནས་བོད་མི་རིགས་ཀྱི་སྲིད་འབྱོར་གཉིས་ཐུར་ཤོར་བཏང་བསྡད་པར་མཐོང་དུས་མ་རྩོད་རང་རྩོད་རེད་བསམས་ཀྱི་ཡོད།
མི་སེམས་གཙང་ལུས་གཙང་ཚོའི་ཀླད་པའི་ནང་དུ་རྨོངས་དད་བླུགས། དེ་ནས་དབང་སྐོར། དེ་ནས་གཅན་འཐུང་བཅུག དེ་ནས་དཔལ་འབྱོར་སླུ། མདོ་ན་བོད་མི་རིགས་ཀྱི་བསམ་བློའི་རང་དབང་ཡང་སླུ་འཕྲོག་བྱེད་འགྲོ་དུས་མི་བཤད་ཀ་མེད་རེད། སྤྱི་ཚོགས་ནང་དུ་ཆོས་ལུགས་པས་ཉེས་མེད་མི་ལ་ཉེས་ཞྭ་སྐོན། དཀྲུགས་ཤིང་བརྒྱབ་པ་སོགས་སྡུག་རིད་སྡུག་ཚོད་ཐམས་ཅད་བྱེད་འོང་དུས་ཁོང་ཁྲོ་གཏིང་ནས་ལང་འོང་གི་འདུག དྲང་པོ་བཤད་ན་ངས་ངོས་ནས་བོད་མི་རྨོངས་དད་ཅན་དེ་ཚོ་སྨྱོ་པའི་ཟོལ་འདྲ་པོ་མཐོང་གི་འདུག་་་ངོ་མ་ཡིན། འཁོར་བའི་བལྟ་ས་མི་ལ་སྨྱོ་པ་ཡིན་གྱི་རེད་བ་་་་་ཧཧཧ
བདག་ལས་གཞན་དམ་པའི་ལྷ་ཆོས་དང་།
དགྲ་འདུལ་གཉེན་སྐྱོང་འཇིག་རྟེན་ཕ་ཆོས་གཉིས།
གཅིག་གི་བཞག་བྱ་གཅིག་གིས་གཏོར་མཐོང་དུས།
ཚིག་གསུམ་ཁ་ནས་མི་ཤོར་རང་དབང་ཅི།
ཤྭཀྱའི་ལྷ་ཆོས་གནོན་ཤུགས་ཆེ་དང་གཅིག
གངས་རིའི་ཕ་ཆོས་དབང་ཤུངས་ཆུང་དང་གཉིས།
ཁ་བའི་མི་རིགས་སྡུག་བསྔལ་ཆེ་དང་གསུམ།
ཚིག་གསུམ་ཁ་ནས་མི་ཤོར་རང་དབང་ཅི།
ཤྭཀྱའི་ལྷ་ཆོས་གནོན་ཤུགས་ཆེ་དང་གཅིག
གངས་རིའི་ཕ་ཆོས་དབང་ཤུགས་ཆུང་དང་གཉིས།
ཁ་བའི་མི་རིགས་སྡུག་བསྔལ་ཆེ་དང་གསུམ།
ཚིག་གསུམ་ཁ་ནས་མི་ཤོར་རང་དབང་ཅི། །
ཚིག་བཅད་འདི་ནི་མ་ནི་དེ་དང་ལྷན་དུ་འདོན་ན་དགེ་བར་འགྱུར་རོ། །
གསར་མའི་རྒྱུ་མཚན་རྙིང་མར་མི་འགྲོ་ཞིང་།།
རྙིང་མའི་རྒྱུ་མཚན་གསར་མའི་རྣར་མི་འགྲོ།།
ང་བདེན་ཁྱེད་རྫུན་ཟེར་མཁན་འབའ་ཞིག་ལས།།
རིགས་པའི་རྗེས་འབྲང་དཀོན་པས་བློ་མ་བདེ།།
སྟོན་པ་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་དུ་གྲགས་པའི་ལུམ་འབི་ནི་ཞེས་པའི་ས་གནས་དེ་ནི་། ཐོག་མར་ཕྱི་ལོ་༡༨༩༥་ལོར་འཇར་མེན་གྱི་ས་ཞིབ་མཁས་དབང་་་ཕུ་ཧེར་་་ཟེར་བ་ཞིག་དང་ལྷན་དུ་བོལ་པོའི་གཞུང་འབྲེལ་མི་སྣ་་་ཁར་ཀ་ཤམ་ཤེར་ར་ན་་་ཟེར་བ་སོགས་ཀྱི་ཐོག་མར་ཨ་ཤོག་རྒྱལ་པོའི་རྡོ་རིང་སོགས་བརྙེད་པ་ནས་འགོ་བརྩམས་ཏེ་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་ཡིན་པར་ངོས་འཛིན་བྱས་པའི་ལོ་རྒྱུས་ཡོད་པ་འདྲ། ཡིན་ནའང་ས་གནས་འདི་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་དངོས་གནས་དེ་ཡིན་དང་མིན་གྱི་སྐོར་ལ་དེང་སང་ཡང་ལབ་གླེང་མང་པོ་འགྲོ་བཞིན་པ་རེད། གང་ལྟར་ཕྱི་ལོ་༡༨༩༥་ནས་ད་ལོ་ཕྱི་ལོ་༢༠༡༣་བར་ས་གནས་དེ་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་ཡིན་པར་ཆ་འཇོག་བྱས་ནས་མི་ལོ་ཧྲིལ་པོ་༡༡༨་ཙམ་ཕྱིན་འདུག ད་བསམ་བློ་ཐོངས་ས་གནས་འདི་ཡང་། ས་ཞིབ་པ་དང་ཞིབ་འཇུག་པ་སོགས་ཀྱིས་དུས་ཕྱིས་བཙལ་ནས་བརྙེད་པའི་གནད་དོན་ཞིག་རེད་འདུག། དེ་འདྲ་ཡིན་དུས་ཧ་ལས་པའི་རྙིང་པ་ཞིག་ནི་ཅང་རེད་མི་འདུག་གོ །
ཐོག་མར་ཨ་ཤོག་རྒྱལ་པོའི་རྡོ་རིང་སོགས་བརྙེད་པ་ནས་འགོ་བརྩམས་ཏེ་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་ཡིན་པར་ངོས་འཛིན་བྱས་པའི་ལོ་རྒྱུས་ཡོད་ན། དེ་ལས་ལྷག་པའི་རྙིང་སྟངས་ཅིག་ག་རེ་དགོས་རེད། བོན་པོ་ལགས། གང་ཡིན་ཟེར་ན། རྒྱལ་པོ་ཨཤོཀའམ་ཆོས་རྒྱལ་མྱ་ངན་མེད་ནི། བཅོམ་ལྡན་འདས་ནས་མི་ལོ་བརྒྱ་དང་བཅུ་ཙམ་ལས་མ་ཕྱིན་པར་རྒྱལ་རབས་མང་ཆེ་བའི་ནང་ལ་འཁོད་འདུག་པས་སོམས་ཤིག
བོན་པོ་དེ་ཚོས་རང་གི་སྟོན་པ་དེ་འཁྲུངས་ཡུལ་དེ་གཞི་འཛུགས་ས་མེད་དུས་བན་དེའི་སྟོན་པ་ཡང་དེ་དང་འདྲ་བར་སྟོན་ཁུལ་རེད། ཤ་ཚ།
སྟོན་པ་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་དུ་གྲགས་པའི་ལུམ་འབི་ནི་ཞེས་པའི་ས་གནས་དེ་ནི་། ཐོག་མར་ཕྱི་ལོ་༡༨༩༥་ལོར་འཇར་མེན་གྱི་ས་ཞིབ་མཁས་དབང་་་ཕུ་ཧེར་་་ཟེར་བ་ཞིག་དང་ལྷན་དུ་བོལ་པོའི་གཞུང་འབྲེལ་མི་སྣ་་་ཁར་ཀ་ཤམ་ཤེར་ར་ན་་་ཟེར་བ་སོགས་ཀྱི་ཐོག་མར་ཨ་ཤོག་རྒྱལ་པོའི་རྡོ་རིང་སོགས་བརྙེད་པ་ནས་འགོ་བརྩམས་ཏེ་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་ཡིན་པར་ངོས་འཛིན་བྱས་པའི་ལོ་རྒྱུས་ཡོད་པ་འདྲ། ཡིན་ནའང་ས་གནས་འདི་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་དངོས་གནས་དེ་ཡིན་དང་མིན་གྱི་སྐོར་ལ་དེང་སང་ཡང་ལབ་གླེང་མང་པོ་འགྲོ་བཞིན་པ་རེད། གང་ལྟར་ཕྱི་ལོ་༡༨༩༥་ནས་ད་ལོ་ཕྱི་ལོ་༢༠༡༣་བར་ས་གནས་དེ་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་ཡིན་པར་ཆ་འཇོག་བྱས་ནས་མི་ལོ་ཧྲིལ་པོ་༡༡༨་ཙམ་ཕྱིན་འདུག ད་བསམ་བློ་ཐོངས་ས་གནས་འདི་ཡང་། ས་ཞིབ་པ་དང་ཞིབ་འཇུག་པ་སོགས་ཀྱིས་དུས་ཕྱིས་བཙལ་ནས་བརྙེད་པའི་གནད་དོན་ཞིག་རེད་འདུག། དེ་འདྲ་ཡིན་དུས་ཧ་ལས་པའི་རྙིང་པ་ཞིག་ནི་ཅང་རེད་མི་འདུག་གོ ད་དུང་ལུམ་འབི་ནི་ས་གནས་འདི་བལ་ཡུལ་གཞུང་གིས་རེ་བསྐུལ་ཞུ་དོན་ལྟར་འཛམ་གླིང་རྒྱལ་སྤྱིའི་UNESCO World Heritage Site་་ལ་ངོས་ལེན་གནང་བའི་ལོ་དེ་ནི་༡༩༩༧་་ལོར་རེད་འདུག། འདི་ཕལ་ཆེར་ལུམ་འབི་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་དུ་རྒྱལ་སྤྱིའི་ངོས་ལེན་ཐོབ་པ་ལ་ཆ་འཇོག་བྱས་ནའང་འགྲིག་གི་ཡོད་འགྲོ། དེ་འདྲ་ཡིན་དུས་་རྒྱལ་སྤྱིའི་ངོས་ལེན་ཐོབ་པའི་ལོ་ཕྱི་ལོ་༡༩༩༧་ནས་ད་ལོ་༢༠༡༣་བར་བརྩིས་པ་ཡིན་ན་མི་ལོ་ཧྲིལ་པོ་༡༦་ཙམ་མ་གཏོགས་ཕྱིན་མི་འདུག་གོ ། གནས་ལུགས་བཤད་ན་འདི་མོ་ཞིག་རེད་དོ་ཨ་རོགས་ཚོ། །
བཅོམ་ལྡན་ས་གནས་གང་ཞིག་ཏུ་འཁྲུངས་མིན་དེ་རྩོད་རྒྱུ་གལ་ཆེར་མ་རེད་ལ་རྩོད་ཀྱང་ཕན་པ་ཡོད་པ་ཅང་མ་རེད། ཁོང་སྟོད་ནས་འཁྲུངས་ཀྱང་རུང་སྨད་ནས་འཁྲུངས་ཀྱང་རུང་མི་ཡི་གཟུགས་ཅན་དུ་སྐྱེས་པ་ཞིག་རེད། མི་ཡི་གཟུགས་ཅན་དུ་སྐྱེས་པའི་སྐྱེ་བོ་དེས་མི་ཚེ་གཅིག་གི་ནང་ལ་རླབས་ཆེ་བའི་བྱ་བ་གང་ཞིག་གནང་འདུག སོ་སོ་ལ་བློ་སྤོབས་དང་བརྩོན་འགྲུས་ཡོད་ན་མི་ཚེ་གཅིག་གི་ནང་ནས་ད་དུང་དུ་ཡང་སྐད་གྲགས་ཡོད་བསྡད་པའི་སྐྱེ་པོ་དེའི་ཤུལ་བཞག་གི་ལམ་ལ་ཉམས་ལེན་དང་ཞིབ་འཇུག་བྱེད་དགོས་པ་གལ་ཆེན་རེད་དོ།
དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་གཟུགས་བརྙན་བཀྲམ་པའི་བྱིན་རླབས་ཀྱིས་མཆན་འགོད་པ་པོ་བརྒྱ་ཕྲག་ལས་བརྒལ། དེ་ཉིད་ཚུལ་བཞིན་སྟེན་པ་པོ་ལ་འཕྲིན་ལས་རྒྱས་པའི་རྟགས་ཡང་དག་ཏུ་གྱུར། ད་དུང་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་གསུམ་གྱི་གཟུགས་བརྙན་བྲིས་པའི་ཞལ་ཐང་ཞིག་གི་སྤར་བཀོད་ཐུབ་ན། འདི་ལས་ཀྱང་ལྷག་པའི་མཛད་པ་ཆེས་ཆེར་གོང་འཕེལ་ལ་འགྲོའོ།
བསྡུས་གྲྭ་ཟེར་བ་ནི་ནང་དོན་རིག་པ་ལ་སྦྱོང་བའི་ནང་དོན་གྱི་གནད་ཟབ་མོ་དེ་རིགས་བློ་ལ་འཆར་བ་དང་བསྒོམ་པ་ཉམས་སུ་ལེན་པར་བྱེད་པ་ལ་མེད་དུ་མི་རུང་བའི་གནད་ཀྱིས་ལྡེའུ་མིག་ཅིག་ཡིན། དེའི་ནང་དོན་ཀྱང་ཁ་དོག་དཀར་དམར་དང་ཡིན་ལོག་མིན་ལོག་ཙམ་ཅིག་མིན་པར། ཡུམ་གྱི་བརྗོད་བྱར་གྱུར་བ་ཁམས་ཆེན་པོ་བཅོ་བརྒྱད་དང་ཐེག་པ་ཀུན་གྱིས་སྤངས་བྱར་གྱུར་བའི་རྩ་བའི་ཉོན་མོངས་པ་དྲུག་དང་ཉེ་བའི་ཉོན་མོངས་པ་ཉི་ཤུ་དང། དགེ་བ་བཅུ་དང་མི་དགེ་བ་བཅུ་གཅིག་ལས་སོགས་ཀྱི་སྤང་བླང་གི་གནད་དོན་མ་ནོར་བར་བསྟན་ཅིང། དེ་བཞིན་བསྒོམ་ལས་སོགས་ལ་འཇུག་པར་བྱེད་པ་ལ་རྟོག་དཔྱོད་ཀྱི་གནད་དོན་དང། དེ་བཞིན་ཆོས་གང་ཞིག་གིས་རང་བཞིན་ནམ་ངོ་བོ་དང་ལྡོག་པ་སོགས་ཀྱི་ཚུལ་ཇི་ལྟར་སྟོན་པའི་གདམས་པ་ཞིག་ཡིན་པས་དེ་ལུང་རྟོགས་ཀྱིས་བསྡུས་པ་མིན་ཟེར་བའི་མི་དེ་རིགས་ནི་རང་ཉིད་ཀྱིས་དེ་དག་ལ་ཆ་རྒྱུས་མེད་པ་དང་མ་ཤེས་པའི་ཉེས་པ་ཁོ་ནར་ཟད་དོ།
བདེ་གསང་འཇིག་བྱེད་སོགས་ཧིན་དྷུ་མུ་སྟེགས་པའི་ལུགས་ཡིན་པ་ལ་ཡིན་པར་བྱས་ནས་ཉམས་སུ་ལེན་ན་དགག་བྱ་མེད། གསང་སྔགས་ཡིན་ཚད་སྡུག་པོ་རེད་ཟེར་བ་ཡང་མིན། འདི་དག་སངས་རྒྱས་སངས་རྒྱས་ཤཱཀྱ་ཐུབ་པའི་གསུང་དུ་ཁས་ལེན་བྱས་ནས་དད་པ་འཇོག་གི་ཡོད་ན་མི་འགྲིགས། ངའི་བརྗོད་དོན་སྙིང་པོ་འདི་ཡིན། དེ་ནི་རྒྱུད་སྡེ་ཕལ་མོ་ཆེ་རང་རང་གི་རྩ་བའི་གླེང་གཞི་ལ་ཡོད་པ་གཞིར་བཞག་ནས་བཤད་པ་ཡིན། ངས་རྒྱུད་སྡེ་མང་པོའི་གླེང་གཞི་ལ་བལྟས་པ་ཡིན། རྒྱུད་སྡེ་སྤྱི་དང་ལྷག་པར་ཡང་སྔགས་བླ་མེད་ཀྱི་རྒྱུད་སྡེ་ཤཱཀྱ་ཐུབ་པས་གསུངས་པ་ཡིན་ཟེར་བ་ཞིག་མི་འདུག ང་ཚོས་ཤཱཀྱ་ཐུབ་པས་གསུངས་ཟེར་ནས་ཨུ་ཚུགས་རྒྱག་གི་ཡོད་པ་རེད།
བོན་པོ་ལགས
ཁྱོད་ཀྱི་ཚིག་སྔ་ཕྱི་ལ་ནང་འགལ་མང་བོ་འདུག
ངལ་གསོ་ཅིག་བརྒྱབ་ནས་སླར་ཡང་བསྐྱར་བཅོས་ཀྱིས་འབྲི་རོགས།
སྤོབས་མཐའ་ལགས
རྫུན་མ་བཤད་རོགས
ངས་རྒྱུད་སྡེ་མང་པོའི་གླེང་གཞི་ལ་བལྟས་པ་ཡིན།
ཚང་མའི་མདུན་ནས་སྐད་ཆ་དྲང་མོར་གསུངས་རོགས།
ངས་བལྟས་ན་ཁྱོད་ཀྱི་སྔགས་ལ་གཟིགས་རྟོག་མ་གནང་བའི་སྐྱོན་ཅིག་འདུག
ཧམ་པ་རི་ལྟར་བརྩིགས་ནས་བཤད་ཀྱང་གཞན་གྱིས་ཉན་བསྡད་ཡོད་རེད་བསམ་གྱི་མི་འདུག་གམ།
གླེང་གཞི་ཟེར་ན་ག་རེ་རེད།
དེ་ཙམ་ཡང་གོ་མི་འདུག
ངེད་ཀྱིས་ཁ་སང་ནས་བཤད་པ་ཡིན།
གླེང་གཞིའི་ཡི་གེ་བཞི་བཅུ་ཞེས་གོ་བརྡ་སྤྲད་ཡོད།
གླེང་གཞིའི་དོན་ཡང་མགོ་ཚོས་ཀྱི་མེད་པ་འདྲ།
གླེང་གཞིའི་ཡི་གེ་བཞི་བཅུའི་དོན་རོབ་ཙམ་མགོ་མ་ཚོས་ན་སྔགས་གཞུང་ལ་གོ་བ་རྙེད་མི་ཐུབ་
ཤ་ཚ་རང་རེད།
གླེང་གཞི་ནི་གླེང་བརྗོད་ལ་གོ་བ་མིན་ལས་ཆེ།
གླེང་གཞི་ཟེར་ན་གང་ལ་མཛུབ་མོ་འདུགས་ས་རེག་གི་ཡོད་མ་རེད།
ཡོད་ན་ཚིག་གཅིག་འདིར་དྲོངས་དང་།
ལྟ་ཆོག་གི་རེད།
རྒན་པའི་དཔང་བོ་དང་གཞོན་པའི་ལྟད་མོ་ཡོང་གི་རེད།
ངས་རྒྱུད་སྡེ་མང་པོའི་གླེང་གཞི་ལ་བལྟས་པ་ཡིན
ཟེར།
བཅོས་རོགས་
སྤོབས་མཏའ་ལགས
ངས་བལྟས་ན་ཁྱེད་རང་གི་གདོང་དབྱིབས་དང་ཁ་དོག་ཕ་མ་འདྲ་བོ་མི་འདུག
ཁྱིམ་མཚེས་ཀྱི་རྒད་པོ་དེ་དང་འདྲ་བོ་འདུག
སང་ཉིན་ནས་ཁྱེད་རང་གི་ཕ་མ་གཉིས་ཀྱི་བུ་ཡིན་མ་ལབ་རོགས།
ཁྱིམ་མཚེས་ཀྱི་བུ་རེད་བྱ་ལབ་ན་ཁྱོད་ཀྱི་ལན་ཅི་ལྟར་བརྒྱག་གི་ཡིན།
ཁྱོད་ཀྱི་སྐད་ཆ་འདི་དང་འདྲ་བོ་རེད།
ང་ནི་གུང་ཁྲན་དམར་ཤོག་པ་མིན་ལ་ཉན་ཐོས་པ་ཡང་མིན། ངས་ལོ་རྒྱུས་གཞིར་བཞག་ནས་ཤོད་ཀྱིན་ཡོད། ཀུན་དགའ་བོ་ནི་སྟོན་པའི་སྐུ་སྤུན་མཆེད་དུ་གྱུར་པ་དང་། ལོ་བཞི་བཅུ་ཡས་མས་ཀྱི་རིང་ལ་སྟོན་པའི་ཞབས་ཕྱི་བ་བྱས་ནས་བསྡད་པ་རེད། སྟོན་པ་གར་འགྲོ་གར་བསྡད་ཀྱི་རྗེས་སུ་འབྲངས་ནས་སོང་ཡོད་པས་ཐོས་པ་ཆེ་བའི་མཆོག་ཏུ་བརྩི་བ་རེད། སངས་རྒྱས་འདས་རྗེས་སུ་བཀའི་བསྡུ་བ་བྱེད་མཁན་གྱི་གྲས་ནས་ཡོད་ན་མེད་ན་ཞིག་རེད། ཁོང་ཚོས་བཀའ་བསྡུ་བ་བྱས་པ་དེ་ལ་སྡེ་སྣོད་གསུམ་ཞེས་བཏགས་པ་རེད། མངོན་པ་སྡེ་བདུན་སངས་རྒྱས་རང་གིས་གསུང་པ་མིན་པར་མོའི་གལ་བུ་སོགས་ཀྱིས་ཕལ་ཆེར་གསུངས་པ་ཡིན་ན་ཡང་རྩ་བའི་ཆ་ནས་སངས་རྒྱས་རང་གི་དགོངས་པ་གཞིར་བཞག་པ་ཡིན་སྟབས་བཀའི་ཁོངས་སུ་བསྡུས་པ་རེད། སྐབས་དེར་ཀུན་དགའ་བོས་སྔགས་ཟེར་བའི་ཤོ་ལོ་ཀ་གཅིག་ཀྱང་བསྡུས་མེད་པ་དེ་ལས་སངས་རྒྱས་ཀྱིས་རྒྱུད་སྡེ་མ་གསུངས་པ་གསལ་པོ་རེད།
གཉིས་ནས་འོད་སྲུང་ཆེན་པོ་རེད། སྟོན་པ་ཞལ་བཞུགས་པའི་དུས་སུ་འོད་སྲུང་སྐད་གྲགས་ཆེན་པོ་རེད། སངས་རྒྱས་རང་གིས་ཀྱང་འོད་སྲུང་ནི་ང་དང་མཉམ་མོ་གསུངས་ནས་རང་གི་སྟན་ཕྱེད་ལ་འཇོག་སྲོལ་ཡོད་པ་རེད། སངས་རྒྱས་འདས་རྗེས་སུ་བཀའ་བསྡུ་བ་བྱེད་བྱེད་མཁན་ཡོད་ན་མེད་ན་གཅིག་འོད་སྲུང་རེད། འོད་སྲུང་གིས་ཀྱང་གསང་སྔགས་ཤོ་ལོ་ཀ་གཅིག་ཀྱང་ཐོས་ཚུལ་མི་འདུག
ཤྲི་ལང་གའི་ཡུལ་ནི་སངས་རྒྱས་ཀྱི་བསྟན་པ་དར་ཡུན་རིང་ཤོས་དེ་རེད། ཁོང་ཚོ་ཡང་གསང་སྔགས་་ཆ་རྒྱུས་མི་འདུག རྒྱ་ནག་ལ་ནི་བོད་ལ་སངས་རྒྱས་ཀྱི་བསྟན་པ་དར་བ་ལས་ལོ་བདུན་བརྒྱ་ཡས་མས་སྔ་བ་རེད། ཡིན་ན་ཡང་གསང་སྔགས་དར་མི་འདུག གཟུངས་ཕྲན་འདྲ་བོ་འདོན་སྲོལ་ཅུང་ཟད་རེ་དར་བ་ཡོད་མོད་དེ་དག་ནི་ཉམས་ལེན་གལ་ཆེན་ཞིག་ལ་བརྩི་སྲོལ་མི་འདུག
བོད་དུ་ཡང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་མཁས་པ་ཆེན་པོ་རེད། ཁོང་གསང་སྔགས་ལ་ཐུགས་མཉེས་པོ་མེད་པ་རེད། རྒྱལ་པོ་མདོ་བཅུ་ཞེས་རྒྱུན་གྱི་ཞལ་འདོན་སོགས་ལ་རྒྱལ་པོ་མདོ་བཅུ་ཟེར་ནས་ཡོངས་གྲགས་སུ་ཡོད་པ་དེ་རེད། བཙན་པོ་སྔགས་ཕ་རྒྱུད་མ་རྒྱུད་སོགས་ལ་ཐུགས་མི་དགྱེས་ཚུལ་ནི་ཐ་ན་བཀའ་ཐང་ཁག་གི་ནང་དུ་ཡང་གསལ་པོ་རེད། རྗེས་སུ་བཙན་པོའི་སྲིད་གཞུང་གིས་སྔགས་མ་རྒྱུད་སྒྱུར་མི་ཆོག་པའི་ཁྲིམས་བཅས་པ་གསལ་པོ་རེད། མངའ་རིས་ཀྱི་ཆོས་རྒྱལ་ཚོས་ཀྱང་སྔགས་སྤྱོད་པ་བཀག་འགོག་གནང་བའི་བཀའ་དྲིན་ལས་སྦྱོར་སྒྲོལ་སོགས་སྔགས་སྤྱོད་མ་རུང་བ་མང་པོ་ཞིག་མངོན་གསལ་དོད་པོས་མི་སྤྱོད་པ་བཟོ་ཐུབ་པ་བྱུང་བ་རེད།
བོད་དུ་སྔགས་ཉམས་སུ་ལེན་ཚུལ་ཤུགས་ཆེན་པོར་དར་བའི་དུས་ནི་བསྟན་པ་ཕྱི་དར་གྱི་མགོ་ཚུགས་པའི་རྗེས་ནས་རེད། དུས་རབས་བཅུ་པའི་རྗེས་སུ་བོད་དུ་ཆོས་ལུགས་གྲུབ་མཐའ་འདྲ་མི་འདྲ་ཞིག་དར་བ་རེད། མར་འབྲོག་འགོས་གསུམ་སོགས་ཧ་ལས་པའི་མི་འཇོན་པོ་རེད། རྒྱུ་ཆེན་པོ་རེད། ཚོང་པ་གྲུང་པོ་རེད། ཁོང་ཚོས་སྔགས་ཟེར་བ་འདྲ་མིན་སྣ་ཚོགས་ཤིག་སངས་རྒྱས་ཀྱིས་གསུངས་པ་རེད་ཟེར་ནས་བོད་དུ་སྤེལ་བ་ཙམ་རེད། བསྟན་པ་སྔ་དར་གྱི་དུས་ཀྱི་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དེ་དེང་དུས་ཀྱི་རྒྱ་ནག་དང་ཉི་ཧོང་སོགས་སུ་དར་བ་དང་ཧ་ཅང་འདྲ་བ་ཞིག་རེད། རང་རེའི་བཀའ་འགྱུར་ལ་ལྟོས་དང་། ཐ་ན་ལྷ་ས་དང་བསམ་ཡས་སོགས་ཀྱི་ལྡེབས་བྲིས་དང་ལྷ་སྐུ་ཚོར་ལྟོས་དང་། བྱ་རྒྱུད་སྤྱོད་རྒྱུད་སོགས་ཀྱི་ལྷའི་འདྲ་བརྙན་དང་འབྲེལ་བའི་སྒྱུ་རྩལ་བཟོ་རིགས་མ་གཏོགས་སྔགས་ཕ་རྒྱུད་མ་རྒྱུད་ཟེར་བ་དེ་ཚོ་དང་འབྲེལ་བ་ཞིག་ཡོད་པ་མ་རེད། དེ་ཚོ་ཡང་རྒྱ་གར་གྱི་བཟོ་རིགས་སྒྱུ་རྩལ་ནང་འདྲེན་བྱས་པ་ཙམ་ལས་ཆོས་ཉམས་ལེན་ཤིག་ལ་བརྩིས་ནས་སྤེལ་བ་ཞིག་མ་ཡིན་པ་འདྲ།
ངས་འདི་རིགས་ལ་དཔྱད་པ་ཞིབ་འཇུག་བྱས་ནས་བཤད་པ་ཡིན།
སྤོབས་མཐའ་དང་དགེ་འདུན་རྒྱ་མཚོ་གཉིས་ནས་བགྲོ་གླེང་དོན་དང་མཐུན་པར་སྣང་གི་འདུག ཧ་ཅང་གི་དགའ་བོ་བྱུང། ཁ་བརྡའི་ནང་དུ་འདི་འདྲའི་ལུང་དང་རིགས་པ་རྒྱུ་མཚན་དུ་བྱས་ཏེ་བགྲོ་གླེང་གནང་བ་ཤིན་ཏུ་དཀོན། འདི་ནི་ཁ་བརྡའི་རྒྱན་ཆ་རེད། འོན་ཁྱེད་གཉིས་ཕྱོགས་ནས་དགོངས་པ་བཞེས་རྒྱུར་ཚིག་ངན་མ་རུང་བའི་རིགས་དོར་བྱར་བཟུང་ནས་ཚིག་འཇམ་ཞི་དེས་སྒོ་ནས་བགྲོ་གླེང་གནང་རོགས་ཞུ་གི་ཡོད། སྤོབས་མཐས་བཤད་པ་དེ་ཚོ་ལའང་རྒྱུ་མཚན་ཆེན་པོ་འདུག ཕྱིའི་མི་རིགས་མང་པོས་བོད་ཀྱི་ཆོས་རྒྱུད་བཞིའི་ནང་དུ་ཡོད་པའི་སྤྱིར་ཐེག་ཆེན་དང་བྱེ་བྲག་ཏུ་གསང་སྔགས་དེ་ཚོར་དོག་པ་ཆེན་པོར་གནང་བར་མ་ཟད། མང་པོ་ཞིག་གནས་དེ་དག་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་མིན་པའང་ཐག་བཅད་བྱས་པ་འདུག མ་ཟད་བོད་ཕྱི་ལོགས་ཀྱི་ནང་བསྟན་བརྒྱུད་འཛིན་པ་ཚོས་བོད་རྒྱུད་ནང་བསྟན་དེ་མ་དག་པ་དང་སངས་རྒྱས་ཀྱི་བསྟན་པ་དངོས་དེ་མིན་པར་བཤད་ཡོད། གང་ཡིན་ཟེར་ན་བོད་རྒྱུད་ནང་བསྟན་པས་བཞེད་པའི་གསང་སྔགས་ཀྱི་གཞུང་ལས་སོགས་ཡོད་པའི་རྐྱེན་གྱིས་རེད། མ་ཟད་བོད་རྒྱུད་ནང་བསྟན་ལ་བོད་བླ་མའི་ཆོས་ལུགས་ཞེས་ཀྱང་བཏགས་ཡོད་པ་རེད། བྱས་ཙང་དེ་ཡིན་དུས་དེ་ཚོ་ལའང་བསམ་བློ་ཞིབ་མོས་འཇུག་དགོས་པ་ལས་སྣང་མེད་རྒྱ་ཡན་དུ་བཏང་ན་ག་ལ་རུང། ཁྱེད་གཉིས་ནས་བགྲོ་གླེང་ལྷུག་པོར་གནང་བའི་རེ་བ་ཡོད།
ཐེ་ཝན་དུ་ཡོད་པའི་གསང་སྔགས་སུན་འབྱིན་ཚོགས་པ་དེ་དྲན་སོང་། ངས་ནི་སྟོན་པས་གསང་སྔགས་གསུངས་པ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་ཁུངས་སྐྱེལ་གསལ་བོ་གནང་བ་རེད། ཀླུ་སྒྲུབ་ལས་ལྷག་པའི་མཁས་པ་ཆེན་པོ་ཞིག་རྒྱ་གར་ནང་པའི་ལོ་རྒྱུས་ནང་མ་བྱུང་བ་ལྟ་བུ་རེད། ཁོང་གིས་སངས་རྒྱས་ཀྱིས་ཐེག་ཆེན་གསུངས་པའི་ཁུངས་སྐྱེལ་མང་པོ་གནང་བ་རེད་ལ། ཁོང་གི་གསུང་རབ་ཀྱི་ཁྲོད་དུ་གསང་སྔགས་སྐོར་མང་པོ་ཡོད་པ་རེད། ཁོང་ནི་སངས་རྒྱས་འདས་རྗེས་ཀྱི་ལོ་བརྒྱ་ཕྲག་བཞིའི་མཚམས་ནས་བྱོན་པས་ཁོང་གི་སྐབས་སུ་སངས་རྒྱས་ཀྱི་གསུང་རབ་མང་པོ་ཞིག་བཞུགས་ཡོད་པ་རེད། གསང་སྔགས་སངས་རྒྱས་ཀྱིས་མ་གསུངས་ན་ཁོང་ལ་གསང་སྔགས་ཀྱི་སྐོར་བསྟན་བཅོས་རྩོམ་པའི་སྤོབས་པ་དེ་ཡོང་སྟངས་མེད་པ་ཞིག་རེད།
སྤྱིར་ན་སངས་རྒྱས་ཀྱིས་གསང་སྔགས་གསུང་སའི་སློབ་མ་དེ་ཚོ་ནི་དེང་སང་ལྟ་བུ་མི་གང་བྱུང་ལ་གསུངས་པ་ཞིག་རྩ་བ་ཉིད་ནས་མ་ཡིན་པར་གསང་སྔགས་གསུང་བའི་སྣོད་ལྡན་ཤ་སྟག་ལ་གསུང་གི་ཡོད་པ་རེད་ལ། འོད་སྲུང་ཇི་ལྟར་ཁྱད་པར་དུ་འཕགས་པ་ཡིན་ཡང་གསང་སྔགས་ཀྱི་སྣོད་ལྡན་མིན་ན་སྟོན་པས་གསུང་གི་མ་རེད། དཔེར་ན་ཀུན་དགའ་བོས་སྟོན་པའི་ཞབས་ཞུར་ལོ་བཞི་བཅུར་འབྲངས་ཀྱང་དགྲ་བཅོམ་མ་ཐོབ་བཞིན་རེད། ཁོང་དགྲ་བཅོམ་ཐོབ་པའི་ཐབས་ལམ་སངས་རྒྱས་ལ་ཡོད་ཀྱང་དུས་ལ་མ་བབས་ན་སངས་རྒྱས་ལ་ཡང་བྱ་ཐབས་ཡོད་པ་མ་རེད།
སྤོབས་པས་གླེང་གཞི་ན་མི་འདུག་ཟེར་བ་ནི་མངོན་སུམ་ལ་བསྙོན་པ་རང་རེད། གདུགས་དཀར་མོ་གཞན་གྱིས་མི་ཐུབ་པ་དང་རྣམ་རྒྱལ་མའི་ཆོ་ག་ལྟ་བུར་མཚོན་ན་གླེང་གཞིའི་ནང་སྟོན་པས་དེ་ལྷ་ཡུལ་སུམ་ཅུ་རྩ་གསུམ་ཆོས་བཟང་ལྷའི་མདུན་སར་ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཅིག་གི་སྟེང་དུ་གསུངས་པ་ཡིན་ཞེས་གསལ་བོར་འཁོད་ཡོད་པ་རེད།
ཀླུ་སྒྲུབ་ག་ཚོད་སྔ་ན་ཡང་བཀའི་བསྡུ་བ་གསུམ་གྱི་རྗེས་ཤིག་ལ་རེད། བཀའ་བསྡུ་བ་ཟེར་བ་དེ་སངས་རྒྱས་ཀྱིས་གསུངས་ཚད་བསྡུས་པའི་དོན་རེད་མ་གཏོགས་སྐབས་དེར་བཀའ་བསྡུ་ཕྱོགས་གཅིག་པ་ཞིག་ཡིན་ཚུལ་གཏན་ནས་མེད་པ་རེད། རྒྱ་གར་བ་ཤེས་ཡོན་ཅན་ཚོས་བཤད་ན་ཀླུ་སྒྲུབ་ཀྱི་མིང་ཅན་བརྒྱ་ཕྲག་ཁ་ཤས་ཤིག་ཀྱང་བྱུང་ཟེར་སྲོལ་འདུག རང་རེའི་ལོ་རྒྱུས་སུ་ཀླུ་སྒྲུབ་ལོ་དྲུག་བརྒྱར་བཞུགས་པར་བཤད་དགོས་ཐུག་དོན་ཡང་ནང་བསྟན་ལོ་རྒྱུས་སྨྲ་བ་ཚོས་ཀླུ་སྒྲུབ་མང་པོ་ཞིག་ཀླུ་སྒྲུབ་གཅིག་ཏུ་སྒྲུབ་པའི་འོ་བརྒྱལ་མྱང་ནས་བྱུང་བ་རེད། ཀླུ་སྒྲུབ་ཀྱིས་སྔགས་སངས་རྒྱས་ཀྱི་གསུང་དུ་བསྒྲུབས་ཚུལ་གང་དུ་ཡོད་པ་རེད། ཁྱེད་ཀྱིས་གསལ་པོར་གསུངས་རོགས།
སུམ་ཅུ་རྩ་གསུམ་གྱི་ཆོས་བཟང་ལྷའི་མདུན་ས་དེ་དེང་སང་གི་ས་ཁུལ་བྱས་ན་གང་ཞིག་ཏུ་ཁེལ་ཡོད་པ་རེད།
རེད་ལྷ་ཡུལ་ཀླུ་ཡུལ་ནས་བླངས་ཟེར་བ་དང་རྩོམས་ཟེར་བ་དེ་ཚོར་མི་ཕལ་པ་ཞིག་གིས་ཡིད་ཆེས་པ་ཤིན་ཏུ་དཀའ་མོ་རེད། དཔེར་ན་ཤམ་པ་ལ་ལྟ་བུ་རེད། ཡིན་ནའང་ཀླུ་སྨྱོན་ཁྱེད་ནས་ཐོག་མའི་གླེང་བསླང་དུས་དངོས་གཞིའི་བགྲོ་གླེང་ལའང་འཇུག་དགོས་པ་ནི་ལས་འགན་ཞིག་རེད་དེ་མིན་རྩོམ་མང་པོ་ཞིག་བཏང་ནས་དེ་རྗེས་མ་མོ་གསར་པས་ལུག་གུ་སྐྱུར་བ་བཞིན་བཞག་ན་མི་མཛེས།
བཀའ་བསྡུ་བ་པོ་གསུམ་གྱི་མ་བསྡུས་ནས་མེད་དགོས་ན། བྱང་ཆུབ་སེམས་དང་། ཐམས་ཅད་མཁྱེན་པའི་གོ་འཕང་། རང་བཞིན་གནས་རིགས། སྐུ་གསུམ་སྐུ་བཞི་སོགས་མེད་དགོས་པར་གྱུར། ཡང་ན་དེ་དག་བསྡུས་པའི་ལོ་རྒྱུད་ཤོས།
རྒྱ་ནག་དང་ཉེ་ཧོང་ན་སྔ་མོ་ནས་སྔགས་དར་མེད་པ་ང་མི་འདོད་།
ཤྲི་ལང་ཀར་མེད་ནས་སངས་རྒྱས་ཀྱི་མ་གསུངས་མི་དགོས་ན། ཚད་མ་དང་སེམས་ཙམ་སོགས་མེད་པར་ཧ་ཅང་ཐལ།
བོད་ན་གསང་སྔགས་རྙིང་མ་དང་གསར་མ་ཞེས་རླུང་ལྟར་གྲགས་བཞིན་པས། བསྟན་པ་སྔར་དར་སྐབས་སྔགས་མེད་པ་ཁུངས་གང་ཡོད།
སྤྱིར་རྒྱུད་སྡེ་གླེང་གཞིར་བརྒྱུད་གསུང་བ་པོ་གང་དང་ངོ་བོ་གཅིག་མིན་གྱི་སྐོར་སོགས་རྒྱ་ཆེར་བཤད་དུ་ཡོད་ནའང་ཁྱེད་ལ་མི་གྲགས་པས་བཞག དེ་བཞིན་བཤེགས་པ་སྙིང་པོ་བཟུངས་དང་། ཐུབ་པ་དམ་ཚིག་གསུམ་བཀོད་པའི་རྒྱུད་ཤཀྱ་ཐུབ་པ་ཉིད་ཀྱི་གསུང་པ་མ་ཟད། དཀྱིལ་འཁོར་གྱི་གཙོ་བོར་ཡང་ཤཀྱཱ་ཐུབ་པ་དགེ་སློང་གི་ཆ་ཆས་སུ་ཡོད་པ་རྒྱུད་དེ་དག་ལ་གཟིགས་ཤིག་རྒྱུད་༼ཏ་པར་༽ཡོད། ད་དུང་སྟོན་པས་ཞབས་བཅགས་པའི་གནས་སུ་སྔགས་གསུངས་མེད་ཞེས་པའི་ཁས་ལེན་དོར་ཞིག་བུ།
སྤྱིར་ན་ཐ་སྙད་ཀྱི་སྟེང་ནས་ཀྱང་ནོར་འཁྲུལ་འདི་ཡོང་གིན་འདུག དཔེར་ན། བྷ་ག་ཝ་ཏི་དང་བྷ་ག་ཝན་ཟེར་བའི་དོན་དེ་རང་རེའི་སྐད་དུ་བཅོམ་ལྡན་འདས་ཞེས་བསྒྱུར། དེ་སྟོན་པ་ཤཱཀྱ་ཐུབ་པ་ལ་འཇུག་པ་ཙམ་གྱི་རྒྱུ་མཚན་ལ་བརྟེན་ནས་བཅོམ་ལྡན་འདས་ཟེར་བ་ཞིག་གི་གསུངས་ཚད་སྟོན་པ་སངས་རྒྱས་ཀྱི་གསུང་ཡིན་པར་རློམ། ཁ་ཤས་ཤིག་གིས་གོ་ན་མ་གོ་ཁུལ་བྱས་ནས་བཞག་པ་རེད། བྷ་ག་ཝན་ནི་ཁྱབ་འཇུག་དང་། ཚངས་པ་དང་། དབང་ཕྱུག་དང་། སྟོན་པ་སངས་རྒྱས་དང་། སྟོན་པ་རྒྱལ་བ་དམ་པ་སོགས་ཚང་མ་འཇུག་པ་རེད། དཔལ་ལེགས་ལྡན་ནག་པོའི་གླུ་དེ་ཀློག་དང་ཁྱབ་འཇུག་ལ་དཔལ་བཅོམ་ལྡན་འདས་ཞེས་པའི་མིང་བཏགས་ཡོད་པ་ཤེས་ནུས།
སྤོབས་པ་ལགས། གསང་སྔགས་ཀྱི་ཆེ་བ་འདོན་སྟངས་ཁྱད་པར་བ་ཞིག་ནི་འདོད་ཡོན་མ་སྤངས་པར་ལམ་དུ་ཁྱེར་ནས་འཚང་རྒྱ་བ་དེ་ཡིན་པས། འདོན་ཡོན་ལ་ཉེས་དམིགས་སུ་ལྟ་བའི་ཁོང་གི་ཉན་ཐོས་ཚོར་གསང་སྔགས་མ་གསུངས་པ་དེ་ཙམ་གྱི་རིགས་པའི་འགྲོ་སྟངས་ཀྱང་སེམས་ལ་མི་འཆར་རམ།
བློ་བཟང་ལགས་ཀྱིས་དོན་ཚན་དབྱེ་བ་ལེགས་པོར་དགར་ནས་གསུངས་དང་། མང་པོ་ཞིག་ལྷན་དུ་མུ་ཏོ་བའི་ཕྱེ་ཁུག་ལྟ་བུ་བྱས་ན་གང་ནས་ལེན་འདེབས་དགོས་པ་མ་ཤེས་པ་ལྟ་བུ་ཡོང་གི་འདུག ཁྱེད་ཀྱིས་གསུངས་པ་དེ་ཚོ་ཐེག་ཆེན་གྱི་མདོ་སྡེ་དག་བཀའ་ཡིན་མིན་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན་པས་དེ་ངས་བཤད་འདོད་པ་ཞིག་ཡིན་མོད་སྐབས་སུ་མ་བབ་པ་རེད།
བསྟན་པ་སྔ་དར་གྱི་དུས་སུ་སྔགས་དར་ཡོད་མེད་ལ་དཔང་རྟགས་བསྟན་ནས་ཤོད་པ་ལས་རླུང་ལྟར་གྲགས་མ་གྲགས་ཙམ་གྱིས་ཐག་གཅོད་མི་ཐུབ། དཔང་རྟགས་ཡོད་ན་སྟོན་ཤོག
བཀའ་བསྡུ་བའི་ནང་དུ་མ་ཚུད་ན་མ་ཚུད་པའི་ལོ་རྒྱུས་སྟོན་ཤོག བཀའ་ཡིན་ན་བཀའ་བསྡུ་བའི་ནང་དུ་ཚུད་དགོས་རྒྱུ་རེད། རྐུན་མས་བརྐུས་པའི་ནོར་འདྲ་མིན་ན་སྐུང་དགོས་དོན་མི་འདུག་ག
འདོད་ཡོན་ལ་ཉེས་དམིགས་སུ་ལྟ་བ་དང་འདོད་ཡོན་ལམ་དུ་འཁྱེར་བ་གཉིས་ཟུང་དུ་འཇུག་མི་ནུས་ན་་་་་བོད་རྒྱུད་ནང་བསྟན་པའི་ཁ་ལ་རླུང་ལྟར་གྲགས་པ་་་མདོ་སྔགས་ཟུང་འབྲེལ་ཞེས་པ་དེ་མི་སྲིད་པ་ཞིག་ཡིན་པ་འདྲ། བོད་རྒྱུད་ཀྱི་དགོན་པ་འདུས་སྡེ་སོགས་མང་པོའི་མཚན་བྱང་དུ་་་་མདོ་སྔགས་ཟུང་འབྲེལ་ཞེས་སྦྱར་བར་མཐོང། མ་ཟད་གཤམ་གསལ་ལྟར།
༼༤༥ ཀླུ་སྨྱོན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༧ གི་ཆུ་ཚོད་ ༡༡ སྐར་མ་ ༢༠
དྲ་ངོས་འདིའི་དགེ་ལུགས་པ་ཚོས་དྲི་བ་འདི་ཙམ་ལ་ཡང་ལན་འདེབས་མི་ཐུབ་བམ། གདན་ས་གསུམ་ན་སྔགས་ཤེས་མཁན་མེད་པ་རེད་དམ། གདན་ས་གསུམ་ན་སྔགས་ཀྱི་འཆད་ཉན་མེད་པ་རེད་དམ། མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར། །བློ་བཟང་རྒྱལ་བའི་བསྟན་པ་ཞེས༽
ང་ནི་གསང་སྔགས་བསྒྲུབས་ནས་འབྲས་བུ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་རྒྱུ་ཡོད་པ་འདི་ཡིས་གསང་སྔགས་གསུང་པ་པོ་དེ་སྟོན་པ་རང་ཉིད་དམ་རང་ཉིད་ཀྱི་སྤྲུལ་པ་ཞིག་ཡིན་མིན་ལ་ཐེ་ཚོམ་ཕྲ་མོ་ཙམ་ཡང་མེད་དོ།། ཉེ་བའི་དུས་རབས་ཀྱི་ནང་དུ་མཚོན་ན་ཡང་སྤྱི་ལོ་༡༩༣༠ནང་ཁམས་སྐྱེ་རྒུ་ཕྱོགས་སུ་གྲྭ་རྐྱང་དཀྱུས་མ་ཞིག་གིས་མཁའ་སྤྱོད་མ་ལོ་བཅོ་བརྒྱད་ལ་བསྒྲུབས་ཏེ་མཐའ་མར་གྲུབ་སྟེ་མངོན་ཤེས་ཕྱོགས་མེད་དུ་ཤར་བ་དང་རང་ལུས་རྒོད་ཐང་དཀར་དུ་བསྒྱུར་བ་སོགས་གྲུབ་རྟགས་རྩོད་མེད་དུ་བསྟན་པ། ཤིང་ཁྲིའི་མཁན་པོ་ཚེ་དབང་རིག་འཛིན་ཚང་རིག་གསར་སྐབས་སྐུ་ལུས་དེ་ཉིད་ཀྱིས་རྒྱ་དམག་བོད་དམག་གཉིས་ཀའི་མཐོང་སར་ནམ་མཁའ་མཐོན་པོར་འཕུར་ནས་གར་སོང་ཆ་མེད་དུ་གྱུར་པ་དང་། ལོ་ཤས་སྔོན་རྫ་ཨ་རིག་མཁན་པོ་ཨ་ཆོས་རིན་པོ་ཆེ་སྐུ་འཇའ་ལུས་སུ་ཕེབས་པ་སོགས་གང་ལ་བསམ་བློ་བཏང་ན་ཡང་། གསང་སྔགས་འདི་ཆོས་རྫུན་ཞིག་
རེད་སྙམ་པའི་ལོག་རྟོག་ཕྲ་མོ་ཙམ་ཡང་སྐྱེ་རྒྱུ་མི་འདུག
སངས་རྒྱས་ཤཱཀྱ་ཐུབ་པ་ཁོང་རང་གིས་གིས་འདོད་ཡོན་སྤངས་ཡོད་པ་རེད་དམ་མ་སྤངས་པ་རེད། ངས་སངས་རྒྱས་ཤཱཀྱ་ཐུབ་པ་ཟེར་བ་དེ་ལིམ་བི་ནའི་ཡི་ཤིང་སྡོང་ཞིག་གི་དྲུང་དུ་མ་ཡའི་སཱ་རི་ཡི་ཐུ་འོག་ཏུ་སྐྱེས་ཤིང་རྩ་མཆོག་གྲོང་དུ་ཕག་ཤས་ཕོ་བ་ན་ནས་ཁྲག་བཤལ་ནས་འདས་སོང་བ་དེ་ལ་ཟེར་གི་ཡོད།
ཧིན་དྷུ་མུ་སྟེགས་པའི་ལམ་ཉམས་སུ་ལེན་མཁན་ཚོར་ཡང་གྲུབ་རྟགས་བཞག་རབས་ནི་མང་པོ་ཡོད་པ་རེད།
དེ་དུས་ཁོང་གིས་སངས་རྒྱས་ཀྱི་བསྟན་པ་གསར་བཏོད་གནང་ནས་ཞེ་དྲགས་ཕྱིན་མེད་པས་ཕྱོགས་གཅིག་ནས་འདོད་ཡོན་སྤང་བྱར་གསུངས། ཕྱོགས་གཅིག་ནས་འདོད་ཡོན་མ་སྤངས་པར་འཚང་རྒྱ་བའི་གདམས་པ་གསུངས་ན་སློབ་མ་ཚོ་མགོ་བོ་འཁྲུག་འགྲོ་བའི་ཉེན་ཁ་ཞིག་ཏན་ཏན་གཟིགས་ཡོད་ཀྱི་རེད་འདོད། རྒྱུ་མཚན་ཆེན་པོ་དེ་འདྲ་ལ་དགོངས་ནས་སྟོན་པ་རང་གི་དུས་སུ་རབ་བྱུང་བའི་སྡེ་ལ་གསང་སྔགས་མངོན་ཚན་དུ་མ་གསུངས་པ་ཞིག་དུས་རྟག་ཏུ་བསམ་བཞིན་ཡོད། ཡིན་ཡང་ཁོང་གི་རབ་བྱུང་བ་ཚོ་བཞུགས་སའི་ཡུལ་དབུས་མ་ག་དྷ་དང་རྒྱང་ཐག་ཆེས་རིང་བའི་ཨོ་རྒྱན་གྱི་ཡུལ་དུ་འདོད་ཡོན་མ་སྤངས་པར་འཚང་རྒྱ་བའི་གསང་སྔགས་གསུང་ན་དེས་ཡུལ་དབུས་ཀྱི་གནས་བརྟན་འདུལ་བ་འཛིན་པ་ཚོའི་སོར་སྡོམ་ལ་ཕོག་ཐུག་མི་འགྲོ་བ་དེ་ཙམ་སྟོན་པས་ལོས་དགོངས།
རང་ལུས་རྒོད་ཐང་དཀར་དུ་བསྒྱུར་བ་དེ་འགྲིགས་མི་འདུག དུད་འགྲོ་ཞིག་ལ་གྱུར་སོང་བ་དེ་མ་བཟང་། འཇའ་ལུས་སུ་གྱུར་ན་ཕན་ཐོགས་ཅི་ཡོད། ནམ་མཁར་འཕུར་སོང་ཟེར་ན་ཨོ་ཙམ་འདུག མ་མཐའ་ཡང་རྒྱ་དམག་ལ་འབྲོ་ཐུབ་འདུག
སྟོན་པ་དབྱར་རེ་ནས་དབྱར་གནས་གར་བཞུགས་ཀྱི་ས་མིག་ཚང་མ་གསལ་པོར་ཡོད་པ་རེད། ཐག་རིང་ཨོ་རྒྱན་གྱི་ཡུལ་དང་། ཤར་ཕྱོགས་ཀ་ལིང་ཀའི་ཡུལ་སོགས་སུ་ཕེབས་པའི་ལོ་རྒྱུས་ཤིག་ཡོད་པ་མ་རེད།
སྤོབས་པ་ལགས། ང་ཚིག་ཚོགས་མང་པོ་འབྲི་བར་ཧ་ཅང་འཚེར། གཉིས་ན་ཁྱེད་རང་ལ་ཀ་ཟེར་ན་དེ་རྗེས་ཁ་ཡོད་པ་ཤེས་མཁན་གཞིར་བཞག་བྱས་ཡོད། སྔགས་སྟོན་པས་གསུངས་མ་གསུངས་ཐེག་ཆེན་གསུངས་མིན་དང་འབྲེལ་བ་ཆེན་པོ་ཡོད། ངེས་གསང་རྫོགས་པ་ཆེན་པོ་བསྟན་པ་སྔར་དར་སྐབས་མེད་ན་དུས་ནམ་བྱུང་། སློབ་དཔོན་པདྨ་སཾ་བྷ་བས་གསང་སྔགས་མ་ནས་མ་གསུངས་པ་ཡིན་ནམ།
ཐེག་ཆེན་བཀའ་བསྡུ་བའི་ནང་ཚུད་པའི་ལོ་རྒྱུད་སྟོན་དང་།
རེད་སྨན་ལྷའི་ཆོ་ག་སོགས་ནས་མུ་སྟེགས་པ་ནམ་མཁར་འཕུར་ཏེ་འགྲོ་ཚུལ་མང་དུ་ཡོད།
སངས་རྒྱས་བཅོམ་ལྡན་འདས་ཞུ་བ་སངས་རྒྱས་ཞིག་ཡིན་ཅིང། དེས་ན་ཐུགས་རྗེ་ཆེ་ཞིང་ཐབས་ལ་མཁས་པ་ཞིག་ཡིན་དུས། གསང་སྔགས་ཤོད་དུས་ཡུལ་གཞན་དུ་ཕེབས་ཏེ་གབ་པའི་ཚུལ་དུ་གསང་སྔགས་ཀྱི་སྣོད་ལྡན་དེ་ཚོར་གསང་སྔགས་འཆད་རབས་བཤད་པ་དེར་ཅུང་བློར་བབ་མ་སོང། སངས་རྒྱས་ཀྱིས་ཆོས་གསུང་དུས་གདུལ་བྱ་རང་རང་གི་བློ་དང་མཐུན་པར་གོ་འགྲོ་བ་མ་ཟད་རི་དྭགས་ཕོ་མོས་ཀྱང་སངས་རྒྱས་ཀྱི་ཆོས་གོ་ཡོང་གི་ཡོད་པར་བཤད། མ་ཟད་རིགས་དྲུག་སོ་སོའི་སྐད་དང་མཐུན་པར་གོ་བར་བཤད། དེས་ན་གསང་སྔགས་འཆད་དུས་ཉན་ཐོས་པ་དེ་ཚོ་དང་ཐག་རིང་དུ་བྲོས་ཏེ་ཕེབས་དགོས་པའི་རྒྱུ་མཚན་མི་འདུག་བསམ།
དཔེར་ན། ཡུམ་གྱི་མདོ་དེ་དག་གདུལ་བྱ་མཉམ་འཚོགས་སུ་གསུངས་ནས་སེམས་ཙམ་པ་དང་རང་རྒྱུད་པ་དང་ཐལ་རང་སོགས་ཀྱི་རང་རང་གི་བློས་དྲང་ངེས་ཀྱི་འགྲེལ་བཤད་རེ་རྒྱབ་ཡོང་བ་ལྟ་བུ་རེད།
གསུངས་གཅིག་གིས་དུ་མར་གོ་ཞེས་པ། གཙོ་བོ་གདུལ་བའི་མོས་བློ་དང་སྦྱར་ནས་གསུངས་ཡོད། དེ་ཡང་ཨ་མས་བུ་གཉིས་མདུན་སར་དཀལ་ཡོལ་དེ་གཅོག་ཨང་ལབ་ཙ་ན་བུ་སྤྱང་པོས་དེ་བཅག་མི་རུང་གོ་བ་དང་། བུ་གླེན་པས་བཅག་དགོས་པར་གོ་བ་བཞིན་རེད། རྒྱུ་མཚན་དེས་ན་གཉིས་ཀར་གང་ཐོས་པའི་ཚིག་གཅིག་པ་རེད། མདོ་གསུངས་ནས་སྔགས་གོ་འགྲོ་བར་ང་ཡང་མི་འདོད།
སྐད་མང་པོས་ནང་དུས་གཅིག་གསུངས་པ་ཞེས་པ་སྤྲུལ་པ་དུ་མས་དུས་གཅིག་ལ་ཞེས་གོ་བ་ལེན་གྱིས་ཡོད།
མདོ་གསུངས་སར་སྔགས་གོ་བ་ཡོད་ཆོག་པར་མ་ཟད་སྔགས་ལུགས་སུ་འགྲེལ་བའང་ཡོད་ཆོག
དཔེར་ན། རྒྱུད་བླ་མའི་ནང་ནས། བདེར་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ། ཅེས་པར་ཁ་ཅིག་གིས་རྒྱུ་དུས་ཀྱི་བདེར་གཤེགས་སྙིང་པོར་འགྲེལ་བ་དང། ཁ་ཅིག་གིས་སེམས་འོད་གསལ་ཕྱག་རྒྱ་ཆེན་པོར་འགྲེལ་བ་དང། ཁ་ཅིག་གིས་གཞོན་ནུ་བུམ་སྐུ་ཞེས་རྫོགས་ཆེན་གྱི་ལྟ་བ་རང་འབྱུང་ཡེ་ཤེས་སུ་འགྲེལ་བ་དང། ཁ་ཅིག་གིས་ཕྱག་རྒྱ་ཆེན་པོར་འགྲེལ་བ་ལས་སོགས་སུ་ཡོད་པ་བཞིན་རེད།
བླ་སྤྲུལ་དག་ལ་གནང་བའི་སློབ་གཉེར་བསླབ་བྱ། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ། རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །དུས་མཐར་ཐུབ་བསྟན་རྒྱལ་མཚན་བསྒྲེང་བའི་ཕྱིར།། གསུམ་ལྡན་ངུར་སྨྲིག་འཆང་བའི་རྣམ་རོལ་པ། །ཡབ་རྗེ་འཇིགས་མེད་དབང་པོའི་ཞབས་ལ་འདུལ།། དམ་པའི་སྐྱེས་བུ་འགའ་ཞིག་མདོ་སྔགས་ཀྱི། །ལམ་བཟང་སྒྲུབ་ཚུལ་བསླབ་བྱ་དགོས་སོ་ཟེར།། གཞན་ལ་ཕན་པའི་བསླབ་བྱ་བྱེད་པ་པོ། །རང་ཉིད་བསམ་ཞིང་རང་ལ་ཡི་མུག་སྐྱེས།། འདི་ཕྱིའི་སྐྱབས་སུ་བླ་མ་བསྟེན་ན་ཡང་། །བདེན་ཁ་རང་གིས་བཟུང་བ་ཡིད་རེ་མུག ། དལ་འབྱོར་དོན་ཆེ་རྙེད་དཀའ་ཟེར་བཞིནདུ། །དོན་མེད་སྟོང་པར་གཟད་པ་ཡིད་རེ་མུག ། ནོར་རྐུན་མཐོང་ནས་ཤིན་ཏུ་ཟོན་བྱེད་ཀྱང་། །མི་རྐུན་གཤིན་རྗེའི་ཟོན་མེད་ཡིད་རེ་མུག ། ལྐོག་གྱུར་གནས་ལུགས་འཚོལ་བའི་ཁུལ་བྱེད་ཀྱང་། །མངོན་འགྱུར་འཆི་བ་མི་མཐོང་ཡིད་རེ་མུག ། ཉེས་སྤྱོད་ཆུ་བོ་ཐུར་དུ་རྒྱུག་བཞིན་དུ། །བདེ་འགྲོའི་རི་རྩེར་ཕྱིནའདོད་ཡིད་རེ་མུག ། བདེ་འགྲོར་མ་ཟད་བདེ་བ་ཅན་འདོད་ཀྱང་། །དམྱལ་བའི་གཏིང་རྡོ་བྱེད་བ་ཡིད་རེ་མུག ། སྐྱིད་སྡུག་འདམ་དབང་ཡོད་ཅིང་ཤེས་བཞིནདུ། །ཐར་མེད་བཙོན་རར་འཇུག་པ་ཡིད་རེ་མུག ། གཞན་ལ་འདི་ཕྱིའི་སྐྱབས་འཇུག་ཁས་ལེན་ཡང་། །རང་ཉིད་གར་འགྲོ་མེད་པ་ཡིད་རེ་མུག ། བསྟན་འཛིན་གོང་མའི་གྲལ་དུ་འཚང་ན་ཡང་། །བསྟན་པའི་སྒོ་རུ་མ་ཆུད་ཡིད་རེ་མུག ། སྡོམ་གསུམ་ནོར་བུའི་གཏེར་ཁ་ཕྱེ་བ་ལས། །ཉེས་ལྟུང་རྙོག་ཆུ་རྡོལ་བ་ཡིད་རེ་མུག ། གྲོལ་བ་ཐར་བ་དོན་གཉེར་ཟེར་བཞིན་དུ། །སྲེད་མཁོས་ཕྱི་ཕྱིར་འཆིང་བ་ཡིད་རེ་མུག ། ཐར་འདོད་སྐྱེས་བུ་ཡིན་པ་གཞིར་བཞག་ལ། །ཅི་བྱས་འཁོར་བའི་རྒྱུར་སོང་ཡིད་རེ་མུག ། མིག་རྩ་ཁོར་ལ་གཏད་དེ་ཆོག་ཤེས་ཀྱི། །གདམས་ངག་བྲོ་བའི་ཆོས་བཤད་ཡིད་རེ་མུག ། དཀའ་ཚེགས་ཆེ་ལ་འདི་ཕྱི་གང་དུ་ཡང་། །ཕན་མེད་ཤྭ་སྡུག་ཁྱི་སྡུག་ཡིད་རེ་མུག ། རྩེ་གཅིག་དད་པའི་རྒྱུ་ནོར་བསགས་བསགས་ཀྱང་། །འཆི་ཚེ་ཅམ་གྱིས་བསྐྱུར་དགོས་ཡིད་རེ་མུག ། འདི་བས་འདི་དགོས་མང་སྟེ་བཤོལ་བའི་འོས། །དམ་ཆོས་གཅིག་པུར་བབ་པ་ཡིད་རེ་མུག ། བསྟན་པའི་བྱ་བར་བཏགས་ནས་སྡེ་དགོན་བསྐྱངས། །ཆགས་སྡང་རུ་མར་སོང་པ་ཡིད་རེ་མུག ། གྲྭ་སློབ་སྦྱིན་བདག་ངན་པ་ཡར་ཐེན་པས། །རང་ཉིད་ཐུར་དུ་ལྷུང་བ་ཡིད་རེ་མུག ། རྒྱ་ཆེན་གཞུང་ལུགས་ལྟ་བའི་མིག་བགྲད་ནས། །བླང་དོར་ལག་ནོམ་དགོས་བ་ཡིད་རེ་མུག ། འགྲིག་འགྲིག་ཆོས་གཏམ་བཤད་ཀྱང་སྤྱོད་ཚུལ་ལ། །བལྟས་ཀྱིན་གྲོགས་ཀྱི་ཞེ་ཁྲེལ་ཡིད་རེ་མུག ། གཡོ་སྒྱུ་འཕྲལ་ལ་གཞན་གྱི་མ་ཤེས་ཀྱང་། །མཆོག་གསུམ་ཐུགས་ཁྲེལ་འབྱུང་བ་ཡིད་རེ་མུག ། སྙིང་རྗེའི་ཉམས་བཏོད་རང་མཁོ་ཕུགས་སུ་བཅུག །བྱི་ལའི་འཇམ་སྐད་འདོན་པ་ཡིད་རེ་མུག ། དགེ་སྦྱོར་བྱས་ཀྱིན་སེམས་དང་རྨི་ལྟས་ཚུན། །ཇེ་ཐུར་ཇེ་ཐུར་འགྲོ་བ་ཡིད་རེ་མུག ། མི་ཚེ་ཆོས་ལ་བསྐྱལ་བའི་མལ་ས་ནས། །དུད་འགྲོའི་བེམ་པོ་བྱུང་ན་ཡིད་རེ་མུག ། ད་ལྟ་གདེང་ཡོད་ཁུལ་གྱིས་སོས་བདེར་བསྡད། །འཆི་ཁ་སྡུག་སྨྲས་ཤོར་ན་ཡིད་རེ་མུག ། མདོར་ན་འཁྲུལ་པ་མེད་པ་རྒྱལ་བའི་བཀའ། །སྔོན་བྱོན་དམ་པའི་གསུང་དང་རྣམ་པར་ཐར། ། འཁོར་འདས་སྐྱོན་ཡོན་གང་གི་སྒོ་ནས་ཀྱང་། །རང་གི་སེམས་ལ་བལྟས་ན་ཡིད་རེ་མུག ། འོན་ཀྱང་ཁོ་བོ་ད་ལྟ་མི་རྣམས་ཀྱིས། །དམ་པར་བཀུར་བས་རང་རྒྱུས་ཤེས་བཞིན་དུ། ། སྟོང་འུར་ལང་བས་དམ་པའི་ཁུར་འཛིན་ཅིང་། །དེ་ཡི་རྫུན་འགེབས་གཡོ་སྒྱུ་ཅི་ཡང་བྱས། ། རང་གི་ངང་ཚུལ་འདི་ཡིས་རྗེས་དཔག་ན། །སྙིགས་དུས་བླ་སྤྲུལ་དགེ་བའི་བཤེས་གཉེན་དུ། ། གྲགས་པའི་ཁྲོད་ནའང་ཕྱི་ནང་གོ་འཛོལ་བ། །ང་འདྲ་ཡོད་དམ་སྙམ་དུ་དོགས་པ་སྐྱེས། ། མཆོད་གྲལ་ལྡེར་བཟོ་ལྟ་བུའི་བླ་ཆེན་དང་། །བཅོས་མའི་མེ་ཏོག་འདྲ་བའི་སྐུ་སྐྱེའི་རིགས། ། མཁས་དང
ཚིག་དེ་སེམས་གསལ་རིགས་དང་རིགས། རྫོགས་ཆེན་པའི་ལྟ་བ། གསལ་སྟོང་འཛིན་མེད་ལྟ་བ། ཕྱག་ཆེན་ལྟ་བ། སྟོང་ཉིད་ལྟ་བ་བཅས་ལ་འགྲེལ་བཞིན་ཡོད། སྔགས་ཕྱོགས་སུ་འགྲེལ་བ་མི་ཤེས།
སྟོན་པའི་གསུངས་འཐད་ཀར་ཐོས་པའི་སྐབས་དང་། ཕྱིས་འགྲེལ་སྐབས་ཁྱད་པར་ཆེན་པོ་ངེས་པར་ཡོད་དགོས།
གལ་ཏེ་མདོ་སྔགས་དུས་གཅིག་ཏུ་གསུངས་ན། འཁོར་ལོ་རིམ་པ་གསུམ་ཀྱང་དུས་གཅིག་ལ་གསུངས་པ་སོགས་སྐྱོན་འགའ་ཡོད་སྲིད།
ཡང་། ལྟ་མགུར་ཨ་མ་ངོས་འཛིན་གཅིག་གི་སྔགས་ཕྱོགས་སུ་འགྲེལ། གཅིག་གིས་འགྲེལ་མི་རུང་བའི་དགག་པ་བྱས།
མངོན་རྒྱན་གཅིག་གི་ཐལ་འགྱུར་དུ་འགྲེལ། གཅིག་གིས་འགྲེལ་མི་རུང་བའི་དགག་པ་བྱས། རྩ་ཤེས་གཅིག་གི་རང་རྒྱུད་དུ་འགྲེལ། གཅིག་གི་འགྲེལ་མི་རུང་བའི་དགག་པ་བྱས། དེ་སོགས་མང་ཕྱིས་འགྲེལ་བྱེད་པ་དག་གི་ཐུགས་བསམ་དང་དགོངས་པ་བཞེད་ཕྱོགས་རེད།
རང་བཙན་པས་བདེན་ཚིག་སྨོན་ལམ་འགྲེལ་ཚུལ་དང་། དབུ་ལམ་པས་འགྲེལ་ཚུལ་སོ་སོ་ནས་ཡོད། དོན་ངོ་མ་༧རྒྱལ་བས་གསུངས་པ་དེ་རེད།
འཁོར་ལོ་རིམ་པ་གསུམ་གྱི་སྐབས་སུ་བཤད་པ་དང་གཞན་དུ་བཤད་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་སྲིད། སྐབས་འགའ་ཞིག་ཏུ་དངོས་བསྟན་དང་སྐབས་འགའ་ཞིག་ཏུ་ཤུགས་ལ་བསྟན་པས་་་་་གཙོ་བོར་བྱས་ཏེ་བཤད་པ་དང་ཤུགས་ལ་བསྟན་པ་གཉིས་ལ་ཁྱད་པར་ཡོད་པས་བཟློས་སྐྱོར་གྱི་སྐྱོན་དང་མདོ་སྔགས་གཉིས་ཉ་ཉུང་བསྲེས་པར་མི་གོ། ཕྱག་རྒྱ་ཆེན་པོ་ནི་སྔགས་ཕྱོགས་ཀྱི་སྐད་ཆ་ཞིག་ཡིན་པས་དེ་ལས་གཞན་སྔགས་ལྷག་པར་ཤོད་དུ་མེད། གཞོན་ནུ་བུམ་སྐུར་འགྲེལ་དུས་དེ་རྫོགས་ཆེན་གྱི་སྐད་ཡིན་པས་དེ་ལས་གཞན་ཟུར་དུ་རྫོགས་ཆེན་ཞེས་བཤད་དུ་མེད།
མདོ་སྔགས་དུས་གཅིག་གསུངས་པར་མི་འགལ། སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་ལ་མཁས་པས་གདུལ་བྱ་དཀྲི་དྲང་གི་ཚུལ་དུ་ཐེག་དམན་གྱི་ཆོས་གསུང་དུས་སུ་ཐེག་ཆེན་གྱི་ལྟ་གྲུབ་ཤུགས་དང་བརྒྱུད་པའམ་གབ་པའི་ཚུལ་དུ་བཤད་ཡོད།
སྔགས་གསུངས་སྐབས་བྱ་སྤྱོད་འགའ་རེ་མ་གཏོགས་ཕལ་ཆེར་ལ་ལྷའི་རྣམ་པའི་སྒོ་ནས་གསུངས། མདོ་གསུངས་སྐབས་དགེ་སློང་རྣམ་པས་ཡིན་པར་གསུངས་འདུག་པས། མདོ་སྔགས་གདུལ་བྱ་གཉིས་ལ་རྣམ་པ་མི་འདྲ་ན་གསུང་ཡང་མི་འདྲ་བས། མདོ་སྔགས་གསུང་གཅིག་གིས་གསུངས་པར་ཇི་ལྟར་འདོད་དམ།
མདོ་ཡི་གདུལ་བྱར་གྱུར་བ་རྣམས་ཀྱིས་སྣང་ངོར་སངས་རྒྱས་ཀྱི་སྐུ་དེ་ཉིད་སྤྲུལ་པའི་སྐུ་ཡི་ཆས་སུ་བཞུགས་ཤིང་།
སྔགས་ཀྱི་གདུལ་བྱའི་སྣང་ངོར་དེ་ཉིད་ལོངས་སྐུའི་ཆས་སུ་བཞུགས་པ་སོགས་སུ་སྣང་བས། ཇི་ལྟར་སྣང་བ་བཞིན་གོ་བ་ཡང་ཆོས་སོ་སོར་གོ་རུང་བས་འགལ་བར་མི་འགྱུར་རོ།
དྲ་གྲོགས་བློ་བཟང་ཐུགས་དགྱེས་པ་འདྲ།
ཧེཧེཧེཧེཧེའི་སྒྲ་ནི་དགྱེས་པའི་སྒྲ་རུ་བཤད།
ཧོཧོཧོཧོའི་སྒྲ་ནི་ངོ་མཚར་ཆེ་བའི་སྒྲ་རུ་བཤད།
སྐད་ཆ་མང་བོ་ཞིག་མ་བཤད་ན་འགྲིག
བཤད་ཀྱང་ཕན་ཐོག་ཡོད་མ་རེད
རྩ་བ་ངོ་མ་དེ་སྤོབས་མཐས་ནང་ཆོས་ཁས་ལེན་གྱི་མེད་པ་དེར་ཐུག་འདུག
བདག་ཅག་གི་སྟོན་པས་ཕག་ཤ་བཞེས་ནས་གྲོངས་ཚུལ་བཤད་སོང་།
དེ་ནི་ཡོངས་གྲགས་མིན་ལ་རང་རེས་ཁས་མི་ལེན། འབར་མའི་མི་ཤིག་གིས་བྲིས་པ་རེད་ཟེར་ནས་ཁྱབ་སྤེལ་བྱེད་མཁན་ཡོད་པ་འདྲ། ལོ་བཅུའི་སྔོན་དུ་ང་ཚོས་རྡ་ས་ནས་དགེ་རྒན་ལོས་སྦྱོང་བྱེད་སྐབས་ཝ་རའི་རྒན་བློ་བཟང་བསམ་གཏན་གྱིས་ཏ་ར་ན་ཐའི་རྒྱ་གར་ཆོས་འབྱུང་ཁྲིས་པའི་སྐབས་ཞིག་འདི་སྐོར་འཕྲོས་ནས་གླེང་སློང་གང་འཚམས་བྱུང་། ཡིན་ན་ཡང་བཤད་ཚུལ་དེར་ཁུངས་ལུང་གསལ་བོ་མེད།
སྤོབས་མཐས་སངས་རྒྱསབཅོལ་ལྡན་འདས་ནི་མི་ཕལ་བ་ཞིག་དང་བླ་རྒན་དཀྱིས་མ་ཞིག་ལས་མཐོང་གི་མེད་ཡ་རེད། སངས་རྒྱས་ཡིན་མིན་དང་སངས་རྒྱས་ཀྱི་ཡོན་ཏན་ཅི་ཡིན་ལ་ད་དུང་ཐག་རིང་བོ་རེད།
ཐེག་ཆེན་གྱི་ཏིང་ངེ་འདི་བརྒྱ་ཕྲག་འབུམ་ཕྲག་དང་གསང་སྔགས་ཀྱི་ཞི་རྒྱས་དབང་དྲག་གི་འཕྲིན་ལས་སོགས་ཞར་ར་ལ་དར་རེད་འདུག
མདོར་ན་ཁོ་ལ་དཔྱོད་ཤེས་ཀྱི་རྩལ་དང་བྲལ་བ་དེ་རེད།
ཇོ་བོ་རྗེ་ནས་མཁས་པ་བརྒྱ་ཡིས་ང་མ་ཐུལ། བླུན་པོ་གཅིག་ངས་མ་ཐུལ་ གསུངས་པ་ཞིག་ཀྱང་གོ་མྱོང་།
ཀླུ་སྨོན་འདི་ནམ་རྒྱུན་རྩོམ་ཡིག་གྱ་གེ་གྱོག་གེ་དང་ཁྱ་བེ་འཁྱོག་བེ་དེ་འདྲ་འབྲི་བ་ལ་དགའ་བོ་ཡོད་པའི་ཚོར་སྣང་བྱུང་།
དེ་རིང་ཁོ་ལྷ་ངོ་མ་དེ་བབས་ཡོད་པ་འདྲ།
སྐད་ཆ་བཤད་པ་ཚང་མ་ཚད་ལྡན་རེད་སྙམ།
མ་འོངས་པའི་ཆར་དེ་རིང་ནང་བཞིན་འབྲི་ཐུབ་པ་ཡིན་ན་བསྟན་འགྲོ་ལ་ཏན་ཏན་ཕན་གྱི་རེད་སྙམ་པ་བྱུང་།
ནང་ཆོས་ལ་སློབ་སྦྱོང་བྱས་མྱོང་བའི་བཞག་རྩི་ངོ་མ་དེ་ཐོན་ཡོང་གི
སྤོབས་མཐའ་འདི་དང་པོ་གྲྭ་ལོག་ཞིག་ཡིན་པ་འདྲ་ལ་ད་ཆ་ལྟ་བ་ཡང་ལོག་ཡོད་པ་འདྲ།
བློ་དམན་པ་རྣམས་ལ་འཁོར་བ་ལ་ངེས་འབྱུང་དང་། ངན་སོང་གི་སྡུག་བསྔལ་བསམ་པ། མངོན་མཐོ་དང་ངེས་ལེགས་ཐར་བའི་ཡོན་ཏན་ལ་དང་པ་འདྲེན་པའི་ལམ་ལ་འཁྲིད་པ་ལས་ཐེག་ཆེན་གྱི་ལྟ་བ་དང་གསང་སྔགས་ཀྱི་ཟབ་ཚད་སོགས་བཤད་པའི་སྐབས་རེད་མི་འདུག
བླ་མེད་བཤད་པའི་སྣོད་རུང་ལ་རྒྱུད་ལས་བཞི་གསུངས་ཡོད། ཁྱད་པར་དུ་རིན་པོ་ཆེ་ལྟ་བུའི་སྣོད་ལྡན་ལ་འཆད་པའི་སྐབས་འབྱེད་པ་ཡོད་ཀྱང་སྤོབས་མཐའ་ལྟ་བུའི་ཡིན་དོན་མེད།
ཨོ་་ཧཧཧཧ་་་ད་ཡིན་ན་རང་གཟུགས་ཕྱི་རུ་མངོན་ཡོང་བཞིན་འདུག་ག གྲྭ་ལོག་དང་ལྟ་ལོག བློ་དམན་པ་སོགས་རེད་འདུག་པས་སྣོད་རུང་མི་རུང་གི་སྐད་ཆ་བཤད་འོང་གི་འདུག་ག རྫུན་བཤད་ལ་ཕུགས་མེད་དུས་བཤད་ཀྱི་མེད་པ་རེད། མེད་ན་མེད་ལབ་ན་འགྲིག་གི་རེད་བ། སྣོད་མི་རུང་པ་མ་གཏོགས་ཅིག་བཤད་ཀྱི་ཡོད་མདོག་མདོག ཧཧཧཧཧཧཧཧ་་་་་དཔང་རྟགས་གསལ་པོ་སྟོན་ཐུབ་མཁན་མི་འདུག་ག ་་་་ཁག་མེད་ཁག་མེད་་་
སྤོབས་མཐའ་ལགས
མ་མཐའ་ཡང་ང་ཚོས་བོད་མི་རིགས་འདིའི་དད་མོས་ལ་གུས་རྩིས་བྱེད་དགོས།
མི་རིགས་ཀྱི་དད་མོས་ལ་རྐང་རྫིས་བྱས་ན་མི་འགྲིག
མི་དམངས་ཀྱི་དད་མོས་ལ་མཐོང་ཆུང་དང་ཆེད་གསོད་བྱས་ན་མི་དམངས་ལ་གུས་བཀུར་མ་བྱས་པ་ཡིན
དེ་ནི་རྒྱ་དམར་སྲིད་གཞུང་དང་གཅིག་པ་ཡིན།
རང་ཉིད་མི་དད་པ་རྒྱུ་མཚན་དུ་བྱས་ནས་གཞན་ལ་བཙན་དབང་དང་དམའ་འབེབས་བྱེད་ན་ག་ལ་འགྲིག
རང་གིས་གང་ཤེས་པ་དང་གང་མཐོང་བ།་གང་བཤད་པ་བདེན་པ་ཡིན་པ། གཞན་གྱིས་གང་བཤད་པ་དང་གང་བསམ་པ་རྫུན་མ་ཡིན་པར་སྒྲུབ་པ། སྤོབས་མཐའ་སོགས་མི་ཉུང་ཤས་ལ་མ་གཏོགས་མི་འབྱུང་།
དམར་བོའི་སྲིད་གཞུང་ནས་བསངས་ཕུད་ལ་རྩམ་པ་འཕྲོ་བརླགས་རེད་ལབ་པ་རེད།
ཡ་ཡ་་ང་འགྲོ་རན་སོང་་རྗེ་ནས་མཇལ་ཡོང་།་ཡིག་ནོར་ལ་དགོངས་དག་ཞུ་
བོད་མི་རིགས་ཀྱི་དད་མོས་བྱེད་ས་ཟེར་ན་ཐལ་དྲགས་པའི་སྐད་ཆ་རེད། དེང་རབས་༢༡་ནང་དུ་དངོས་ཡོད་དང་བདེན་པ་ལ་ཡིད་ཆེས་དང་དད་མོས་བྱེད་པའི་དེང་རབས་ཡིན་པ་ལས་ལྷ་སྒྲུང་གིས་བོད་མི་རིགས་མགོ་སྐོར་གཏོང་བའི་དེང་རབས་དེ་མཇུག་རྫོགས་འགྲོ་གི་ཡོད་རེད།
བོད་མི་རིགས་ཀྱི་མགོ་ལ་མཆིལ་མ་འདེབས་ཀྱི་དང་ཁ་ལ་གཅན་འཐུང་བཅུག་པའི་དུས་ཚོད་རྫོགས་འགྲོ་གི་ཡོད་རེད། ལྷག་པ་ཏུ་དེང་རབས་བརྡ་འཕྲིན་ལ་བརྟེན་ནས་བོད་མི་མང་པོའི་གོ་རྟོགས་ཡར་རྒྱས་འགྲོ་བཞིན་པའི་སྒང་རེད། ད་་་བླ་མ་བརྟེན་ཚུལ་དང་སྔགས་བླ་མེད་དམ་ཚིག་བཤད་ནས་བོད་མི་རིགས་བྲན་གཡོག་སྐོར་བསྡད་པ་དང་དཔལ་འབྱོར་སླུ་འཕྲོག་བྱས་བསྡད་པའི་དུས་ཚོད་རྫོགས་འགྲོ་གི་ཡོད། ཆོས་ལུགས་པའི་སྒེར་གཅོད་འོག་ནས་བོད་མི་རིགས་ཐར་ཐུབ་ཀྱི་རེ་བ་ཇེ་ཆེ་ནས་ཇེ་ཆེ་རེད་དོ།་་ཧཧཧ
ཇོ་རི་ལགས། སྤོབས་པས་གསུངས་ལའང་ཕྱོགས་གཅིག་ནས་རྒྱུ་མཚན་འདུག གཞན་པ་ལྟ་ཅི་ཐ་ན། སངས་རྒྱས་ཆོས་ལུགས་པའོ་གྲས་ནས་ཀྱང་གསང་སྔགས་སངས་རྒྱས་ཀྱི་དགོངས་བ་མི་འདོད་མཁན་ཡོད་པས་ཡིན། གང་ལྟར་གསང་སྔགས་ལ་རྒྱ་གར་གྱི་ཆོས་ལུགས་གཞན་གྱི་ཤན་ཞུགས་ཚབས་ཆེན་ཡོད་པ་དངོས་ཡོད་རེད།
བཅོམ་ལྡན་འདས་ཀྱིས་གསང་སྔགས་ཆེད་དུ་གཉེར་ནས་གསུངས་ཡོད་དང་མེད་ཟེར་ནས་དྲིས་ན་ཕལ་ཅེར་མེད་ལབ་ན་འགྲིག་བ་ཡོད་འགྲོ། རྒྱུ་མཚན་ནི་དེ་དུས་ཧིན་རྡུའི་གསང་སྔངས་འདྲ་མིན་སྣ་ཚོགས་ཅིག་རྒྱ་གར་ལུང་པར་ས་ཁྱབ་རྡོ་ཁྱབ་ལྟ་བུར་ཆགས་བསྡ་ཡོད་ས་རེད། བཅོམ་ལྡན་འདས་ཀྱིས་དེ་ཚོ་དང་ཐ་དད་པའི་ཚུལ་གྱིས་ཆོས་ལུགས་མི་འདྲ་ཞིག་གསར་གཏོད་བྱས་པ་ཡིན་ནམ་སྙམ། །
ད་ལྟ་བར་དུ་ཀློག་ཁོོམ་མ་བྱུང་བས་ད་ཆ་མཆན་རྣམས་ཀློག་ཚེ་སྤོབས་པས་གནད་ལ་འཁེལ་བའི་གནད་དོན་མང་དུ་གསུངས་འདུག
སྔགས་ཀྱི་མགོ་ཁུང་གཙོ་གསང་འདུས་ཀྱི་རྩ་རྒྱུད་རྣམས་ནི་དེང་སྐབས་ཚོང་གི་དགོས་མཁོའི་ཆེད་དུ་ཡོད་པའི་ཀློག་ཀླད་ཀྱི་གསང་ཚིག་བཞིན།་ཆེད་མངགས་ཀྱིས་གསང་བརྡ་བསྒྲིགས་ཤིང་བེད་སྤྱོད་བྱེད་པས་བཤད་རྒྱུད་མེད་ན་གོ་མི་ནུས་ཤིང་། དེ་གཉིས་སྒང་དུ་བླ་མའི་མན་ངག་མེད་ན་གོ་མི་ནུས་བ་བྱེད་པས་ཁོ་ཚོས་སྣོད་དུ་རུང་མིན་ལ་ཁ་གཡར་ཡང་། དོན་གྱིས་སློབ་བུ་རྣམས་རང་གི་འདོད་འདུན་བཞིན་བཀོད་སྤྱོད་བྱེད་པའམ་དེ་ལས་ཁེ་ཚོང་ཞིག་ལེན་ཆེད་ཡིན་པ་གསལ་བོ་རེད།
སྔགས་ཚོང་མཁན་ཚོས་སྐད་ཆ་ནི་འདི་ལྟར་ཏེ།
དཔལ་ལྡན་འདུས་བའི་རྒྱུད་དུ་ནི།།
དེ་ཉིད་དེ་དག་རྒྱས་བཏབ་ནས།།
བཤད་པའི་རྒྱུད་ཀྱི་རྗེས་འབྲང་ཏེ།།
བླ་མའི་ཁ་ནས་རྟོགས་པ་བྱ།། ཞེས་གསུངས་འདུག དེ་ལ་དོགས་གཞི་ཞིག་ཡོད་པ་ནི་རྩ་རྒྱུད་ལ་ཆེད་མངགས་ཀྱིས་གསང་ཚིག་སྒྲིགས་ནས་གོ་བ་ཁག་ཏུ་བཏང་ཚེ་མགོན་པོ་ཀླུ་སྒྲུབ་ཀྱིས་དེའི་དོན་ཅི་ལྟར་བྱས་ནས་རྟོགས་པ་ཡིན་ནམ། བོད་སྒྱུར་གྱི་ལོ་ཙྭ་བ་རྣམས་ཀྱིས་དེ་བས་ཀྱང་དེ་དོན་ཅི་ལྟར་རྟོགས་པ་ཡིན་ནམ། དེ་དོན་རྟོགས་བཞིན་བོད་དུ་དེ་བཞིན་གསང་ཚིག་བསྒྲིགས་ནས་གོ་བ་ཁག་ཏུ་བཏང་དགོས་བ་ཅི་ཡིན་ནམ། གང་ལྟར་ཡུམ་དཔེ་ཆ་རྣམས་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་གདན་འདྲེན་ཞུས་སྟངས་ལ་ལྟས་ན། དེའི་ཁྲོད་ན་གཡོ་སྒྱུ་ཞིག་ཡོད་པ་དངོས་ཡོད་རེད། ཆོས་དཔོན་ཁག་ཅིག་གིས་ཡང་ཡང་རང་གི་གསུངས་ཀུན་མང་ཚོགས་ཀྱིས་ངོས་ལེན་ཡོང་ཆེད། དེ་ནི་ལྷ་འམ་འཇིག་རྟེན་གྱི་བྱེད་པོ། སྤྱི་ཚོགས་ཀྱིས་ངོས་ལེན་ཡོད་པའི་གཙོ་བདག་གམ་གནད་དོན་ཞིག་ལ་ཁ་གཡར་ནས་རང་གི་ལྟ་གྲུབ་དར་སྤེལ་བཏང་རྒྱུ་ནི་རྒྱུ་ལྡན་གྱི་ཐབས་ལམ་གལ་ཆེན་ཞིག་ཡིན། དེ་ནི་ད་དུང་ཡང་བོད་དུ་གཏེར་མ་རྙེད་མཁན་ཡོད་པ་བཞིན་རེད།
སུམ་ཅུ་རྩ་གསུམ་གྱི་གནས་ཆོས་བཟང་ལྷའི་འདུན་ས་གདུགས་དཀར་མོ་མཆོག་ཏུ་གྲུབ་པའི་གཟུངས་གསུངས་པའི་གནས་ཁྱད་པར་ཡིན་པར་མོས་པ་བྱེད་དགོས། དེ་ཡིས་གདུགས་དཀར་གྱི་དངོས་གྲུབ་རྙེད། དེ་མིན་རྩོད་པས་རྣལ་འབྱོར་པ་གང་ཡིན་སྔགས་ལ་དད་པ་མེད་པར་འགྲོ་བའི་གཉེན་ཀ་སློང་བ་མི་འདུག་གམ།
ཅོ་རི་ཉི་མ་ལགས
བན་བོན་གྱི་རྩོད་པ་གནས་སྐབས་བཞག་ཞོག
མ་ཡིན་ཡིན་མདོག་བྱེད་དགོས་པ་མ་རེད།
ཚ་འདེབས་ས་དང་མི་འདེབས་ས་གཉིས་ཡོད་པས་གཞན་ཟས་ནང་ལ་ཚ་མ་འདེབས་རོགས
གནག་སེམས་ཡོད་ན་ག་ལེར་བཤད་ཆོག་གི་རེད།
དོན་ཐོག་ནས་རྩད་ཆོག
འདུན་དགེ་རྒྱ་མཚོ་ལགས།
ག་རེ་བོན་བན་རྩོད་ཅེས་བཤད་ཡོད་དམ། འབྲེལ་མེད་དོན་གཞན་གྱི་སྐད་ཆ་བཤད་མ་འོང་ཨ། ཤ་མེད་ཐུག་པའི་ནང་དུ་ཚ་ཅི་ཙམ་བཏབ་ཡང་བྲོ་བ་ཆེ་རུ་ཅང་འགྲོ་གི་མ་རེད། སྡུག་སེམས་གནག་པོ་དེ་འདྲ་ཡིན་ན་ལོ་ནས་ལོ་མཐུད་ཆོག བོད་མི་རིགས་ཀྱི་ཁ་ལ་གཅན་བླུག་གྱི་མཚམས་ཞོག
ཨ་ནུ་ཐང་ལགས། བླ་མའི་ཞལ་ལས་རྟོགས་པར་བྱ་ཞེས་པ་གསང་སྔགས་ཡོངས་རྫོགས་ལ་ཟེར་བ་མ་རེད། ཁྱེད་རང་ཡག་པོ་ལྟོས། འདིར་སྔགས་ཀྱི་ནང་དོན་བཤད་པར་མི་འདོད། སྔོན་འབྱོན་ལོ་ཙ་ཕལ་ཆེར་མཁས་གྲུབ་གཉིས་ལྡན་རེད། ཁོང་རྣམ་པས་གོ་རྟོགས་ལོན་མིན་ལ་དོགས་པ་མི་དགོས། དོན་དང་ལྡན་པའི་འཇིག་རྟེན་མིག་ངོ་མ་རེད།
བོན་པོ་དེ་ཚོ་རྩོད་གཞི་འདི་ཡི་སྟེང་ལ་རྩོད་ཆོག་པའི་ཆོག་མཆན་
རྩ་བ་ནས་མེད་ད། ཁོང་ཚོས་ནང་ཆོས་དེ་དགྲ་ཤ་ཕ་བཞིན་མཐོང་
བས་སོ། ཨ་རྩི་ཀུ་རེ་ཡིན་ད། སྲེགས་གཅད་བརྡར་བའི་གསེར་བཞིན་
དུ། ལེགས་པར་བརྟགས་ལ་ང་ཡི་བཀའ། གསུངས་པ་བཞིན་དཔྱད་
པ་དང་ཞིབ་འཇུག་ཇི་ཙམ་སོང་བ་དེ་ཙམ་བདེན་པའམ་སྙིང་པོ་ཡོད་
ཅེས་མི་འཇིགས་སེང་གེའི་སྒྲ་དེ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་
འཁྲི་ནད་ཅན་རྣམས་རེ་ཞིག་གངས་རི་དཀར་པོ་མཐོང་མི་ཐུབ་པས་
སྣོད་མིན་ཞེས་པ་དེ་ལ་གོ་སྙམ།
བཀའ་རྡོ་ལགས་དང་དགེ་འདུན་ལགས་གཉིས་ཀྱིས་ང་ལ་ལན་འདེབས་གནང་བར་ཐུགས་རྗེ་ཆེ། གུས་པ་ལེ་ལོ་ཆེ་བས། ཐབས་ཤེས་ཅི་ཡོད་བཏོན་ནས་བདག་བསྐྱེད་རིང་མོ་དེ་དག་ཐུང་རུ་གཏོང་ཐབས་བྱེད་མུས། སྔོན་མ་སྒྲུབ་ཐབས་འགའ་ཤས་མཐོང་བྱུང་བས་དེ་དག་བདག་བསྐྱེད་ལས་ཐུང་བ་འདུག་པས། བདག་བསྐྱེད་ཀྱི་ཚབ་ལ་དེ་འདོན་ན་ཨེ་འགྲིགས་བསམ་པ་ཡིན། ད་བྱེད་དུས་འདི་ཡང་འགྲིགས་ཀྱི་མེད་ཚོད།
དྲི་མེད་ལྷག་བསམ་ལགས།
འདྲི་བ་ཞིག་ལ། རྭ་པོད་དེང་སང་གང་ནས་འཐོབ་ཐུབ་བམ། ཨ་རིའི་ནང་བསྟན་དཔེ་ཚོགས་ནང་ལ་རྭའི་རྣམ་ཐར་ལས་གཞན་མཇལ་རྒྱུ་མིན་འདུག་སྙམ། ཉིད་ལ་གསུང་རྒྱུ་ཨེ་ཡོད།
སྤོབས་མཐའ་ལགས
ཤེས་བྱ་ཐམས་ཅད་ལེབ་ལེབ་མ་རེད་།
བྱི་ལ་ཙནྡན་ཡིན་དོན་མེད།
བྒ་ག་ཝན་ནི་བོད་སྐད་དུ་བསྒྱུར་ན་བཅོམ་ལྡན་ཟེར།
བཅོམ་ལྡན་ནི་ལེགས་པ་དྲུག་དང་ལྡན་པས་ན་བཅོམ་ལྡན་ཟེར།
ལེགས་པ་དྲུག་ནི་རྒྱུད་བླ་མ་ལས།
དབང་ཕྱུག་དང་ནི་གཟིགས་བཟང་དང་།། དཔལ་དང་གྲགས་དང་ཡི་ཤེས་དང་།།
བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ།། དྲུག་པོ་རྣམས་ལ་བསྐལ་ཞེས་བྱ།།
རྒྱུད་བླ་མ་དང་དེའི་འགྲེལ་བ་འདྲ་མཐོང་ན་གཟིགས་དང་གསལ་བོ་ཡིན།
བཅོམ་ལྡན་དང་བཅོམ་ལྡན་འདས་གཉིས་གཅིག་པ་མ་རེད་ལགས།
བཅོམ་ལྡན་ཙམ་ནི་ཉན་རང་དགྲ་བཅོམ་པ་དང་བྱང་སེམས་ས་བརྒྱད་པ་བ་ལ་ཡང་འཇུག་གོ
དེ་དག་ལ་མི་ནོར་བའི་ཆེད་དུ་སྔོན་གྱི་ལོ་ཙཱ་བ་དག་གིས་བཅོམ་ལྡན་འདས་སུ་བསྒྱུར།
འདས་ཞེས་པའི་ཚིག་ཅིག་ཁ་བསྣོན་མཛད་ནས་བསྒྱུར་བའི་དགོས་པ་དེ་རེད།
བཅོམ་ལྡན་འདས་ཅེས་སངས་རྒྱས་ཉག་གཅིག་ལ་གོ་པར་མཛད་པར་བྱས་པ་ཡིན།
ནག་པོ་ཆེན་པོའི་གླུ་ལ་བཅོམ་ལྡན་འདས་ལབ་ཡོད་མེད་ཧ་གོ་མ་སོང་ཡང་འདས་སྒྲ་སྦྱར་མི་རུང་།
རྒྱུ་མཚན་ནི་དེ་ལྟར་བསྒྱུར་ཡང་ནག་པོ་ཆེན་པོ་ལ་བཅོམ་ལྡན་འདས་ལབ་ན་ཕྱི་ནང་སུའི་ལུགས་ལ་ཡང་གོ་དོན་ཅང་མེད།
དེ་ལྟར་ཡོད་པའི་དབང་དུ་བཏང་ཡང་ལོ་ཙཱ་བའི་འགྱུར་སྐྱོན་རེད། བསྟན་འགྱུར་ཁྲོད་ཀྱི་སྒྲ་བསྒྱུར་བམ་གཉིས་པ་ལ་གཟིགས་རོགས་གནང་།
སྔོན་ཆད་བཀས་བཅད་སྐབས་ལོ་པཎ་དག་གིས་ཐག་བཅད་ཀྱང་ཕྱིས་སུ་མ་ངེས་པར་གསལ་ཕྲེང་དུ་གསུང་བ་བཞིན་ཡིན་།
གསེར་ཕྲེང་
བཅོས་
ཡིག་ཕྲེང་བརྒྱད་ལ་མཆན་བུ་ཉིས་བརྒྱ་བརྒལ། །
རྡོ་རྗེ་འཇིགས་བྱེད་ནུས་པ་བསམ་མི་ཁྱབ། །
རྭ་ལོ་རྒས་ཀྱང་ཡི་དམ་མི་རྒས་ཞེས། །
ཞལ་ཕོ་མཛད་པ་འདི་ན་བདེན་པར་གྲུབ། །
སྒྲ་བསྒྱུར་སྟངས་ཐད་ལ་ཚིག་བསྒྱུར་དང་དོན་བསྒྱུར་གཉིས་ཡོད་པ་ལས། བཅོམ་ལྡན་ནམ་བཅོམ་ལྡན་འདས་ནི་དོན་བསྒྱུར་ཡིན་སྟབས། ལེགས་སྦྱར་གྱི་སྐད་རང་ངོས་ནས་བཅོམ་ལྡན་འདས་ཞེས་པའི་ཚིག་གསུམ་པོ་གང་ཡང་མི་རྙེད་མོད། རྣམ་དཔྱོད་ཀྱི་དཔལ་འབར་བའི་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་དོན་གྱི་དབང་ལ་གཟིགས་ནས་མིང་ཚིག་དེ་གསར་བཟོ་གནང་། གཞན་དུ་བྷ་ག་ཝན་ནི་སྐལ་ལྡན་ཞེས་པར་གོ་ལ། ནང་བའི་ཆོས་གཞུང་ཙམ་དུ་མ་ཟད་དཔལ་ནག་པོ་ཆེན་པོའི་གླུ་སོགས་ཧིན་དྷུའི་གཞུང་ལུགས་ནང་ལ་འབྱུང་བཞིན་ཡོད།
གོང་དུ་དྲྭ་གྲོགས་དགེ་འདུན་རྒྱ་མཚོར་ཞུ་རྒྱུར། རང་རེ་ཐེག་ཆེན་པའི་ལུགས་ལྟར་ན། དགྲ་བཅོམ་པ་ཡིན་ན་བཅོམ་ལྡན་འདས་ཡིན་པས་མ་ཁྱབ་ཀྱང་། བཅོམ་ལྡན་དང་བཅོམ་ལྡན་འདས་གཉིས་ལ་ནང་གསེས་སུ་དབྱེ་བ་འབྱེད་མི་འོས་སྙམ། དཔེར་ན་དགྲ་བཅོམ་པ་འོད་སྲུང་ཞེས་བརྗོད་ཀྱི། བཅོམ་ལྡན་འོད་སྲུང་ཞེས་མི་བརྗོད་པ་བཞིན་ནོ། །ཇི་སྐད་དུ། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །གང་ཡང་མི་མཐུན་ཕྱོགས་ཆོས་བཅོམ། །དེ་འདིར་བཅོམ་ལྡན་འདས་སུ་བཤད། །ཅེས་བཅོམ་ལྡན་ཞེས་པའི་བཅོམ་ནི་སྒྲིབ་གཉིས་བཅོམ་པར་གོ་བས་སངས་རྒྱས་འཕགས་པར་ཁོ་ནར་འཇུག་སྙམ།
གཞན་ཡང་སྐུ་ཞབས་སྤོབས་པ་ལགས། བོད་དུ་དར་བའི་གསང་སྔགས་ཀྱི་ཆོས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་བསླུ་བ་མེད་པ་ཡིན། བཅོམ་ལྡན་འདས་ཀྱིས་རིགས་ལྡན་ཀྱི་ཆོས་རྒྱལ་ཟླ་བ་བཟང་བོའི་ངོར་དུས་ཀྱི་འཁོར་ལོའི་རྣམ་པར་བཞེངས་ནས་རྒྱུད་དང་། རྒྱལ་པོ་ཨིན་དྲ་བྷཱུ་ཏིས་འདོད་ཡོན་སྤངས་པའི་ཐར་པ་མི་འདོད་པར་ཞུས་པའི་ལན་དུ། གསང་བ་འདུས་པའི་དཀྱིལ་འཁོར་དུ་བཞེངས་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་བསྟན་པར་མཛད་པ་མ་ཟད། སངས་རྒྱས་ཀྱི་གསུངས་ལ། ཞལ་ནས་གསུངས་པ་དང་། རྗེས་སུ་གནང་བ། བྱིན་གྱིས་བརླབས་པའི་བཀའ་སོགས་གསུང་གི་བྱེ་བྲག་མང་དུ་མཆིས་པས་རང་ཅག་ལྟ་བུས་འདིའོ་ཞེས་ཁ་ཚོན་ག་ལ་གཅོད། བོད་ཙམ་དུ་མ་ཟད་གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཉིད་རྒྱ་ནག་དང་། དེ་ལས་ཕར་ཉི་ཧོང་དུ་དར་བ་མ་ཟད། དེང་སྐབས་ཉི་ཧོང་གི་ཤྭིན་ཀྭོན་ཤུའུ་ཞེས་གྲགས་ཤིང་དར་ཁྱབ་ཅུང་ཆེ་བ་ཡོད་ཅིང་། ཁོ་ཚོའི་ལྷ་ཁང་ནང་དུ་གསང་སྔགས་ཀྱི་དཀྱིལ་འཁོར་དང་། རྡོར་དྲིལ། སྦྱིན་བསྲེག་ལས་ཆོག་སོགས་མངོན་སུམ་དུ་མཇལ་རྒྱུ་ཡོད། རྒྱ་ནག་ལ་འཕགས་ཡུལ་གྱི་ནང་བའི་སློབ་དཔོན་ཨ་མོ་གྷ་བཛྲ་སོགས་ཀྱིས་གསང་སྔགས་གདན་དྲངས་ཤིང་། ཡུལ་ཁམས་དེ་དག་ཏུ་གཙོ་བོ་ཕྱི་རྒྱུད་ཙམ་ལས་ནང་རྒྱུད་ཆེར་མ་དར་བ་འདྲ།
གངས་ཅན་བོད་ཡུལ་འདིར་སྐྱེས་ཆེན་དམ་པ་རྣམས་ཀྱི་བཀའ་དྲིན་གྱི་མཐུ་ལས། སྔོན་རྒྱ་གར་དུ་སེ་ན་བཞིའི་དུས་སུ་ཐེག་པ་ཆེ་ཆུང་གི་དབྱེ་བ་མེད་པར་སོང་བ་བཞིན་དུ། མདོ་སྔགས་ཟུང་དང་ཐེག་པ་མཐའ་དག་འགལ་བ་མེད་པར་གང་ཟག་གཅིག་གིས་སྟན་ཐོག་གཅིག་ལ་ཉམས་ལེན་བྱེད་པའི་ལུགས་སྲོལ་རྨད་དུ་བྱུང་བ་ཐོན། དེ་ཙམ་གྱིས་འཐུས་པར་བྱེད།
རྒྱ་གར་བ་ཤེས་ཡོན་ཅན་ཚོས་བཤད་ན་ཀླུ་སྒྲུབ་ཀྱི་མིང་ཅན་བརྒྱ་ཕྲག་ཁ་ཤས་ཤིག་ཀྱང་བྱུང་ཟེར་སྲོལ་འདུག ་་་་་ཟེར།
འོད་གསལ་ལགས། ཐུགས་རྗེ་ཆེ།
སྤོབས་མཐས་གྲུབ་ཆེན་བརྒྱད་བཅུ་པོ་ཚང་མ། ཧིན་ཆོས་ལ་བརྟེན་ནས་གྲུབ་པ་ཐོབ་པར་འདོད་དམ། ཡང་ན། གྲུབ་ཆེན་ཡིན་ན། ནང་པ་མ་ཡིན་པས་ཁྱབ་ཟེར་འདོད་དམ། ཆོས་གྲོགས་དྲ་གྲོགས་སྤོབས་མཐའ་ལགས། དེ་ལྟར་འདོད་ན། སྐླུ་སྒྲུབ་དང་། ཞི་བ་ལྷ་དང་སློབ་དཔོན་པདྨ་འབྱུང་གནས་སོགས་ཀྱི་རྣམ་ཐར་དང་འགལ་བར་འགྱུར་རོ།། །།
འོད་གསལ་ལགས
ལོ་རྒྱུས་སྤོབས་པ་མཐའ་ཡས་ལ་དེ་དག་ནི་གྲུབ་ཟིན་གྲུབ་པ་ཡིན་པས་བསྐྱར་བཟློས་ཀྱིས་ག་ལ་ཕན།
ཕྱོགས་ཆོས་མ་གྲུབ་པའི་ཐལ་བ་དེས་སྤོབས་མཐའ་ལ་གསང་སྔགས་ཐུབ་པའི་གསུངས་ཡིན་པར་སྒྲུབ་ཐུབ་མེད།
དངོས་པོའི་སྟོབས་ཤུགས་འགྲོས་དང་བསྟུན་ནས་གསང་སྔགས་ནང་ཆོས་ཡིན་པར་སྒྲུབ་དང་དེ་ནས་རིག་སྨྲ་ཡིན་མིན་གྱི་ལྟད་མོ་མཐོང་གི་རེད། བམ་བཤད་དེ་འདྲའི་ས་ཆོད་ཡོང་གི་མ་རེད་ལོ།
ནག་པོ་ཆེན་པོ་གླུ་ཧ་གོ་གི་ཡོད་པས།
དེ་ན་བཅོམ་ལྡན་འདས་ལབ་འདུག་ཟེར།
དེ་ལ་ལན་རྒྱོབས་དང་།
ཡག་པོ་བཀླགས་ནས་ལན་རྒྱོབས
ཅ་ཅོ་མང་བོ་མ་བཤད་རྣ་ལ་གཟན་པའི་རྒྱུ་རེད།
ཕྱོགས་སྔའི་ནམ་ལངས་མི་འདུག་ལགས
དགག་སྒྲུབ་ཀྱི་ཉི་མ་ཅི་ལྟར་ཤར་སོང་།
ཀླུ་སྨྱོན་ལགས།
མཆན་༢༠༠ལྷག་ཡོད་པའི་རྩོམ་ཡིག་ཞིག་མཐོང་རྒྱུ་ཤིན་དུ་ནས་དཀོན་པས། དེ་ཁྱེད་དང་འཇིགས་བྱེད་གཉིས་ཀའི་མཐུ་ཡིན་རྒྱུ་ལགས། ཞར་ལ་འདྲི་བ་ཞུ་རྒྱུར། རྭ་པོད་རྣམས་དེང་མཇལ་རྒྱུ་ཨེ་ཡོད། ང་ལ་རྭའི་རྣམ་མཐར་མ་གཏོགས་མེད།
དགེ་འདུན་རྒྱ་མཚོ་ལགས།
ངའི་ཚིག་སྔ་ཕྱི་ལ་ནང་འགལ་མང་བོ་འདུག་གསུངས་འདུག། ནང་འགལ་ཡོད་སྟངས་དེ་གཅིག་གསུངས་རོགས་གནོངས། དེས་ང་ལ་ཕན་ཐོག་ཆེན་པོ་ཡོང་ས་རེད། ངས་ད་དུང་གསལ་བཤད་བྱེད་དགོས་པ་འདྲ་ཡོད་ནའང་བྱེད་ཆོག། ཡིན་ནའང་ངས་གང་བསྡུས་བསྡུས་བྱས་ནས་བྲིས་པའི་ཁུལ་ཡིན། ད་དུང་གནས་ཚུལ་ཁ་ཤས་མ་ཚང་བ་གཏན་གཏན་ཡོད། བཀའ་དྲིན་ཆེ། །
ད་མེ་ངན་ཁོ་མཐོང་རྒྱུ་མི་འདུག། གླང་མགོ་ཅན་དེས་སོ་རྩ་བ་ནས་མ་བརྒྱབ་ནས་གྱུར་མིད་བཏང་མེད་པ་ཤོག། གཅིག་བྱས་ན་ཁོ་གྲོགས་མོ་གསར་པ་དེའི་མཉམ་དུ་བདེ་སྟོང་ཡེ་ཤེས་ལ་རོལ་ཀྱིན་ཡར་འདྲེན་སྦྱོང་ཀྱིན་མགོ་འཐོམ་བསྡད་ཡོད་པ་ཡིན་འགྲོ། །
བསམ་ཤེས་དང་དབྱངས་ཅན་འབངས་སོགས་ལ་ཞུ་རྒྱུ། རྭ་པོད་དང་དཔལ་པོད་གཉིས་ཀའི་དཔེ་དང་ལུང་རྒྱུན་གཉིས་ཀ་འདུག དཔལ་པོད་ལ་ཁྲིད་རྒྱུན་ཡོད་པ་ད་བར་མ་མཇལ། རྒྱ་གར་ན་ཁྲི་བྱང་བླ་བྲང་ལ་ཡོད། བལ་ཡུལ་ཡུལ་བཅོ་བརྒྱད་ཁྲི་ཆེན་ལ་ཡང་ཚར་གཅིག་ཡོད། བོད་དུ་གཏེར་ལུང་དགོན། རེབ་ཀོང་། ཛམ་ཐང་སོགས་ན་ཡི་གེ་བཞུགས། ཁྲིད་སྔོན་ཆད་ར་རྒྱའི་གླིང་རྒྱ་ཚང་དང་། ད་ལྟ་རེབ་གོང་གི་ཨ་ལགས་འཇམ་དབྱངས་ཚང་། ཛམ་ཐང་ཁྲི་བ་སོགས་ལ་བཞུགས་ཟེར། ཕྲན་ནི་གླེགས་བམ་རིན་པོ་ཆེ་མཇལ་དང་ཉན་པའི་སྐལ་བ་བྱུང་ཡང་། དད་པ་དང་དམ་ཚིག་ཞན་པས་མཐུ་དང་ནུས་པ་རི་བོང་གི་རྭ་ཡིན། ཆོས་དང་གང་ཟག་ཡ་བྲལ་ནས་རེ་ཞིག་འགོར་ཟིན། ད་ནི་བསྐྱེད་རྫོགས་ཕར་ཞོག་དཔེ་ཆ་ཡང་ཞིབ་མོ་མི་དྲན་པའི་ཚད་དུ་སླེབས། དྲ་གྲོགས་ཐུགས་རྗེ་ཅན་རྣམས་ཀྱིས་ལས་ངན་སྡིག་སྒྲིབ་དག་པའི་ཐུགས་སྨོན་གནང་རོགས།
དྲི་མེད་ལགས། བཀའ་དྲིན་ཆེ།
སྔགས་ཀྱི་རྒྱུད་སྡེ་གོང་མར་གྲགས་པ་ཕལ་ཆེ་བའ་གླེང་གཞི་རུ་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་བྲིས་ཡོད་པ་དེས་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ་ཡིན་པར་སྒྲུབ་མི་ཐུབ་ཚུལ་གོང་དུ་བཤད་པ་དེ་རེད། བཅོམ་ལྡན་འདས་ཞེས་པའི་ལེགས་སྦྱར་གྱི་སྐད་དོད་ནི་བྷ་ག་ཝ་ཏི་དང་། བྷ་ག་ཝན་ཞེས་པ་དེ་རེད། དེ་བོད་སྐད་དུ་བཅོམ་ལྡན་འདས་ཞེས་འགྱུར་བ་རེད། དཔལ་ལེགས་ལྡན་ནག་པོའི་གླུའི་ནང་དུ། བཅོམ་ལྡན་འདས་ཀྱིས་གསུངས་པ་ཞེས་པ་དེ་ཚང་མ་བྷ་ག་ཝན་ཞེས་པའི་སྐད་དོད་ལས་བསྒྱུར་བ་རེད། ཤྲི་བྷ་ག་ཝན་ཞེས་པ་དེ་དཔལ་བཅོམ་ལྡན་འདས་ཟེར་ནས་བསྒྱུར་བ་རེད། རང་མགོ་རང་གིས་མ་གཡོགས་གྲོགས་པོ་ཚོ།
སྟོན་པ་ཤཱཀྱ་ཐུབ་པ་ཕག་ཤ་བཞེས་ནས་སྙུང་ཞིང་འདས་པ་རེད། དེ་ལ་ཁྱོད་ཚོ་ངོ་གནོང་དོན་ཅི་འདུག
བྷ་ག་ཝན་ཞེས་པ་དེ་བོད་སྐད་དུ་བཅོམ་ལྡན་འདས་ཞེས་འགྱུར་བ་ལ་སྤོབས་མཐའ་ཕྲག་པ་དོག་དགོས་དོན་ཅི་ཡོད། དགུང་གྲངས་བྲགྱད་བཅུ་ཟིནད་པ་ཅིག་ཕག་ཤ་མཆོད་ནས་གྲོང་ན་ཡང་། གཞོན་ནུ་དོན་གྲུབ་དགུང་གྲངས་སོ་ལྔས་ནས་སངས་རྒྱས་མ་ཡིན་པ་སུས་ཀྱང་བསྒྲུབ་མི་ཐུབ། སྤོབས་མཐའ་ལགས་ཀྱིས། རྒྱུད་སྡེ་ཡོངས་རྫོགས་ཀྱི་གླེང་གཞི་བཀླགས་ཟིན་མདོག་ཅིག་གསུངས་སོང་དེ་ཡང་བདེན་པ་ཡིན་མི་སྲིད། སྲིད་པ་དེ་ནི། ད་གཡུག་ཞོག་་་་་་
སྤོབས་མཐས་ཤེས་ཀྱི་མེད་རེད།
དེ་ན་ངས་བཤད།
བླ་མེད་ནས་བཤད་པའི་གླེག་གཞི་ཞེས་པ་ནི་འདི་སྐད་ཟེར་བ་ནས་་་་་་་བྷ་ག་ལ་བཞུགས་སོ།
བར་དུ་རེད།
འདི་ལ་ཡེ་གེ་བཞི་བཅུ་ཡོད་པས་གླེང་གཞི་ཡི་གེ་བཞི་བཅུ་རེད།
ཀླུ་སྒྲུབ་དང་ཨརྱ་དེ་ཝ། ཟླ་གྲགས་གསལ་སྒྲོན་སོགས་སུ་འདིའི་དོན་འགྲེལ་གྱིན་ཡོད་པས་ཧ་ཅང་ཟབ་ལ་བརླིང་།འདི་ནི་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་གསུམ་པོ་གང་གི་ཁོངས་སུ་གཏོགས་པ་ཡིན་ཡང་གཞུང་དོན་གྱི་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ལ་རྩིས་ཀྱི་ཡོད་རེད།
གླེང་གཞིའི་དོན་མ་རྟོགས་ན་བླ་མེད་ཀྱི་རྒྱུད་གཞུང་རྣམས་ཤེས་པའི་རེ་བ་བྲལ།
ཡ་ད་ངས་སྐྱུག་པ་སྐྱུག་མཚམས་འཇོག་གི་ཡིན།
མ་གཞི་གསང་སྔགས་སྟོན་པས་གསུངས་ཟེར་བ་རྫུན་ཡིན་པའི་རྒྱུ་མཚན་གསལ་ཤོས་ཤིག་འདི་རེད། གསང་སྔགས་གི་བཀའ་སྡུད་མཁན་གཙོ་བོ་དེ་ཕྱག་ན་རྡོ་རྗེ་སོགས་ཡིན་ཟེར་གི་ཡོད་རེད། ཕྱག་ན་རྡོ་རྗེ་གང་དུ་སྐྱེས་པ་རེད། ཕ་མ་སུ་རེད་ལབ་ན་བཤད་རྒྱུ་ཡོད་པ་མ་རེད། སྤྱན་རས་གཟིགས་དང་འཇམ་པའི་དབྱངས་སོགས་ཀྱང་དེ་མཚུངས་རེད། མཆོག་ཟུང་དང་། འོད་སྲུང་དང་། ཀུན་དགའ་བོ་སོགས་ཀྱི་ལོ་རྒྱུས་གསལ་གསལ་ཐིང་ཐིང་བཤད་རྒྱུ་ཡོད་པ་རེད། གསང་སྔགས་གང་དུ་གསུངས་ཟེར་ན་ཡང་བསྟན་རྒྱུ་ཡོད་པ་མ་རེད། རྡོ་རྗེ་བཙུན་མོའི་བྷ་ག་ལ་གསུངས་ཟེར་གི་ཡོད་རེད། རྡོ་རྗེ་བཙུན་མོའི་བྷ་ག་ཟེར་ན་བུད་མེད་ཅིག་གི་མོ་མཚན་ཟེར་གི་ཡོད་ཚོད་རེད། བདག་ཅག་གི་སྟོན་པ་བུད་མེད་ཅིག་གི་མོ་མཚན་ནང་ལ་འཛུལ་ནས་ཆོས་མི་གསུངས་བ་ཚང་མས་ལོས་ཤོས། ཕྱི་རོལ་པས་དམའ་འབེབས་ཀྱི་ཆེད་དུ་བཟོས་པ་ཡིན་ས་རེད། དེ་ས་ཆ་ཞིག་གི་མིང་རེད་ལབ་ན་དེ་གང་དུ་རེད་ལབ་ན་བསྟན་རྒྱུ་ཡོད་པ་མ་རེད། མ་གཞི་ས་ཆ་ཞིག་གི་མིང་ལ་དེ་འདྲ་མི་འདོགས་པ་བརྒྱ་ཆ་བརྒྱ་རེད།
ལྷ་ཁྲོ་བོ་བཙོག་པ་འདི་འདྲ་མང་པོ་ཡོད་དགོས་དོན་གཅིག་ནི་འདི་རེད། ལྷ་ལ་དུད་འགྲོའི་མགོ་བོ་ཡོད་པ་དང་། མཚོན་ཆ་འདྲ་མིན་ཐོགས་པ། ལྟ་ན་འཇིགས་ཤིང་མཐོང་ན་ཉམས་མི་དགའ་བ་འདི་འདྲ་མང་པོ་བཟོ་ཡོང་བའི་རྒྱུ་མཚན་གཅིག་ནི་གནའ་སྔ་མོའི་མི་གླེན་པ་ཚོར་འཇིགས་སྣང་སྐུལ་ཆེད་དུ་བཟོས་པ་རེད། ང་བླ་མ་ཡིན། ངའི་ཁ་ལ་མ་ཉན་ན་ལྷ་འདི་འདྲ་བ་ཚོས་ཁྱོད་ཚོར་ཆད་པ་གཅོད་གི་རེད་ལབ་དུས་གནའ་མི་གླེན་པ་ཚོས་དེ་བདེན་པར་བཟུང་ནས་ཆོས་དཔོན་ཚོའི་ཅི་འདོད་བཞིན་སྒྲུབ་ཀྱི་ཡོད་པ་རེད། ནུས་པ་བཟང་ཕྱོགས་ངན་ཕྱོགས་གཉིས་ཀ་ལ་ཐོན་མྱོང་བ་རེད།
སྤོབས་མཐའ་ལགས།
རྡོ་རྗེ་བཙུན་མོའི་བྷ་ག་ཟེར་ན། རྡོ་རྗེ་བཙུན་མོའི་མོ་མཚན་ལ་ཟེར་བགྱིད་ཡོད་རེད། དེས་ན་གསང་སྔགས་ཁོམ་བསྒྲགས་མ་གྱིས། གནོད་མིན་ལ་གསང་རྫས་མ་སྟོན་ཟེར་ན། དེ་ལ་ཟེར་རོ། །རྡོ་རྗེ་སྤུན་གྲོགས་མཁས་དབང་སྤོབས་པ་མཐའ་ཡས་ལགས། དགེའོ། །དགེ་བར་འགྱུར་ཅིག། །།
སྤོབས་མཐའ་སོགས་ཀྱིས་མཁྱེན་དགོས་པ་ཅིག་ནི། མ་ནིང་ལ་སོ་ཐར་གྱི་སྡོམ་པ་མི་ཐོབ་དང་། བྱང་སེམས་མིན་པར་བོད་ཆོས་ནང་པའི་གསང་སྔགས་ཇི་མ་ཞི་བཞིན་ཉམས་སུ་ལེན་མི་ཐུབ་དེ་ཡང་མཁྱེན་པར་མཛོད་ཅིག ད་གསང་སྔགས་རྒྱུད་སྡེ་བཞི་པོ་སངས་རྒྱས་ཤྰཀྱ་ཐུབ་སོགས་ཀྱིས་གསུངས་པ་མིན་ན། སུས་གསུངས་པ་རེད། ལགས། ད་ཅིག་གསུངས་དང་། ལགས།
སྤོབས་མཐས་གསུངས་པར་བདེན་པ་འདུག
ཕྱག་ན་རྡོར་རྗེས་སྟོན་པ་བཅོམ་ལྡན་འདས་ལ་གངས་ཏི་སེའི་མདུན་དུ་གསང་སྔགས་ཞུས་རེ་གསུངས་པ་ཞིག་མཐོང་བྱུང། སྟོན་པ་བཅོམ་ལྡན་འདས་གངས་ཏི་སེ་ལ་ཕེབས་མྱོང་ཡོད་དམ། གཞན་ཡང་ཁྱིམ་ཚང་ཞིག་ཏུ་་་་བན་དྷེའི་ཀླུ་འབུམ་དཀར་ནག་ཁྲ་གསུམ་ཞེས་པ་ཞིག་ཀྱང་འདུག་འོོན་ཀྱང་དེའི་དབུར་་་་་་བོན་གྱི་ཀླུ་འབུམ་གྱི་དབུར་་་་ཞང་ཞུང་སྐད་དུ་ཟེར་སར་་་་དེར་རྒྱ་གར་སྐད་དུ་་་་ནཞེས་བསྒྱུར་འདུག དེ་ཉིད་ཕྱག་ན་རྡོར་རྗེས་སྟོན་བཅོམ་ལྡན་འདས་ལ་གངས་ཏི་སེའི་མདུན་དུ་ཞུས་རབས་གླེང་འདུག
གངས་དཀར་ཏི་སེ་ནི་བདེ་མཆོག་གི་གནས་རེད་པ། ་བདག་ཅག་གི་སྟོན་པས་བདེ་མཆོག་གི་སྐུར་སྤྲུལ་ནས་བདེ་མཆོག་རྩ་རྒྱུད་གསུངས་པ་རེད།
སངས་རྒྱས་བཅོམ་ལྡན་འདས་དང་བདེ་མཆོག་གཉིས་དགེ་སློང་དང་ལྷ་ཡི་རྣམ་པ་མ་འདྲ་བ་ཙམ་རེད་མ་གཏོགས་དོན་དངོས་པོའི་ཆ་ནས་ངོ་བོ་གཅིག་རེད།
སངས་རྒྱས་ཀྱི་ཡོན་ཏན་དང་རྫུ་འཕྲུལ་ལ་མཐའ་ཡོད་མ་རེད། རྒྱ་གར་ཧིན་རྡི་བའི་རྒན་ཀོག་དང་ཕྲུ་གུ་དེ་ཚོ་ཡང་མཆོད་མཇལ་ལ་སླེབས་ཐུབ་ཀྱི་ཡོད་རེད། སངས་རྒྱས་སླེབས་མི་ཐུབ་པ་ག་རེ་ཡིན་ནམ། གཤེན་རབ་རྟ་རྒན་གཅིག་གི་ཆེད་དུ་ཀོང་པོ་ལ་འགྲོ་ཐུབ་ན་སངས་རྒྱས་ཆོས་གསུང་གི་ག་རེ་བྱས་ནས་འགྲོ་མ་ཐུབ་པ་རེད།
དེ་དུས་སངས་རྒྱས་བཅོམ་ལྡན་འདས་གངས་དཀར་ཏི་སེ་ལ་འགྲོ་ན་གཞན་ལ་ཆོག་མཆན་ཞུ་བ་དང་གསལ་བསྒྲགས་བྱེད་དགོས་པ་དེ་འདྲ་ཅང་ཨེ་ཡོད་དམ།
བན་དེ་བ་འདིས་བསམ་བློ་མ་བཏང་བར་ཅིག་བཤད་ཀྱིན་འདུག
སྟོན་པའི་བྱ་རྒོད་ཕུང་བོ་རིར།།
ཤེས་རབ་ཕ་རོལ་ཕྱིན་གསུང་བཞིན།།
དེ་བཞིན་དཔལ་ལྡན་འབྲས་སྤུངས་དུ།།
གསང་སྔགས་ཚུལ་རབ་མཐའ་དག་བསྟན།།ཅེས་གསུངས་ཡོད་རེད།སྤྱིར་ལོ་རྒྱུས་རང་གཙོ་བོར་བྱས་ཏེ་ཐ་མལ་བསམ་བློ་ཙམ་གྱིས་དཔྱད་པ་གཏོང་མཁན་ཚོས་གསང་སྔགས་ཀྱི་ཆོས་ཙམ་མ་ཟད་ཐེག་ཆེན་གྱི་ཆོས་ཀྱང་སངས་རྒྱས་ཀྱི་གསུང་ཡིན་མིན་ཐད་དོགས་སློང་གནང་མཁན་མང་པོ་ཡོད་རེད་མོད།སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ཙམ་གྱི་རྗེས་བྱུང་གི་ཀླུ་སྒྲུབ་ནས་ཨརྱ་དེ་བ་དང་ཞི་བ་ལྷ་སོགས་ནས་བཟུང་སྟེ།བོད་ཀྱི་རྗེ་ཙོང་ཁ་པ་ཆེན་པོ་དང་དེང་སང་གི་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་བར་ཆོས་པ་ཚད་ལྡན་ཚང་མས།ལུང་རིགས་ཀྱི་ལམ་ནས་ཐེག་ཆེན་སངས་རྒྱས་ཀྱི་བཀར་སྒྲུབ་གནང་གི་ཡོད་པ་མ་ཟད།ལྷག་པར་ང་ཚོའི་ད་ལྟའི་ཐ་མལ་གྱི་མ་དག་པའི་ལུས་ངག་ཡིད་གསུམ་པོ་དེ་སངས་རྒྱས་ཀྱི་སའི་དག་པའི་ལུས་ངག་ཡིད་གསུམ་དུ་འགྲོ་བ་དང་།སྐུ་གསུམ་མམ་སྐུ་བཞིའི་བདག་ཉིད་གསང་གསུམ་རོ་གཅིག་པའི་འཕྲིན་ལས་འབད་མེད་ལྷུན་འགྲུབ་ཀྱི་སངས་རྒྱས་ཀྱི་གོ་འཕངས་ཤིག་སྒྲུབ་པར།འབྲས་བུའི་ཐེག་པར་མ་བསྟེན་ཐབས་མེད་ཡིན་པ་གསུངས་ཡོད་པས།གསང་སྔགས་ཀྱི་ཆོས་ལ་སྣང་ཆུང་བཏང་ན་བསོད་ནམས་ཟད་པའི་རྒྱུ་ལས་མེད།
སྤོབས་མཐས་གསང་སྔགས་ཀྱི་ཆོས་ཀྱི་ལྷ་སྐུའི་མཚོན་དོན་སྙིང་པོ་བཅས་ལ་དོགས་དཔྱོད་ཅུང་ཟད་ཀྱང་མི་གནང་བར།བསམ་བཞིན་དུ་དང་ཤེས་བཞིན་དུ།གསང་སྔགས་ཀྱི་ཆོས་དེ་ཧིན་དུའི་གྲངས་ཅན་ལྷར་བཅས་བ་ལྟ་བུའི་ཚད་དུ་བཞག་ནས་དཀྱོག་བཤད་གནང་གི་འདུག་པས།དེ་ལ་སེམས་ཁྲལ་དང་ལན་འདེབས་གནང་དགོས་མེད་པར་སྙམ།
གོང་གི་ཚིག་གཅད་དེ་དག་ནི་ཐག་ཆེན་པ་དང་གསང་སྔགས་པ་རྣམས་ཀྱིས་རང་གི་འདོད་འདུན་ལ་རྒྱལ་ཁ་ཐོབ་ཆེད་བཙན་གྱིས་ལོ་རྒྱུས་བཟོས་བ་ལས་ཚད་ལྡན་གྱི་སྒྲུབ་བྱེད་མེད་དེ། སྟོན་པས་གསང་སྔགས་གསུངས་བའི་གནས་ལ་ངེས་ཅན་མེད་ཁར། གསུངས་དང་སློབ་མ་ངེས་བརྟེན་མེད་ཅིང་། ཁ་ཅིག་གིས་ཡངས་པ་ཅན་དང་ཁ་ཅིག་གིས་འབྲས་སྤྲུངས། ཁག་ཅག་གིས་སྔགས་ཆོས་ཁ་ཤས་གངས་དཀར་ཏེ་སེ་ནས་གསུངས་ཚུལ་བཤད་པ་ནི་རྟོགས་བཟོས་བཅོས་སྒྲུང་ལས་ཚད་མ་མཐོང་། ལྷག་པར་དུ་གངས་དཀར་ཏེ་སེ་ཟེར་ཚུལ་རྟགས་ན་ཧིན་ཆོས་ཀྱིས་བཤད་རྒྱུན་ཞུགས་པ་གསལ་པོ་རེད། ཡིན་ཏེ། དབང་ཕྱུག་ནི་ཧིན་སྔགས་ཀྱི་འབྱུང་ཁུང་དང་བྱེད་པ་པོ་གཙོ་བོ་དེ་ཡིན།
དང་པོ་བན་བོན་མ་རྩོད། ཡག་ན་སྡུག་ན་བོད་རིགས་གཅིག་པ་རེད། གཉིས་པ་དད་པ་མེད་ན་ཆོས་སྐཡོན་འདོན་་མ་གྱིས། གསུམ་པ་ནང་པ་མིན་ན། ནང་ཆོས་བྱུས་གཏོགས་ཞོག བཞི་པ་ཐེག་ཆེན་མིན་ན། ཤེར་ཕྱིན་མ་ཤོད་ཅིག ལྔ་པ་རང་ལ་བླ་མ་མེད་གསང་སྔགས་གསང་སྒྲོག་མ་བྱས་ན་བཟང་ངོ་། །
བཀྲ་ཤིས་རྒྱལ་མཚན་ཟེར་བ་དེས་བཤད་སྟངས་དེ་ཚད་མའི་ནང་དུ་སྟོན་པ་ཚད་མ་ལས་བསྟན་པ་ཚད་མ་བསྒྲུབ་ཟེར་བ་ཞིག་ཡོད་པ་དེ་རེད། ཀླུ་སྒྲུབ་དང་། ཙོང་ཁ་པ་དང་། རྒྱལ་བ་རིན་པོ་ཆེ་སོགས་ཀྱིས་བཤད་པ་དེ་སྐབས་འདིའི་བསྒྲུབ་བྱ་རེད་མ་གཏོགས་སྒྲུབ་བྱེད་མ་རེད། དུས་ཀྱི་འཁོར་ལོ་སངས་རྒྱས་ཀྱིས་གསུངས་ཡིན་པ་ཕར་ཞོག་རིགས་ལྡན་དྲག་པོའི་འབྱུང་ཁུངས་ནི་ཁྱབ་འཇུག་གི་འཇུག་པ་བཅུ་པ་དེ་རེད་འདུག ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་དུས་འཁོར་སྐོར་འདི་ཕྱི་རོལ་པའི་ཡིན་མདོག་ཁ་ཤས་ཆེ་བ་ཞིག་གསུངས་ཡོད་རེད།
འོནད་ཀྱང་།
བོན་ཆོས་དམར་མཆོད་འཚེ་བའི་ཆོས་རེད་ལབ་ན། མིན་པའི་ལན་འདེབས་གྱིས། སྟོན་པ་གཤེན་རབས་མེད་རབས་བཤད་ན་རྩོད། བོན་བཙནགླང་དར་མགོ་ལ་རྭ་ཅོ་བསྒྲུབས་ན། མེད་སྟངས་ཤོད། དེ་བཞིན་ཤྰཀ་ཐུབ་རྡོ་རྗེ་འཆང་གི་གསང་སྔགས་མེད་ལབ་ན་རྩོད། སློབ་དཔོན་དངོས་འབྱང་མེད་ཅེས་གཤེ་ན། ལན་འདེབས་གྱིས། མེས་དབོན་རྣམ་གསུམ་བདུད་སྤྲུལ་འགྲེལ་ན། ཆོས་རྒྱལ་ཡིན་སྟངས་སྒྲུབས། དེ་མིན་བན་བོན་རྩ་བ་ཉིད་ནས་མ་རྩོད་རོགས་གནོངས།
ངས་ངོ་མ་བཤད་ཀྱི་ཡོད། མི་ཚེ་ཟེར་བ་འདི་རྩ་བ་ཆེན་པོ་རེད། ཧ་ཅང་གི་ཐུང་ཐུང་རེད། ང་རང་ཚོ་ད་བར་དུ་རྫུན་ལ་ཡིད་ཆེས། རྫུན་ལ་བློ་གཏད། རྫུན་གྱི་སྟེང་དུ་རྫུན་གྱི་རྣམ་བཞག་བཅས་ནས་བསྡད་པ་རེད། ང་ཉན་ཐོས་པ་ཡིན་པ་དང་དམར་ཤོག་པ་ཡིན་པ་སོགས་ཀྱིས་ཕྱོགས་རིས་ཆགས་སྡང་གང་ཡང་མིན། ངས་ད་བར་དུ་ཞིབ་འཇུག་བྱས། ཤེས་མཁན་ལ་སྐད་ཆ་དྲིས། དཔེ་ཆ་བཀླགས། བསམ་ཞིབ་བྱས། རྣམ་དཔྱོད་ཅན་མང་པོ་དང་ལྷན་དུ་བགྲོ་གླེང་བྱས་པའི་ཐ་མ་འདིར་སྟོན་པས་སྔགས་རྒྱུད་མ་གསུངས་པར་ཡིད་ཆེས་ངེས་ཤེས་སེམས་ཀྱི་གཏིང་ནས་རྙེད་པ་ཞིག་ཡིན། བདེ་གསང་འཇིགས་གསུམ་དང་དུས་འཁོར་སོགས་སྲོག་ཆགས་མགོ་རྐང་ལག་མང་པོ་ཅན་གྱི་འབུ་སྲིན་འདི་ཚོ་ཁུངས་ལུང་མེད་པར་སྒྲུབ་པ་ལ་འབུ་སྲིན་རེ་རེ་རྡོག་རྫིས་བཏང་བ་ཙམ་གྱི་འཚེར་སྣང་ཡང་མི་འདུག
སློབ་དཔོན་དངོས་འབྱང་་་་ འདི་ སློབ་དཔོན་པདྨ་འབྱུང་གནས་དངོས་འབྱུང་་་་ ལ་བཅོས་ནས་ཀློག་རོགས།
དབང་བསྐུར་ཟེར་བ་ནི་རྒྱ་གར་གྱི་ཡུལ་སྲོལ་ཙམ་རེད། ལྷ་ཁྲོ་བོ་ནི་མི་ཤེས་དམན་ལ་འཇིགས་སྣང་སྐུལ་ཆེད་རེད། ཕོ་མོ་མཉམ་སྦྱོར་ནི་རྒྱ་གར་གྱི་གནའ་བོའི་ཀ་མ་ལ་སུཏྲའི་འདྲ་རིས་དག་ལས་བྱུང་བ་རེད། སྔགས་ཕ་རྒྱུད་མ་རྒྱུད་སོགས་ནི་ཕྱི་རོལ་པས་སྟོན་པ་སངས་རྒྱས་ལ་དམའ་འབེབས་ཆེད་དུ་བཟོས་པ་རེད། སངས་རྒྱས་ཀྱིས་སྔགས་རྒྱུད་མ་གསུངས་པ་ནི་བཀའི་བསྡུ་བ་མཛད་སྟངས་སོགས་སྟོན་པ་ཤཀྱཱ་ཐུབ་པའི་བསྟན་པའི་ལོ་རྒྱུས་བྱུང་རིམ་སྤྱི་ཁོག་རགས་པ་ཞིག་ལ་བསམ་བློ་བཏང་ན་ཡང་ཤེས་པ་ངས་གོང་དུ་ཐེངས་ཁ་ཤས་བཤད་པ་དེ་རེད།
ཀ་རྡོ་འདིར་བན་བོན་སུ་བཟང་ངན་སོགས་ཉག་ཉོག་མང་པོ་ཁྱེར་མ་ཡོང་རོགས། ང་ཚོས་གནད་དོན་གཅིག་གི་སྟེང་ལ་བགྲོ་གླེང་བྱེད་དང་བློ་སྐྱེད་རག་རྒྱུ་ཡོད་རེད།
རྣམ་དཔྱོད་ཅན་མང་པོ་དང་ལྷན་དུ་བགྲོ་གླེང་བྱས་པའི་ཐ་མ་འདིར་སྟོན་པས་སྔགས་རྒྱུད་མ་གསུངས་པར་ཡིད་ཆེས་ངེས་ཤེས་སེམས་ཀྱི་གཏིང་ནས་རྙེད་པ་ཞིག་ཡིན། བདེ་གསང་འཇིགས་གསུམ་དང་དུས་འཁོར་སོགས་སྲོག་ཆགས་མགོ་རྐང་ལག་མང་པོ་ཅན་གྱི་འབུ་སྲིན་འདི་ཚོ་ཁུངས་ལུང་མེད་པར་སྒྲུབ་པ་ལ་འབུ་སྲིན་རེ་རེ་རྡོག་རྫིས་བཏང་བ་ཙམ་གྱི་འཚེར་སྣང་ཡང་མི་འདུག ་་་་ཟེར།
རང་ལ་བླ་མ་མེད་པས། གསང་སྔགས་ལ་དད་པ་མེད་ན། གསང་སྔགས་གསང་སྒྲོག་དང་། ཁ་མ་བཏང་ན་བཟང་ངོ་། །སྡིག་ཆུང་ངོ་། །སྤོབས་མཐའ་ལགས།
སྤོབས་མཐའ་འདི་རྣམ་དཔྱོད་ཅན་ཞིག་རེད་བསམ་བྱུང་ཡང་། ཁོའི་རྣམ་དཔྱོད་ནི། མའོ་ཙེ་ཏུང་གི་རྣམ་དཔྱོད་ལས་སྐྱོ་བར་ཆགས་འགྲོ་དགྱིད་འདུག མའོས། གཞན་དམར་གདོ་བཏང་ནས་བསྒྲལ། གླུ་མ་ཚེ་བརྟན་སོགས་བཙན་གཡེམ་སྤྱད་ནས་སྦྱོར་མང་པོ་བྱས་ཡོད་འདུག གང་དྲག ཅི་དྲག སྤོབས་མཐའ་འདི་ནི། མའོའི་རྣམ་དཔྱོད་ལས་སྐྱ་རུ་བགྱིད་འདུག་གོ གྲ་གྲོགས་ཚོ།
ང་མའོ་ཙེ་ཏུང་འདྲ་བོར་བསྒྲུབས་ན་ཡང་སྐྱོན་མེད། ཁྱོད་ཚོ་གསང་སྔགས་པ་ཚོས་སྟོན་སངསང་རྒྱས་ཀྱང་མའོ་ཙེ་ཏུང་འདྲ་བོ་ཞིག་ལ་སྒྲུབ་གི་ཡོད་རེད
སྤོབས་མཐའ་ཁོང་སྔར་བན་དྷེའི་ཁ་འཛིན་བྱས་ནས་བོན་ཆོས་ལ་དགག་པ་མང་ཙམ་བྱས་མྱོང་ཡིན་ནའང་དེང་སང་ཆོས་ལུགས་ཀྱི་ལྟ་བ་ལས་ཚན་རིག་གི་ལྟ་བ་ཤུགས་ཆེར་མནོ་བསམ་གཏོང་མཁན་ཞིག་དང། དྲང་པོ་དང་བདེན་པ་མེད་ན་རང་གི་ཕ་རྒན་ཡིན་ཀྱང་མཉམ་པར་མི་འཇོག་མཁན་ཞིག་དང། རྒྱུ་མཚན་དང་ཁུངས་ལུང་རིགས་པ་རྒྱུ་མཚན་གྱི་དཔང་རྟགས་མེད་པའི་གཏམ་རང་གི་མ་རྒན་གྱི་གཏམ་ཡིན་ཀྱང་དེ་ལ་ཀན་ལྡོག་མཁན་ཞིག་ཏུ་གྱུར་འདུག མི་དེ་འདྲ་ང་ཚོའི་སྤྱི་ཚོགས་ལ་དགོས་མཁོ་ཡོད་པ་ཞིག་ཡིན་པ་ལས། དེ་ལ་མཆིལ་ཞགས་འདེབས་པར་མི་འོས། ཀླུ་སྨྱོན་ནི་དེ་ལས་ལྡོག་སྟེ་སྔར་ཡིན་ན་སེམས་ལ་དྲན་ཚད་ཤོད་ཐུབ་མཁན་ཞིག་དང་རང་གི་སེམས་དང་མ་མཐུན་ན་འདུལ་བའི་བསྲུང་བྱ་ཡིན་ཀྱང་གཡུག་རྐྱང་བྱེད་མཁན་ཞིག་རེད། ད་ཆ་ཁོང་ནི་དེ་ལས་ལྡོག་སྟེ་ཆོས་ལུགས་རྨོངས་དད་པའི་མི་ཡི་ལྟ་སྤྱོད་དང་བསྟུན་གྱིན་བསྟུན་གྱིན་ཤོད་པ་ལས་རང་གི་སེམས་ལ་གང་དྲན་ཤོད་མི་ཐུབ་པ་ཞིག་ཏུ་གྱུར་འདུག
དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི་ཆོས་ལུགས་མི་སྣས་ཁོང་ལ་ཟུར་ཟ་དང་སྐྱོན་འདོན་འཇིག་བསྐུལ་བྱས་པ་ལས་བྱུང་བ་རེད། སྤོབས་མཐའ་དང་ཅོ་རི་ཉི་མ་ལྟ་བུ་དེ་འདྲ་ཞིག་མ་རེད་་་་་དམྱལ་བར་བརྫོང་གི་ཡིན་ཟེར་ནའང་འཇིག་སྣང་དང་མཚེར་སྣང་མི་བྱེད་པ་ཞིག་རེད། གང་ལྟར་ཆོས་ལུགས་པའི་མི་སྣས་རང་གི་ཆོས་ལུགས་དེ་ཉིད་གཙང་མ་དང་ལེགས་པ་རྣམ་པར་དག་པ་ཞིག་དང། གཞན་གྱི་དེ་ཉིད་ནག་པོ་དང་འཚེ་བ་གདོན་དུ་ལྟ་བ་ནི་ཆོས་ལུགས་ཀྱི་ནང་དོན་ལ་རྨོངས་པའི་རང་མཚངས་རང་རེད།
སྤོབས་པ་མཐའ་ཡས་ལགས་ལ་འདྲི་བ་ཐུང་ཐུང་འགའ་ཤས་ཡོད་པས་ལེན་སྟེར་རོགས་གྱིས།
༡ བཀའ་འགྱུར་སངས་རྒྱས་ཀྱི་གསུང་ཡིན་པ་ཁྱེད་ཀྱི་འདོད་པར་ཐལ། མདོ་སངས་ཀྱི་གསུང་ཡིན་པར་འདོད། འོ་ན། བཀའ་འགྱུར་ནང་གི་རྒྱུད་རྣམས་སངས་རྒྱས་ཀྱི་བཀའ་མིན་པ་ཐལ། རྒྱུད་ཡིན་པའི་ཕྱིར་ལྟ་བུ་ཁྱེད་ལ་དྲན་གསོས་གཏོང་དགོས་ཀྱི་འདུག དཔེར་ན། བཀའ་འགྱུར་ནང་གི་རྒྱུད་ཀྱི་སྐོར་རྣམས་ཁྱེད་ཀྱིས་སངས་རྒྱས་ཀྱི་བཀའ་མི་འདོད་དམ།
༢ ཁྱེད་མ་བྱོན་པའི་སྔོན་ལ། རྒྱ་གར་གྱི་མཁས་གྲུབ་སྟོང་ཕྲག་མང་པོས་གསང་སྔགས་ཀྱི་གཞུང་རྣམས་སངས་རྒྱས་ཀྱི་གསུང་ཡིན་པར་འདོད་པ་དེ་དག་ཚང་མ་ཁྱེད་ལས་ལྐུགས་པ་བླུན་པོའི་གོང་རྒྱལ་ཤ་སྟག་ཡིན་ནམ།
༣ ཁྱེད་ཀྱི་དད་མོས་དང་ཞྭ་འབུད་ན་གོང་ས་མཆོག་གིས་སངས་རྒྱས་ཀྱི་གསུང་ལ་གསང་སྔགས་རྣམས་འདོད་པས། ཁོང་ཡང་བླུན་པོ་ལག་པས་འདེགས་མ་ཐུབ་པ་ཞིག་ལ་བརྩི་རྒྱུ་ཡིན་ནམ།
ལན་སྟེར་རོགས།
ཁ་བརྡ་དྲ་ཐོག་འདིར་སྤོབས་པ་མཐའ་ཡས་དང་དགེ་འདུན་རྒྱ་མཚོ་གཉིས་ཀྱི་མཁྱེན་རྒྱ་དང་སྨྱུག་རྩལ་ལས་ལྷག་གཅིག་མི་འདུག། རྣམ་པ་གཉིས་ཀྱིས་གླེང་མོར་དགའ་ནི་ཡོད།
སྤོབས་པས་འདི་ལྟར་ལྟོས་ཤིག འཇིགས་པ་ལས་གྲོལ་བ་དང་དགའ་བ་ལས་ཀྱང་དགའ་བར་གསལ་བ་དང་ཆེས་གསལ་བའི་རྒྱང་ཤེལ་སྤྱོད་ཅིག་དང་རང་གི་གནས་འཇིག་རྟེན་ཁམས་ཆེན་པོ་སྟོང་ཁམས་ཆེན་པོ་དག་དང་འགུལ་སྤྱོད་ཆེས་དལ་བ་དག་མཐོང་བར་ཡང་འགྱུར་ཞིང་ཟད་པར་ཡང་མི་འགྱུར་རོ། དེ་ཅིའི་ཕྱིར་ན། སྦམ་བཤད་ཙམ་ལས་མཐར་གཏུགས་པ་མེད་པའི་ཕྱིར་རོ། སྤོབས་པས་འདི་ལྟར་ཡང་ལྟོས་ཤིག འཇིགས་པ་ལས་གྲོལ་བ་དང་དགའ་བ་ལས་ཀྱང་དགའ་བར་ཆེས་གསལ་ཞིང་གསལ་བ་ལས་ཀྱང་ཤིན་ཏུ་གསལ་བའི་ཕྲ་ཤེལ་དག་སྤྱོད་ཅིག་དང་རང་གི་འཛུབ་མོའི་སོར་མོའི་གསེང་ལ་ནས་རྡུལ་ཕྲ་མོ་དག་དང་འགུལ་སྤྱོད་ཆེས་མྱུར་བ་དག་མཐོང་བར་འགྱུར་ཞིང་ཟད་པར་ཡང་མི་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། སྦམ་བཤད་ཙམ་ལས་མཐར་གཏུགས་པ་མེད་པའི་ཕྱིར་རོ། དེ་བཞིན་དུ་རང་གི་ལིངྒ་དང་གཞན་གྱི་བྷ་ག་ལ་ཡང་ལྟོས་ཤིག་དང་སྦམ་མཐོང་ལས་སྦམ་བཤད་ཙམ་མོ། འདི་ལྟར་ཁུངས་ལུང་མེད་པའི་སྦོམ་པོའི་མཐོང་བའམ་རིལ་བོ་ལས་སྤོབས་པར་བལྟའོ། དེ་ལྟར་སྲོག་ཆགས་འབུ་སྲིན་བགྲང་བ་ལས་འདས་པའི་གནས་དེར་སྤོབས་པས་རིལ་བོ་འཛིན་ཏོ། རིལ་འཛིན་དེ་ལས་དམ་བཅའ་བར་ཡང་བྱེད་དོ། མའོ་ཡང་དེ་བཞིན་ནོ་མའོ་དགག་པ་རྣམས་ཀྱང་དེ་བཞིན་ནོ། དེའི་ཕྱིར་འཛིན་པ་དགག་པའི་ཐབས་ཡང་ཟབ་བོ། ཤིན་ཏུ་ཟབ་བོ།
ཆུང་ངུའི་བྱེ་བྲག་དང་ཆེན་པོའི་བྱེ་བྲག་རིག་པ་འདི་ཡང་ཚན་རིག་ལས་འདས་པའོ།
བསམ་ཤེས་ཀྱིས་གནོན་ཤུགས་དེ་མའོ་ཙི་ཏུང་ལ་ཏག་ཏག་འཛའ་སེ་འདུག
དེ་ཡང་རྒྱལ་སྲས་ཞི་བ་ལྷས།། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས།། བདེ་བ་འདོད་ཀྱང་གཏི་མུག་པས།། རང་གི་བདེ་བ་དགྲ་ལྟར་འཇོམས།། གསུང་བ་ལྟར། སྙིགས་མའི་དུས་སྐབས་འདིར་༸རྒྱལ་བ་དགོངས་པ་བཀྲལ་མི་ཐུབ་པའི་སྐྱོ་བོ་རེ་དགའ་ཡིས་དྲ་ཐོག་འདི་ན་དམ་པའི་ཆོས་ཀྱི་ཉིང་ཁུ་ལྟ་བུའི་སྔགས་ཀྱི་ཐེག་པ་ལ་སྐུར་བ་འདེབས་ཀྱིན་འདུག སོ་སྐྱེས་འདི་ཚོ་སྙིང་རེ་རྗེ།། ཕྱི་མ་མ་ཤེས་པའི་རྐྱེན་གྱི་ལོས་ཡིན།
དཀོན་མཆོག་གིས་མཁྱེན། རྣམ་དག་ཡིད་ཀྱི་ཟླ་ཤེལ་རྩིག་ངོས་ལ། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་དཀྱིལ་འཁོར་ནི། །ཏིང་འཛིན་པིར་གྱིས་དབང་པོའི་གཞུ་ལྟ་བུར། །རབ་བཀོད་སྒོམ་དང་མཆོད་བསྟོད་བཟླས་སོགས་ཀྱིས། །རྣམ་དཀར་ཟླ་འོད་དུང་དང་ཀུནྡ་ལྟར། །མཆོག་ཏུ་དཀར་བ་གང་ཞིག་བསགས་པ་དེས། །དངོས་གྲུབ་རྩ་བ་ཐེག་མཆོག་དགེ་བའི་བཤེས། །མཚན་ཉིད་ལྡན་པས་རྗེས་སུ་འཛིན་པར་ཤོག །
༢༥༢༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༢ གི་ཆུ་ཚོད་ ༧ སྐར་མ་ ༡༡
ང་མའོ་ཙེ་ཏུང་འདྲ་བོར་བསྒྲུབས་ན་ཡང་སྐྱོན་མེད། ཁྱོད་ཚོ་གསང་སྔགས་པ་ཚོས་སྟོན་སངསང་རྒྱས་ཀྱང་མའོ་ཙེ་ཏུང་འདྲ་བོ་ཞིག་ལ་སྒྲུབ་གི་ཡོད་རེད
ཞེས་པའི་ལན་དུ།
ང་མའོ་ཙེ་ཏུང་འདྲ་བོར་བསྒྲུབས་ན་ཡང་ཁོད་ལ་སྐྱོན་མེད་ན། ཁྱོད་གསང་སྔགས་པ་ཚོར་་སྟོན་སངས་རྒྱས་ལྟར་བཀུར་བསྟི་དང་། བསྙེན་བཀུར་བྱས་ན་ཁྱེད་ཚེ་འདི་དང་། ཕྱི་མའི་དོན་ཆེན་པོ་ཡང་འགྲུབ་པར་འགྱུར་རོ།། །།ང་ཆོས་གྲོགས་ཀྲོད་དེ་རིང་དོ་དགོངས་འཆི་ཡང་ཁ་ཆེམས་འདི་ལས་མེད་དོ།། །།ཁ་ཆེམས་འདི་ང་རང་གི་བུ་ཕྲུག་ལ་གཅིག་མཚུངས་ཡིན་པས་སོམས་ཤིག རིགས་ཀྱི་བུ། སྤོབས་མཐའ་ལགས།
སྤོབས་པ་མཐའ་ཡས་མཆོག་ལ་གསང་སྔགས་ཀྱི་ནུས་པ་ལ་ཡིད་ཆེས་མེད་ན། ད་ལྟ་ནས་ང་ཚེ་ལས་འདས་པའི་རྗེས་སུ། འཕོ་བ་རྒྱབ་མི་་ཆོག་ཅེས་འབྲི་ན་མ་གཏོགས། བོད་རིགས་ཀྱི་ལུགས་སྲོལ་ལྟར་བླ་མ་ཆེན་པོ་ཞིག་ལ་འཕོ་བ་རྒྱབ་གྲོགས་བཅོལ་བ་ཐག་ཆོད། དངུལ་སྒོར་ཁ་ཤས་འཕོ་བ་རྒྱབ་མཁན་ལ་འབུལ་བ་དེ་ཡང་བླ་མ་དེའི་བསོད་ནམས་ལས་མི་འདོད་བཞིན་དུ་འབྱུང་བ་ཡང་ཡ་མཚན་པའི་གནས་སོ།
མཁས་དབང་ལ་དྭགས་ལགས། ཁྱེད་ཀྱིས་དཔལ་ལེགས་ལྡན་ནག་པོའི་གླུ་ལ་གཟིགས་རྟོག་མཛད་མྱོང་ངམ།
གྲོགས་པོ་ཚོ། གསང་སྔགས་ལ་ཡིད་ཆེས་ཡོད་མེད་མི་སོ་སོའི་རང་དབང་ཡིན་དུས་དེ་བསྟུན་བཤད་ཤེས་པ་དང་གྲོགས་ཤེས་པ་དགོས་འདུག
མི་རེ་གཉིས་ཡིད་ཆེས་མེད་པ་ཙམ་གྱི་སྐྱོན་མི་ཡོང་། བོད་དུས་འགྱུར་སྐབས་དམར་བསྲུང་དམག་ཟེར་བས་དགོན་སྟོར། སྐུ་ཤིགས། དཔེ་བསྲེགས། སྐྱེ་བུ་དམ་པར་འཐབ་འཛིང་ཚད་མེད་བྱས་མྱོང་ཡོད། དེ་ཡང་ང་རང་ཚོ་བོད་མི་རེད། ཡིན་ཡང་བསྟན་པ་སྔར་ལས་དར་ནས་ཡོད། སྐྱོན་མི་ཡོང། དེ་ལས་ཁོང་ཁྲོ་དང་ཚིག་ངན་བཤད་ན་རང་རྒྱུད་ཀྱི་བསྟན་པ་ཤིགས་ལེ་རེད། ཁྱེད་རང་གི་སངས་རྒྱས་པར་ཡིད་ཆེས་གཅིག་ཡིན་ནའང་བསྟན་པ་ཡུན་རིང་གནས་པར་ཕན། དེ་མ་ཤིགས་པ་ནས་ང་ཚོས་གྲོས་གླེང་ལས་འབད་དང་།
ཨོོ་ར་པ་ཙ་ན་དྷིའི་གཟུངས་སྔགས་ཀྱི་དོག་ནི་ཡེ་ཤེ་སེམས་དཔའི་མདོག་ལྟར་དམར་སེར་དུ་སྒོམ་དགོས་བཞིན། རྩ་སྔགས་དང་ལས་སྔགས་དང་སྙིང་པོའི་མདོག་ནི་ཏིང་ངི་འཛིན་སེམས་དཔའི་མདོག་ལྟར་སྔོན་པོར་གྱེན་འགྲེང་གི་རྣམ་པར་སྒོམ་དགོས་སོ།
ཀླུ་སྨྱོན་ལགས། ཁྱོད་ཀྱི་འདོད་པ་སྐོང་ཐུབ་པའི་རེ་བ་དང་ཁྱེད་ཀྱིས་སྒོམ་པ་རེ་བ་ཡོད། ཨོོ་ར་པ་ཙ་ན་དྷིའི་གཟུངས་སྔགས་ཀྱི་དོག་ནི་ཡེ་ཤེ་སེམས་དཔའི་མདོག་ལྟར་དམར་སེར་དུ་སྒོམ་དགོས་བཞིན། རྩ་སྔགས་དང་ལས་སྔགས་དང་སྙིང་པོའི་མདོག་ནི་ཏིང་ངི་འཛིན་སེམས་དཔའི་མདོག་ལྟར་སྔོན་པོར་གྱེན་འགྲེང་གི་རྣམ་པར་སྒོམ་དགོས་སོ།