ཕྱི་ལོ་༢༠༡༣ ཟླ་༣ ཚེས་༡༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་༢་༤༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་ཁྲིན་ཀན་ཡུལ་ཚོའི་ཕྱུགས་ལས་གོང་མའི་རུ་ཆེན་གཉིས་པའི་རོགས་ཕྲུག་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐོགས་མེད། རང་ལོ་༢༨ ཡིན་པ་ཁོང་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཞུ་འབོད་ཆེད་རང་ལུས་མེར་བསྲེགས་གནང་ནས་སྐུ་གྲོངས་ཡོད་འདུག
དེ་ཡང་རྔ་པ་ཀིརྟི་དགོན་གྱི་གླིང་གི་ནུབ་ཕྱོགས་སུ་ཁོང་གི་བཞུགས་ཤག་ཡོད་པའི་སྒོ་ནས་ལུས་ལ་ས་སྣུམ་མང་བོ་བྱུགས་ཤིང་ལག་ཏུ་ཆོས་དར་བཟུང་ནས་སྐུ་ལུས་མེ་རུ་བསྒྲོན་ཏེ་དགོན་པའི་ནུབ་སྒོའི་ཕྱོགས་སུ་རྒྱུག་ཡོད་པ་དང་། སྒོ་ཆེན་འགྲམ་དུ་མ་སླེབས་ཙམ་ལ་སར་འགྱེལ་ཡོད་ཅིང་། སྐབས་དེར་གྲྭ་པ་དང་མི་མང་བཅས་མང་བོ་འབྱོར་ནས་ཁོང་རྔ་པ་རྫོང་མི་དམངས་སྨན་ཁང་དུ་ཁྱེར་ཡོད་ཀྱང་། དུས་ཡུན་རིང་པོ་མ་འགོར་བར་སྐུ་གྲོངས་ཡོད་འདུག ཁོང་གིས་རང་ལུས་མེར་སྲེག་གནང་སྐབས་སྐད་འབོད་ག་རེ་གནང་ཡོད་མེད་ཤེས་རྟོགས་བྱུང་མི་འདུག སྨན་ཁང་དུ་འབྱོར་མཚམས་དམག་་མི་དང་ཉེན་རྟོག་པ་འབོར་ཆེན་སླེབས་ནས་ཁོང་གི་སྐུ་ཕུང་བཙན་འཕྲོགས་ཀྱིས་འབར་ཁམས་སུ་ཁྱེར་ཡོད་འདུག ཁོང་གི་ཕ་མིང་ལ། རོགས་ཕྲུག་དང་། མ་མིང་ལ། དེ་པོ་ཟེར་ཞིང་དམ་པ་ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ཏེ་ད་སྐབས་ཕར་ཕྱིན་འཛིན་གྲྭར་སླེབས་ཡོད་པ་དང་། ནམ་རྒྱུན་ཀུན་སྤྱོད་ལེགས་ཤིང་སློབ་གཉེར་ལ་དོན་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག ཁོང་ལ་ཤུལ་དུ་ཕ་མ་གཅིག་པའི་སྲིང་མོ་གཅིག་དང་སྤུན་གསུམ་བཅས་ཁྱོན་ནང་མི་དྲུག་ཡོད།
དེ་རིང་སྟེ་ ༣།༡༦ ནི་ཕྱི་ལོ་༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་རྔ་པ་ནས་བོད་མི་མང་པོ་ཞིག་དམར་གསོད་བྱས་ནས་ལོ་ལྔ་ཧྲིལ་བོ་འཁོར་བའི་དུས་ཚེས་ལ་ཁེལ་ཡོད་པ་དང་། ལོ་དེ་ནས་བཟུང་ལོ་རྟག་པར་རྔ་པ་མི་མང་གིས་དུས་ཚེས་དེར་རྣམ་པ་འདྲ་མིན་གྱིས་སྒོ་ནས་རྗེས་དྲན་སྲུང་བརྩི་བྱེད་བཞིན་ཡོད་འདུག་ལ། ལྷག་པར་དུ་ཕྱི་ལོ་༢༠༡༡ ཟླ་༣ ཚེས་༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཕུན་ཚོགས་ལགས་དང་། ཕྱི་ལོ་༢༠༡༢ ཟླ་༣ ཚེས་༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ལོ་སོ་སོའི་གསུམ་པའི་བཅུ་དྲུག་གི་ཉིན་མོ་རྗེས་དྲན་གྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༣ ཟླ་༣ ཚེས་༡༦ ལ།
དཔའ་བོ ཁྱེད་ ལ་གུས་པས་འདུད་
སེམས་དཔའ་ཁྱོད་ལ་སྒོ་གསུམ་གུས་བས་འདུད་ངས་དུས་ནམ་ཡང་ཁྱོད་ལ་སྨོན་ལམ་དང་གསོལ་འདེབ་ཞུ་
ཡང་དཔའ་རྒོད་ཅིག་གཤེགས་སོང་། མུ་འཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་་་་་་་་་་་་་་་་་་་་་་་་ད་ཡིན་ན་རང་སྲེག་པ་ ༡༠༨་རེད། ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
གང་ཞིག་གང་ལ་ཕུལ་བའི་ལུས་རྟེན་དེ།
གང་ན་གང་ཡོད་ཞིང་མཆོག་བདེ་བ་ཅན།
གང་གི་ནུས་མཐུ་སྨོན་ལམ་ཡང་དག་པས།།
གང་མྱུར་ཚོགས་བསགས་སྐྱེ་བ་ལེན་པར་ཤོག།
བདེ་བ་ཅན་ཞེས་ཞིང་ཞིག་ཡོད་མེད་དེ། །
ང་འདྲའི་མི་ལ་ལྐོག་ཏུ་གྱུར་ན་ཡང་། །
གལ་ཏེ་ཡོད་པ་ཡིན་ན་གངས་ཅན་པའི། །
དཔའ་རྒོད་འདི་ཚོ་དེ་རུ་སྐྱེས་པར་ཤོག །
དཔའ་བོ་ཁྱོད་ལ་གུད་འདུད་ཡོད། བོད་མི་རིགས་ཀྱིས་ཇི་སྲིད་ནམ་གནས་བར་མི་བརྗེད།
བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོགས།
༄༅།སྙིང་སྡུག་ལ་གཞུམ་པ་མེད་པའི་རྒྱལ་བཅེས་ལྷག་བསམ་དང་གཞེན་ཕaན་གྱི་ཕྱུགས་པའི་བོད་ཀྱི་དཔའ་བོ་ཁོང་ལ་སྙིང་དབུས་ནས་གུས་བཏུས་དང་གཞན་ཕན་བྱང་ཕྱུགས་སེམས་པ་ཁོང་བོས་ཆོས་ལྡན་ཞིང་ཁམས་སུ་ཡང་སྲིད་མྱུར་དུ་ཕེབས་པའི་སྨོན་ལམ་དང་ནང་མི་ལྷན་རྒྱས་ལ་ཚམས་དྲི་དང་གུས་པ་ཚེ་རིང་སྐྱནས་ཕུལ་
མྱ་ངན་གུས་དུད་དང་། དལ་རྟེན་མྱུར་དུ་ཐོབ་པའི་སྨོན་འདུན་ཞུ།
མྱུ་ངན་ཞུའོ།
༡༠༽ལ་དྭགས་པ་ལ་དྲི་བ་ཞིག་ཡོད་མྱུ་ངན་ཞུའོ་ཞེས་པའི་མྱུ་ཞེས་པ་ནོར་བ་རེད་དམ་རྒྱུ་མཚན་གཞན་ཡོད་ཕལ་ཆེར་མྱ་ངན་མིན་ནམ།
མྱ་ངན་ཞུ།
ཨ་ཕྱི་ཆོས་སྒྲོན་ཟེར་བ་དེ་སུ་རེད་ཁྱེད་ཀྱི་ཟེར་ན་རང་ལུས་མཆོད་འབུལ་བྱེད་པར་རྒྱུད་བསྐུལ་བྱེད་མཁན་གོང་འཁོད་གསར་འགོད་རྣམ་གཉིས་ཡིན་པར་སྒྲོ་འདོགས་བྱེད་ཀྱི་ཡོད་དམ་ ཁྱེད་ཐུགས་བསམ་ཡག་པོ་བཞེས་ཁོང་གཉིས་ལ་དཔའ་བོ་ཚོའི་གྲངས་ཚད་བརྗོད་ག་ལ་དགོས་དཔའ་བོ་དཔའ་མོ་ཚོའི་གནས་ཚུལ་ཇི་མ་ཇི་བཞིན་ཁོང་གཉིས་ནས་གསལ་ཤོས་ཤེས་ཀྱི་རེད་གལ་སྲིད་ཁོང་གཉིས་ནས་གསར་འགྱུར་རྒྱུད་ལམ་ཁག་དུ་ཕྱི་སྒྲགས་མ་གནང་ན་བོད་ནང་ཀྱི་ཡ་ང་བའི་གནས་སྟངས་དེ་ཁྱེད་ཀྱི་ག་འདྲ་ཤེས་སམ་ བསམ་བློ་ཡག་པོ་གཏང་ནས་འཛུབ་མོ་དབྱུག་ན་མི་ལེགས་སམ་ཁྱེད་དགོངས་པ་བཞེས་དང་
ཚེ་རིང་སྐྱབས་ལགས་ སྙིང་སྡུག་ ཕལ་ཆེར་སྙིང་སྟོབས་ཡིན་གྱི་རེད་། བྱང་ཕྱུགས་མ་རེད། བྱང་ཆུབ་རེད།
གོང་གི་གཞེན་ཕན་དེ་མ་རེད། རྗེས་ཀྱི་གཞན་ཕན་དེ་རེད། བོས་མ་རེད། བོད་རེད། ཚམས་དྲི་མ་བྲིས་པར།
མཚམས་འདྲི་ཞེས་བྲིས་ན་གང་འདྲ་འདུག།
དཔའ་བོ་མཆོག་ལ་མྱ་ངན་གུས་འདུད་ཞུ།
དགོངས་དག མྱ་ངན་ཞེས་པ་ལ་ཞབས་ཀྱུ་ཞིག་ཤོར་འདུག འདིའི་གོང་དུ་ཚིགས་བཅད་འདི་བཏང་བ་ཡིན། འཐོན་མི་འདུག སླར་ཡང་བཀོད་པ་ནི།
་
གཞོན་ནུ་ཉིད་ནས་བསྟན་ལ་རབ་ཏུ་བྱུང་།
མི་ཚེ་ཧྲིལ་པོར་སྒྲིག་ལམ་ཚུལ་བཞིན་ཁྱེར།
འདོན་དང་ཆོས་སྤྱོད་མང་པོས་ཐུགས་རྒྱུད་གཏམས།
དེ་འདྲའི་གྲྭ་པ་མཆོག་དེ་གྲོངས་པ་འཕངས།།
རེ་འགས་བོད་དོན་གླེང་བཞིན་རང་དོན་བསྒྲུབས་།
ལ་ལེས་གཞན་དོན་ཟེར་ནས་རང་དོན་བསྒྲུབས་།
དེ་དག་གང་ཡང་མི་མཚུངས་རྒྱལ་བུ་སྲས་།
ནམ་ཡང་གུས་བས་བསྟོད་ལ་རྒྱལ་གྱུར་ཅིག།
རང་ལུས་མེ་བསྲེག་འདི་མཚམས་ཞིག་འཇོག་ཐུབ་ན་སྙམ་མོད།ད་རུང་ཡང་རྒྱལ་གཅེས་དཔའ་བོ་རྣམ་པས་རང་སྲོག་གཏོང་པ་ལ་ངོ་མ་སེམས་གཏིང་ནས་སྐྱོ་སོང་། ཤུལ་ལུས་ཕ་མ་རྣམས་ལ་མྱ་ངན་འཚམས་འདྲི་ཞུ་བཞིན་ཡོད།
ཀྱེ་མ་ཀྱི་ཧུད།
༼འབར་དང་འབར་བཞིན་པའི་མཐོ་སྒང་གི་དཔའ་བོ་ཚོ ༽
ཁྱེད་ཚང་ལ་སེམས་པ་དུང་ལས་དཀར་བའི་སྐྱེད་མ་དང་།བརྩེ་དུང་གིས་ཕྱུག་པའི་དགའ་མ་མེད་པ་མིན་ལ། མ་འོངས་མདུན་བསྐྱོད་ཀྱི་ལམ་བུ་ཆེས་ཡིད་དུ་འོང་བ་མེད་པ་ཞིག་དེ་བས་ཀྱང་མིན།
ད་དུང་ཁྱེད་ཚང་གི་གདོས་བཅས་ལུས་ཀྱི་གོང་བུ་ནི་ཟུག་ཟེར་གྱི་ཚོར་བ་དང་བྲལ་བའི་རི་བོ་མཆོག་རབ་ལྟ་བུའི་བེམ་དངོས་ཞིག་ཀྱང་མིན་ལ།
རང་ཤུལ་དུ་ལུས་པའི་དྲིན་ཅན་གྱི་ཕ་མ་དང་། སྙིང་སྡུག་གི་དགའ་མ་དག་ལ་བཅངས་པའི་ལྷད་མེད་བརྩེ་སེམས་ཀྱི་ཟེར་བརྒྱ་དབེན་པ་དེ་བས་ཀྱང་ག་ལ་ཡིན།
འོན་ཀྱང་ཡབ་མེས་ཚོས་རྔུལ་ཆུའི་ཐིགས་པ་རེ་རེ་ལས་བཞུར་བའི་རིགས་གཞུང་དང་གདོང་དམར་
ས་ཡ་དྲུག་གི་
སྙིང་ལ་བཅངས་པའི་བདེན་པའི་འཐབ་རྩོད། རྒྱ་ནག་ཀླ་ཀློའི་དཔུང་གི་འོག་མི་སྤྱོད་ལས་འདས་པའི་མྱངས་དང་མྱོང་བཞིན་པའི་མནར་གཅོད་ཀྱི་སྡུག་བསྔལ་དག་ཐོས་ན་སྙིང་རྩ་འདར་སིག་སིག
མཐོང་ན་དམྱལ་ཁམས་ཀྱི་སྡུག་བསྔལ་དྲན་ལྷང་ལྷང་། བསམ་ན་སེམས་ཀྱི་འཆར་གཞི་དཀྲུགས་བྱེད་
ཀྱི་གཞི་དག་ལ་འཁྲེང་བའི་བཅོས་མིན་གྱི་རང་རིགས་ལ་ཞེན་པའི་ལ་རྒྱའི་སེམས་པ་དྭངས་གཙང་ཞིག་ཡོད་པ་ལོས་བདེན། ལོས་ཡིད་ཆེས་བྱེད།
ལོས་རིགས་རུས་གཅིག་ལས་མཆེད་པའི་བོད་མི་ས་ཡ་དྲུག་གི་སེམས་ཁོངས་ན་རྟག་ཏུ་ཁྲ་ལྷམ་མེར་བཞད།།