ས་འཛིན་དཀར་པོ།
ཀ་དག་མངོན་སངས་རྒྱས་པའི་འཇིག་རྟེན་མགོན།།
ཁ་བའི་བསིལ་ལྗོངས་ཡུལ་གྱི་མགོན་ མཆོག་ཉིད།།
ག་དུས་ཡིན་ཡང་བརྩེ་བའི་འཛུམ་ མདངས་ལྡན།།
ང་ཚོའི་མི་རིགས་གཟི་བརྗིད་མཆོག་ ཉིད་བསྐྲུན།།
ཁ་བའི་བསིལ་ལྗོངས་ཡུལ་གྱི་མགོན་
ག་དུས་ཡིན་ཡང་བརྩེ་བའི་འཛུམ་
ང་ཚོའི་མི་རིགས་གཟི་བརྗིད་མཆོག་
ཅ་ག་གངས་ཅན་མི་རིགས་བདེའི་དོན་ བརྩོན།།
སྙན་ངག
ཆ་སྲོལ་ཀུན་ལ་མཐུན་པའི་ལུགས་ཤི ག་འཛིན།།
ཇ་ཤིང་འདབ་བཟང་རྒྱས་པའི་ཡོན་ཏན་ བཀྲ།།
ཉ་གང་འཛུམ་ཞལ་འཁྱུད་པས་ཁྱེད་ཉི ད་རྒྱལ།།
ཏ་ལེ་མངོན་པའི་ཞི་བདེའི་གཟེངས་ རྟཊ་དེ།།
ཐ་གྲུ་རྒྱལ་ཁམས་ཡོངས་ཀྱིས་ཁྱེད་ ལ་ཕུལ།།
ད་ཐེངས་ལོ་གྲངས་ཉེར་ལྔ་འཁོར་བའི ་ཉིན།།
ན་ཟླ་འུ་ཚོས་མགོན་མཆོག་རྟེན་འབྲ ེལ་བསུ།།
པ་ལོ་བཞིན་དུ་ཆོལ་གསུམ་ཆིག་སྒྲི ལ་དང་།།
ཕ་མེས་རུས་གཅིག་འཛིན་པའི་ལ་རྒྱ་ དང་།།
བ་ཐག་ལྟ་བུའི་ལྷོད་མེད་དུང་སེ མས་དང་།།
མ་ལུས་འུ་ཚོས་མ་བརྗེད་སེམས་ལ་ཆོ ངས།།
ཙ་ར་ཏྲ་ལྟར་དྲི་མེད་ཐུགས་གཤིས་ དཀར།།
ཚ་བའི་ཉམ་ཐག་ཀུན་ལ་བྱམས་ཀྱིས་སྐ ྱོང་།།
ཛ་དྲག་མི་རིགས་ཤིག་དོན་དཀའ་བ་སྤ ྱད།།
ཝ་མོ་བློ་ངན་ཚོགས་ཀུན་ཁྱེད་ཀྱི ས་བཅོམ།།
ཞྭ་སེར་འཇམ་མགོན་བླ་མའི་ཐུགས་ཀྱ ི་སྲས།།
ཟ་འོག་སྣ་ཚོགས་གོས་ཀྱི་ལོངས་འཚོ ་སྤངས།།
འ་ཅག་མགོ་ནག་ཡོངས་ཀྱི་མགོན་པོ་ མཆོག།
ཡ་ཐོད་གངས་ཅན་བོད་པའི་ལྷ་སྐལ་ཡི ན།།
ར་བ་གངས་རིས་བསྐོར་བའི་ཞིང་ཁམས་ སུ།།
ལ་ཁའི་ཉི་མ་ཤར་ལྟར་ཞབས་བཅག་བསྩོ ལ།།
ཤ་ཁྲག་རུས་པ་གཅིག་པའི་གཞིས་ལུས་ སྤུན།།
ས་མཐར་གྱེས་པའི་ཨ་ཇོ་ཕེབས་སྒུག་ བྱས།།
ཞྭ་ཟེར་འཇམ་མགོན་བླ་མའི་ཐུགས་ཀྱི་སྲས། །
ཟ་འོག་གོས་ཆེན་གྱོན་སྲོལ་རིང་དུ་སྤངས། །
འ་ཅག་བོད་མནར་ཡོངས་ཀྱི་མགོན་དང་སྐྱབས། །
ཡ་ཐོད་ས་ལ་གཏུག་ནས་གུས་ཕྱག་འཚལ། །
རྩེ་གཅིག་གསོལ་བ་འདེབས་སའི་ང་ཡི་མགོན།
ཤཱཀྱའི་བསྟན་པ་འཛིན་པའི་བསྟན་འགྲོའི་མགོན།
གླིང་སྲིད་ཐབས་ཀྱིས་སྐྱོང་བའི་སྤྱི་ནོར་མགོན།
མགོན་པོ་ཁྱོད་ལས་མགོན་ཞིག་མི་དགོས་མགོན།
གངས་ཅན་འགྲོ་བའི་བསོད་ནམས་ཀྱིས་ཆོག་པའི་གསོལ་བ་སྨོན་ལམ་ཡང་ཡང་ཞུ་བཞིན་དུ་ཕུལ་བ་དགེའོ།
། གངས་ལྗོངས་ཆོས་ཀྱི་གཙུགས་རྒྱན་། བོད་མི་ཡོངས་ཀྱི་མགོན་སྐྱབས། འཛམ་གླ྄ིང་ཞི་བདེའི་ལམ་སྟོན་པ། སྐུ་ཚེ་མི་འགྱུར་རྡོ་རྗེ་བྲག་ལྟར་གནས་པའི་སྨོན་ལམ་ཞུ།