དེ་རིང་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་དབུ་འཛུགས་ཀྱིས་ཉིན་༦༩ འགོར་ཡོད་པ་དང་དེའི་རིང་སྤྱི་ལེ་ ༡༥༥༥ བརྒལ་ཏེ་Muzaffarpur ལ་འབྱོར་ཡོད་འདུག ཁ་སང་ལྡི་ལིའི་མདོ་སྨད་ས་རྒྱུན་གྱི་ཚོགས་རྟ་མགྲིན་དང་རྩིས་པ་བྱམས་པ་གཉིས་ཀྱིས་སྐལ་བྷེ་ལགས་བསྐྱལ་ནས་ཚེ་བརྟན་རྡོ་རྗེ་ཐུག་འཕྲད་དུ་ཕེབས་ཡོད་པ་དང་། སྐལ་བྷེ་ལགས་ཀྱིས་ད་དུང་དུས་ཚོད་ལ་ངེས་བཅད་མེད་པར་འགྲོ་ཐུབ་ཚོད་ཅིག་བར་དུ་མཉམ་ཞུགས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
རྣམ་པ་ཚོར་མཚམས་འདྲི་ཞུ་བ་ཆབས་ཅིག དཀའ་ཚེགས་ལ་མ་འཛེམས་པར་མདུན་དུ་བསྐྱོད་བཞིན་པར་སྙིང་ནས་བཀའ་དྲིན་ཆེ་ཞུ་ཞུ།
བཀུར་བར་འོས་པའི་མདོ་སྨད་ས་རྒྱུན་གྱི་ལས་མི་རྣམ་པ་དང་བོད་མི་རིགས་ལ་ཤ་ཞེན་ཅན་གྱི་དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་མི་རིགས་ཀྱི་རྩ་དོན་ཆེད་དུ་འདི་ལྟར་དཀའ་ལས་སྐྱོན་བཞིན་ཡོད་པ་ནི་རང་ཉིད་བོད་མི་ཞིག་ཡིན་པས་སེམས་ནས་མི་བཟོད་པ་ཞིག་འདུག་དུ་ནམ་ཡང་ཁྱེད་ཀྱི་ལས་དོན་ལམ་འགྲོ་ཡོང་བ་དང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་སྙིང་ནས་ཞུ།
དཔའ་བོ་གླིང་ཚའི་ལུས་སྲོག་ཐ་ན་གཅེས་པའི་བུ་དང་ཆུང་མ་བཅས་བློས་གཏངས་ནས་རླབས་ཆེན་གྱི་ལས་འགུལ་དེ་ལ་མདོ་སྨད་ཙམ་མ་ཡིན་པར་གཞི་བྱེས་བོད་རིགས་རྩམ་ཟན་ཡོངས་ནས་རྒྱབ་སྐྱོར་གནང་དགོས་སྙམ། རྒྱུ་མཚན་ནི་ཁོང་གི་ལས་འགུལ་དེ་བོད་མི་ས་ཡ་དྲུག་པོའི་ཆེད་དུ་ཡིན་པས་སོ།
གླིང་ཚ་རྒྱལ་གྱུར་ཅིག
གླིང་)གི་དཔའ་བོ་ཐོན་ནས་སོང་། „།
ཚ་)བའི་རེག་པས་གཙེས་ནས་སོང་། །
ཚེ་)ཡི་འདུ་བྱེད་མ་གཞིག་བར།„ །
བརྟན་)པའི་བསམ་པ་ཉམས་མེད་མཛོད། །
རྡོ་)རུས་ཐུག་པའི་སྙིང་སྟོབས་ཀྱིས། །
རྗེ་)འབངས་དོན་ཀུན་སྒྲུབས་ཤིག་ཀྱེ། །
གླིང་གི་དར་ཆེན་འཕྱར་ན་མཛེས། །ཚ་གདུང་སེལ་བའི་བསིལ་གྲིབ་འོང་། །ཚེ་འདིར་རྒྱལ་དར་གསུམ་ལྷན་དུ། །བརྟན་མིན་ལུས་ལ་མཛེས་པ་འདི། ། །རྡོ་ཞཱ་བཞིན་དུ་རབ་བཞེས་ཏེ། །རྗེ་བཙུན་ཤེར་རྒྱམ་གནས་འཐོབ་ཤོག །
༡གླིང་གི་དར་ཆེན་འཕྱར་ན་མཛེས། །༢ཚ་གདུང་སེལ་བའི་བསིལ་གྲིབ་འོང་། །༣ཚེ་འདིར་རྒྱལ་དར་གསུམ་ལྷན་དུ། །༤བརྟན་མིན་ལུས་ལ་མཛེས་པ་འདི། ། །༥རྡོ་ཞཱ་བཞིན་དུ་རབ་བརྒྱན་མཐར། །༦རྗེ་བཙུན་ཤེར་རྒྱམ་གནས་འཐོབ་ཤོག །
༡ག༷ླིང་བཞིའི་དམག་དར་རབ་འཕྱར་ན། །༢ཚ༷་གདུང་སེལ་བའི་བསིལ་གྲིབ་འོང་། །༣ཚེ༷་འདིར་རྒྱལ་དར་གསུམ་ལྷན་དུ། །༤བར༷ྟན་མིན་ལུས་ལ་མཛེས་པ་འདི། ། །༥ར༷ྡོ་ཞཱ་བཞིན་དུ་རབ་བརྒྱན་མཐར། །༦ར༷ྗེ་བཙུན་ཤེར་རྒྱམ་གནས་འཐོབ་ཤོག །
གླང་ཚ་ལགས ཁྱེད་ཀྱིས་བོད་སྤྱི་བའི་ཆེད་དུ་མགོ་མཇུག་གང་ཡང་མེད་པའི་ལས་འདི་འདྲ་ཞིག་བཅའ་རྒྱུ་མཚམས་བཞག་ན་འདོད་ཀི ཁྱེད་ནི་གཞན་གྱི་བསམ་ཚུལ་ཁས་ལེན་བྱེད་མི་འདོད་པའི་མི་ཞིག་ཡིན་པ་ཡོང་གྲགས་རེད། ༡ མི་སུ་ཡིན་ཡང་ལས་ཀ་ཅི་ཞིག་བྱེད་འགོ་བརྩམས་ཀྱང་དམིགས་ཡུལ་ལ་བསླད་མེད་པ་ནི་རྩ་བའི་རྩ་དོན་ཨང་དང་པོ་རེད། ༢ ཡང་དམིགས་ཡུལ་ལ་བསླད་ཡོད་མེད་ཅི་ལྟར་རུང་སྒྲུབ་བཞིན་པའི་ལས་ཀ་དེ་ཚང་མས་དོ་སྣང་དང་གདེངས་འཇོག་གང་འཚམས་ཡོད་ན་རྩ་དོན་ཕན་ཐོགས་ཕྲན་ཙམ་ལས་མ་བྱུང་མི་སྐྱོན། ༣ ཁྱེད་ལ་བོད་སྤྱི་བའི་ཆེད་དུ་སེམས་ཤུགས་གནོན་མི་ཐུབ་པ་ཞིག་ཡོད་བདེན་ན། ཕྱི་རྒྱལ་ནས་དཀའ་ལས་རྒྱོབས། དངུལ་གང་འཚམ་བསགས་ནས་སློབ་གྲ་ཁག་དང་བོད་པའི་སྤྱི་ཚོགས་གང་དུའང་རོགས་རམ་བྱེད་དགོས་སའི་མི་སྐྱོ་བོ་ད་ཕྲུག་སོགས་རོགས་སྐྱོར་བྱེད་རྒྱུས་མཚོན་པའི་ཁྱེད་རང་ལ་འཚམ་པའི་ལས་ཀ་ཆེས་གྲངས་མེད་པ་ཞིག་གིས་ཁྱེད་ལ་སྒུག་ལོས་ཡོད། ངོ་མ་ཁྱེད་ཀྱི་ལས་འགུལ་འདི་ཆོ་དེ་ཙམ་མེད་ཀི
སྙིང་གུས་འདུད་ཞུ་འོས་བའི་གླིང་ལགས་ཁྱོད་ཀྱི་ཐུགས་བཞད་ལྟར་འགྲུབ་བའི་སྨོན་ལམ་སྙིང་ཁུངས་ནས་འདེབས།
གླིང་བཞི་གླིང་ཕྲན་ཡུལ་གྱི།
ཚ་རབས་ཚ་རྒྱུད་ཀུན་ན།
ཚེ་གང་ཚེ་འབར་བཞིན་དུ།
བརྟན་པོའི་བརྟན་པ་ཁྱེད་ཉིད།
རྡོ་ཚིག་རྡོ་བའི་གཏམ་འདི།
རྗེ་བོར་རྗེ་སའི་ངང་ནས།
ཨ་མི་ཨ་མདོའི་བྱིས་པས།
ཨ་མཚར་ཨ་ཁུ་ལ་ཕུལ།