གྲགས་པ་ནས།
བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ནས་ད་ནང་ཞོགས་ཀ་ཚོུད་༧ཙམ་ལ་ དགེ་འདུན་པ་ཞིག་གིས་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་ནས་རང་ལུས་མེ་སྲེག་བཏང་འདུག སྐབས་དེའི་གནས་ཚུལ་རྒྱུས་ལོན་བྱས་སྐབས་བོད་རིགས་བུ་མེད་ཅིག་གིས་དངོས་སུ་མཐོང་ནས་འབྲེལ་བརྗོད་བྱས་པ་ལྟར་ན། དགེ་འདུན་པ་དེས་ལག་ཏུ་བོད་ཀྱི་རྒྱལ་དར་ཕྱར་ནས་རྒྱུགས་ཞོར་དུ་༧རྒྱལ་བ་བསྟན་ འཛིན་རྒྱ་མཚོའི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རང་བཙན་གཙང་མ་ཡིན། ཟེར་ནས་འབོད་ཚིག་དེ་བསྒྲགས་པ་གོ་སོང་ཟེར། དེ་ནས་གནས་ཚུལ་དེ་རིམ་གྱིས་རྩད་གཅོད་བཏང་དུས། མཆོད་རྟེན་སྐོར་ལམ་ནས་བོད་རིགས་ཤིག་གིས་ལབ་པ་ལྟར་ན།ངས་མིག་གིས་མཐོང་དུས་གྲྭ་པ་དེས་རང་ལུས་ལ་མེ་སྤར་ནས་རྒྱུགས་ཡོང་གི་འདུག་ཟེར། སྐབས་དེར་གཡས་གཡོན་གྱི་བོད་པ་ཚོས་མེ་གསོད་རྩིས་བྱས་དུས། ཁོང་གིས་ང་འབར་འཇུག་རོགས་གནང་ཟེར་ནས་འུ་ཚུགས་བྱེད་ཀྱིན་འདུག་ཟེར། ཁོང་ཚོས་ད་དུང་བརྗོད་པ་ལྟར་ན་སྐབས་དེར་དགེ་འདུན་པ་དེའི་གཟན་ལ་མེ་ཤུགས་ཆེན་པོ་འབར་ནས་ས་ལ་ཟག་སོང་ཟེར།
ཡིན་ནའང་བོད་པ་ཚོས་སྐབས་དེར་མེ་བསད་ནས་སྨན་ཁང་དུ་ཁྲིད་འདུག དེ་ནས་ང་ཚོས་སྨན་ཁང་གང་ན་ཡོད་དང་། སུ་ཡིན་པ་སོགས་གནས་ཚུལ་རྩད་གཅོད་བཏང་དུས་མིང་ལ་བོད་ཕྲུག་ཟེར་ཞེང་། ཕ་ཡུལ་ཁམས་དཀར་མཛེས་ཡིན་ཅིང་། དེ་སྔོན་དགའ་ལྡན་དགོན་པར་བཞུགས་མྱོང་མཁན་ཞིག་རེད་འདུག ཁོང་གིས་གསུངས་པ་ལྟར་ན་ངས་སེམས་ཐག་བཅད་ཟིན་ཡང་བརྗོད་འདུག ཡང་སྨན་ཁང་གང་དུ་ཡོད་པ་སོགས་གང་ཡང་ཤེས་རྟོགས་བྱུང་མ་སོང་། ད་དུང་གནས་ཚུལ་ཡོང་ཁུངས་ནས་བརྗོད་ན་དགེ་འདུན་པ་དེའི་ལག་པའི་དཔུང་བ་གཉིས་མེས་མང་ཙམ་ཚིགས་འདུག་ཟེར།
དེ་ནས་ད་ལྟ་རང་གི་གནས་ཚུལ་ལྟར་ན། བལ་ཡུལ་ཉེན་རྟོགས་པ་ཚོས་མཆོད་རྟེན་གཡས་གཡོན་དང་བོད་རིགས་སྡོད་སའི་ས་ཁུལ་ཁག་ ལ་རྩེད་གཅོད་ནན་པོ་བྱེད་ཀྱིན་འདུག ཉེན་རྟོགས་པ་མང་ཆེ་བ་ཉེན་རྟོགས་པའི་ཆས་མ་སྤྲས་པ་དེ་འདྲ་རེད་འདུག ཉེན་རྟོག་པ་ཚོ་ནི་སྨན་ཁང་ཁག་ལ་བྲེལ་བ་དང་བཅས་རྒྱུགས་ཀྱིན་འདུག
ཡང་གནས་ཚུལ་བྱུང་བ་ལྟར་ན་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ནས་བོད་པ་ཚང་མ་ཕྱིར་ལོག་བྱས་ནས་རྒྱ་གར་ལ་བཏང་མེད་པའི་གནས་ཚུལ་ཡང་བརྗོད་ཀྱིན་འདུག
ད་ནི་ཁོང་འཁྱོལ་ལ་མི་འཁྱོལ་བའི་རང་ལུས་མེར་སྦར་རྒྱུ་བྱ་བ་དེ་ཚོ་མ་བྱས་ན་ཡག་ཡོང་། ད་དུང་བྱེད་རྒྱུ་མང་དྲག་ན་གཞིས་ལུས་པ་ཚོ་དུས་འཁོར་དབང་ཆེན་སྐབས་རྒྱ་བལ་ས་མཚམས་ནས་གཏོང་རྒྱུ་དཀའ་ངལ་འཕྲད་ན་སུ་ཞིག་གི་འགན་ལེན་ཐུབ་དེ་བས་སྐབས་དང་དུས་ལ་བསྟུན་ནས་ཆབ་སྲིད་ཀྱི་འགྲོ་སྟངས་ཤེས་པ་གནང་ན་མི་ཡག་གམ།།
སྲོག་གི་མཆོད་མེ་འབུལ་བ་འདིའི་ཐད་ལ། ད་ཅི་ཞིག་བཤད་དགོས་པ་རེད་དམ།
ཐོལ་བྱུང་གི་སེམས་ཚོར་བཤད་ན། རྟོག་གེ་བ་ཚོས། ཚོར་བ་མ་བཤད་གནས་ལུགས་ཤོད་ཟེར་གི
འདི་ལ་གནས་ལུགས་ཅི་ཞིག་བཤད་རྒྱུ་ཡོད་པ་རེད་དམ།
ལོ་ཤས་ཀྱི་གོང་ལ་ཨ་རིའི་སྲིད་འཛིན་སྦུ་ཤུས་ཨེ་རག་གི་ཐོག་ལ་དམག་དྲངས་སྐབས། འཚེ་བའི་ལས་རྒོལ་མཁན་ཚོས་དམག་འཁྲུག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་སོང་མོད། ཡིན་ནའང་། རིམ་བཞིན་ཨ་རིའི་དམག་མིའི་ཚེ་སྲོག་ཤོར་འགོ་བརྩམས་པ་ན། ཨ་རིའི་དམག་མི་དེ་དག་གི་ཚེ་སྲོག་དང་རྒྱལ་ཞེན་ལ་བརྩི་བཀུར་བྱེད་མིན་གྱི་ཐོག་ནས་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་གནས་ཚུལ་དེ་མ་མཐའ་ཡང་ཚགས་པར་དང་བརྙན་འཕྲིན་ཁག་ཅིག་གིས་མངོན་ཆུང་དུ་གཏོང་ཅི་ཐབས་བྱས་སོང་།
ད་བོད་ཀྱི་གནས་སྟངས་འདི་ཅི་འདྲ་ཞིག་ཏུ་འགྱུར་རྒྱུ་རེད་དམ། བཀའ་ཁྲི་ཡིས་འདི་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་པའི་ཆབ་སྲིད་ཀྱི་ཤུགས་རྐྱེན་ཞིག་གི་རྒྱུ་རུ་བསྔོ་ཅི་ཐུབ་བྱེད་ཀྱི་འདུག་པ་དེ་ལ་རེ་བ་བརྒྱག་རྒྱུ་ལས་བྱ་ཐབས་གཞན་མི་འདུག
མངའ་རིས་འཕྲིན་ལས་ལགས། ཁུངས་འཁྱོལ་དང་མི་འཁྱོལ་ཟེར་པའི་སྐད་ཆ་དེ་ཁྱེད་རང་གི་ལྟ་ཚུལ་ཞིག་རེད། ང་ཚོའི་ངོས་ནས་ཁོང་དང་ཁོང་ལྟ་བུའི་སྙིང་སྟོབས་དང་ལྷག་བསམ་རྒྱལ་ཞེན་ཅན་ཚོར་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་བྱེད་ཅིང་། ཁོང་ཚོའི་འབོད་སྒྲ་དང་མངོན་འདོད་ངོ་མ་དེ་རྒྱལ་སྤྱིའི་ཐོག་འཇོག་ཐུབ་པར་འབད་རྩོན་བྱེད་མུས་ཡིན། འོན་ཀྱངའགན་ཅི་ཡང་མེད་མཁན་ཁག་གཅིག་གིས་ཁ་སྟོང་པའི་སྐད་ཆ་བཤད་ནས་གང་ཡང་མི་ཕན། དུས་དབང་སྐབས་རྒྱ་བལ་ས་མཚམས་ནས་འགོག་རྒྱུར་དོགས་པ་ཁྱེད་ལ་ཤར་ཡང་ང་ཚོས་དེ་ལྟར་མཐོང་མ་བྱུང་། ལར་ནས་མ་འོངས་པར་དེ་འདྲ་ཞིག་ཡོང་ས་རེད་ལབ་ནས་བག་ཁུམས་སྡད་ན་བོད་དོན་ལས་འགུལ་ནམ་ཡང་ཡོང་ཐབས་མེད། དེས་དགོངས་བཞེས་ན་ལེགས།
རང་གཞན་སྲོག་དང་རྒྱུ་ནོར་ལ། །
མ་གནོད་ཞི་རྒོལ་མཐར་ཕྱིན་ཅིག །
ད་ལྟའི་རྒྱ་གཞུང་སྲིད་བྱུས་ལ། །
ཚ་ཚ་འུར་འུས་བྱེད་དགོས་འདུག །
དྲ་བདག་དང་གསར་འགོད་པ་ལགས། བོད་ནང་གི་བོད་མི་ཚོའི་སྐུ་ལུས་མེ་བསྲིགས་བཏང་བའི་སྐུ་པར་དྲ་ཐོག་ཏུ་བཀོད་པ་ཞིན། ཁོང་གི་སྐུ་ལུས་མེས་བསྲིགས་པའི་སྐུ་པར་དྲ་ཐོག་ཏུ་བཀོད་ན་ཅི་མ་རུང་ལགས།།
ང་ཚོའི་དཔའ་རྒོད་ཚོས་སྙིང་སྟོབས་ལ་ཡི་རངས་བྱེད་རྒྱུ་ལས་ད་དུང་དེ་ལ་མི་དགའ་བའི་རྣམ་འགྱུུར་སྟོན་མཁན་རེ་ཟུང་གསལ་འདུག་དེ་ནི་རང་ཉིད་ཀྱི་འདོད་བློ་ཡིན་དུས་བརྗོད་ནུས་པ་ཞིག་མ་རེད་གྲགས་པ་ལགས་ཀྱི་གསུང་པ་ལྟར་ལས་མི་འདུག་ཡ།
ཁག་གཅིག་གི་འགན་ཁུར་མེད་པའི་བཀའ་མོལ་དང་། རང་དོན་དངོས་འགྱུར་དང་། སྤྱི་དོན་རྒྱབ་བསྐྱུར་གནང་འདུག་པས། དེའི་རིགས་དྲ་ལམ་འདི་འདྲའི་ནང་བཀོད་ན་ཕན་ལས་གནོད་ཆེ་བ་མཐོང་། མངའ་རིས་ཕྲིན་ལས་ཞེས་པ་བོད་པ་མིན་ན་དགོངས་དག་ཞུ།
ལྷག་བསམ་ལྡན་པའི་དྲ་གྲོགས་གྲགས་པ་ལགས་དང་། ཆོས་སྒྲོན་རྣམ་གཉིས་ནས་དགོངས་ཚུལ་གསུང་དགའ་བསུ་ཡོད། དེ་སྔ་བར་བོད་ཕྱི་ནང་རང་རིགས་དཔའ་བོ་དཔའ་མོ་བཅུ་ཁྲག་ལྷག་སྐུ་ལུས་སྒྲོན་མེར་ཕུལ་གནང་བ་ནི་ཧ་ལས་པའི་བློ་སྟོབས་དང་། ལྷག་བསམ་ཡིན་པ་སྨྲོས་མེད་ཀྱིས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ལས་མ་མཆིས། འོན་ཀྱང་ཁོང་རྣམས་དེ་ལྟ་བུ་བོད་མི་རིགས་ལར་ཞེན་སྙིང་སྟོབས་ཅན་ཚོ་སྐུ་སྲོག་ཤོར་བ་ཡིན་ན་གནོད་ལས་ཕན་ཆེ་བ་མེད་པ་མཁྱེན་གསལ་རེད། ཐབས་ལམ་གཞན་དང་གཞན་གྱི་ཐོག་ནས་སྐུ་གསོན་པོར་བཞུགས་ནས་ཕྱག་ལས་གནང་ཐུབ་ན་དགེ་མཚན་ཆེ་བར་མཐོང་ནས་ཞུས་པ་ཡིན།
ནམ་མཁའ་འབྲུག་གྲགས་ནས་ རངལུས་མེར་སྲེག་ངོས་རྒོལ་ཚོ་ལ་རྗེས་སུ་ཡིད་རང་ཞུ།
བོད་དོན་ཆེད་དུ་རང་ལུས་མེར་བསྲེགས་སུ་འབུལ་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ལྷག་བསམ་རྣམ་དག་གི་བྱ་བར་ཡི་རང་ཞུ་རྒྱུ་དང་། ང་ཚོས་ད་ཕྱིན་རང་གི་ཚེ་འདིར་ཐེངས་གཅིག་བོད་དོན་ཆེད་ཤི་བ་ལས་ཐེངས་མང་ཙམ་ཤི་ཐུབ་ན་དགེ་མཚན་ཆེ་བ་ཡོད་པས་བསམ་བློ་ཞིབ་ཚགས་དང་ཕུགས་རྒྱང་པོའི་ལས་འགུལ་སྤེལ་ཐུབ་པ་དགོས་རྒྱུ་གལ་ཆེ། ལྷག་པར་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་གྲུབ་འབྲས་ཇེ་ཆུང་དང་། དེའི་དམིགས་འབྲས་གང་བྱུང་ཐོག་དེ་བས་བསམ་བློ་གཏོང་རོགས། ངའི་སྙིང་ནས་བརྩེ་བའི་བུ་རིགས་སྤུན་ཟླ་ཚོ་ལགས།
མངའ་རིས་འཕྲིལ་ལས་ལགས། ཁྱེད་ཀྱི་གསུང་སྟངས་དེ་ནང་བཞིན་དེ་སྔོན་ད་སའི་བསྟན་འཛིན་བརྩོན་འགྲུས་ཀྱིས་ཀྱང་དེ་ག་རང་གསུངས་སོང་། གཅིག་བྱས་ན་ཁྱེད་ཀྱིས་ཀྱང་ཁོང་གི་གསུངས་དེ་གོ་ནས་ལད་ཟློས་བྱས་པའང་ཡིད་སྲིད། གང་ལྟར་ཀྱང་སྐད་ཆ་དེའི་རིགས་ནི་ནུས་མེད་རེད། ཕྱོགས་གཅིག་ནས་བོད་ནང་གི་གནས་སྟངས་མ་མཁྱེན་པའི་རྟགས་ཤིག་ཀྱང་རེད་འདོད། བོད་ནང་གི་བོད་རིགས་སྤྱི་དང་། ལྷག་པར་ཨ་མདོ་རྔ་པ་ཁུལ་དང་ཁམས་དཀར་མཛེས་སོགས་ས་ཁུལ་ཁག་གཅིག་ལ་མི་སྤྱོད་ལས་འདས་པའི་དྲག་གནོན་དང་། བཙན་འཛུལ་བྱས་ཡོང་དུས་ལས་འགུལ་ལ་གདམ་ཀ་བྱེད་རྒྱའི་གོ་སྐབས་ཤིག་གང་ན་ཡོད། གལ་སྲིད་ཁོང་རྣམ་པར་གདམ་ཀ་བྱེད་རྒྱུའི་ལམ་ཁ་ཞིག་ཡོད་ན་ད་ལྟ་དེ་འདྲ་་བའི་ཚེ་སྲོག་འགྲོ་དགོས་དོན་མེད། ཐད་ཀར་འབྲེལ་བཤད་ཅིག་རྒྱབ་ན། ཁོང་རྣམ་པར་སྐད་འབོད་ཀྱི་རང་དབང་ནི་མེད། ཞུ་གཏུགས་ཀྱི་རང་དབང་ནི་མེད། རང་གི་བདེ་སྡུག་གི་དོན་མཚོན་པའི་རྣམ་འགྱུར་ཙམ་ཡང་ཕྱི་ལ་བཏོན་ཆོག་གི་མེད་ཅིང་། རང་ཉིད་ཀྱི་མངོན་མདོད་དེ་འགྲུབ་ཆེད་ཟས་བཅད་ངོ་རྒོལ་སོགས་ཞི་བའི་ལས་འགུལ་གྱི་རྣམ་པ་གཅིག་ཀྱང་ཕྱི་ལ་བཏོན་མི་འཇུག་པར་རང་དབང་གི་གོ་སྐབས་ཡོངས་སུ་བྲལ་ཡོང་དུས། གདམས་ཀ་འདི་འདྲ་ཞིག་ལས་འདེམས་རྒྱུ་མ་རག་པ་རེད། གདམས་ཀ་འདི་ནི་ཁོང་ཚོ་ཚང་མ་འུ་ཐུག་ཐབས་ཟད་པ་རེད་མ་གཏོགས། དེ་ལས་གཞན་པའི་གདམས་ཀ་ཡོད་བཞིན་དུ་དེ་མ་འདེམས་པར་རང་ལུས་མེ་བསྲེག་བཏང་པ་དེ་འདྲ་གཏན་ནས་མིན།
ད་དུང་ཁྱེད་ཀྱིས་རང་ལུས་མེ་སྲེག་བཏང་པ་དེ་ཕན་ལས་གནོད་ཆེ་ཟེར་པའི་སྐད་ཆ་དེ་ངའི་ངོས་ནམ་ཡང་ཁས་ལེན་ཐབས་བྲལ། རང་ལུས་མེ་སྲེག་བཏང་ནས་རྒྱ་གཞུང་ལ་ཞི་བའི་ལམ་ནས་ངོ་རྒོལ་བྱས་པ་དེས་བོད་དོན་དེ་རྒྱལ་སྤྱིའི་ཐོག་འཇོག་ཐུབ་པ་གནང་བ་དེ་དང་། སྟོབས་ཆེན་གྱི་རྒྱལ་ཁ་ཨ་རིའི་གཙོ་བྱས་པའི་རང་དབང་དང་ཞི་བདེ་ལ་དགའ་བའི་ཆེས་མཐོའི་མི་སྣ་དེ་ཚོས་སྔར་ལས་ལྷག་པའི་དོ་སྣང་དང་། རྒྱབ་སྐྱོར་གྱི་རྣམ་པ་ཤུགས་དྲག་བྱས་ཡོད་པ་འདི་ཚོ་ནི་ཁོང་ཚོའི་བླ་ན་མེད་སྙིང་སྟོབས་ལས་བྱུང་བ་ཞིག་རེད་ལ། ང་ཚོའི་རྒྱལ་ཁ་ཡང་རེད་སྙམ། དེས་ན་ཁྱེད་ཀྱིས་ཕན་ལས་གནོད་ཆེ་ཟེར་བ་འདི་ཅི་ལ་དགོངས་པ་ཡིན། མཇུག་མཐར་ངས་ཁྱེད་ལ་འདྲི་རྒྱུ་ཞིག་ལ། ཁོང་ཚོའི་ལས་འགུལ་དེ་ལ་འདི་བྱོས་དང་འདི་མ་བྱེད་ཟེར་པའི་གདེངས་ཚོད་ག་འདྲ་ཡོད་ཟེར་པ་དང་། བྱ་མ་སྐྲོག་ནས་སྒོ་ང་ལེན་ཐུབ་བམ།
བློ་མཐུན་གྲགས་པ་ལགས་ནས་གནས་ཚུལ་ཁྱབ་བསྒྲགས་གནང་བར་དགའ་ནས་ཡོད།
དེ་ག་རང་གྲགས་པ་ལགས་གསུང་པ་དེ་བདེན་པ་རེད། ཐབས་ཤེས་གཅིག་ཡོད་པ་ནི་རང་སྲོག་བློས་བཏང་བཟིན་པ་ཡིན་ཙང་རྒྱ་དཔོན་ཁ་ཤས་དང་མཉམ་དུ་ཤི་བ་ཡིན་ན་དེ་ལས་ཁྱབ་སྒྲག་ཆེ་བ་དང་ཕན་ཐོག་ཆེ་བ་ཡོང་མཉམ་འཚེ་མེད་ཞི་བའི་ཐབས་ལམ་དང་འགལ་ཞེ་ན་འུ་ཐུག་ཐབས་ཟད་པ་དང་། རྒྱ་ནག་གཞུང་གི་མཉམ་དུ་མི་ལོ་ལྔ་བཅུའི་རིང་ལ་ཞི་བའི་ཐབས་ལམ་གྱི་ཕན་འབྲས་མ་བྱུང་བའི་ཕྱིར།
འཕྲིན་ལས་ལགས། བསྐྱར་དུ་དགོང་ཚུལ་གསུངས་པར་དགའ་བསུ་ཡོད། རྒྱ་དཔོན་ཁ་ཤས་མཉམ་དུ་ཁྲིད་ན་གསུང་པ་དེ་ཁོང་ཚོའི་མངོན་འདོད་ཡང་མིན་ལ། བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཐབ་ལམ་དང་ཡང་འགལ་བའི་ཕྱིར། གལ་སྲིད་རྒྱ་དཔོན་ཁ་ཤས་མཉམ་དུ་ཁྲིད་པ་ཡིན་ན་དབྱིན་ཇིའི་སྐད་ལ་terrorism ཟེར་པའི་མིང་འདི་དངོས་ཡོད་ཀྱིས་ཐོག་སོང་བ་རེད། ད་ལྟ་་ཁོང་རྣམ་པའི་ལས་འགུལ་འདི་འཚེ་མེད་ཞི་བའི་རྒྱ་ལས་མ་འདས་པ་ཡིན་ཙང་རྒྱལ་སྤྱིའི་ཐོག་ནས་བོད་དོན་ཐོག་རྒྱབ་སྐྱོར་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པ་རེད། འདི་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་གི་ཁ་གཏད་དུ་ལངས་མཁན་གྱི་གྲངས་ཉུང་མི་རིགས་ང་ཚོ་ལྟ་བུ་ཞིག་ལ་མཚོན་ན་རྒྱལ་ཁའི་སྒོ་མོ་ཕྱེ་བ་རེད་སྙམ། ཁྱེད་ཀྱིས་མི་ལོ་ལྔ་བཅུའི་རིང་ལ་ཞི་བའི་ཐབས་ལམ་གྱི་ཕན་འབྲས་མ་བྱུང་གསུངས་པ་དེ་ནོར་འཕྲུལ་ཅན་གྱི་སྐད་ཆ་རང་རེད། ད་བར་དུ་༧གོང་ས་མཆོག་གིས་དབུ་ཁྲིད་ནས། རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་འདི་འདྲ་ཞིག་གི་ཁ་གཏད་དུ་ལངས་ནས་འཛམ་གླིང་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་གྱི་སྟོབས་ཤུགས་རྒྱས་པ་འདི་ཚོ་ནི་ཕན་འབྲས་སམ་གྲུབ་འབྲས་རེད།
ཡང་གཅིག་བཤད་ན། ཁྱེད་ཀྱིས་མི་ལོ་ལྔ་བཅུ་འདས་ཟིན་པ་འདི་ཧ་ཅང་གི་རིང་པོ་ཞིག་ལ་དགོངས་ཀྱིན་ཡོད་ན། དེ་ཡང་འདོད་ཐག་ཐུང་དྲག་པ་རེད། དེ་སྔོན་མཁས་དབང་ཟམ་གདོང་བླ་མས། མི་ཞིག་གི་མི་ཚེའི་ནང་བསམ་བློ་བཏང་ན་ལོ་ལྔ་བཅུ་དང་དྲུག་ཅུ་ཟེར་པ་དེ་རིང་བོར་མཐོང་སྲིད་ཀྱང་། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བྱུང་རབས་ཀྱི་དོན་སྙིང་གི་སྟེང་ནས་བསམ་བློ་བཏང་བ་ཡིན་ན་མི་ལོ་ལྔ་ཅུ་དང་དྲུག་ཅུ་ཧ་ཅང་རིང་པོ་མ་རེད་གསུངས་པ་གོ་ཐོས་བྱུང་། དཔེ་མཚོན་དུ་རྒྱ་གར་དབྱིན་ཇི་འོག་ནས་མི་ལོ་༢༠༠ལ་བསྡད་པ་དེ་ལུང་འདྲེན་གནང་བྱུང་། དེ་དངོས་ཡོད་རེད། ཁྱེད་དང་ཁྱེད་ལྟ་བུའི་རིགས་གཅིག་གིས་བོད་མིའི་ལས་འགུལ་འདི་དྲག་པོའི་ངོ་བོར་བསྒྱུར་དགོས་འདོག་དང་། འཚེ་མེད་ཞི་བའི་ཐབས་ལམ་ལ་ཕན་འབྲས་མེད་པར་བརྗོད་པ་འདི་ཕྱོགས་གཅིག་ཁོ་ན་ལས་མ་མཐོང་བའི་མཐར་ཟག་འདུག་པ་མཐོང་བྱུང་།
དྲ་གྲོགས་རྩམ་དགའ་ཕེབས་པར་དགའ་བསུ་ཡོད། མ་མཇལ་ཡུལ་རིང་།
བཀྲིས’ཤིས’བདེ’ལེགས’
དགེ་འདུན་པ་དེས་སྐུ་གཟུགས་ཞུགས་མེར་སྒྲོན་སྐབས་ང་ཡང་དེར་ཡོད། སྐར་མ་བཅུ་ཙམ་རྗེས་ལ་བལ་པོའི་ཉེན་རྟོགས་པ་སླེབས་སོང་།