དེ་རིང་ང་ལ་ཆམ་པ་ཕོག Posted on 2012-12-17 By ཡེ་ཤེས་ 5 Comments on དེ་རིང་ང་ལ་ཆམ་པ་ཕོག ཀླུ་སྨྱོན། གློ་བའི་བྱང་ཁོག་རྣག་གིས་ཟིན།། ལུད་པ་ལྗང་སེར་བར་མེད་འཕེན།། མཚན་གང་རྨི་ལམ་ཟ་ཟི་འཁྲིགས།། སྒྱུ་ལུས་འཇིག་པའི་དངངས་སྐྲག་སློང་།། སྙན་ངག
དུང་གི་ནུ་ཟུང་འོ་མས་བཅུད་ལྡན་དང་།། བྷ་ག་ལུག་ལུག་སྣུམ་གྱི་ཁ་ཞག་ཅན།། བྱ་ལེ་དམར་པོའི་མཆོད་པ་འབུལ་ལེགས་ན།། བླ་མའི་སྐུ་ཚེ་བརྟན་པར་བྱིན་གྱིས་རློབས།།
ཆམ་པ་གཞན་ལས་བགོས་པ་དང་། ། གནམ་གཤིས་གྲང་བས་ན་བ་གཉིས། ། དང་པོ་སུ་འགྲོགས་བརྟག་དགོས་ལ། ། གཉིས་པ་བཅུད་ཞེན་གྲང་བས་ཉེས། །
གཙང་སྦྲ་ཞེན་ཆེས་ཆམ་པ་ཕོག ། གཙང་སྦྲ་ཆུང་དྲགས་ཆམ་པ་ཕོག ། གཙང་སྦྲའི་མཉམ་དུ་ཟས་བཅུད་ཟོ། ། གཙང་སྦྲས་ཆམ་པ་ཐག་སྲིངས་ཐུབ། །
དུང་གི་ནུ་ཟུང་འོ་མས་བཅུད་ལྡན་དང་།།
བྷ་ག་ལུག་ལུག་སྣུམ་གྱི་ཁ་ཞག་ཅན།།
བྱ་ལེ་དམར་པོའི་མཆོད་པ་འབུལ་ལེགས་ན།།
བླ་མའི་སྐུ་ཚེ་བརྟན་པར་བྱིན་གྱིས་རློབས།།
ཆམ་པ་གཞན་ལས་བགོས་པ་དང་། །
གནམ་གཤིས་གྲང་བས་ན་བ་གཉིས། །
དང་པོ་སུ་འགྲོགས་བརྟག་དགོས་ལ། །
གཉིས་པ་བཅུད་ཞེན་གྲང་བས་ཉེས། །
ནད་ངན་དགེ་བའི་བསྐུལ་མ།
གདོན་ངན་སངས་རྒྱས་རྣམ་སྤྲུལ།
ནད་གདོན་རྨི་ལྟས་ཐམས་ཅད།
རང་གྲོལ་རང་ཞིག་གཏོང་ཤོག
སྐབས་རེ་སྲིད་གསུམ་འཇིགས་ཀྱང་དངངས་སྐྲག་མེད་ཟེར།
སྐབས་རེ་ཆམ་པ་ཕོག་ཀྱང་འཇིགས་ལ་སྐྲག་ཟེར།
གཙང་སྦྲ་ཞེན་ཆེས་ཆམ་པ་ཕོག །
གཙང་སྦྲ་ཆུང་དྲགས་ཆམ་པ་ཕོག །
གཙང་སྦྲའི་མཉམ་དུ་ཟས་བཅུད་ཟོ། །
གཙང་སྦྲས་ཆམ་པ་ཐག་སྲིངས་ཐུབ། །