བཞག་ལྡོམ་ལྗང་ལོ།
རྒྱལ་ཁབ་ཞིག་ལ་མཚོན་ན་སྟོབས་ཆེན་ནམ། ཡང་ན་ཡར་རྒྱས་ཡིན་མིན་ནི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་གསུམ་ཀྱི་སྒོ་ནས་བལྟ་དགོས་བ་ཡིན་ལ། དེ་གསུམ་པོ་དོ་མཉམ་ཡིན་པའི་རྒྱལ་ཁབ་ཞིག་ནི་འཇིག་རྟེན་འདིའི་སྟེང་ན་ཧ་ཅང་ཉུང་ཉུང་རེད། རྒྱུ་མཚན་ནི། རེ་དགའ་ཆབ་སྲིད་དང་དམག་དོན་ཡར་ཐོན་ཡིན་ཡང་དཔལ་འབྱོར་སྐྱོ་བ་དང་། ཁ་ཤས་དཔལ་འབྱོར་ཡར་རྒྱས་ཡིན་ཡང་དམག་དོན་དམན་པ་རེད། གང་ལྟར། ཡོངས་གྲགས་ཀྱིས་ཨ་རི་ནི་དེ་གསུམ་པོ་འཛོམས་པའི་རྒྱལ་ཁབ་ཞིག་ལ་འཁུམས་ཤིང། དེ་གསུམ་པོ་སྣ་འཛོམས་ཡིན་པའི་ཨ་རི་བ་ལ་མཚོན་ན། དུས་གང་ཞིག་ལ་ཆབ་དཔལ་རིག་སོགས་ལམ་འགྲོ་སོང་བ་ཡིན་ན། སྐབས་དེའི་སྲིད་འཛིན་གྱིས་དགེ་མཚན་ཁུར་བ་དང་། ལྡོག་ཕྱོགས་ནས་དེ་རྣམས་སྐྱོ་བོ་སོང་བ་ཡིན་ན་སྲིད་འཛིན་གྱིས་འགན་འཁུར་མི་འདོད་ཀྱང་འགན་་ལེན་དགོས་བ་ནི་ཆོས་ཉིད་ཅིག་རེད། དེའི་ཕྱིར། དེ་རིང་གི་སྲིད་འཛིན་གྱིས་ཁོ་ནི་གཞན་ལས་ཁྱད་དུ་འཕགས་པའི་ཚོང་བ་ཆེན་པོ་དང་། དཔལ་འབྱོར་རིག་་པའི་ལམ་ལ་མཁས་ཚུལ་འདས་བའི་འོ་བསྡུའི་སྐབས་དང་། དེ་རིང་སྲིད་འཛིན་བྱེད་ཀྱིན་པའི་སྐབས་སུ་སྤྱི་ཚོགས་ལ་ཉིན་དང་མཚན་བཅས་ཐ་ན་རྨི་ལམ་ཚུན་ཆད་དུ་གླེང་སྟེ། ཁོས་ཨ་རིའི་དཔལ་འབྱོར་ཕྱི་ཚོང་དང་ནང་འདྲེན་དོ་མཉམ་བྱས་དེ། ཨ་རིའི་དཔལ་འབྱོར་སྔར་ལས་འབྱོར་ཕྱུག་ལྡན་པ་ཞིག་བྱེད་ཀྱི་ཡིན་ཟེར་བ་དེ་ཡོངས་གྲགས་རེད། དེར་རྟེན། དེ་རིང་ཨ་རིའི་རྒྱལ་ནང་གི་དཔལ་འབྱོར་སྐོར་དང་། རྒྱལ་སྤྱིའི་ཚོང་རྫས་ནང་འདྲེན་དང་ཕྱིར་ཚོང་སྐོར་ནས་ཁོས་ཁ་བཤད་དོན་ལ་གནས་ཡོད་མེད་རགས་ཙམ་གླེང་ན་དག་དག་ལྟ་བུ་ཞིག་མ་རེད་དམ།
༡༽GDP ནི་རྒྱལ་ནང་དང་ས་གནས་རང་བཞིན་ཀྱི་ཐོན་སྐྱེད་རྒྱུ་ཆ་དང་། དེ་ལ་རྟེན་པའི་ཐོན་སྐྱེད་འབྲས་བུ་གསར་གཏོད་དང་། རྒྱ་སྐྱེད་བྱས་ཏེ་རྒྱལ་ནང་གི་ཁྲོམ་རའི་བྱེད་སྒོ་དག་དང་། དེ་རྣམས་ཕྱིར་ཚོང་སོགས་ཀྱི་སྐོར་ནས་ཚོང་ར་འཕེལ་རྒྱས་ཡོད་མེད་སྐོར་ལ་ཟླ་བ་ཁ་ཤས་རེའི་ནང་དང་། ལོ་རེ་ལ་དེའི་སྐོར་སྡོམ་རྩིས་བྱེད་ཀྱི་ཡོད་པ་རེད། དེ་ལ་དབྱེ་བ་འགའ་བྱས་ནས་འདོར་ཙམ་གླེང་ན་རྒྱལ་ནང་དང་ས་གནས་ཁྲོམ་རའི་ཉོ་ཚོང་དང་ཞབས་ཞུའི་སྐོར། ས་ཁང་དང་ཅ་དངོས་བཟོ་ཚོང་སོགས་ཀྱིས་ཁྲོམ་རའི་མ་རྩ་འཇོག་ཚུལ་དང་། དབུས་དང་ས་གནས་སྲིད་གཞུང་གིས་རྒྱལ་སྲུང་དང་གཞུང་ལམ་དང་། སློབ་གྲྭའི་འགྲོ་སོང་གཏོང་སྟངས་སྐོར་དང་། ད་དུང་ནང་ཁུལ་ཐོན་སྐྱེད་འབྲས་བུ་ཕྱིར་ཚོང་སོགས་ཀྱི་སྐོར་ཡོད་པ། དབྱིན་ཡིག་བསྡུས་བ་ཡིན་ན་ C+I+G+NX བཅས་འབོད་ཀྱི་ཡོད་པ་རེད། གཉིས་སྟོང་དགུ་ལོ་Obama་སྲིད་འཛིན་ཐེངས་དང་བོ་བྱས་སྐབས་ཨ་རིའི་དཔལ་འབྱོར་མར་རྒུད་པའི་སྐབས་ཡིན་པ་བརྟེན་ཨ་རིའི་་GDP ཨ་སྒོར་$15.209 trillions མར་ཆགས་ཡོད་པ་དང་།་ སྐབས་དེར་མར་ཆགས་པའི་མགྱོགས་ཚད་ཀྱི་རྒྱ་ཆ་ཀླད་ཀོར་འོག་གི་གྲངས་གཉིས་དང་གྲངས་ཆུང་ལྔ་-2.5% ཡིན་འདུག གཉིས་སྟོང་བཅུ་དྲུག་ལོ་Obama མའི་སྲིད་འཛིན་གྱི་ལོ་མཐའ་མ་ཡིན་ཡིན་པ་དང་། སྤྱི་ལོ་གཉིས་སྟོང་བཅུ་བདུན་ཟླ་་བ་དང་པོ་ཚེས་ཉི་ཤུ་ཉིན་ལ་Trump གྱིས་སྲིད་འཛིན་ཀྱི་ཁྲི་སྟོན་བྱས་བ་རེད། ཟླ་བ་གཉིས་པའི་ཚེ་ཉེེར་རྒྱད་ཉིན་ཨ་རིའི་དཔལ་འཔྱོར་ཞིབ་འཇུག་ལས་ཁུངས་(the U.S. Bureau of Economic Analysis) ཁང་གིས་ཨ་རིའི་གཉིས་སྟོང་བཅུ་དྲུག་ལོའི་GDP སྐོར་ནས་སྙན་ཐོ་སྟོན་པའི་ནང་གཉིས་སྟོང་བཅུ་དྲུག་ནང་GDP་ཡར་རྒྱས་སུ་སོང་སྟེ་ཨ་སྒོར $18,855.5 billion ཡར་འཕར་ཡོད་པ་དང་། སྐབས་དེར་ཡར་རྒྱས་མགྱོགས་ཚད་ཀྱི་རྒྱ་ཆ་བསྣན་རྟགས་ལས་གྲངས་གཉིས་དང་གྲངས་ཆུང་དགུ་+3.9% ཡིན་འདུག ཡིན་ཡང་གཉིས་སྟོང་ཉི་ཤུ་ལོ་ཟླ་བདུན་པའི་ཚེས་སུམ་ཅུ་ལ་སྟོན་པའི་ཨ་རིའི་དཔལ་འཔྱོར་ཞིབ་འཇུག་ལས་ཁུངས་ཁང་གིས་སྙན་ཐོའི་ནང་ཨ་རིའི་gdp་ཡར་རྒྱར་རྒྱས་གྲོ་བའི་ཚབ་དུ་ཨ་སྒོར་$2.15 trillion མར་ཆགས་འདུག་ལ། དེའི་མར་ཆགས་པའི་མགྱོགས་ཚད་ཀྱི་རྒྱ་ཆ་ནི་འཐེན་རྟགས་སམ་ཀླད་ཀོར་འོག་གི་གྲངས་ཀ་སོ་བཞི་དང་གྲངས་ཆུང་གསུམ་-34.3% ཡིན་འདུག
༢༽national trade deficits ནི་རྒྱལ་ནང་གི་ཐོན་སྐྱེད་འབྲས་བུ་ཕྱིར་ཚོང་བྱེད་པ་ལས་ཕྱིའི་ཚོང་རྫས་ནང་འདྲེན་བྱེད་པ་མང་དེ་དཔལ་འབྱོར་དོ་མ་མཉམ་པ་ལ་ཟེར་ཞིང། དེ་ལྟ་བུ་་ཚོང་ཤག་རྒྱལ་ཁབ་་འདྲ་མིན་བར་དང་། ཡང་ན་་རྒྱལ་སྤྱིའི་ཚོང་ཤག་བར་ཡོང་གི་ཡོད་པ་རེད། དཔེར་ན་ཨ་རིའི་དཔལ་འབྱོར་ཞིབ་འཇུག་ཁང་གིས་གཉིས་སྟོང་བཅུ་བདུན་ཟླ་བ་གཉིས་པའི་ནང་སྟོན་པའི་སྙན་ཐོ་ནང་ཨ་རིའི་རྒྱལ་ནང་གི་ཚོང་རྫས་ཕྱི་ལོག་རྒྱལ་སྤྱིའི་སྟེང་བཙོངས་བ་ལས་ཕྱི་ཚོང་ནང་འདྲེན་བྱས་བ་མང་དྲགས་ཏེ་ཨ་རིའི་དཔལ་འབྱོར་དོ་མ་མཉམ་པར་(Trade deficits) གཉིས་སྟོང་ཅོ་ལྔའི་ལོ་ཨ་སྒོར་ $500.4 billion ཡིན་པ་ལས་ཡར་འཕར་ཏེ་གཉིས་སྟོང་བཅུ་དྲུག་ལོ་ཨ་སྒོར་$502.3 billion ཡིན་འདུག ཡིན་ཡང་ཨ་རིའི་གྲོས་ཚོགས་སྔོན་རྩིས་འཆར་ཟིན་ཁང་གིས་གཉིས་སྟོང་ཉི་ཤུ་ཟླ་བཅུ་བའི་ཚེས་རྒྱད་ཉིན་སྤེལ་བའི་སྙན་ཐོ་ལྟར་ན་དོ་ལོ་ཨ་རིའི་དཔལ་འབྱོར་ཡར་རྒྱས་འགྲོ་བའི་ཚབ་ཏུ་མར་རྒུད་དེ་ཨ་རིའི་འགྲོ་སོང་གཉིས་སྟོང་བཅུ་དྲག་ལས་ཀྱང་ཡར་འཕར་ཏེ་trade deficits ཨ་སྒོར་$3.1 trillion རེད་ཟེར།
༣༽ རྒྱལ་ཁབ་གང་ཞིག་གི་དཔལ་འབྱོར་ཡར་རྒྱས་དང་ཚད་ལྡད་དུ་སོང་དེ། རྒྱལ་ནང་གི་ཚོང་རྫས་ཕྱིར་ཚོང་དང་ནང་འདྲེན་ཆ་མཉམ་པའམ་ཡང་ན་ཕྱིར་ཚོང་མང་བ་བྱས་ནས་རྒྱལ་ནང་ཁྲོམ་རའི་བྱེད་སྒོ་མང་དུ་སོང་བ་ཡིན་ན། རྒྱལ་ཁབ་དེའི་དཔལ་འབྱོར་འགྲོ་སོང་ལས་ཡོང་སྒོའམ་་ལྷག་མ་(surplus )མང་དུ་འགྲོ་བ་དང་། དེ་འགྲོ་བ་ཡིན་ན་མི་མང་གིས་ཁྲོམ་ར་ནས་ཅ་དངོས་མང་བ་ཉོ་བ་དང་། དེ་ལ་བརྟེན་ནས་རྒྱལ་ཁབ་དེའི་GDP་ཡར་རྒྱས་འགྲོ་བ་རེད། ཡིན་ཡང་དེ་རིང་གི་སྲིད་འཛིན་དང་སྲིད་འཛིན་སྔུན་མ་གཉིས་བསྡུར་བ་ཡིན་ན་དེ་རིང་གི་སྲིད་འཛིན་གྱིས་ཁ་ནས་དུང་ཆེན་བཞིན་གཞན་ལ་སྐྱོན་བརྗོད་བྱེད་པ་ལས། རང་ཕྱོགས་ནས་བརྒྱ་བཤད་ཀྱང། སྟོང་བཤད་ཀྱང་ཁོའི་སྲིད་འཛིན་བྱེད་པའི་སྐབས་ལག་ལེན་ཀྱི་ཕྱོགས་ནས་ཨ་རིའི་GDP དང་trade deficits དག་ཡར་རྒྱས་ཚབ་དུ་མར་རྒྱས་འགྲོ་ཡི་ཡོད་པ་ཆུ་ཤེལ་ཅི་བཞིན་ཧ་ཅང་གསལ་བོ་རེད། དེའི་ཕྱིར་ཁོས་ཁས་ལེན་འདོད་ཀྱང་མི་འདོད་ཀྱང་ཁོའི་དཔལ་འབྱོར་ལྟ་གྲུབ་དང་། ཁོའི་ལག་ལེན་གྱིས་ཨ་རིའི་འབྱོར་ལྡན་པ་ཁ་ཤས་ལས་གཞི་རིམ་དམངས་ཚོགས་ཀྱི་སྒོར་ཁུག་ནང་གི་དངུལ་ལོའི་གྲངས་ཁ་དེ་ཙམ་ཡར་འཕར་གྱི་མེད་པ་གསལ་བ་དེ་ཡིན་པས། ཁོ་ནི་ཁ་སྟོང་ནང་གི་ཚིག་སྟོང་བཤད་ལ་མཁས་བ་ཞིག་ལས་ལག་ལེན་གྱི་ཕྱོགས་ནས་གང་ཡང་མི་འབྱོན་མཁན་ཞིག་མ་ཡིན་ནམ།
https://www.forbes.com/sites/chuckjones/2020/02/01/trumps-economic-growth-is-slower-than-obamas-last-3-years/
https://youtu.be/xPK-RO2KE2E
https://www.cbo.gov/system/files/2020-10/56661-MBR.pdf
https://www.bea.gov/system/files/2017-04/gdp4q16_2nd.pdf
Gross Domestic Product, 4th quarter and annual
2015 (advance estimate) | U.S. Bureau of Economic Analysis (B
Gross Domestic Product, 2nd Quarter 2020 (Advance Estimate) and Annual Update | U.S.
https://www.youtube.com/watch?v=xPK-RO2KE2E
བོད་ཡིག་གི་ཚགས་པར་རམ། བོད་ཡིག་གི་དྲ་རྒྱ་ཀློག་འོད་མེད་པ་ཅིག་ནི། སྒྱུར་རྩམ་འདིའི་རིགས་ནར་མར་བཀླག་ཡ་མེད་པས་བྱས་པ་རེད།
སྒྱུར་རྩོམ་འདི་ཡི་རིགས། བོད་ཡིག་དང། ་བོད་སྐད་ཡར་རྒྱས་སོགས་བོད་རིགས་སྤྱི་ལ་ཕན་ངེས་འདུག་པས། མུ་མཐུད་ནས་མང་ཙམ་འབྲི་འཁོད་འོངས་བར་ཞུའོ།། །།
ཉིས་སྟོང་བཅུ་དགུའི་ལོར་ག་འདྲ་རེད། ??? ཉིས་སྟོང་ཉི་ཤུ་སྤྱི་ཟླ་གསུམ་པ་ནས་ན་ཚ་འདིའི་རྐྱེན་གྱིས་ཡིན་ངེས། ད་ལོ་ནི་འཛམ་གླིང་རང་བཞིན་དེ་ལྟར་ཡིན་་པ་ལས་ཨ་རི་གཅིག་པོ་མིན། ན་ཚ་འདི་སྲིད་འཛིན་ཁྲི་རམ་ཕུས་བཟོས་བཞག་པ་མ་རེད། སོང་ཙང་་་་་་་་་
ལགས་སོ་སྐལ་བཟང་།
ཨ་རིའི་Trade deficitsགཉིས་སྟོང་ཅོ་ལྔའི་ལོ་ཨ་སྒོར་ $500.4 billion ཡིན་པ་ལས་ཡར་འཕར་ཏེ་གཉིས་སྟོང་བཅུ་དྲུག་ལོ་ཨ་སྒོར་$502.3 billion ཡིན་འདུག
ཡིན་ཡང་། གཉིས་སྟོང་བཅུ་དགུ་ལོར་deficits མར་ཅུང་ཙམ་ཆགས་ཀྱང་། ད་དུང་trade deficits ཨ་སྒོར་$55.2 billion ཡིན་འདུག་པས་ཁོས་བཤད་པ་ནང་བཞིན་ནམ་ཡང་ཆགས་མི་འདུག་པ་འདི་ན་གསལ་བོ་རེད་། ཡིན་ཡང་དེ་རིང་ཨ་རིའི་trade deficits ཨ་སྒོར་$3.1 trillion ཡིན་པ་ལས་ཀྱང་མར་མུ་མཐུད་ནས་ཆགས་ཀྱི་འདུག
https://www.bea.gov/news/blog/2019-08-02/june-2019-trade-gap-552-billion་
ད་དུང་འདི་ལ་ལྟོས་དང་། trump གྱི་དཔལ་འབྱོར་ཡར་རྒྱས་མགྱོགས་ཚད་ནི་སྲིད་འཛིན་Obama ཡི་སྲིད་འཛིན་ཀྱི་ལོ
མཐའ་མ་གསུམ་ལས་ཀྱང་དལ་བ་བཤད་ཀྱི་འདུག་། གསར་འགྱུར་འདི་ནི་༢༠༢༠/༢/༡ ལ་བཀོད་པ་ཞིག་ལས་དེ་རིང་གསར་བ་བྲིས་བ་ཞིག་མ་རེད་། https://www.forbes.com/sites/chuckjones/2020/02/01/trumps-economic-growth-is-slower-than-obamas-last-3-years/
ལགས་སོ་སྐལ་བཟང་། ཨ་རིའི་Trade deficitsགཉིས་སྟོང་ཅོ་ལྔའི་ལོ་ཨ་སྒོར་ $500.4 billion ཡིན་པ་ལས་ཡར་འཕར་ཏེ་གཉིས་སྟོང་བཅུ་དྲུག་ལོ་ཨ་སྒོར་$502.3 billion ཡིན་འདུག ཡིན་ཡང་། གཉིས་སྟོང་བཅུ་དགུ་ལོར་deficits མར་ཅུང་ཙམ་ཆགས་ཀྱང་། ད་དུང་trade deficits ཨ་སྒོར་$55.2 billion ཡིན་འདུག་པས་ཁོས་བཤད་པ་ནང་བཞིན་ནམ་ཡང་ཆགས་མི་འདུག་པ་འདི་ན་གསལ་བོ་རེད་། ཡིན་ཡང་དེ་རིང་ཨ་རིའི་trade deficits ཨ་སྒོར་$3.1 trillion ཡིན་པ་ལས་ཀྱང་མར་མུ་མཐུད་ནས་ཆགས་ཀྱི་འདུག https://www.bea.gov/news/blog/2019-08-02/june-2019-trade-gap-552-billion་ ད་དུང་འདི་ལ་ལྟོས་དང་། trump གྱི་དཔལ་འབྱོར་ཡར་རྒྱས་མགྱོགས་ཚད་ནི་སྲིད་འཛིན་Obama ཡི་སྲིད་འཛིན་ཀྱི་ལོ མཐའ་མ་གསུམ་ལས་ཀྱང་དལ་བ་བཤད་ཀྱི་འདུག་། གསར་འགྱུར་འདི་ནི་༢༠༢༠/༢/༡ ལ་བཀོད་པ་ཞིག་ལས་དེ་རིང་གསར་བ་བྲིས་བ་ཞིག་མ་རེད་།https://www.forbes.com/sites/chuckjones/2020/02/01/trumps-economic-growth-is-slower-than-obamas-last-3-years/