འཇམ་དབྱངས་དཀར་པོ།
སྤྱི་ཟླ་ ༦ ཚེས་ ༢༨ ཉིན་ཆར་བ་སིམ་སིམ་འབབ་པའི་ཁྲོད་ནས། བོད་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མས་གྷ་ལ་སི་ཌོན་བྷུ་རེ་(Glastonbury) ཡི་སྟོད་ཐུང་དབུ་ལ་བཀབ་ནས་ཞི་བདེའི་སྐྱེད་ཚལ་ལ་འཛུམ་གྱིས་ཕེབས་པ་དང་། https://www.youtube.com/watch?v=2XPO8B2QZ1g
དེར་འཛོམས་པའི་མི་འབུམ་གཅིག་ལྷག་གིས་སྤྱི་ཚེས་ལྟར་གྱི་ཐོན་ལ་ཉེ་བའི་དགུང་ལོ་ ༨༠ ཕེབས་པའི་《སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་》ཞེས་ཤིས་འབོད་དབྱངས་སུ་གྱེར། “ངས་མི་རྒན་པ་དང་གཞོན་པ། མི་ཚང་མ་བདེ་སྐྱིད་ཀྱིས་ཁེངས་པ་མཐོང་”ཞེས་བཤད། མ་ཟད་མི་འབུམ་གཅིག་ལྷག་འཛོམས་པའི་དུས་སྟོན་ཐོག་དེའི་ཐོག་”དེང་སྐབས་འཛམ་གླིང་གི་ས་གནས་ཁ་ཤས་ཏེ། དཔེར་ན། སཱུར་ཡ་དང་ཨེ་རག ནེ་རྗི་རེ་ཡ་དང་ས་གནས་གཞན་དག་ན། མི་ཕན་ཚུན་གསོད་རེས་བྱེད་པ་དེ་བསམ་ཡུལ་ལས་འདས་པ་རེད། ཆོས་ལུགས་ཀྱི་དད་པའི་མིང་ཐོག་ནས་ཟིང་འཁྲུག་དང་ཕན་ཚུན་གསོད་རེས་བྱེད་པ་དེ་བསམ་ཡུལ་ལས་འདས་པ་རེད་”ཅེས་དང་།
ཆོས་ལུགས་ཀྱིས་མི་གསོད་དང་ཟིང་འཁྲུག དྲག་སྤྱོད་པ་སྐྲུན་པ་མིན་པར་ཆབ་སྲིད་ཀྱིས་སྐྲུན་པའི་དགོངས་ཚུལ་བསྟན་པར་མ་ཟད། ཁོང་གིས་”ཆོས་ལུགས་ཕལ་མོ་ཆེས་བྱམས་བརྩེ་དང་བཟོད་སྒོམ། དྲང་བདེན་གྱི་བསླབ་བྱ་འཁྱེར་ཡོད་”ཅེས་ཆོས་ལུགས་ལ་ཆེ་མཐོང་གནང་།
ཡང་ཆོས་དམག་གི་དོན་ནི་གཞན་ལ་འཚེ་བ་བྱེད་རྒྱུ་དེ་མིན་པར། “དགེ་བའི་བློ་”ཡིས་”ཉོན་མོངས་”པའི་བློ་ལ་འཐབ་རྒོལ་བྱེད་པ་དེ་ཡིན་པས། “ངའི་ཉིན་རེའི་ཆུ་ཚོད་ལྔ་ཡི་རིང་གི་སྒོམ་དེ་ཆོས་དམག་གི་རིགས་ཤིག་ཆགས་ཡོད་”ཅེས་བཀས་བསྩལ།
ཡང་”ཆོས་ལུགས་ལ་ཡིད་ཆེས་བྱེད་པ་ནོར་འཁྲུལ་མ་རེད། འོན་ཀྱང་མི་གང་ཞིག་ཆོས་ལུགས་ཀྱི་རྗེས་སུ་འཇུག་བཞིན་དུ། ཡ་རབས་བཟང་སྤྱོད་ཀྱིས་ཕོངས་པ་དང་། དད་པས་ཕོངས་པ་དེ་ནོར་འཁྲུལ་རེད་”ཅེས་གསུངས། ཡང་”རང་ཉིད་རང་ལ་དགའ་བ་བཞིན། སེམས་ཅན་སུ་ཡང་སོ་སོའི་ཚེ་སྲོག་ལ་དགའ་བར་བསམ་ན། དེར་གསོད་རེས་བྱེད་པའི་གཞི་རྩ་ནས་མེད་”ཅེས་ཀྱང་གསུངས།
ལྟད་མོ་བ་ཞིག་གིས་”ངས་མཚན་ཆུ་ཚོད་ ༢ པ་ནས་རླངས་འཁོར་བཏང་ནས་ཡོང་བ་ཡིན། ང་ལ་ཁོང་གི་བཀའ་སློབ་ཉན་པར་རེ་རྔམས་ཧ་ཅང་ཆེན་པོ་འདུག མཚན་གང་ཉལ་ཐུབ་ཀྱི་མི་འདུག་”ཅེས་དང་། ཡང་ལྟད་མོ་བ་གཞན་ཞིག་ན་རེ། “ངས་ཏཱ་ལའི་བླ་མ་དབྱིན་ལེན་དང་རྒྱ་གར། བྷེལ་ཇེམ་བཅས་སུ་མཇལ་མྱོང་། ད་རེས་འཛིན་བྱང་འདི་ཧ་ཅང་གོང་ཆེན་རེད་མོད། ང་ཁོང་གི་བཀའ་སློབ་ཉན་རྒྱུར་ཧ་ཅང་རྔམས་ཀྱི་འདུག ཁོང་ནི་ཧ་ཅང་ཞི་བདེ་དང་བྱམས་བརྩེའི་བདག་ཉིད་རེད། རྒྱུ་མཚན་དེའི་ཕྱིར་མི་རྣམས་འདིར་ཡོང་བ་རེད་”ཅེས་བཤད། ལྟད་མོ་བ་ཆེས་མང་པོ་མཚན་གྱི་ཆུ་ཚོད་ ༢ པ་ཙམ་ནས་ཏཱ་ལའི་བླ་མའི་བཀའ་སློབ་ཉན་དུ་འཛོམས་ཡོད་འདུག
ཆོས་ལུགས་ཕ་མོ་ཆེར་བཟོད་སྒོམ་དང་བྱམས་བརྩེ་ཡི་གཞི་རྩ་ཡོད་ཅེས་ཚུལ་གསུངས་པ་དེ་དེ་ཙམ་མི་བདེན། ཨི་ཟི་ལམ་ཆོས་ལུགས་ལྟ་བུ་ཡིན་ན་མགོ་སྟོན་པ་མོ་ཧ་མད་ནས་བཟུང་སྟེ་བཙན་གནོན། བཙན་འཛུལ། དྲག་སྤྱོད། གདུག་རྩུབ་ཅན་གྱི་ལམ་སྲོལ་ཞིག་ཡིན།
དབྱིན་ཡུལ་ན་ཡེ་ཤེས་ཆོས་ལུགས་པས་སྤྱོད་ངན་སྣ་ཚོགས་བྱས་པས་ད་དེའི་ཤུགས་རྐྱེན་ཉམ་རྒུད་ཐེབས་མགོ་ཚུགས། ཨི་ཟི་ལམ་གྱི་ཆོས་ལུགས་དང་དེའི་རྗེས་འབྲངས་པས་གཏོར་བཤིག་རྒྱུན་མ་ཆད་དུ་བྱས། ད་ནང་པ་སངས་རྒྱས་པའི་ཆོས་ཀྱི་རིན་ཐང་མཐོང་མགོ་ཚུགས་པ་རེད། དབྱིན་ཡུལ་ནི་སྔར་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་འཕགས་པའི་ཡུལ་དང་། ཐེག་ཆེན་གྱི་བསྟན་པའི་གནས་གཞི་བོད་གངས་ཅན་ལྗོངས། ཐེག་པ་ཐུན་མོང་བའི་བསྟན་པའི་གནས་གཞི་མྱན་མ་སོགས་ལ་ལོ་རྒྱུས་རང་བཞིན་གྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཡོད་པའི་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས་ནང་པའི་ཆོས་ནི་ཁོ་རང་ཚོའི་སྤྱི་ཚོགས་ལ་འཚམས་ཤོས་ཤིག་ཏུ་གྱུར་ཡོད། སངས་རྒྱས་ཀྱི་ཆོས་རྒྱལ་གྱུར་ཅིག སྐྱབས་མགོན་ཏཱ་ལའི་བླ་མ་རྒྱལ་གྱུར་ཅིག དབྱིན་ཇི་རྒྱལ་གྱུར་ཅིག
ཆོས་ལུགས་ཐམས་ཅད་ཡག་པོ་ཡིན་རུང་་་་ཆོས་བྱེད་མི་སྨྲས་སྤྱི་ཚོགས་ཁྲག་བཞིན་དཀྲུགས་པ་ཆོས་ལུགས་ཐམས་ཅད་ལ་བྱུང་འདུག འབར་མའི་ནང་པས་ཁ་ཆེ་མགོན་མེད་སྐྱབས་མེད་ཚོར་ཅི་བྱས་མ་སོང་ངམ། དེ་བཞིན་བོད་དུའང་འདས་པའི་ལོ་རྒྱུས་ལ་དཔྱོད། ཕར་བསྒྱུར་ཚུར་བསྒྱུར་གྱི་ཆེད་དུ་རྒྱལ་ཁབ་གཞན་གྱིས་དམར་དམག་ནང་དུ་དྲངས་ནས་ཅི་བྱས་མི་འདུག་གམ། བོན་པོའི་སྐབས་སུ་གྲི་གུམ་བཀྲོངས། རྙིང་མའི་སྐབས་སུ་བོན་བཅོམས། ས་སྐྱའི་སྐབས་སུ་ཧོར་དམག་དྲངས་ནས་བོད་མི་བསད། བཀའ་བརྒྱུད་སྐབས་ལྷ་ལྡན་སྨོན་ལམ་བཀག་ཅིང་གོར་དམག་དྲངས། དགེ་ལུགས་སྐབས་སུ་བཀའ་རྙིང་བོན་ཇོ་གཏོར། དེ་ཚོ་ལོ་རྒྱུས་སུ་ཡོད་དམ་མེད། ཁ་ནང་དུ་འཁོར་ནས་བསམ་གཞིགས་བྱས་ན་གཞན་ལ་མཛུབ་མོ་འཛུགས་ཕོད་དམ།