ཧི་མ་ལ་ཡའི་འཕྲུལ་སྨྱུག
གངས་རིའི་ཁྲོད་འདིར་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་ཕྱི་མོར་གྱུར་པ་དེ་ཉིད་ནི། ལྷོ་བྲག་ཆུ་ཁྱེར་དུ་མར་པའི་གདུང་ལས། ཡབ་དབང་ཕྱུག་འོད་ཟེར་དང༌། ཡུམ་སྐལ་ལྡན་སྐྱིད་གཉིས་ཀྱི་སྲས་སུ། སྟོན་པའི་འདས་ལོ་༡༥༥༦ རབ་བྱུང་གོང་གི་ཆུ་བྱི་སྤྱི་ལོ་༡༠༡༢ ལོར་འཁྲུངས། བོད་དུ་སྐུ་ན་ཕྲ་དུས་ནས་འབྲི་ཀློག་བསླབས་ཤིང༌། རྒྱ་གར་དུ་བྱོན་ཐེངས་དང་པོར་ལོ་ལྔ། བར་པ་ལ་ལོ་བདུན། མཐའ་མ་ལ་ལོ་བཅུ་གཉིས་བཅས་བཞུགས། དགུང་ལོ་བཅུ་གཉིས་ནས་ལྔ་བཅུ་རྩ་གཉིས་ཏེ་ལོ་བཞི་བཅུ་ཐམ་པ་སྦྱངས་པ་མཛད་སྐབས། མཁས་གྲུབ་ཀྱི་བླ་མ་བརྒྱ་དང་རྩ་བརྒྱད་ཀྱི་ཞབས་ལ་གཏུགས་ཤིང༌། མངའ་བདག་མཻ་ཏྲི་པ་བསྟེན་ནས་ཕྱག་རྒྱ་ཆེན་པོའི་མན་ངག་མཐའ་དག་གསན།
པཎ་ཆེན་ནཱ་རོ་པ་རང་སྔ་ཕྱི་བསྡོམས་པས་ལོ་བཅུ་དྲུག་ཟླ་བ་བདུན་བསྟེན་ནས། བཤད་སྒྲུབ་ཀྱི་བཀའ་བབ་གཉིས་སུ་མ་མཆིས་པའི་བརྒྱུད་པའི་རིང་ལུགས་འཛིན་པ་རྣམས་ལ། གངས་ལྗོངས་དེར་བཀའ་བརྒྱུད་པ་ཞེས་པའི་རླབ་པོ་ཆེ་མཚན་སྙན་གྱི་བ་དན་དེ། ད་ལྟའི་བར་འཛམ་གླིང་གོ་ལའི་རྩེ་མོར་སྦྲེང་བཞིན་པ་འདི་ཉིད་སྲོལ་ཕྱེས། དགུང་ལོ་ཉེར་དགུ་པ་ལྕགས་འབྲུག་སྤྱི་ལོ་༡༠༤༠ ལོར་ལྷོ་གནས་མཆོག་འོག་མིན་ཨོ་རྒྱན་དཔལ་གྱི་བྲོ་བོ་ལུང་ཕྱག་བཏབ། སྒྲ་སྒྱུར་ཆེན་པོ་དེ་ཉིད་དགུང་ལོ་གྱ་དྲུག་པ་སྟོན་པའི་འདས་ལོ་༡༦༣༡ རབ་བྱུང་གཉིས་པའི་མེ་གླང་སྤྱི་ལོ་༡༠༩༧ བོད་ཟླ། ༡ ཚེས། ༡༥ ཉིན་འདས་ནས་བགྲང་བྱ་༡༠༢༧ ཧྲིལ་པོ་འཁོར་བའི་དཔལ་མཉམ་མེད་འགྲོ་མགོན་མར་པ་བཀའ་བརྒྱུད་པའི་དུས་ཆེན་ཁྱད་དུ་འཕགས་པ་ཞིག་རེད།
ད་གོ་རྒྱུ་ཅང་མིན་འདུག ཡིན་ན་ལོ་ ༡༠༠ ། ༥༠ ། ༢༥། ༡༠༠༠། འདི་འདྲ་ཡིན་ན་དུས་དྲན་ཟེར་ན་གོ་རྒྱུ་འདུག དེ་མིན་ག་དུས་ཡི་་ནའང་དུས་དྲན་ཡིན་ཡིན་པ་ཆགས་འགྲོ་གི་རེད་པ།
མི་ལའི་རྣམ་ཐར་སོགས་སུ་ལྷོ་བྲག་གྲོ་བོ་ལུང་ཞེས་བྲིས་འདུག དཔའ་བོ་གཙུག་ལག་ཕྲེང་བའི་སྐུ་ཚེའི་སྟོད་ཀྱི་རང་རྣམ་ཚིགས་བཅད་མ་ལས་ལྷོ་བྲག་དྲོ་བོ་ལུང་ཞེས་བྲིས་འདུག དེ་རིང་མར་པ་རྗེས་དྲན་ཞུ་མཁན་འདིས་ལྷོ་བྲག་བྲོ་བོ་ལུང་ཞེས་བྲིས་འདུག ཡུལ་གྱི་མིང་གི་དག་ཆ་མི་འདྲ་བ་ཡོང་གིན་འདུག
རྡོ་རྗེ་ཆང་ཆེན་ཏེ་ལོ་ན་རོ་དང་།
མར་པ་མི་ལ་དྭགས་པོ་སྒོམ་པ་ོཔ་
ཀརྨ་ཞ་ནག་ཞ་དམར་ལ་སོགས་པའི
བཀའ་རྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས
ཆོ་མེད་དོན་མེད། ཁ་བརྡའི་དྲ་རྒྱར་མུ་གེ་ཐེབས་པའི་དུས་ལ་བྲིས་པ་ལྟ་བུ་རེད།
སྒྲ་སྒྱུར་མར་པ་དང་མི་ལ་རས་པ་གཉིས། བོད་དུ་མ་ཟད་ཕྱི་ལོགས་ཀྱི་རྒྱ་ཆེ་བའི་ཡུལ་གྲུ་རྣམས་སུ་ཡང་ཡོངས་གྲགས་ཆེ། དེ་དག་གི་ལོ་རྒྱུས་ཤེས་པ་ལ་ཚིག་ཉུང་ལ་དོན་གསལ་བའི་རྩོམ་ཡིག་འདི་ལྟ་བུ་མཆོག་ཏུ་གྱུར་པ་ཞིག་ཏུ་སྣང་།
་
གྲོ་བོ་ལུང་ དྲོ་བོ་ལུང་ བྲོ་བོ་ལུང་། ཞེས་གསུམ་མི་འདྲ་བ་གསུམ་བྱུང་བ་ནི། གྲོ་ དྲོ་ བྲོ་ ཐམས་ཅད་དུ་ཁ་སྐད་དུ། ཊོ་ཞེས་འདོན་པ་ལས་བྱུང་། གལ་ཏེ་དེ་ཉིད་དག་པར་འདོད་ན། རང་རེས་གནའ་བོའི་ཀློག་ཚུལ་རང་གིས་མ་བྱུང་ཡང་། བདག་གིས་ཕྱི་ལོགས་པ་དག་ལ་གནའ་བོའི་ཀློག་ཚུལ་སློབ་པ་བཞིན་དུ། བོད་ཀྱི་ཕྲུ་གུ་སློབ་གྲྭ་པ་ཀུན་ལ་ས་སྐྱ་རྗེ་བཙུན་བསོད་ནམས་རྩེ་མོས་སློབ་སྟོན་མཛད་པ་བཞིན་ཀློག་ཏུ་འཇུག་པའི་འཆར་གཞི་སུ་ལ་ཡང་ཡོད་དམ།
་
ཆོ་མེད་དོན་མེད། ཁ་བརྡའི་དྲ་རྒྱར་མུ་གེ་ཐེབས་པའི་དུས་ལ་བྲིས་པ་ལྟ་བུ་རེད། ཅེས་པར་བརྗོད་པར་བྱ་སྟེ། དང་པོ། རང་ཉིད་ཀྱིས་མར་པའི་ལོ་རྒྱུས་ཤིག་བྲིས་ནས། གོང་གསལ་རྩོམ་ཡིག་དེ་ལས་ལྷག་པ་ཞིག་བྱུང་ན། བརྗོད་པ་དེ་འདྲ་འབྲི་ཆོག དེ་མིན་དེ་འདྲ་བའི་མཆན་བུ་འབྲི་བ་དེ་ཕྲག་དོག་དང་། ངག་བཀྱག་གི་སྡིག་པར་འགྲོའོ།།
ངག་བཀྱག་གི ཞེཨ་པ་ངག་བཀྱལ་གྱི་ཞེས་ཀློག་པར་མཛོད།
མར་པ་མཆོག་གངས་ཅན་ལྗོངས་སུ་རྡོ་རྗེ་ཐེག་པའི་ཕྱི་མོར་གྱུར་ཚུལ་ཇི་ལྟར་ཡིན་ནམ། མ་ཟད་མར་པ་ཁོང་གིས་བཤད་སྒྲུབ་ཀྱི་སྲོལ་ཕྱེ་ཟེར་བ་དེ་ཡང་བརྟག་དགོས་པར་སྣང་། གོ་ཐོས་ལ་འབྲུག་པ་ཐམས་ཅད་མཁྱེན་པ་མཆོག་གི་ཞལ་སྔ་ནས་བཀའ་བརྒྱུད་པ་ནི་སྒྲུབ་པ་ལ་གཙོ་བོར་འཛིན་མཁན་ཡིན་གསུངས་ནས་བཤད་པ་ལ་ཐུགས་མི་དགྱེས་ཞེས་ཐོས།
སྒྲ་སྒྱུར་མར་པའི་༸ཞབས་ལ་འདུད། །
མི་ལས།
རྩོམ་ཡིག་འབྲི་བ་པོར་དྲི་བ་ཞིག། རྒྱ་གར་དུ་བྱོན་ཐེངས་དང་པོར་ལོ་ལྔ། ཞེས་པ་ཁུངས་གཏུགས། དཔེ་ཆ་ན་ཐེངས་། ཞེས་པའི་མིང་ཚིག་འདི་འདུག་གམ། གཞན་ཞིག་འདུག
ལ་དྭགས་་་་ལ་ཐགས་་་སུ་ཅིའི་ཕྱིར་བཅོས་སམ། ། རྒྱ་གར་་་་རྒྱ་དཀར་་་རུ་བཅོ་ན་འགྲིག་གམ། །
རྒན་ལ་དྭགས་པ་ལགས། ཇུ་ལེ།
རྒན་རིན་པོ་ཆེ་ནས་ལ་ཐགས་ཤེས་བཀོལ་བའི་དགོས་པ་དང་རྒྱུ་མཚན་ངེད་སློབ་བུ་རྣམས་ལ་གསལ་བཤད་ཅིག་ཡོད་པ་མཁྱེན། སྔོན་མ་ཡིག་རྙིང་ན་བླ་དྭགས་ཅེས་བྲིས་མ་མཐོང་མྱོང་། ལ་ཐགས་ཤེས་བྲིས་པ་མཐོང་བ་དང་པོ་ཡིན།
ལྷན་རྒྱས་རྣམས་ལ། འཇུ།
་
བཀའ་འགྱུར་གྱི་རྡོ་གཅོད་པ་སོགས་ན། ཚིག་བླ་དྭགས་སོ། ཞེས་པ་ཡོད་པ། དྭགས་ཞེས་པ་དེ་ནས་ཁྱེར་འོངས་ནས་ཡུལ་དེའི་མིང་ལ། ལ་དྭགས། ཞེས་བྲིས་པ་ཞིག་ཡིན་པས་སྒྲ་བཤད་ཁུངས་དག་པ་ཞིག་མ་མཆིས།
་
ལ་ཐགས་ཞེས་པ། པཎ་ཆེ་བློ་བཟང་ཡེ་ཤེས། ༡༦༦༣ནས་༡༧༣༧། ཀྱིས་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་པད་དཀར་འཕྲེང་བ་ན། སྔོན་ཞུས་ལྟར་ཡིན་པ་དང་། འདི་ཉིད་འཐད་ལྡན་དུ་མཐོང་། དེ་ཡང་། ལ་ཐགས་གུང་ག ཞེས་པའི་ལ་ཞིག་ཡོད། དེ་ལ་བརྟེན་ནས། མར་ཡུལ་ལ་ལ་ཐགས་ཞེས་མིང་དུ་ཆགས་པ། ལ་ཐགས་རྒྱལ་རབས་ལ་མཁས་པ་མེས་པོ། ཇོ་སེབ་ བསོད་ནསས་ཚེ་བརྟན་མཆོག་གིས་བྲིས། ལ་དེ་སྟོད་ཕྱོགས་ནས་གཤམ་ཕྱོགས་ལ་འགྲོ་བ་ན། རིམ་པས་ས་མཐོ་བར་འགྲོ་བ་མ་གཏོགས་ཀྱེད་ཀྱེད་ཀྱི་ལ་ལྟ་བུ་ཞིག་མེད་པ། ཁོད་སྙོམས་པ། ཐགས་རན་ཐུབ་པ་ལྟ་བུ་ཞིག་ཡོད་པས་ན། ལ་དེའི་མིང་ལ་། ལ་ཐགས། ཞེས་བཏགས་པ་ཡིན་ནམ་སྙམ་མོ།།
རྒན་ལེགས། ཕྱག་འཚལ་འཇུ་ལེ། ཉེ་རང་གིས་དེ་སྔ་ལ་དྭགས་བློ་བཟང་ཞེས་བྲིས་དུས་ལ་ཐགས་ཞེས་པ་བརྗེད་སོང་མེད་ཧྲ། ཅི་ཡིན་པ་ལེ།
རྒན་ལེགས། ཕྱག་འཚལ་འཇུ་ལེ། ཉེ་རང་གིས་དེ་སྔ་ལ་དྭགས་བློ་བཟང་ཞེས་བྲིས་དུས་ལ་ཐགས་ཞེས་པ་དེ་མ་གཟིགས་པ་ཨེ་རེད།
དགོངས་དག་ག་རེའི་སྐད་ཡིན་མིན་མ་ཤེས་པར་གོང་དུ་གཅིག་བྲིས་ཐལ་སོང་། ང་རང་གིས་ཀྱང་དོན་མ་གོ་བ་ཞིག་བྲིས་འདུག དགོངས་དག
རྒན་རིན་པོ་ཆེ། ལ་ཐགས་ཁྱོན་ནས་མ་རེད། ལ་དྭགས་རང་རེད། དེ་ནི་རི་དྭགས་ཀྱི་མིང་ཐོགས་ཚུལ་དང་གཅིག་པ་རེད་འདུག རི་མཐོ་རི་མཐོ་ཚད་དུ་གནས་འཆའ་མཁན་ལ་རི་དྭགས། ལ་ལུང་རྣམས་སུ་གནས་འཆའ་མཁན་ལ་ལ་དྭགས། ཞེས་ཐོགས་པ་དེ་ཡུལ་གྱི་མིང་དུ་གྱུར་སོང་བ་རེད།
ལ་དྭགས་ཀྱི་དོན། ལ་སྟོད་དུ་བླ་དྭགས་སུ་གནས་པའམ་བོད་འཐོར་རྗེས་གནས་རིས་ཁོལ་བུར་གྱུར་པ་ལ་གོ་བ་ཡིན་ནམ་སྙམ། གུ་རུ་ཇོ་ཚེའི་ལུང་བསྟན་ཞིག་ཏུ། ལ་སྟོད་མར་ཡུལ་སྐོར་ཞིག་ཏུཿ བླ་དྭགས་གྱུར་པའི་རྒྱལ་ཕྲན་འབྱུང་ཿ ལྷ་རིགས་བཀྲ་ཤིས་ལྡེར་གྲགས་པསཿ བསྟན་པ་དར་ཞིང་རྒྱས་པར་བྱེདཿ ཅེས་པ་ཡོད་པ་དྲན། མར་ཡུལ་ཞེས་པ་གནས་ཆེན་ཉེར་བཞིའི་ནང་གི་རཱུ་ཏྲའི་མཐེ་བོང་ཟག་པའི་གནས་མ་རཱུ་ཞེས་པ་ཟུར་ཆག་པས་མར་ཡུལ་ཞེས་བྱུང་བ་ཡིན་པར་གྲགས་ཤིང་། རི་དྭགས། གཡུང་དྭགས། བླ་དྭགས། ཡི་དྭགས་སོགས་སྤྱི་ལས་ལོགས་སུ་དགར་བ་ཞིག་ཏུ་གོ་བའི་སྐབས་ཀྱང་ཡོད་པ་འདྲ། །བཀའ་ཐང་ཤེལ་བྲག་མར། མ་རུ་ཀཱུ་ལི་ཏ་ཞེས་འཁོད་པ་དང་། ཐང་སན་ཟིང་གི་ལམ་ཡིག་ཏུ། ལ་ཧོར་དང་། ཀུ་ལི། མར་ཡུལ་ཞེས་འཁོད་པ་འདིའི་ས་ཆགས་ཚུལ་དང་བརྗོད་ཚུལ་ལ་གཞིག་ན། མར་ཡུལ་ཞེས་པ་ལ་དྭགས་ལ་ཐུག་འདུག་པས། ས་མིང་དངོས་མར་ཡུལ་ཡིན་པ་འདྲ། ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས། ལམ་ཡིག་དང་། ཆབ་ཤོག་ཏུ། མཐེ་བོང་མ་རཱུ་ཞེས་གསལ་བོར་བཀོད་པའང་ཡོད་དོ། །
ཡང་ལ་དྭགས་ཀྱི་སྐད་དོན་གཅིག་ཞུ་ན། བོད་ཀྱི་ཡིག་ཚང་ལས། མངའ་རིས་བསྐོར་གསུམ་ཤ་རྐྱང་རི་དྭགས་གླིང་། །བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང་། །སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང་། །ཞེས་པ་དང་། བོད་ཁསམ་གསུམ་གླིང་དགུ་བྱ་བ་ན། །རིན་པོ་ཆེ་འོད་ཀྱི་གླིང་དཀར་པོ། །སྟོད་ཁམས་གསུམ་གངས་དང་གཡའི་ར་བ་རྫིང་འདྲ་བ་ན། །ཤྭ་བ་དང་དགོ་བ་ལ་སོགས་པ་རི་དྭགས་ཀྱི་ཡུལ་གྱིས་འཛིན། །རུ་བཞི་སོག་ཁའི་གླིང་སྐད་པ། །བར་ཁམས་གསུམ་བྲག་དང་སྤང་གི་གཤོང་ཡུར་བ་འདྲ་བ་ན། །སྤྲེའུ་དང་བྲག་སྲིན་ལ་སོགས་པ་གནས། །རྨ་བྱ་འོད་ཀྱི་གླིང་སྐད་པ། །སྨད་ཁམས་གསུམ་ནགས་ཀྱི་ལྗོངས་ཞིང་དང་འདྲ་བ་ན། །གླིང་པོ་ཆེ་དང་འདབ་ཆགས་ལ་སོགས་པ་ལས། །འགྲོ་བ་མི་བྱ་བ་གཅིག་ཀྱང་མེད། །ཅེས་གསལ་བ་ལྟར་ན། ལ་དྭགས་ནི། ལ་སྟོད་ཀྱི་རི་དྭགས་གླིང་ཅེས་པ་ཡིན་པ་འདྲ། །ལ་ནི་རི་སྒང་ཡིན་པ་ཀུན་ཤེས་སོ། །
བུ་སྟོན་ཆོས་འབྱུང་། དེབ་ཤོག་༡༩༣ན། བོད་དབུས་སུ་འབངས་གྱེན་ལོག་གིས་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་སྤྱུགས།་ དེ་ལ་སྲས་གསུམ་ཡོད། ཆེ་བ་དཔལ་གྱི་ལྡེ་རིག་པ་མགོན་གྱིས་མར་ཡུལ། བར་པ་བཀྲ་ཤིས་མགོན་གྱིས་པུ་རངས། ཆུང་བ་ལྡེ་མགོན་གྱིས་ཞང་ཞུང་བཟུང་། དེ་དག་ལ་སྟོད་ཀྱི་མགོན་གསུམ་དང་། དེ་དག་གིས་མངའ་བསྒུར་གྱུར་པའི་ཡུལ་ཁམས་ལ་མངའ་རིས་སྐོར་གཟུམ་ཟེར། མར་ཡུལ་དང་མང་ཡུལ་གཉིས་ནོར་ནས་གཅིག་ཏུ་འདོད་པ་མང་། ཐང་སྟོང་རྒྱལ་པོ། ༡༣༦༡ནས༡༤༨༥། མར་ཡུལ་ཕེབས་པའི་ལམ་དུ། མང་ཡུལ་གྱི་ཚོང་པས་མཇལ། མར་ཡུལ་སྟོད་གཤམ་གྱི་རྒྱལ་པ་གཉིས་སྡུམ་པར་མཛད། དེ་དག་ན་མར་ཡུལ་ཞེས་པ་མཏོགས། ལ་དྭགས་སས། ལ་ཐགས་ཀྱི་མིང་ཚིག་མེད།
དྲི་མེད་ལྷག་བསམ་མཆོག་གིས།
གུ་རུ་ཇོ་ཚེའི་ལུང་བསྟན་ཞིག་ཏུ། ལ་སྟོད་མར་ཡུལ་སྐོར་ཞིག་ཏུཿ བླ་དྭགས་གྱུར་པའི་རྒྱལ་ཕྲན་འབྱུང་ཿ ལྷ་རིགས་བཀྲ་ཤིས་ལྡེར་གྲགས་པསཿ བསྟན་པ་དར་ཞིང་རྒྱས་པར་བྱེདཿ འདི་དག་ནམ་བྲིས་པ་ལ་བརྟག་དཔྱད་དགོས་པར་སྣང་། ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ། བོད་གཞུང་འཐུས་མིར་མར་ཡུལ་དུ་ཕེབས་འདུག འཁྲུངས་འདས་ཀྱི་ལོ་ཚིགས་ཤེས་པར་འདོད། ལ་དྭགས་ཞེས་པ་དང་། ལ་ཐགས། ཞེས་པ་གཉིས་ལ་ད་དུང་དཔྱད་པ་མཐིལ་ཕྱིན་པ་དགོས་སོ།།
རྣམ་པ་ཚོས་་་་མར་ཡུལ་་་་ཟེར་བ་འདི་ལ་འགྲེལ་བརྗོད་མི་འདྲ་གང་མཚམས་ཅིག་གནང་གི་འདུག་སྟེ། འོན་ཀྱང་ཞང་ཞུང་སྐད་དུ་་་་མར་གཞི་་་་ཞེས་པ་གསེར་ལ་གོ་ཚུལ་ཞིག་བཤད་འདུག། སྤྱིར་་་མར་གཞི་་་ཞེས་པ་་གསེར་གྱི་ས་གཞི་་ཟེར་བ་ལྟ་བུར་གོ་དགོས་པར་སེམས། དེ་འདྲ་ཡིན་དུས་་་་མར་ཡུལ་་་་འདི་་་གསེར་ཡུལ་ལམ་་་བཟང་པོའི་ཡུལ་་་ལྟ་བུ་ཞིག་ལ་གོ་བ་ཡིན་ནམ་སྙམ་མོ། །
ངོས་རང་ལ་ས་རྒྱུས་ལུང་རྒྱུས་ཆེན་པོ་རང་མེད་དེ་འོན་ཀྱང་ཞིབ་ཅིང་བརྟག་ན་་་་་ལ་དྭགས་་་ཀྱི་རང་འབྱུང་ཁམས་དང་འཚོ་བའི་མཁོ་ཆས་མང་པོའི་དངོས་མིང་རྣམས་དེང་སང་ཡང་ཞང་ཞུང་སྐད་ཐོག་ལ་རང་སོར་གནས་ཡོད་འགྲོ་དྲན། །
རྒན་ལ་དྭགས་པར་བཀྲ་ཤིས་བདེ་ལེགས་ཞུ། གུ་རུ་ཇོ་ཚེའི་ལུང་བསྟན་དེ་ཡོལ་མོ་པ་སྔགས་འཆང་ཤཱཀྱ་བཟང་པོའི་ཁོང་གི་བླ་མ་(༡༣༡༣ནས་༡༤༠༨བྱོན་པའི)རིག་འཛིན་རྒོད་སྡེམ་པའི་ཆོས་སྐོར་ཞིག་གི་ཆེ་བ་བརྗོད་པར་བྲིས་འདུག ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།(ས་སྟག་ལོ་༡༦༩༨་འཁྲུངས་༡༧༥༥ཤིང མོ་ཕག་གི་ལོ་ཁྲུམ་ཟླའི་ཚེས་༡༥་ལ་གཤེགས།)དགུང་ལོ་༥༣་ལྕགས་རྟ་ལོ་ནས་༥༦་བར་ལ་དྭགས་ཡས་མས་སུ་བཞུགས་འདུག་པར་མ་ཟད་ལ་དྭགས་སྐོར་གྱི་ཡིག་རྙིང་མང་པོ་གཟིགས་ཡོད་ཚོད་རེད། ཁོང་གིས་བྲིས་པའི་ཆབ་ཤོག ལོ་རྒྱུས་ཐམས་ཅད་དུ་ལ་དྭགས་བྲིས་འདུག
ལ་དྭགས། བླ་དྭགས། ལ་ཐགས་ད་གསུམ་ཆགས་སོང་།
ལ་རིའི་ལ་ལ། དྭགས་རི་དྭགས་བྱས་པས་ཡིན་པས་ལ་དྭགས། ། མར་ཡུལ་གྱི་མར་གསེར་ལ་བཞག་ནས་གསེར་ཡུལ་ལམ་མར་ཡུལ་ཟེར། ཡང་། མར་ཡུལ་ནི། གནས་ཆེན་ཉེར་བཞིའི་ནང་གི་རཱུ་ཏྲའི་མཐེ་བོང་ཟག་པའི་གནས་མ་རཱུ་ཞེས་པ་ཟུར་ཆག་པས་མར་ཡུལ་ཞེས་བྱུང་བ་ཡིན་པར་གྲགས་ཟེར།
ལ་དྭགས་ཞེ་སཔའི་མིང་འདི་ཐོགས་ནས་ཡུན་རིང་པོ་ཞིག་འགྲོ་གི་མེད་པ་འདྲ།
ལ་དྭགས་རང་གི་མཁས་པས་ལ་དྭགས་གླེ་ཞེས་བྲིས། དུས་བབ་ནང་ལ་དྭགས་སླེ་ཞེས་བྲིས།
ཡང་ཟངས་དཀར་ལོ་ཙཱ་པའི་རྣམ་སྲས་ལོ་རྒྱུས་སུ་ལ་དྭགས་ཞེས་བྲིས་ཡོད་པ་ཞིག་དྲན་སོང་། ཡོལ་མོ་སྔགས་འཆང་གི་གསུང་ན་ཡང་ཚིག་ཟིན་ཞིག་ཡོད་སྣང་ཤར། ཏན་ཏན་ཞུ་རྒྱུ་མི་འདུག རྒྱལ་དབང་ལྔ་བའི་དུས་ནས་ལ་དྭགས་ཞེས་གསལ་ཐག་ཆོད་བྲིས་འདུག དེའི་གོང་དུ་གསལ་བོ་ཡོད་མེད་དཔྱད་པའི་ཡུལ་དུ་གྱུར།
ལྷན་རྒྱས་རྣམས་ཀྱིས་དཔྱད་པར་བཀའ་དྲིན་ཆེ། ལྷག་པར་དྲི་མེད་ལྷག་བསམ་མཆོག་གིས་ཀ་ཐོག་ཚེ་དབང་ནོར་བུའི་འཁྲུངས་ཚེས་སོགས་བཀོད་པར་ཐུགས་རྗེ། ཨ་རི་པ་སྐུ་གཤེགས གེ་ནེ་ སྨིཐ། འཇམ་དབྱངས་རྣམ་རྒྱལ་གྱིས་བྲིས་པ་ཡང་དེ་རང་དུ་མཆིས།
སྔོན་མར་ཡུལ་ནས་གསེར་འབད་པས། སེང་གེའི་བབས་གཙང་ཆུས་ཆུ་འདང་རྒྱབ་ནས་གསེར་སྒྲུག་བྱེད་པའི་ཤུལ་ངའི་གྲོལ་ཡུལ་གཙང་མཐའ་ན། ཕུག་པ་འཇིགས་སུ་རུང་བ་འགའ་ཞིག་འདུག ད་ལྟ་གཙང་ཆུ་དེ་ལོ་རེ་བཞིན་ས་བྲུས་ནས་གཏིང་དུ་འབབ་པས། ཕུག་པ་དེ་དག་་སྔོན་ལོ་བརྒྱ་ཕྲ་མང་པོའི་སྔོན་དུ་གཙང་ཆུའི་ཐག་ཉེར་ཡོད་ཀྱང་། ད་ལྟ་གཙང་ཆུ་ལས་ཐོག་ཚད་མང་པོའི་གོང་ན་མཆིས། དིང་སང་གཙང་ཆུ་སེང་གེའི་ཁ་བབ་སྐྱིལ་ནས། གློག་བསྐྱེད་ཀྱིས་མར་ཡུལ་ཡོངས་ལ་གློག་འདྲེན་པའི་གནས་ཚུལ་ཐོས། ལ་ཐགས་སམ། ལ་དྭགས་གོང་ཀའི་མིང་མར་ཡུལ་གྱི་མིང་ཆགས་ཚུལ་ལ་དྭགས་རྒྱལ་རབས་འཆི་མེད་གཏེར་ན་བཤད་པ་ལ་ཁུངས་སྐྱེལ་གྱི་རིགས་པ་ཡོད་མེད་ལ་བརྟག་དགོས་སོ། །
གླེ། ཞེས་པ་ལ་དྭགས་ན། མིང་གསུམ་ཙམ་འདུག་ ལ་དྭགས་རྒྱལ་ས་ལྟ་བུ། གླེ་ལ་འགྲོ་བའི་ལམ་ན། གླེའི་དཀར་རྩེའི་བསྐོར་ཞེས་པའི་སྤང་དང་ཆུ་དང་ཡོད་པ་ཞིག་འདུག ཆུང་སྐབས་གླེ་ལ་འགྲོ་དུས། འདི་གླེ་ནས་ཐག་རིང་འདུག གླེ་ཟེར་དགོས་པ་ཅི་ཡིན། སེམས་ལ་ཤར། ཕྱིས་སུ་གླེ་ཞེས་པ་ས་སྐམ་ལ་ཆུ་དང་སྤང་ཡོད་པ་ལ་གླེ་ཟེར་བ་ཤེས། གླེ་རུ་གྲོང་སོགས་ཆགས་དུས། ད་ལྟའི་ཁྲོམ་སོགས་ཆགས་པའི་ཐག་ཉེ་བ་ན། སྤང་དང་ཆུ་མིག་ཡོད་པས། གླེ་ཞེས་མིང་ཆགས། ཨིན་སྐད་དུ་། oasis ཞེས་པ་ཡིནས་པར་སེམས་སོ།
མར་པ་ཆོས་ཀྱི་བློ་གྲོས་ཀྱི་དུས་དྲན་དེ་་་་་་་་ལ་དྭགས་་་་་་་ལ་ཐགས་སོགས་ལ་བསྒྱུར་སོང་
ད་གང་དྲག་དེང་སང་གི་གནས་ཚུལ་ཚང་འདི་འདྲའི་རེད།
བོད་གངས་ཅན་པའི་སྔོན་ཐོན་གྱི་དཔའ་བོ་སྐྱེས་མཆོག་དམ་པ་༧སྒྲ་བསྒྱུར་གྱི་མར་པ་ལོ་ཙཱ་བ་ཆོས་བློ་གྲོས་ནི་རྒྱ་གར་པཎ་ཆེན་ན་རོ་པ་ལ་སོགས་པའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ནས་སྙེགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་རྡོ་རྗེའི་གོ་འཕང་མངོན་བྱེད་པ་ལ་ན་མོ།།
རྣམ་དཔྱོད་ཀྱི་དཔལ་དང་ལྡན་པ་་རྣམས་ལ་ཞུ་བ། ལ་དྭགས་ཞེས་ཡོད་པ་ལ་རྩོད་པ་མེད། ལ་ཐགས་ཞེས་པ་ལ་དྭགས་ཀྱི་འབྱུང་ཁུངས་ཡིན་མིན་ལ་དཔྱད། ལ་དྭགས་་སམ་ལ་ཐགས་གོང་ཀ་ཞེས་པ་མར་ཡུལ་ཡོངས་ཀྱི་མིང་དུ་ཆེ་ཞིང་ཆེ་བར་འགྱུར་ཚུལ་ལ་དཔྱད། འོན་ཀྱང་ལ་དྭགས་ཞེས་པ་ཡིག་ཆ་མང་ཆེ་བ་ན་ཡོད་པས། འགྱུར་བ་ལ་དཀའ་ངལ་ཡོད་པ་མཁྱེན་གསལ་ལྟར་དང་། དཔེར་ན། ཤར་་གླིང་གི་ས་གནས་མང་པོའི་མིང་། བེ་ན་ར་སེ། ཝཱ་རཱ་ཎ་སཱི་ཞེས་པ་སོགས་སུ་སྒྱུར་པ་ལ་དཀའ་ངལ་ཆེ་ཡང་བདེན་པ་ལ་བདེན་པར་འཛིན། གཞན་ཡང་བོད་ཀྱི་དགའ་ལུགས་ཞེས་པ་དགེ་ལུགས་ཞེས་པ་སླར་དགའ་ལུགས་ཞེས་འབྲི་བ་མི་སྲིད་པ་ལྟར་། གལ་ཏེ་བདེན་པ་ཡིང་ཀྱང་། ལ་དྭགས་ཀྱང་ལ་ཐགས་སུ་སྒྱུར་དཀའོ།།
མི་རྟག་པ་ཡི་དོན་མ་བརྗེད།
མཁྱེན་རྒྱ་ཡངས་པའི་སྐུ་ཞབས་བློ་བཟང་འཇམ་དཔལ་ལགས། ཉིད་རང་གིས་ཁ་བྱང་དུ་སྐབས་རེ་ལ་དྭགས་བློ་བཟང་འཇམ་དཔལ།དང་། སྐབས་རེར་ལ་ཐགས་བློ་བཟང་འཇམ་དཔལ་བྲིས་གནང་འདུག དེ་ཅི་ལགས།
མར་པ་ཞེས་པའི་སྒྲ་བཤད་ཅིག་གནང་རོགས། གདོང་དམར་གྱི་ཡུལ་ནས་བཏགས་པའི་མཚན་ཞིག་ཡིན་ན་ནི། མིང་གཞི་མ་ལ་ད་སྔོན་འཇུག་དགོས་པ་ཅི་ཟེར། པ་ནི་བདག་པོའི་སྒྲ་སྟོན་པའི་ཕྲད་ཡིན། དཔེར་ན་སྟོད་པ། སྨད་པ། འབྲུག་པ་ལ་སོགས་པ་ལྟ་བུའོ། །
དེ་དོན་མྱུར་བའི་སྨོན་ལམ་དང་དོགས་པ་སེལ་རོགས།
༣༤༽ ལ་དྭགས་ངག་དབང་རྒྱ་མཚོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡ གི་ཆུ་ཚོད་ ༡༦ སྐར་མ་ ༠༣
མར་པ་ཞེས་པའི་སྒྲ་བཤད་ཅིག་གནང་རོགས། ་་་་་་ཟེར།