དེ་རིང་བོད་ནང་གི་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ལ་མདོ་སྨད་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་ཉེ་འདབས་སུ་ཡོད་པའི་གཙོས་དགོན་པའི་གླིང་སྐོར་ལམ་དུ་བོད་རིགས་བུད་མེད་རང་ལོ་ཉེར་དྲུག་ཡིན་པ་སྒྲོལ་དཀར་འཚོ་ཞུ་བ་ཞིག་གིས་”རྒྱལ་བ་རིན་པོ་ཆེ་བོད་ནང་ཕེབས་འཇུག་དགོས། བོད་མི་རིགས་ལ་རང་དབང་དགོས” ཞེས་སྐད་འབོད་དང་ཆབས་ཅིག་པར་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཐོན་འདུག ཁོང་མོ་ནི། གཙོས་རྟ་གསར་སྡེ་བ་ནས་ཡིན་པ་དང་། ཕ་མིང་ལ་འབྲུག་རྒྱལ་མཁར་དང་མ་མིང་ལ་སངས་རྒྱས་འཚོ་གཉིས་ཀྱི་བུ་མོ་ཡིན་འདུག
གནས་ཚུལ་རྒྱས་པ་སྦྲེལ་ཐག་འདི་ལ་རྡེག་གནོན་གྱིས་གཟིགས་གནང་རོགས།
མི་འཁྲུགས་པའི་གཟུངས་ནི། ཐེག་ཆེན་སྟོབས་ལྡན་གླང་པོའི་ཁྲི་སྟེང་དུ། །པད་ཟླའི་གདན་བཞུགས་ཨིནྡྲ་ནཱི་ལའི་མདོག །ས་གནོན་མཉམ་བཞག་རིན་ཆེན་རྒྱན་གྱིས་སྤྲས། །མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་བསྟོད། །ཨོཾ་བཛྲ་ཨཀྵོ་བྷྱ་སྭཱ་ཧཱ། ན་མོཿརཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྟྭཱ་ནཱཉྩ་སྭཱ་ཧཱ། དགེ་བས་ཁམས་གསུམ་སེམས་ཅན་དང༌། །བར་དོར་འཁྱམས་པའི་ཚེ་འདས་རྣམས། །གནས་ངན་ལེན་ནི་སྤངས་ནས་ཀྱང༌། །མཐོ་རིས་བདེ་བ་ཐོབ་པར་ཤོག །ཤར་ཕྱོགས་མངོན་པར་དགའ་བ་ན། །བཅོམ་ལྡན་མགོན་པོ་མི་འཁྲུགས་པ། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཕྱི་མ་བར་དོའི་ཁམས་ནས་རྒྱུད་དུས་་འཇིགས་སྐྲོག་མེད་པར་དཔའ་མོ་ཁྱེད་བདེ་བ་ཅན་ལ་སྐྱེ་བར་ཤོག
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ད་ང་ཚོས་དངོས་ནས་འཐད་རྩོད་ཀྱི་ཁ་ཕྱོཊ་བསྒྱུར་དགོས་འདུག དེ་ལྟར་མ་བྱས་ཚེ་ང་ཚོའི་དཔའ་བོ་དཔའ་མོ་ཚོ་འདི་ལྟར་གཤེཊ་སོང་ན་ང་ཚོའི་བོད་ནང་གི་སྤྱིའི་འཐད་རྩོད་ལ་ཤུཊ་རྐྱེན་དང་གྱོང་གུད་ཚབས་ཆེན་ཐེབས་ཀི་རེད། རབ་ཡིན་ན་ང་ཚོ་གསོན་ནས་འཐད་རྩོད་བྱེད་དགོས་འདུག -དཀོན་མཆོག་ཡོད་ན་ཉེས་མེད་ཀྱི་ཁོང་ཚོ་འདྲེན་སྲིད་ལ་མཁྱེན་ཡང་སྲིད།
༄།དེང་སང་བོད་ནས་རང་ལུས་མེར་བསྲེགས་བཏང་མཁན་གཅིག་མ་རེད་གཉིས་མ་རེད་་་་་བཅུ་ཕྲག་མང་པོ་བྱུང་ཚར་བ་རེད་་་་་་་་བློ་ཕམ་པའི་གནས་བཏང་མ་རེད་་་་་སེམས་ཤུགས་སྐྱེས་དགོས་པའི་གནས་གཏང་རེད་་་་་་་དེ་འདྲ་ཡིན་དུས་་་་་་ཆོས་གསུམ་མི་དམངས་ཡོངས་གྱི་བསམ་བློ་ཡག་པོ་ཞིག་བཏོང་དགོས་འདུག་་་་་་་་བོད་ནས་གནས་ཚུལ་དེ་འདྲ་ཞིག་བྱུང་འདུག་ཟེར་བཅས་ཡིག་ཐོག་ལ་བཀོད་པ་ཙམ་བྱེད་མི་རུང་་་་་་་་ད་དུང་མི་དགོས་པའི་ཆོལ་ཁག་གི་ཕྱོགས་རིགས་དང་་་་་ཆོས་ལུགས་གི་ཕྱོགས་རིགས་མང་རུ་མང་རུ་འགྲོ་གིན་འདུག་་་་་་་དེ་གད་ངན་པར་དུ་མེད་པ་བྱེད་དགོས་་་་་་་་་་་ལྷག་པར་དུ་དགེ་ལྡན་པ་རྣམས་གཟབ་དགོས་་་་་་་ཐུགས་ལ་བཞགས་རོགས་གནང་་་་་
ད་དངོས་གནས་ང་ཚོའི་འཐབ་བརྩོད་གྱི་ཁ་ཕྱོགས་བསྒྱུར་དགོས་འདུག། བོད་བསྟན་པ་ཆབ་སྲིད་གི་ཆེད་དུ་འདི་འདྲའི་བློས་བཏང་བྱས་ཀྱང། བཙན་བྱོལ་གཞུང་ནི་གོ་མེད་ཚོར་མེད་ངང་གནས་འདུག། ད་ནི་ཆོལ་གསུམ་བོད་རིགས་སྤུན་ཟླ། རང་འགུལ་གྱི་འཐབ་བརྩོད་ཡིན་ན་ངས་བཀག་མི་ཕོད་ལ་བཀག་མི་ཐུབ། སྒྲིགས་འཛུག་བཙན་བྱོལ་སྤྱི་ཚོགས་འདི་ལ་རེ་བ་བྱས་ནས་བློས་བཏང་ཆེན་པོ་དེ་འདྲ་གནང་བ་ཡིན་ན་གྲུབ་འབྲས་མེད་པའི་ཁར་གྱོང་ཞིག་ལས་ཁེ་མེད་པ་ད་གཟོད་ཧ་གོ་སོང། ༧ གོང་ས་མཆོག་བླ་མ་སྐྱབས་མགོན་བརྟེན་པ་ནོར་མེད་ཀྱང་བཙན་བྱོལ་སྒྲིགས་འཛུག་ལ་བློ་གཏད་གནང་བ་ནོར་འདུག། ཆོལ་གསུམ་བོད་རིགས་སྤུན་ཟླའི་ཐུགས་ལ་ངེས་པར་གནང་རོགས།
ཨེ་་་དྲྭ་འབུ་ཚོ། ཁྱོད་ཚོ་ལ་མིག་ཡོད་དང་མེད། ང་ཚོས་བོད་མིའི་བདེ་སྡུག་གླེང་བཞིན་ཡོད་དྭ་་ཁྱོད་ཚོ་དེ་རིང་མེད་པ་གང་ཡིན་ནམ། ཁྱོད་ཚོ་ལ་ཡིན་གཅིག་བུ་མེད་མཛེས་མའི་པར་རིས་དང་ཡང་ན་ཆགས་གཏམ་འདྲ་བཤད་ན་མ་གཏོགས་མཆན་འབྲི་མི་ཤེས་པ་ཡིན་ནམ། དེ་མིན་འདིར་མཆན་འབྲི་མི་དགོས་པ་གང་ཡིན་ནམ། འོ་ན་མི་འདོད་པའི་གནས་ཚུལ་ཡོད་དམ། མཆན་མང་ཚམ་བྲིས་ཤིག །
མཆན་འབྲི་དགོས། ཡིན་ནའང་དྭངས་བླང་བ་ཞེས་པའི་མཆན་ནང་བཞིན་མ་བྲིས་ན་བཟང་།
ཨ་ཁ་ཁ།
གཅེས་པའི་ལུས་སྲོག་བཏང་ནས།།
བསྲེག་ཟའི་ཕུང་པོར་གཏིམས་རུང་།།
ལུས་པོ་ས་ལ་འགྱེལ་རུང་།།
ལག་གཉིས་ཐལ་མོ་སྦྱར་འདུག།
སེམས་དང་བསམ་པའི་ཟུར་ན།།
རྒྱལ་བ་ཡིད་བཞིན་ནོར་བུ།།
བདེན་པའི་མེ་དཔུང་ཁྲོད་དུ།།
འབོད་སྐད་ཚིག་གསུམ་བསྒྲགས་སོང་།།
ད་དངོས་གནས་གཞིས་ལུས་བོད་མིས་དབའ་ངར་དང་སེམས་ཤུགས་འདི་གཞལ་མི་ཤེས་པ་ཞིག་དང་ངོ་མཚར་ཁྱད་དུ་འཕགས་པ་ཞིག་ཡིན་་་་་་་་གང་ཞེ་ན་སོ་སོའི་གཅེས་པའི་སྲོག་ཙམ་མ་ཟད་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་ཅིང་དོར་ཏེ་བོད་མི་རིགས་འདིས་བདེན་དོན་ཆེད་ཕུལ་བ་རྨད་དུ་བྱུང་བའི་མཛད་རྗེས་རྣལ་མ་ཞིག
ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ་ ཨོྃ་མ་ཎི་པངྨེ་ཧཱུྃ།
སྙིང་ནས་མྱ་ངན་གུས་འདུད་ཞུ། ཨོཾ་མ་ཎི་པདྨེ་ཧཱུཾ།
དྭངས་བླངས་པ་ཞེས་པ་དེས་བཙན་བྱོལ་སྒྲིག་འཛུགས་ལ་བློ་གཏད་ན་ནོར་བ་རེད་ཟེར། ད་འོ་ན་གུང་ཁྲན་གཞུང་ལ་བློ་གཏད་ན་མ་ནོར་བ་ཡིན་ནམ། འགན་ཁུར་མེད་པའི་སྐད་ཆ་འདི་རིགས་མ་བཤད་ན་བཟང་།
དཔའ་མོ་འདི་ལ་བྱིས་པ་གཉིས་ཡོད་འདུག ད་ནི་སྤུན་མཆེད་དག་འདི་ལྟར་གྱི་ལམ་ལ་ཆས་སུ་འཇུག་ན་ཕན་འབྲས་ག་ཚོད་ཡོད་མིན་ལ་དཔྱད་རན་སོང་། སྨྱུགས་ཐོགས་པ་ཚོས་དཔྱད་གཞི་རེ་ངེས་པར་མཛད་རོགས།
ཨོཾ་མ་ཎི་པདྨེ་ཧཱུྃ། ད་དངོས་གནས་མེར་བསྲེག་བཏང་མཁན་བོད་མི་མང་པོ་ཆགས་སོང་། གྲུབ་འབྲས་གང་ཡང་མི་འདུག བོད་མི་ལྷག་བསམ་ཅན་རྣམས་མེར་སྲེག ཤེས་ཡོན་ཅན་རྣམས་རྒྱ་ནག་གི་བཙོན་དུ་བཅུག ཀླད་མེད་བདག་འདྲ་བ་རྣམས་འདིར་ལྷག་ན་ཕན་ཐུབ་གང་ཡོད་དམ། མེར་བསྲེག་བཏང་རྒྱུ་མཚམས་བཞག་ན་ལེགས་པར་སྙམ།
དཔའ་ངར་དང་ལྡན་པའི་དྲ་གྲོགས་རྣམས་ལ་ཞུ་རྒྱུ། ད་ལྟའི་བོད་མིའི་སྒྲིག་འཛུགས་ངོས་ནས་མ་འདངས་བའི་ཆ་མང་པོ་ཞིག་ཡོད་པ་ནི་སྨོས་མ་དགོས་ཀྱང༌། ལྷག་བསམ་སྙིང་སྟོབས་ཅན་ཁྱེད་རྣམ་པ་ནས་ཞན་ཆའི་འཐུས་ཤོར་འགྲོ་བཞིན་ཡོད་པ་གཟིགས་ཀྱི་ཡོད་ཚེ། སྔ་ཕྱིའི་བོད་ནང་གི་དཔའ་བོ་དཔའ་མོ་རྣམ་པ་དང༌། བཙན་བྱོལ་ནང་གི་གླིང་ཚ་ཚེ་རྟེན་རྡོ་རྗེ་ལ་སོགས་པ་ལྟར་རང་རང་གི་ལྕོགས་ཚོད་ཀྱིས་ལས་དོན་སྒྲུབ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཡིན་པ་ལས། སོ་སོའི་ལས་དོན་སྣེ་གཅིག་ཀྱང་མ་སྒྲུབ་པར་མི་གཞན་མ་འདྲེས་པའི་ཆོས་བཅོ་བརྒྱད་ཤོད་མཁན་རྣམས་ནི། ཁ་ནང་དུ་མ་འཁོར་བའི་གཏམ་དུ་ཟད་དོ།།
ཕྱི་རྒྱལ་བཞུ་མཁན་ཚོ་ནི་རང་དོན་རང་ཁྱིམ་ཆེད་དུ་རེད་བཞ་ བོད་དོན་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ་ངས་བྱས་པ་ཡིན་ན་
དེ་ཚོ་ནི་མིང་དངསྙན་གྲགས་ཁོ་ནིའི་ཆེད་དུ་རེད་བཞ་ ལྷགས་བསམ་དག་པའི་དོག་བྱེད་མཁན་ ཉུང་བ་ཞིག་རེད་བཞག་
ད་་ཡིན་ན་ཕྱི་རྒྱལ་ཞེདཐོས་པ་ཙམ་ཀྱི་ཁོང་དྲོ་དང་དེ་བས་རང་མི་ལ་ཕན་པའི་བྱ་བ་བྱེད་ས་མིན་
དེ་བས་ཧང་སང་བ་ཤིག་ལ་ཕྱི་རྒྱལ་ཀྱི་བོད་ཕྲུ་ཚོ་ལ་ཅི་ཟིག་ དེ་ཚོའི་བྱིད་བཏང་དང་ཕ་མར་བྱམས་ཀྱོང་ནི་ སྤོང་པོ་ཁོ་ནའི་བྱེད་བཏང་རེད་ ངའི་བསམ་པར་ཕྱི་རྒྱལ་་ཀྱི་བོད་རིགས་ཕར་ཐུནཕྲིན་དང་རོགས་པ་ལྷགས་་བསམ་རྣམསདག་བྱེད་ཀྱི་བསམ་བྱུང་
རང་ཉིད་ཀྱི་ཕ་ཡུལ་ལས་སྐྱིད་པའི་ས་ནི་མེད་ དུ་ནམ་ཡང ད་ཡིན་ན་མ ཡོང་;;;;;;;;;;;;;;;;;;;;;;;
མ་འགྲིག་བཅོ་བརྒྱད། ཅེས་ནོར་བཅོས་ཡོང་བ་ཞུ།
ཨོཾ་མ་ཎི་པདྨེ་ཧཱུྃ། ད་དངོས་གནས་མེར་བསྲེག་བཏང་མཁན་བོད་མི་མང་པོ་ཆགས་སོང་།
སྙན་དགོན་སྤྲུལ་སྐུ་གསུངས་རབ་རྒྱ་མཚོའི་ཞལ་ནས། དུས་དབྱར་གྱི་ལུང་བ་རེ་རེའི་ནང་ཤེད་ན། ཁོང་འབུ་སྲིན་ཕྲ་མོ་ཟུར་ཟུར་རྒྱུ་བ་ཡི། གྲངས་འདི་འདྲ་འཛམ་གླིང་མི་ཡི་གྲངས་ལ་ཡང། ་རྙེད་དཀའ་ན་དལ་འབྱོར་རིན་ཆེན་ཇི་ལྟར་རྙེད། དོན་དེ་ལྟར་བསམས་ན་སྟོང་གསུམ་ཁྱོན་གང་བའི། ་་རྒྱ་མཚོ་རུ་གསེར་གྱི་གཉའ་ཤིང་བུ་ག་རུ། རུས་སྦལ་གྱི་མགྲིན་པ་འཕྲད་པའི་སྲིད་དཀའ་ཡི། དཔེ་དེ་ལ་བདག་སེམས་འཕྲིགས་སུ་ཚུད་པར་གྱུར། ་་ཞེས་དང། ད་འོན་ཏེ་ཁོ་བོའི་བློ་ཡི་དཔྱད་ན་ཡང། རྒྱུ་དགེ་བའི་ལས་ལ་ཅི་ཙམ་བརྩོན་དཀའ་བ། དེ་ཙམ་དུ་འབྲས་བུ་བདེ་འགྲོའི་འགྲོ་བ་ཡང། སྙེད་དཀའ་བ་རིགས་དཔགས་ན་ཤེས་པར་སླ། ཞེས་སོགས་དང། དེ་བཞིན་དུ་མདོ་ལས་ཀྱང་གསུངས་ན། ང་ཚོས་ཀྱང་དོན་གཉིས་བསྒྲུབས་པའི་བྱ་བ་ལ་ཞུགས་ནས་དོན་ལྡན་གྱི་སྙིང་པོ་རེ་ལེན་པ་དང་གཞན་ལ་ཡང་དེ་མཚུངས་བསླབས་བྱ་བྱེད་པ་ལས། རང་ཉིད་ལ་སྐད་ངལ་ཅུང་ཙམ་བྱུང་བ་ལ་འག་སྐད་རི་ལུང་བ་ཐམས་ཅད་གང་རེ་ཤོར་ནས་གཞན་ལ་ཕང་སེམས་མེད་པར་མཐོ་ཉམས་དང་རྫིག་ཉམས་བསྟན་པ་རྣམས་ནི་དགྲ་བོའི་སྤྱོད་པ་ལས་མ་འདུས་སོ།
ལྷོ་འཛམ་བུ་གླིང་བར་མིག་ཡོད་ན། །
ཁྱི་མཉམ་འབྲེལ་རྒྱལ་ཚོགས་རྣ་ཡོད་ན། །
རྒྱ་གུང་ཁྲན་ཏང་ལ་སེམས་ཡོད་ན། །
བོད་གདོང་དམར་ཚང་ལས་ཡོད་ན། །
ངེས་པར་དུ་དབུས་བོད་མིས་སྒྲིགས་འཛུགས་དང་དེ་བའི་མཛད་གཙོ་རྣམས་པ་ལྷག་པར་དུ་༸རྒྱལ་བ་རིན་པོ་ཆེ་གཙོས་པའི་ས་གནས་སོ་སོ་བླ་ཆེན་རྣམ་པས་འཚམས་མཇོག་དགོས་པའི་དཀའ་སློབ་དང་འབོད་བསྐུལ་དགོས་སྣང་དྲན་་་་སེམས་སྟིང་གི་བསམ་ཚུལ་དྲང་མོ་ཡིན་་་བསམ་ཆ་ཡོད་ན་མི་ཐུད་དེ་དྲི་རོགས་་གལ་ཆེན་རེད་་
འདས་ཟིན་པའི་རྗེས་སུ་བསྔོ་སྨོན་གང་ཤེས་ཞུ། དགེ་བས་འཕངས་པའི་ཚེ་དང་བསོད་ནམས་ཟད།།འཇིགས་རུང་བདུད་དང་གཤིན་རྗེས་ཕ་རོལ་འཁྲིད།།མགོན་མེད་ཉམ་ཐག་བར་དོའི་འགྲོ་བ་ལ།།ཐུགས་རྗེས་གཟིགས་ཤིག་བླ་མ་ཡི་དམ་ལྷ།། །།
དགོས་མཁོ་མེད་པའི་སྡིག་དམོད་དང་ཚད་བརྒལ་གྱི་བསྟོད་བསྔགས་སོགས་གང་བྱས་ཀྱང་དངོས་ཡོད་ཐོག་གང་ཕན་གྱི་མ་རེད།༡ཉེ་ལམ་ཆོས་རིག་བཀའ་བློན་ནས་བོད་མིས་རང་ལུས་མེར་བསྲེགས་ཀྱི་བློས་གཏོང་ལས་འགུལ་དེ་འདྲ་ཧ་ལམ་འཛམ་གླིང་ནང་བྱུང་མྱོང་མེད་ནའང་།རྒྱལ་སྤྱིས་དོ་སྣང་དང་ཁྱབ་བསྒྲགས་འདོད་པ་ཁེངས་པ་ཅིག་ཀྱང་བྱུང་མ་སོང་ཞེས་བསྡོམས་བསྐྱོན་པ་ལྟར།རང་ལུས་མེར་བསྲེགས་ཀྱིས་བོད་དོན་ལ་འགྱུར་བ་གསར་པ་ཅི་གང་འགྲོ་ཀི་མེད་པ་དངོས་གནས་རེད།༢བོད་ནང་དཀའ་སྡུག་མང་པོ་ཡོད་ནའང་བོད་མི་རྣམས་གྲངས་ཀ་ཉུང་ཉུང་ཡིན་པས་མི་འཕྲོ་བརླག་མི་འགྲོ་བར་དོ་ནན་དང་གསོན་གནས་ཀྱི་ངང་འཐབ་རྩོད་ལམ་ཁ་ཅིག་འཚོལ་དགོས་འདུག༣ཕལ་ཆེར་བོད་མི་རྣམས་འཕག་འཚག་ཅི་ཙམ་བརྒྱབ་ཀྱང་རྒྱ་ནག་ལ་འགྱུར་བ་གཏོང་རྒྱུ་དཀའ་མོ་ཡིན་པས་ང་ཚོས་གོ་སྐབས་ལ་སྒུག་ན་འགྲིག་པར་སྙམ།༤ཡང་ན་ང་ཚོས་འཐབ་རྩོད་འདི་དོན་དམ་ཐོག་ནུས་པ་འཐོན་པ་ཅིག་བྱེད་དགོས་འདུག དཔེར་ན།དེང་སང་ནང་བཞིན་བཙན་བྱོལ་དབུ་ཁྲིད་རྣམས་བོད་ནང་གི་དཀའ་རྙོག་ལ་གཡོལ་གང་ཐུབ་དང་དེ་ལ་བཙན་བྱོལ་ནས་ལམ་སྟོན་བརྒྱུད་སྐུལ་མེད་ལུགས་བཤད་རྒྱུ་བཞག་སྟེ།བོད་ནང་དམིགས་བསལ་ལས་འགུལ་སྣ་ཚོགས་དངོས་ཤུགས་ཅི་རིགས་ནས་སྤེལ་དགོས་པ་དང་།རྒྱལ་སྤྱིའི་སྟེང་དུའང་ཉི་མ་གཅིག་གཉིས་ཀྱི་ལས་འགུལ་ཙམ་མིན་པར་སྲོག་བློས་གཏོང་ཁོ་ནས་ལས་འགུལ་མི་རྣམས་ཧ་ལས་དགོས་པ།མཉམ་འབྲེལ་རྒྱལ་འཚོགས་ནས་ལག་པ་མ་འཆང་རང་འཆང་ཅིག་བཟོ་དགོས་འདུག༥ངོ་མ་བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་དོན་གྱིས་ཡོད་ན་བཙན་བྱོལ་བོད་མི་ཡོངས་རྫོགས་ལུས་སྲོག་ལ་ལྟོས་མེད་ཀྱིས་བོད་ནང་ལོག་དགོས་ཀྱི་འདུག དེ་འདྲ་བྱས་ན་རྒྱ་ནག་གཞུང་ལ་ཟིང་ཆ་ཆེན་པོ་ཡོང་གི་རེད།
འགྲོ་སོང་གཏོང་དགོས་མེད་པ། །
རང་བཙན་དབུ་ལམ་བསྒྱུར་ཐུབ། །
ཚེ་སྲོག་འགྲོ་སོང་གཏོང་ཡང་། །
དབུ་ལམ་རེ་བ་འབྲལ་སོང་། །
རེ་བ་མེད་པའི་ཐབས་ལམ། །
ད་ནས་དོར་ན་ལེགས་སོ། །
སེམས་ཀྱིས་མ་བཟོད་གཏམ་དེ། །
ཁ་ནས་དབང་མེད་ཤོར་ཐལ། །
འགའ་ཡི་ཐུགས་ལ་ཕོག་ན། །
ཐུགས་དག་དགོངས་དག་ཞུ་ཆོག །
བོད་མིའི་བདེ་སྡུག་ཆེད་དུ། །
མི་བཤད་རང་དབང་མི་འདུག། །།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
བོད་མི་ཚོས་མེར་སྲེགས་ཀྱི་ལས་ཀ་ག་ཚོད་བྱས་ནའང་་་་་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་འགྲོ་རྒྱུ་ནི་ཉིན་མའི་གཉིད་ལམ་རང་རེད། བཙན་བྱོལ་སྒྲིག་འཛུག་གི་དཔོན་པོ་ཚོ་་་་་་ད་ཡིན་ན་་་་་ཁྱོད་ཚོའི་ཚོད་ལྟ་བྱེད་ཡག་གི་ལས་ཀ་དེ་མང་དྲག་སོང་། གྲུབ་འབྲས་ནི་གང་ཡང་མི་འདུག །སྔོན་མ་བོད་རྒྱ་ཞི་མོལ་གྱི་གནས་སྟངས་དང་གཉིས་སུ་མ་མཆིས། མཐའ་མ་དེ་ལ་གཏད་སོ་གང་ཡང་མེད་པ་ཆགས་ཡག་ཉག་གཅིག་རེད། ཁྱོད་ཚོའི་ལུས་ལ་སེམས་ཤིག་གནས་ཡོད་ན་་་་་་ད་ནས་བཟུང་་་་༧ཀརྨ་པ་མཆོག་དང་རྒྱལ་བ་རིན་པོ་ཆེ་་་གཞན་ཡང་བླ་ཆེན་ཁག་ལ་་་་བོད་རིགས་སྤུན་ཟླ་ཚོར་དོན་མེད་ཚེ་སྲོག་ཆུད་ཟོས་མ་བཏང་བའི་ལམ་སྟོན་བཀའ་སློབ་གནང་རོགས་གནང་་་་་ཞུ་དགོས་པ་རེད་་་་་དགོས་པ་ཙམ་དུ་མ་ཟད་་་་་ཞེ་དྲག་ཕྱིས་དྲག་སོང་།
དངོས་གནས་འདས་པོ་ཚོའི་ནང་མི་བུ་ཕྲུག་ཚོ་ཡ་ང་ལ་་་་་ཨ། ད་དུང་དཀའ་ངལ་ཕར་མ་་་་་
མི་ཚེའི་མདུན་ལམ་ལ་ཁག་པོ་ཞེ་དྲག་བཟོས་ཡོད་་་་་་ཁྱེད་ཚོ་ལ་སུ་གང་གིས་བསམ་བློ་བཏང་མཁན་མེད་པ་དེ་་་་་ང་ཚོས་ཧ་གོ་ཡི་ཡོད། བརྡ་སའི་སྒྲིག་འཛུག་ནི་་་་་རང་ཉིད་ཀྱི་རྐུབ་སྟེགས་སྲུང་སྐྱོབ་བྱེད་ཐུབ་ན་དེ་གའི་འགྲིག་པ་རེད་མ་གཏོགས། ཕུགས་རྒྱང་རིང་པོའི་བསམ་བློ་དང་ཁྱེད་ཚོར་སྙིང་རྗེ་ནམ་ཡང་སྐྱེས་མི་སྲིད། སྐད་ཆ་འདི་ནི་ངས་སྔོན་མ་ནས་བཤད་ཡོད་་་་དེ་འདྲ་སོང་ཙང་་་་
ང་ལ་རྒྱ་མིའི་རྒྱུགས་ཁྱི་དང་དོལ་རྒྱལ་རྗེས་འབྲངས་པ་བཅས་མིང་འདྲ་མིན་སྣ་ཚོགས་ཤིག་རག་སོང་། གཟིགས་དང་བཙན་བྱོལ་བ་ཚོར་རྒྱུ་དག་འདུག་པས་་་་གནས་སྟངས་འདི་འདྲའི་འོག་ལ་ད་དུང་་་་བོད་རིགས་ནང་ཁུལ་དཀྲུགས་བཤིག་དང་འཐེན་འཁྱེར་རྐྱང་བྱེད་ནས་སྡོད་ཡོད་རེད་་་་་སྤུན་ཟླ་ཚོ་་་་རང་སྲོག་བློས་བཏང་བྱེད་རན་འདུག་པས།།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་ནས། །
དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་པོའི་ཐུགས་རྗེས་སྐྱོབས་པར་ཤོག །
ལུང་རྟོགས་ལགས། ངས་རྒྱ་མིར་བློ་གཏད་བཅོལ་རོགས་ཞུས་མེད་མ་ཉེས་ཁ་ཡོག་མ་གནང་རོགས། མི་དཀར་པོ་ལ་ཞྭ་མོ་ནག་པོ་མ་བཀོན་རོགས། གྲོགས་པོ། བོད་ནང་དུ་འབྱུང་བཞིན་པའི་གནས་ཚུལ་དེ་ཛ་དྲག་ཆེ་མིན་ངས་ཞུ་མི་དགོས་པ་མཁྱེན་ངེས་རེད། ངས་དབུས་སྒྲིགས་འཛུག་ལ་བློ་གཏད་མ་བཅོལ་ཅེས་པ་དེ་དངོས་གནས་ཡིན། བོད་ནང་གི་དཀའ་ངལ་སེལ་ཐབས་དེ་ཚོ་ཕར་བཞག། བོད་ནང་གི་གནས་ཚུལ་འདི་ཚོར་རང་དབང་ཅན་གྱིས་སྟོབས་ཆེན་རྒྱལ་ཁབ་ཁག་ལ་གནས་ཚུལ་གསལ་པོ་ཞིག་ད་དུང་ཡང་སྤྲོད་ཐུབ་མེད།༼༡༽ དེ་སུས་མ་བྱས་པ་རེད། མ་འཇོན་པ་མ་རེད་མ་བྱས་པ་རེད། ༼༢༽ བཙན་བྱོལ་སྒྲིགས་འཛུགས་གཙུག་དགོས་པའི་རྒྱུ་མཚན་དེ་བོད་མི་མང་ལ་རང་དབང་ཐོབ་ཆེད་ཡིན་ཟེར་གི་ཡོད་མ་རེད་བས། སྒྲིགས་འཛུགས་འདི་བོད་མི་མང་གིས་རང་དབང་ལ་བལྟོས་ནས་འཛུགས་པར་ཞིག་ཡིན་ན། ད་བར་བོད་ནང་དུ་གནས་ཚུལ་ཛ་དྲག་འབྱུང་དང་འབྱུང་བཞིན་པ་འདི་ཚོར་རྒྱལ་སྤྱིའི་མདུན་དུ་ཁྱབ་སྒྲག་བྱེད་མ་ཐུབ་པ་ག་རེ་རེད། ༼༣༽ མི་སྒེར་པས་འགྲོ་གྲོན་བཏང་མ་དགོས་པར་སྒྲིགས་འཛུགས་གིས་མ་དངུལ་འགྲོ་གྲོན་བཏང་ནས་གཞུང་འབྲེལ་གྱི་གནད་ཡོད་མི་སྣ་ཁག་རང་དབང་ཅན་གྱི་རྒྱལ་ཁབ་མདུན་དུ་དྲང་བདེན་ལ་བརྩོད་མི་དགོས་པའི་རྒྱུ་མཚན་ག་རེ་རེད། ༼༤༽ ལམ་དབུ་མའི་ཁ་སྟོང་དེར་བརྟེན་ནས་ད་བར་དུ་བོད་ལ་ཕན་པའི་ལེགས་ཆ་ག་རེ་ལེན་ཐུབ་སོང། མ་ཚད་སྒྲིགས་འཛུགས་ལ་མི་རྒྱུ་གཉིས་ཀ་ཡོད་བཞིན་པའི་སྐབས་འདི་མི་རྒྱུ་འགྲོ་གྲོན་མི་བཏང་ནས་མར་མེའི་ཁྲོམ་བསྐོར་ཐབས་ཆག་ཞིག་གིས་དཀའ་ངལ་སེལ་ཐུབ་གི་རེད་བས། ༼༥༽ ལས་འགུལ་ཁ་ཕྱོགས་འགྱུར་ན་རྒྱ་གཞུང་ལ་སྐྲག་ནས་བསྡོད་པ་དང་རྒྱལ་སྤྱིའི་བཙན་བྱོལ་སྒྲིགས་འཛུགས་བློ་རྩ་བརྟན་པོ་མི་འདུག་ཟེར་རེད་ཟེར་ནས་འཁུམ་ནས་བསྡད་དགོས་པའི་རྒྱུ་མཚན་ག་རེ་རེད། ༼༦༽ བོད་ནང་གི་གནས་ཚུལ་ཚང་མར་རྒྱུས་ལོན་བྱེད་ཐུབ་པའི་གནད་ཡོད་གྱི་མི་སྣ་གདམ་སྒྲུབ་བྱས་སྟེ་གནས་ཚུལ་ཚང་མ་རྒྱུས་ལོན་ཐུབ་པའི་བཀོད་སྒྲིགས་དང་དེ་ཚོར་དགོས་པའི་མཐུན་རྐྱེན་མི་སྐྲུན་པའི་རྒྱུ་མཚན་ག་རེ་རེད། ༼༧༽ བོད་ནང་དུ་འབྱུང་དང་འབྱུང་བཞིན་པའི་གནས་ཚུལ་དེ་ང་ཚོའི་ཧ་གོ་བ་ལས་མང་བ་མ་གོ་བ་ཡོད་རེད། ཡིན་ན་ཡང་གནས་ཚུལ་ཧ་གོ་བ་དེ་ཚོར་གདུང་ལེན་བྱེད་པའི་ནུས་པ་མེད་ན་སྒྲིགས་འཛུག་དགོས་པའི་རྒྱུ་མཚན་ག་རེ་ཡོད་རེད། ༼༨༽ རྒྱལ་སྤྱིའི་བོད་ལ་ཕན་པའི་ཕྱག་ལས་ག་རེ་གནང་ཡོད་རེད། རྒྱ་གཞུང་ལ་ཕར་ག་ཚོད་བསྟུན་ཀྱང་དེར་དཔག་པའི་བཟང་ལེན་ཞིག་ང་ཚོ་སྟེ་བཙན་བྱོལ་སྒྲིགས་ལ་མ་སྤྲད་པར་དེ་རྒྱུ་མཚན་ག་རེ་རེད། ༼༩༽ད་བར་མི་ལོ་ང་གསུམ་རིང་ལ་ལམ་དབུ་མར་བརྟེན་ནས་བོད་ལ་ཕན་པའི་གྲུབ་འབྲས་ག་རེ་ཐོན་སོང། ད་དུང་མུ་མཐུད་ལྟས་ངན་ལན་དབུ་མར་བརྟེན་སྟེ་བོད་ལ་རང་དབང་རེ་བ་ནི་རླུང་འཚུབས་དཀྱིལ་གྱི་མར་མེ་ལྟར་བུ་ཞིག་ལས་གཞན་ཅི། ༼༡༠༽བོད་ནང་གིས་གནས་ཚུལ་དེ་རྒྱལ་སྤྱིའི་དོ་སྣང་བྱེད་ཡུལ་དུ་མ་གྱུར་པ་དེའི་རྒྱུ་མཚན་དེ་ག་རེ་རེད། ངས་དཔྱད་ན་གཞུང་འབྲེལ་མི་སྣ་རེ་ཟུང་ཞིག་གི་ཁྲལ་བསོད་པ་ལྟར་བུ་བྱས་པ་དེས་དུས་ནམ་དུ་ཡང་གྲུབ་འབྲས་ཐོན་མི་སྲིད་པ་མི་ལོ་ང་གསུམ་རིང་གི་ཉམས་མྱོང་ལས་གསལ་ཐུབ་བསམ་གི་འདུག། ༼༡༡༽བཙན་བྱོལ་སྒྲིགས་འཛུགས་འདིར་ལྟར་འཁུམ་ནས་བསྡད་ན་གཞིས་བསྡོད་བོད་པས་འདིར་རེ་སྟོང་རྒྱབ་ཀྱང་གྲུབ་འབྲས་ག་རེ་ཐོན་གི་རེད། ༼༡༢༽ད་ལས་འགུལ་གྱིས་ཁ་ཕྱོགས་མ་འགྱུར་སྟེ་འཁུམ་ནས་བསྡད་ན་དེ་སྔོན་འདས་ཟིན་པའི་དཔའ་བོ་དང་དཔའ་མོ་དེ་ཚོར་གྲངས་ཚད་ཙམ་ལས་གཞན་ཅི།༼༡༣༽བཙན་བྱོལ་སྒྲིགས་འཛུགས་ལ་སྟོབས་ཆེན་རྒྱལ་ཁབ་གཞན་པ་ནང་བཞིན་སྟོབས་འབྱོར་མེད་ཀྱང་ཁྱབ་སྒྲག་ཙམ་བྱེད་པའི་ནུས་པ་ཡོད་དགོས་ངེས་ཡིན་ཡང་མ་བྱས་པ་དེ་སུས་ལན་འདུག འདི་ལྟར་བུའི་ཚོགས་འཁྱམ་ཞིག་ཡོད་པ་ལས་མེད་ན་དགའ་ཆེ་གི་མི་འདུག་བས།་གལ་སྲིད་མེད་པའི་དབང་དུ་བཏང་ན་བོད་ནང་གིས་བོད་མིའི་རང་མོས་གྱི་རང་ས་རང་སྲུང་བྱེད་པ་ཐེ་ཚོམ་ཅི་ཡོད། ལུང་རྟོགས་ལགས་གིས་གཏམ་ལན་གསལ་པོ་གནང་རོགས་གྱིས། དགོངས་འགལ་མེད་པར་ཞུ། བཀྲ་ཤིས་བདེ་ལེགས།
སེམས་དཔའ་ཆེན་པོ་བློ་བཟང་ཚུལ་ཁྲིམས་མཆོག་དང་སེམས་མ་ཆེན་མོ་སྒྲོལ་དཀར་ལགས་མཆོག་རྣམ་གཉིས་
གཙོས་གཞན་དོན་དུ་སྐུ་སྲོག་གནང་མཛད་པའི་སེམས་དཔའ་སེམས་མ་མཐའ་དག་རྗེས་སུ་ཡི་རང་དང་དད་
པ་ཡོད། ང་ཚོ་ཤུལ་ལུས་བོད་མི་མང་གིས་ཁྱེད་རྣམ་པའི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད། ཁོང་རྣམ་པས་
འདི་ལྟར་དགོས་དོན་ནི་རྒྱ་དམར་ཀླ་ཀློ་འདི་ཚོས་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་རང་དབང་གི་
སྒོ་ནས་ཕེབས་མི་འཇུག་པ་དང་། བོད་མི་རིགས་ལ་ཆོས་ལུགས་དད་རང་དབང་མེད་པ་དང་། སྐད་ཡིག་རང་
དབང་མེད་པ་དང་། ཕེབས་བསྐྱོད་རང་དབང་མེད་པ་དང་། མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་
བྱས་དང་བྱེད་མུས་ཡིན་པ་དང་། བོད་ས་ཡོངས་རྫོགས་དམག་གི་དམ་དྲག་འོག་ཚུད་པ་དང་། རང་ས་རང་
སྲུང་གི་བདག་དབང་མེད་པ་སོགས་ལ་བརྟེན་ནས་བྱུང་བ་ཁོ་ན་ཡིན་པས། བཙན་བྱོལ་བོད་གཞུང་ལན་ཁག་
ཅི་ཡང་ཡོད་མ་རེད། འདི་ཚང་མའི་འགན་རྒྱ་དམར་ཀླ་ཀློས་འཁྱེར་དགོས་པ་རེད། བོད་མི་རིགས་ཀྱི་དཀའ་ངལ་ལ་ཐུག་དུས་༧རྒྱལ་བ་རིན་པོ་ཆེ་དང་ཀརྨ་པ་སོགས་སུ་འདྲ་ཞིག་གིས་བསླབ་བྱ་བརྒྱབ་གནང་ན་ཡང་
ཞལ་ལ་བརྩི་རྒྱུ་མ་རེད་ལ། རང་ལུས་མེར་སྲེག་གི་ལས་འགུལ་འདི་མཚམས་ཆོད་ཐུབ་རྒྱུ་མ་རེད། ད་དུང་དེ་
ལས་ལྡོག་སྟེ་ཁོང་རྣམ་གཉིས་ལ་ཁ་གཏོང་གི་རེད། སྔོན་ཆད་པཎ་ཆེན་རིན་པོ་ཆེས་དགོས་དབང་གིས་གོང་
ཕྲན་ཏང་ལ་བསྟོད་བསྔགས་ཕྲན་བུ་རེ་མཛད་པས། ཁོང་ལ་ཚོང་པ་རྒྱགས་པ་བཏགས་པ་མ་རེད་དམ། བོད་
མི་རིགས་ཀྱི་འཐབ་རྩོད་ལ་སུས་བཀག་འགོག་བྱས་ཀྱང་དེ་ལ་ངོ་རྒོལ་བྱེད་ངེས་ཡིན།
དྭངས་བླངས་པ་མཆོག་གི་དྲང་གཏམ་བཤད་པ་ལ་དགའ་སུ་ཞུ་རྒྱུ་ཡིན་་་་་་་ཁྱོད་འདྲ་བའི་དྲང་པོ་དང་ལྡ་པ་བཤད་མཁན་དང་་་་འབྲིང་མཁན་མང་དགོས་་་་་་་་༡༽སྔར་དཔའ་བོ་མགོ་པོ་བཀྲིས་གཙོས་པའི་་་་་དཔའ་བོ་དང་དཔའ་མོ་རང་སྲོག་ཕང་མེད་བཏང་པ་དྲངས་ལས་འདས་་་་་་རྡ་ས་སྒྲིགས་འཛུགས་གི་སུ་ཀྱང་དཔའ་བོ་གྲལ་དུ་བཞག་མེད་་་་་་་་བསློབས་དེབ་གང་དུ་ཡང་བཀོད་མེད་་་་་ཧ་ཅང་གི་བློ་ཕམ་དགོས་པ་ཞིག་རེད་་་་་་༢༽ དཔའ་བོ་ཐུབ་བསྟེན་དངོས་གྲུབ་མ་ཏོག་བོད་ལ་དཔའ་བོ་མེད་པ་འདྲ་པོ་བྱས་སོང་བྱས་མ་སོང་་་་་་མིང་དེ་བསློབས་དེབ་ནང་བཀོད་འདུག་མི་འདུག་་་་་་་དྲང་པོ་རེད་མ་རེད་་་་་་་་་་་༣༽ ད་ལྟ་བོད་ནང་དུ་་་་དཔའ་བོ་དང་དཔའ་མོའི་མང་པོ་བྱུང་ཡང་་་ཉིན་གཅིག་སྡ་ས་ནས་དཔོན་པོ་ཚོའི་་་་་གལ་དེ་བོད་ནས་དྲག་པོ་ལས་འགུལ་མ་སྤེལ་པ་ཡིན་ན་་་་་རྒྱ་བོད་གཉིག་གྱིས་གྲོལ་མོའི་ཡག་པོ་བྱུང་ཡོད་་་་་མ་གསུང་ན་ཨང་དང་པོ་རེད་་་་་་་་གང་ཡིན་རུང་མིན་རུང་་་་་་་སྡ་ས་སྒྲིགས་འཛུགས་ལ་ཡེད་མ་མཆེས་བློ་མ་གཏད་་་་་་་རང་རང་སོ་སོའི་་་་་བསམ་བློ་ཡག་པོ་ཞིག་བཏོང་དེ་ཆོལ་གསུམ་གཅིག་སྒྲིལ་དང་་་་ཆོས་ལུགས་མཐུན་ལམ་ཡག་པོ་ཞིག་ཡོངས་ཡ་ལ་འབད་དགོས་་་་་་་་ཐུགས་རྗེ་གཟིགས་་་་་་་
སྐྱེ་མ་སྐྱེ་ཧུ་ཉམས་ཐག་བོད་འབངས་རྣམས།
སྐྱབས་མཆོག་རྣམ་པས་ཐུགས་ནས་བོར་ལགས་སམ།
ཐུགས་ལྡན་དགྲ་ལྷའི་ཚོགས་ཀྱིས་མ་གཟིགས་སམ།
འགྲོ་མགོན་མཉམ་འབྲེལ་རྒྱལ་ཚོགས་གཉིད་ལགས་སམ།
སྒང་པ་བོད་ཀྱི་དཔའ་མོ་སྒྲོལ་དཀར་སྐྱིད་ལ་གུས་འདུད་ཞུ། ཤུལ་ལུས་གཉེན་ཉེ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད།
དྭངས་བླང་པ་ཁྱོད་མིག་ཞ་ར་ཆགས་མེད་ན་བོད་མིའི་དབུ་ཁྲིད་དག་གིས་ནུས་ཤུག་གང་ཡོད་འབད་བརྩོན་གནང་གི་ཡོད། དེ་ལས་ལྷག་ཚད་བཟོ་ཡ་ཡོད་ན་མི་ལ་བཤད་ནས་འདུག་པར་ཁྱོད་རང་དོན་ཤོག་དང་ཡིད་རང་ཡོད། དེ་མིན་སོ་སོའི་མིང་ཡང་དྲྭ་ནང་ཏུ་སྟོན་མི་ཕོད་པར་ཡིས་ནས་དཀྲུགས་ཤིང་སྒལོང་གང་ཐུབ་བྱས་ན་ཕན་ཐོག་གང་ཡང་མེད། གཅིག་བྱས་ན་ཁྱོད་ཀྱིས་ལས་འགན་ཞིག་ཡིན་སྲིད། རང་དབང་ཨ་རྡུན་མན་ནས་བོད་མི་དེ་དག་གི་ཚེ་སྲོག་དོན་མེད་ཆུད་ཟོས་ལ་ངོས་འཛིན་པ་ནི་ཁྱེད་རང་རང་སེམས་གདོན་གྱི་མྱོས་པའི་རྟགས་གསལ་པོ་རེད། གཞིས་གཞུགས་བོད་མིའི་ལས་འགུ་འདིར་༧གོངས་ས་མཆོག་དང་གཞུང་གི་མཛད་གཙོ་ཁག །དེ་མིན་རང་དབང་ཅན་གྱི་ལུང་པར་གནས་པའི་བོད་མི་སུ་ཞིག་ཡིན་རུང་འདི་ཡིན་འདི་མིན་གྱི་ལམ་སྟོན་འམ་ཡང་ན་ཐབས་ལམ་གང་ཡང་གནང་ཐབས་མེད་པར་ཤེས་དགོས། གང་ཡིན་ཞེ་ན། འདི་ནི་རྒྱ་དམར་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ཁོ་ན་ལས་བྱུང་བ་ཡིན་པས། ལས་འགུ་འདི་མཚམས་འཇོག་ཡོང་བས་ནུས་པ་དང་ཐབས་ལམ་ནི་རྒྱ་གཞུང་ཁོ་ན་ལས་གཞན་སུ་གང་གི་སྟོན་མི་ཐུབ་པར་ཡང་ཤེས་དགོས། གནས་ཚུལ་འདི་དག་རྒྱ་སྤྱིའི་སྒང་དུ་གསལ་སྟོན་མ་ཐུབ་པ་དང་ཆབ་བསྒྲགས་མ་འགྲོ་བ་གང་ཡང་མེད། ཡིན་ནའང་གོ་ལ་གཅིག་འགྱུར་གྱི་གནས་བབས་འོག་ནས་གཅིག་ལ་གཅིག་བརྟེན་གྱི་བསམ་བློས་འདུ་ཤེས་དེ་དཔར་འབྱོར་དང་ཁྲོམས་རའི་གནོན་ཤུག་འོག་ཏུ་ཚུད་ནསསོ་སོའི་ཁེ་ཙན་ལས་གཞན་གྱི་བདེ་སྡུག་ལ་འགན་ཁུར་མེད་པའི་བྱ་སྤྱོད་ལས་གནས་བབ་འདི་ལྟ་བུར་བྱུང་བ་ཡང་ཤེས་དགོས་སོ། །
འཇམ་གཅེས་ལགས་་་་་་རང་ནོར་སོང་དངོས་གནས་ནོར་སོང་། མེར་སྲེག་ལས་འགུལ་དེ་མཚམས་འཇོག་བྱ་མིན་དེ་སུ་ལ་རག་ལས་ཀྱི་ཡོད་རེད་ཟེར་ན་་་་བརྡ་སའི་སྒྲིག་འཛུག་ལ་རེད། སྒྲིག་འཛུགས་དེས་ཚོད་ལྟ་བྱ་ཡག་མཚམས་བཞག་ན་དེ་ག་རང་མཚམས་འཇོག་གི་རེད། སྒྲིག་འཛུགས་དེས་གོང་ས་མཆོག་ཁ་ལ་འཁྱེར་ནས་ཚོད་ལྟ་བྱས་པའི་གྲུབ་འབྲས་ཡིན་པ་ཤེས་པ་དང་ལྡན་པའི་སྐྱེ་བོ་ཞིག་ཡིན་ན་མཁྱེན་གྱི་རེད། འོན་ཀྱང་ང་རང་ཧ་སང་ཡག་ཞིག་ནི་་་་་ད་བར་༧གོང་ས་མཆོག་ནས་ཀྱང་དེ་འདྲ་མི་འོང་བའི་བཀའ་སློབ་ཟུར་ཙམ་ཡང་མེད་པ་དེ་རེད། དངོས་གནས་བསམ་ཡུལ་ལས་འདས་སོང་། སྙིང་རྗེའི་བདག་ཉིད་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་དེ་བོད་མིའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་མ་ཡིན་ནམ། སྤྱོད་པ་འཚེ་བ་མེད་པ་ཟེར་ཡག་དེ་་་་་་གཞན་ལ་མ་གཏོགས་རང་ལ་སྤངས་མི་དགོས་པ་ཡིན་ནམ། ༧གོས་མཆོག་་་་་་་ཐུགས་རྗེ་གཟིགས་་་་་་མཁྱེན་ནའང་་་་་མ་མཁྱེན་པའི་ཚུལ་དང་་་་་་གསན་ནའང་་་་་མ་གསན་པའི་ཚུལ་དེ་མ་གནང་རོགས། ཁྱེད་རང་ནས་་་རང་ལུས་མེར་སྲེགས་གཏོང་མཚམས་འཇོག་དགོས་ཞེས་པའི་བཀའ་སློབ་གཅིག་གནང་རོགས་བྱས་ན་་་་་་་གཞིས་ལུས་སྤུན་ཟླ་ཚོས་འདི་འདྲའི་དཀའ་སྡུག་འདི་འདྲ་་མྱོང་དགོས་ཀྱི་མ་རེད།
སྐུ་ཉིད་ཀྱི་མཁྱེན་ཀྱི་ཡོད་ཤག་རེད་་་་་་་མེར་སྲེག་ལས་འགུལ་འདིས་བོད་རིགས་སྤུན་ཟླ་ཚོར་་་་་
གནོད་སྐྱེལ་པ་ལས་ཕན་པ་ཏིལ་འབྲུ་ཙམ་ཡང་བྱུང་མ་སོང་། ཐུགས་རྗེ་གཟིགས་་་་་་་ཡིན་ཅིས་སྤུན་ཟླ་ཚོའི་བདེ་སྡུག་ལ་གཟིགས་རོགས་གནང་། གཟིགས་པ་་དེ་ཡང་དུས་ལས་སྐད་ཅིག་ཀྱང་མི་འདའ་བའི་དགོང་མངའ་ཡོད་པ་འཚལ་འཚལ།།
དཔའ་བོ་དཔའ་མོའི་རྣམས་བོད་བསྟན་པ་ཆབ་སྲིད་དོན་དུ་བློས་བཏང་འདི་འདྲ་གནང་བར་ཡི་རང་དང་མྱ་ངན་གུས་འདུད་ཡོད། འོན་ཀྱང་ཆབ་སྲིད་ལ་རྒྱུས་མངའ་ཞེན་པའི་གྲྭ་སའི་སྙིགས་རོ་འགའ་དང་། གཞན་ཡང་ལས་མེད་བསམ་མེད་ཁག་ཅིག་དང་དྲ་འབུ་དག་རྒྱ་ནག་གཞུང་ལ་ཆབ་སྲིད་གནད་ལ་ཁེལ་བའི་ཆེས་ཚད་མཐོ་བའི་ཞི་བའི་ལས་འགུལ་འདི་བཞིན་མཚམས་འཇོག་དགོས་པའི་འབོད་སྐུལ་དགོས་པའི་རེ་འདུན་བཏོན་པ་ནི། དགྲ་རྒྱ་ནག་གཞུང་ལ་དེང་སང་དགོས་མཁོ་ཆེ་བར་མངོན། ཉེ་ཆར་བཀའ་བློན་ཁྲི་བས་གསུང་ན་དེང་སང་རྒྱ་ནག་གཞུང་འཚབ་བེ་འཚབ་བེ་བྱེད་བཞིན་འདུག་གསུངས་ཀྱི་འདུག འདི་ནི་མངོན་གསལ་དོད་པའི་བོད་ཀྱི་ཆབ་སྲིད་ལ་གནད་ལ་འགྲོ་བཞིན་པའི་རྟགས་ཞིག་མ་ཡིན་ནམ། གལ་སྲིད་བོད་ལ་ཤ་ཞེན་ཡོད་ཀྱང་གོ་རྟོགས་མེད་པ་རྣམས་སྨྲ་བརྗོད་རང་དབང་རེད་བསམ་ནས་གང་དྲན་མི་གླེང་རྒྱུ་དང་སངས་རྒྱས་ལ་ཀ་ཁ་མི་སློབ་པའི་རེ་བ་ཡོད།
རང་དབང་ཨ་རྡུ་མན་ནས་གསུང་པ་དེ་བདེན་པ་འདུག་བསམ་གྱི་འདུག་
བོད་ཀྱིས་བླ་ཆེན་རྣམས་ཀྱི་མ་གོ་འདོག་དང་མ་ཐོས་འདོག་མ་བྱེད་རོགས་ཞུ་
མང་་གྲགས་ན་རང་གནོད་པ་མ་ཏོག་སུ་ལ་ཕན་པ་མེད་པ་ཚང་མའི་མཁྱེན་གསར་རེད་
བོད་རིགས་ཉམས་ཆུང་རྣམས་ལ་ཐུགས་རྗེ་གཟིགས་རོགས་ཞུ་
དངོས་སུ་སྙིང་རྗེ་རེད་། ག་སྲིད་བོད་ཀྱིས་བླ་ཆེན་རྣམས་ཀྱིས་གནས་གཏང་
འདི་རིགས་ལ་ཅི་གང་མ་གསུང་ན་ཧ་ཅང་ཐབས་སྡུག་པོ་རེད་།
བོད་ཀྱིས་ནང་ཆོས་ལ་ཡིད་ཆོས་མེད་པ་ཆགས་འགྲོ་གི་འདུག།
འ་རོག་ཚོ། དམངས་གཙོའི་རྒྱལ་ཁབ་དག་ནས་མང་ཚོགས་གི་སྣང་བར་མི་འགྲོ་ན་སྲིད་འཛིན་ལ་སྐུ་ཚེ་བརྟན་པོ་མེད་པ་ནི། ཞི་བདེའི་རྒྱལ་ཁབ་ཁེག་གི་ནང་དུ་འང་ཤིང་ནག་བྷ་བྷོའི་རེ་ཟུང་ཡོད་པས་རྒྱལ་ཁབ་དང་མི་རིགས་ལ་དམར་ཤོག་དང་དྲག་སྤྱོད་པའི་མིང་མི་འཐོབ་ལ། ཕ་རོལ་བོ་ཚུལ་མིན་སྡིག་སྤྱོད་འབའ་བྱེད་ན་དེའི་གཉེན་པོ་བྱང་ཆུབ་སེམས་དཔའ་ཡང་དུ་མ་ཡོད་དེ་དཔེར་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་དང་དེད་དཔོན་སྙིང་རྗེ་ཅན་བཞིན་ནོ། རྒྱ་གར་ན་ཡང་ནེ་རོ་དང་རྒན་དྷི་རྗེ་ལྟ་བུ་གཞན་གྱི་སྣང་བར་མ་སོང་ནས་སྐུ་སྲོག་ཤོར་བ་འང་དུ་མ་ཡོད་ལ། དེ་བཞིན་དུ་རྒྱ་ནག་དུ་མི་འོང་བ་ནི། ཡང་ན་བོད་མི་རྣམས་ཉེས་ཅན་པ་འབའ་ཞིག་ཡིན་ནམ། ཡང་ན་ཉེས་མེད་མནར་གཅོད་གཏོང་མཁན་གང་ཟག་བྱེ་བྲག་པ་གཅིག་མེདཔ་ཡིན་ནམ། ་ཧུ་ལ་ཉེས་པ་དེ་གཏན་ནས་མེད་དམ། ་་ཡང་ན་དེ་ལྟར་བྱེད་ན་བཙན་བྱོལ་ལ་དྲག་སྤྱོད་པའི་མིང་ཆད་གྱི་འཇིག་པ་གང་ཡིན། ་མིང་གི་འཇིག་པ་ཡོང་མི་སྲིད་སྙམ་སྟེ། དཔེར་ན་བོད་མི་ནང་ཁུལ་དུ་ཕན་ཚུན་གསོད་རེས་བྱེད་པ་བཞིན། རང་གི་ཕ་མ་སྤུན་ཟླ་སོགས་ཉེས་མེད་དུ་གསོད་པའི་གཏེ་བོ་སུ་ཡིན་ཡང་གསོད་ལ། རྒྱལ་ཁྲིམས་ལྟར་ན་ཡང་སྲོག་ཁྲིམས་བབས་པ་ཡིན། གལ་ཉེས་ཅན་གཏེ་བོ་དེས་གོ་ས་གཅིག་རྗེས་གཉིས་སྣན་ནས་གོ་ས་དེ་མི་བསྟན་པར་གྱུར་ཚེ་དེ་འདྲའི་ཁྲེལ་མེད་གྱི་ལམ་ལུགས་འགྱུར་བ་མི་བཏང་ཐབ་མེད་ཡིན་ནོ། ཡང་ན་ཧུ་འགྲོ་ས་འདུག་ས་ཚང་མ་རང་གི་རྒྱལ་ཁབ་གྱི་མི་རིགས་རྣམས་ཀྱི་བགྲོད་མི་ནུས་པ་འབའ་ཞིག་ཡིན་དགོས་ན་དེ་ནི་མི་སྲིད་སྙམ།
འ་རོག་ཚོ། དམངས་གཙོའི་རྒྱལ་ཁབ་དག་ནས་མང་ཚོགས་གི་སྣང་བར་མི་འགྲོ་ན་སྲིད་འཛིན་ལ་སྐུ་ཚེ་བརྟན་པོ་མེད་པ་ནི། ཞི་བདེའི་རྒྱལ་ཁབ་ཁེག་གི་ནང་དུ་འང་ཤིང་ནག་བྷ་བྷོའི་རེ་ཟུང་ཡོད་པས་རྒྱལ་ཁབ་དང་མི་རིགས་ལ་དམར་ཤོག་དང་དྲག་སྤྱོད་པའི་མིང་མི་འཐོབ་ལ། ཕ་རོལ་བོ་ཚུལ་མིན་སྡིག་སྤྱོད་འབའ་ཞིག་བྱེད་ན་དེའི་གཉེན་པོ་བྱང་ཆུབ་སེམས་དཔའ་ཡང་དུ་མ་ཡོད་དེ་དཔེར་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་དང་དེད་དཔོན་སྙིང་རྗེ་ཅན་བཞིན་ནོ། རྒྱ་གར་ན་ཡང་ནེ་རོ་དང་རྒན་དྷི་རྗེ་ལྟ་བུ་གཞན་གྱི་སྣང་བར་མ་སོང་ནས་སྐུ་སྲོག་ཤོར་བ་འང་དུ་མ་ཡོད་ལ། དེ་བཞིན་དུ་རྒྱ་ནག་དུ་མི་འོང་བ་ནི། ཡང་ན་བོད་མི་རྣམས་ཉེས་ཅན་པ་འབའ་ཞིག་ཡིན་ནམ། ཡང་ན་ཉེས་མེད་མནར་གཅོད་གཏོང་མཁན་གང་ཟག་བྱེ་བྲག་པ་གཅིག་མེདཔ་ཡིན་ནམ། ་ཧུ་ལ་ཉེས་པ་དེ་གཏན་ནས་མེད་དམ། ་་ཡང་ན་དེ་ལྟར་བྱེད་ན་བཙན་བྱོལ་ལ་དྲག་སྤྱོད་པའི་མིང་ཆད་གྱི་འཇིག་པ་གང་ཡིན། ་མིང་གི་འཇིག་པ་ཡོང་མི་སྲིད་སྙམ་སྟེ། དཔེར་ན་བོད་མི་ནང་ཁུལ་དུ་ཕན་ཚུན་གསོད་རེས་བྱེད་པ་བཞིན། རང་གི་ཕ་མ་སྤུན་ཟླ་སོགས་ཉེས་མེད་དུ་གསོད་པའི་གཏེ་བོ་སུ་ཡིན་ཡང་གསོད་ལ། རྒྱལ་ཁྲིམས་ལྟར་ན་ཡང་སྲོག་ཁྲིམས་བབས་པ་ཡིན། གལ་དེ་ཉེས་ཅན་གཏེ་བོ་དེས་གོ་ས་གཅིག་རྗེས་གཉིས་བསྣན་ནས་གོ་ས་དེ་མི་བསྟན་པར་གྱུར་ཚེ་དེ་འདྲའི་ཁྲེལ་མེད་གྱི་ལམ་ལུགས་འགྱུར་བ་མི་བཏང་ཐབ་མེད་ཡིན་ནོ། ཡང་ན་ཧུ་འགྲོ་ས་འདུག་ས་ཚང་མ་རང་གི་རྒྱལ་ཁབ་གྱི་མི་རིགས་རྣམས་ཀྱི་བགྲོད་མི་ནུས་པ་འབའ་ཞིག་ཡིན་དགོས་ན་དེ་ནི་མི་སྲིད་སྙམ།
རང་དབང་ཨ་རྡུ་མན་དང་། སྐལ་བཟང་ཀརྨ་གཉིས་ཀྱིས་བཤད་པ་དེ་ལ་རྒྱབ་སྐྱོར་དང་་་ཡི་རང་ཡོད།
ཞུམ་མེད་སྙིང་སྟོབས་མེ་ལྕེ་མཁའ་དབྱིངས་འཕྱོ། །གཡོ་མེད་ལ་རྒྱ་རི་བོ་གཏོོས་དང་མཉམ། །མཛད་མེད་ལྷག་བསམ་རྒྱ་མཚོའི་གཏིང་ལས་ཟང། ། རིན་བྲལ་གཅེས་སྲོག་གངས་ཅན་བོད་ལ་འབུལ། །དཔའ་མོ་ཁྱེད་ཀྱི་མཛད་རྗེས་དཀར་པོ་དེ། །ཁ་བ་པ་ཡི་སྙིང་གི་འདབ་མ་རུ། ། ནམ་ཡང་སུབ་མེད་གསེར་རིས་གཟུགས་སུ་བཀོད། །
དེ་རིང་ནི་བཀའ་ཁྲི་ལོ་གཅིག་འཁོར་བའི་དུས་ཆེན་རེད་ཟེར་ནས་ཚང་མས་ཚ་ཚ་འུར་འུར་བྱེད་ཀྱིན་འདུག་མོད་
ལོ་ནི་རང་བཞིན་གྱིས་འཁོར་ཡོང་གི་ཡོད་པས་དེ་ལ་དམིགས་བསལ་གྱི་ཁྱད་ཆོས་དགེ་མཚན་གང་ཡང་མེད། དེ་རིང་གི་མཛད་སྒོའི་འགྲོ་ཟོང་ཡོངས་རྫོགས་བོད་ནང་གི་དཔའ་བོའི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཛ་དྲག་གཞི་རྒྱ་ཆེ་ཞིག་སྤེལ་ཐུབ་ན་ག་འདྲ་ཡག་པོ། མཛད་སྒོ་ཀྱང་ཀྱང་གི་ཕན་འབྲས་གང་ཡང་བྱུང་མྱོང་མེད།
ཁོང་གིས་ལོ་གཅིག་ནང་ཕྱིའི་ཡུལ་གྲུ་མང་པོར་ཕེབས་ཡོད་ཀྱང་འཐུས་མི་འགའ་དང་ཐུག་འཕྲད་ཙམ་ལས་སྲིད་འཛིན་སྲིད་བློན་སུ་དང་ཡང་ཐུག་འཕྲད་གནང་མ་ཐུབ་པ་དེ་ཁོང་གིས་བོད་ཀྱི་མགོ་གཙོའི་དོན་གོ་ཆོད་མེད་ལ་བོད་མིའི་ཕམ་ཁ་ཞིག་ཀྱང་རེད། ད་དུང་ཁོང་གིས་ལོ་གཅིག་ནང་ཉམ་ཆགས་ཕྱིན་མེད་ཚུལ་མངོན་པའི་ང་རྒྱལ་བྱེད་བཞིན་ཡོད། ཁོང་ལྟ་བུ་བོད་ཀྱི་མགོ་གཙོར་བསྐོས་ན་བོད་ལ་ཆེ་མཐོང་སླེབས་ཐུབ་ཀྱི་མེད་པ་གསལ་པོར་བསྟན་ཡོད།
རང་དབང་ཨ་རྡུ་མན་ཁྱོད་ཁྱི་ཁ་ཚུམས་ཤིག དཔའ་བོ་དཔའ་མོ་དེ་དག་འབོད་ཚིག་གང་ཞིག་བསྒྲགས་འདུག་
ཤི་རྣ་ཐལ་བས་ན་བཀབ་ཉོན་ཅིག
བཙན་བྱོལ་གྱི་གཞུང་དང་ཚོགས་སྡེ་ཁག་དང་བཅས་པས་ལས་འགུལ་སྤེལ་ན་སྤེལ་ཤ་སྟག་ཟིང་ཆ་ཆེན་པོ་ཅིག་བཟོ་དགོས་ཀྱི་འདུག ཡང་མིན་ན་བོད་ནང་གི་བོད་མི་ཚོའི་སྲོག་རྩེད་སྤྱད་བྱེད་རྒྱུ་མཚམས་བཞག་ན་རེད།དྲང་མོ་བཤད་ན་༧རྒྱལ་དབང་རིན་པོ་ཆེ་དང་བཅས་པས་རང་ལུས་མེར་བསྲེགས་སྟེང་གསུང་འབྱོན་མི་ཐུབ་དོན་ནི་སོ་སོ་ལ་གཞོན་ནུ་སོགས་ཀྱིས་ཕྱིས་ཁ་གཏོང་གི་རེད་སྙམ་པ་དང་།ཡང་ན་སོ་སོ་ལ་ལས་འགུལ་མཚམས་འཇོག་བྱེད་མཁན་གྱི་ནག་ཉེས་འཛུགས་ཀི་རེད་སྙམ་པ་དེ་རེད།འོན་ཀྱང་།བོད་ནང་གི་མི་ཚོའི་ཐབས་སྡུག་གི་གནས་སྟངས་དེ་འདྲ་ལ་བསམ་སྐབས།སོ་སོ་ལ་བསམ་བློ་གཏོང་ཚད་མ་རེད་སྙམ།།
རང་གྲོལ་ལགས་་་་་་བཀའ་ཁྲི་ནས་རྒྱ་ནག་གཞུང་འཚབ་འབེ་འཚུབ་འབེ་ཆགས་ཤགས་སེ་ཨེ་་་་་ཧ་ཧ་་་་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཁ་ལག་ནང་་སེ་པན་མང་པོ་འདྲ་རྒྱབ་ཡིན་རྒྱུ་རེད། གཞན་མ་གཏོགས་བོད་མི་སྟོང་ཕྲག་མང་པོ་མེར་་སྲེགས་གཏོང་ནའང
རྒྱ་ནག་ལ་སྡུག་པོ་བཏང་ཐུབ་ཀྱི་མ་རེད་་་་་མཐའ་མ་དེ་ལ་གྱོང་གུད་རག་མཁན་དེ་བོད་པ་རང་རེད། འཛམ་གླིང་རྒྱལ་སྤྱི་ནི་དེང་སང་དཔལ་འབྱོར་ལམ་ལུགས་སོང་ཙང་་་་དོན་དངོས་ཐོག་བོད་ལ་བརྒྱབ་སྐྱོར་བྱེད་ཡག་ནི་ཉིན་མའི་སྐར་མ་རང་རེད། གང་ལགས་ཞེ་ན་རང་ཉིད་ཀྱི་དཔལ་འབྱོར་སྲུང་སྐྱོབས་བྱེད་དགོས་པའི་ཕྱིར་རོ།།
རང་དབང་ཨ་རྡུ་མན་དང་། སྐལ་བཟང་ཀརྨ་གཉིས་ཀྱིས་བཤད། དེ་ལ་རྒྱབ་སྐྱོར་དང་་་ཡི་རང་པ་གདོང་དམར་གྱི་གངས་ཕྲུག་བཅས་ལ་བློ་ཕམ་ཡོད།
ཨ་རྡུ་ཟེར་བ་ཡང་སྡུག་རེད། སྐལ་བཟང་ཟེར་བ་སྐལ་ངན་རེད། འདི་ཚོ་རྒྱ་དམར་གྱི་རྒྱུག་ཁྱི་རེད། བོད་པས་
རང་དབང་འཐབ་རྩོད་བྱས་ནས་བོད་ལ་རང་དབང་ཐོབ་ན་ཁྱི་ཕྲུག་དེ་ཚོ་གྱོང་རག་མི་ཡོང་ངམ་བསམས་ནས་
སེམས་ཁྲལ་བྱེད་ཀྱིན་ཡོད། སྡོན་ནས་བོད་པ་འབུམ་ཕྲག་མང་བོ་ཀླ་ཀློ་ལ་འཐབ་རྩོད་བྱས་ནས་གྲོངས་ཚར།
བརླ་འཚོང་འདི་ཚོ་མ་གཏོགས་བོད་མི་རྣམས་ཕོ་ཟད་མོ་ལ་ཐུག་ཀྱང་མི་རབས་ནས་མི་རབས་བར་ཀླ་ཀློ་ལ་
འཐབ་རྩོད་བྱེད་ཀྱི་རེད། ཧ་གོ་སོང་། སྟག་ཕྲུག་དགྲ་ལ་ཆས་ས་ནས་ཝ་མོས་སྡུག་སྐད་མ་འདོན་ཨ་ཁོ་རེ།
འཇམ་གཅེས་ལགས། བསམ་འཆར་བཏོན་གནང་བ་བཀའ་དྲིན་ཆེ། ངས་སྔར་གོང་དུ་བཤད་པའི་སྐད་ཆ་དེ་ཚོར་དོན་དངོས་ཐོག་བསམ་བློ་ཐོང་དང། བཙན་བྱོལ་སྒྲིགས་འཛུག་ཀྱི་གཞུང་ཞབས་པ་ཁ་ཤས་གིས་རང་ནུས་གང་ལྕོག་གི་ཕྱག་ལས་གནང་དང་གནང་བཞིན་པ་དེར་ང་ཚོའི་མིག་མཐོང་ལག་ཟིན་ཡོད་ལ་བཀའ་དྲིན་རྗེས་དྲན་ཡང་ཡོད། ཡིན་ན་ཡང་ད་ལྟའི་བརྩོད་རྙོག་འདི་མི་སྒེར་པ་རེ་ཟུང་ཞིག་གིས་ཕྱག་ལས་གནང་བ་དེས་གྲུབ་འབྲས་ཐོན་གི་མ་རེད། རྒྱུ་མཚན་ནི་གཅིག་ན་ང་ཚོར་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་དེ་དང། གཉིས་ན་བཙན་བྱོལ་སྤྱི་ཚོགས་དུ་མི་འབོར་ཉུང་བ་དང། གསུམ་ན་རང་འགུལ་གྱི་ལས་འགུལ་བར་རྒྱབ་བསྐྱོར་བྱེད་མཁན་མེད་པའི་དབང་གིས་ང་ཚོ་མི་སྒེར་པ་དོན་ཀྱང་གྲུབ་འབྲས་མེད་པར་མི་ལོ་ང་གསུམ་རིང་གི་ཉམས་མྱོང་ལས་ཧ་གོ་ཐུབ། ངས་བསམ་པར། ༼༡༽ གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་མཉམ་རུབ་བྱེད་རྒྱུ་དང། ༼༢༽ སྒྲིགས་འཛུགས་གིས་ངོས་ནས་ཚོགས་སྡེ་ཁག་ལ་ལས་འགུལ་གྱི་ཁ་ཕྱོགས་བསྒྱུར་དགོས་པའི་བསྐུལ་མ་གནང་རྒྱུ། ༼༣༽ ང་ཚོ་གཞུང་དམངས་མཉམ་རུབ་གནང་སྟེ་ལས་འགུལ་དུ་འཛུལ་ཞུགས་གནང་སྟེ་གོ་རིམ་ལྡན་པ་ཞིག་བཟོས་ན་ད་གཟོད་འཛམ་གླིང་ལྡིང་ཆའི་སྟེང་དུ་བོད་པར་རོགས་བསྐྱོར་ཐོབ་ན་མ་གཏོག། ང་གཅིག་པུ་དང་ཁྱོད་གཅིག་པུ་ལྟར་བུའི་ལས་འགུལ་ག་ཚོད་སྤེལ་ཡང་གྲུབ་འབྲས་འདོད་པ་ནི་ཉིན་མོའི་སྐར་མ་ལས་མ་འདས། ཡང་ན་བཙན་བྱོལ་སྒྲིགས་འཛུག་འདི་དབུ་མའི་ལམ་ཁོ་ན་བཟུང་ནས་གནས་འདོད་ཡོད་ན་བོད་ནང་དུ་རང་ལུས་མེ་སྲེག་མི་གཏོང་བའི་འབོད་བསྐུལ་བྱེད་དགོས་གི་ཡོད་རེད། ངས་དཔྱད་ན་ལམ་དབུ་མའི་ལྟ་གྲུབ་གིས་ང་ཚོར་གྲུབ་འབྲས་དོན་པ་འདོད་པ་ནི་རི་བོང་གིས་རྭ་ལྟར་བུ་ལས་མ་འདས། འཇམ་གཅེས་ལགས། ཚིགས་རྩུབ་པོ་དང་མི་སྒེར་ལ་སྨད་ར་བྱེད་པའི་གཏམ་ངན་དེ་འདྲ་མ་གནང་རོགས། ངས་ང་ཚོའི་བརྩོད་བཞིན་པའི་འཐབ་བརྩོད་འདིའི་མཐའ་མ་གྲུབ་འབྲས་ཞིག་དོན་རེ་ཆེ་བས་མཆན་བུ་བཀོད་པ་ཡིན། ང་རང་ཡང་བོད་མི་ཞིག་ཡིན་པའི་ཆ་ནས་རང་འཁུར་གྱིས་ལས་འགན་ཡོད་པའི་དབང་གི་སོ་སོའི་བསམ་ཚུལ་འདོན་པ་ཞིག་ལས་ཁྱེད་ཀྱི་གསུངས་པ་ལྟར་ཕྱག་ལས་གཞན་པ་ཡོད་མཁན་དེ་འདྲ་ཞིག་མིན། ད་དུང་ངས་དངོས་མིང་མ་སྟོན་པར་དགའ་བོ་མེད་ན་ང་གཅིག་པུ་མིན་པ་དྲྭ་ཚུགས་དུ་དངོས་མིང་ཡོད་པ་ཞིག་ཕལ་ཆེར་མཐོང་མ་སོང། མ་ཚད་འཇམ་གཅེས་ཅེས་པ་འདི་ཡང་ཁྱེད་ཀྱི་དངོས་མིང་ཡིན་པར་སུས་དཔང་རྟགས་བྱེད་གི་རེད། ད་དུང་མུ་མཐུད་ཚིགས་རྩུབ་དང་མི་སྒེར་ལ་གནོད་པའི་བསམ་ངན་འཆང་ན་ཚིགས་རྩུབ་ང་གི་ཡང་བཤད་ཤེས་གི་ཡོད། དེ་དོན་དགོངས་འཇགས་ཡོད་པར་ཞུ།
ཅིས་ཀྱང་དབུས་བོད་མི་སྒྲིགས་འཛུག་དང་༸རྒྱལ་བ་རིན་པོ་ཆེ་ཡི་ཆབ་སྲིད་ཀྱི་ལོང་ཕྱོགས་དབུ་མི་ལམ་གྱི་གཞི་རྩ་ཐོག་ནས་ཡིན་ན་ངེས་པར་དུ་རང་ལུས་མེར་སྲེག་བྱེད་མི་ཉན་པའི་གསལ་བསྒྲགས་བྱེད་དགོས་ངེས་རེད། །དེ་ལས་རང་བཙན་ཁོ་ན་ལྟ་བ་ཡོད་མཁན་གྱི་ངོས་ནས་བཤད་ན་ཆབ་སྲིད་ཀྱི་གནས་ཚུལ་ཐ་དད་རེད། །སྤྱི་དམངས་ཀྱིས་གནས་ལུགས་དང་ལྷག་པར་དུ་་་་རང་ལུས་མེ་སྲེག་གནང་མཁན་ཁག་གི་དོ་བདག་སོ་སོས་་ནང་ཁུལ་གྱི་ཆབ་སྲིད་དབྱེ་འཚམས་ཁ་གསལ་ཤེས་དགོས་ངེས་དང་་་་གཞན་འགྱོད་པ་ཆེན་པོ་རེད་་་་མཆན་དྲི་མཁན་སོ་སོས་ཆབ་སྲིད་ཀྱི་ལྟ་བ་གང་ལ་མོས་མཐུན་ཡོད་མེད་དང་་་ལྟ་བ་གང་འདྲ་ཞིག་ལ་ཡིན་ན་དེ་ལ་གུས་བཀུར་ཞུ་དགོས་ངེས་རེད་་དེ་ལས་ཁག་གཡས་དཀྲི་གཡོན་དཀྲི་བྱས་ན་ཕན་ཐོག་འདུག་གམ་་་་
རོང་པའི་སྐད་ཆའི་བབ་ལ་ལྟ་དུས། རང་བཙན་པས་མེར་སྲེག་གཏོང་བ་དང་། དབུ་མའི་ལམ་པས་མེར་སྲེག་མི་གཏོང་བ་བཤད་པ་འདྲ་མཐོང་སོང་། ངའི་ལྟར་ན་དེ་ནོར་བར་འདོད། རང་བཙན་དང་དབུ་མའི་ལམ་ནི་དམིགས་ཡུལ་དེ་རེད། དེ་འདྲའི་འབྲས་བུ་གཞི་ལ་བཞག་ནས་དེ་ལོན་ཐབས་ནི་དབུས་བོད་མིའི་སྒྲིག་འཛུག་དང་གཞོན་ནུ་གཉིས་ཀས་འཚེ་མེད་ཞི་བའི་ལམ་ཁོ་ན་ལ་གཏན་འཁེལ་བྱས་ཡོད། ད་བསམ་བློ་གཏོང་དགོས་ས་དེ་མེར་སྲེག་གི་ལས་འགུལ་དེ་འཚེ་བ་དང་འཚེ་མེད་གང་ཡིན་ལྟ་རྒྱུ་དེ་རེད། བོད་མི་མེར་སྲེག་བཏང་མཁན་དག་གི་བློས་གཏོང་ལ་བོད་མི་ཞིག་ཡིན་ཕྱིན་ཆེས་མཐོའི་ཆེ་མཐོང་དང་། གུས་ཞབས། ཡི་རང་། བསྔགས་བརྗོད་མི་བྱེད་ཐབས་མེད་ཡིན། རང་གི་སྲོག་ལས་ལྷག་པ་ཞིག རང་གི་སྲོག་ལས་རྩ་ཆེ་བ་ཞིག་གང་ན་ཡོད།
ཡིན་ནའང་དཔའ་བོ་དང་དཔའ་མོ་དེ་སྙེད་ཀྱིས་མེར་སྲེག་ལས་འགུལ་གྱིས་ད་ལྟའི་བར་ཕར་གཏོང་དང་ཚུར་ཐོབ་རྩིས་རྒྱབ་ན་ཕར་སོང་མང་ཚུར་བྱུང་ཉུང་བ་དངོས་བདེན་རེད། དེ་ལ་ཚང་མས་བཀའ་སྐྱོན་ཙམ་མིན་པར་ཐབས་ལམ་དང། བསམ་འཆར་གཏོན་ན་ལེགས་པ་ལས་ཉེས་པ་མེད་པར་འདོད་དོ།།
དྭངས་བླངས་པའི་དྲི་བ་དང་པོ་དང་གཉིས་པའི་ལན། སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་ཡོ་རོབ་མཉམ་འགྲེལ་སོགས་རྒྱ་ནག་ལ་སྐད་ཆ་ཅུང་ཟད་བཤད་ཕོད་མཁན་ཚང་མས། བོད་དོན་ནམ་གླེངས་ལ་བོད་མི་མེར་བསྲེགས་པའི་གྲང་ཁ་གསལ་པོ་གླེང་བཞིན་འདུག་ན། གནས་ཚུལ་དེ་བཙན་བྱོལ་སྒྲིགས་འཛུགས་ནས་སྤྲད་པ་མིན་ན་སུས་སྤྲད་པ་རེད། བཙན་བྱོལ་སྒྲིགས་འཛུགས་ཀྱིས་བོད་དོན་རྒྱལ་སྤྱིའི་འདུན་དུ་རང་ནུས་གང་ཡོད་ཀྱིས་ཁྱབ་སྒྲག་བྱེད་ཀྱི་ཡོད་པ་གསར་འགྱུར་རྒྱུད་ལམ་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན་ནམ་ལང་ཉི་ཤར་རེད། འོན་ཀྱང་རྒྱལ་སྤྱིའི་རྒྱ་ནག་གི་གནོན་ཤུགས་འོག་བོད་དོན་ལ་ཁ་ཡ་བྱེད་ཀྱི་མེད་ན་དེ་ལ་བཙན་བྱོལ་སྒྲིགས་འཛུགས་ཀྱིས་ཅི་ཞིག་བྱེད་ཐུབ་བམ།གཞན་ཡང་རྒྱལ་སྤྱི་རྒྱུད་ལམ་ཆེ་ཁག་མང་པོ་ཞིག་ནང་ལ་བོད་ཀྱི་གནས་ཚུལ་དེ་ཙམ་ཐོན་མ་ཐུབ་པ་ནི་རྒྱུད་ལམ་དེ་དག་ལ་རྒྱ་གཞུང་གིས་དངུལ་སྤྲད་སྟེ་ཁ་བཀག་ཐབས་བྱེད་ཀྱི་ཡོད་པ་ཡོངས་གྲག་ཡིན་པས་ཁྱེད་ཀྱང་རྣ་བ་བཀབ་ནས་སྡད་མེད་ན་ཐོས་ཡོད་ཤས་ཆེ། སྐད་ཆ་སོམ་ནས་ཤོད། རྩམ་པ་ལྡད་ནས་མིགས། ༼༣༽ ད་བར་དུ་ལོ་གཅིག་དེའི་རིང་ལ་བཀའ་ཁྲི་དང་ཕྱི་འབྲེལ་བཀའ་བློན་སོགས་གནད་ཡོད་མི་སྣ་རྣམས། ཕྱིའི་རྒྱལ་ཁབ་མང་པོ་ནང་ལ་འཚམས་གཟིགས་ཆུ་བོའི་རྒྱུན་བཞིན་སྐྱང་སྟེ་གནད་ཡོད་མི་སྣ་ལ་འཇལ་འཕྲད་དང་བཀའ་མོལ་གནང་བ་དེ་ཚོ་བོད་དོན་མིན་ནམ། དེ་ཚོ་སྒྲིགས་འཛུགས་ནས་འགྲོ་སོང་བཏང་བ་མ་རེད་དམ། ངོ་མ་ཅི་བཤད་འདི་བཤད་མི་འདུག ༼༤༽ལམ་དབུ་མས་གྲུབ་འབྲས་ཇི་ཙམ་ཐོན་ཡོད་མེད་ཁྱེད་ངེད་གཉིས་ལྟ་བུས་ལམ་སང་ཐག་བཅད་ཆོག་ཆོག་ཅིག་ག་ལ་ཡིན། སྒྲིགས་འཛུགས་ཀྱི་དབུ་ཁྲིད་རྣམས་པས་ཕྱིའི་རྒྱལ་ཁབ་དང་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་མིའི་གཞིས་ཆག་ཁག་ལ་རྒྱུན་ཆད་མེད་པར་སྐོར་བ་རྒྱབ་བཞིན་པ་དང་། འདིའི་ཆད་དུ་འགྲོ་སོང་གཏོང་བཞིན་པ་འདི་ཚོ་བོད་དོན་ཆེད་དུ་མིན་ནམ། ད་འོ་ན་བོད་དོན་ཆེད་དུ་མི་རྒྱུའི་འགྲོ་སོང་གཏོང་ཞེས་པ་དེ་ཅི་འདྲ་ཞིག་དགོས་སམ། ༼༥༽ ལས་འགུལ་ཁ་ཕྱོགས་འགྱུར་ན་ཞེས་པ་དེ་རང་བཙན་གྱི་ལམ་ལ་གོ་དགོས་པ་འདྲ། དེ་ཡིན་ན་རང་བཙན་གྱི་ལམ་ལ་སྐྱོད་ན་ད་ལྟ་ལས་ལྷག་པའི་གྲུབ་འབྲས་ཐོན་པའི་གདེང་ཚོད་ཇི་ཙམ་ཡོད། ང་ཚོ་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ནི་མེད་ཐབས་མེད་པ་རེད་ལ། རྒྱལ་སྤྱིའི་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་ཡང་ས་རིས་ཐང་གསལ་རེད་ན། ངེད་གཉིས་ལྟ་བུ་ལས་མེད་ཀྱི་མིའི་ཁ་ནས་བཤད་རྒྱུ་ལས་ལྷ་ཡང་། རང་དབང་འཐབ་རྩོད་བྱེད་མཁན་གྱི་སྒྲིགས་འཛུགས་ཤིག་གིས་ལས་ཀ་གང་ཡང་གཏན་པོ་བྱེད་དགོས་པ་ལས་འགྱུར་བ་གཏོང་ཆོག་ཆོག་ཞིག་ག་ལ་ཡོད། ༼༦༽ བོད་ནང་ལ་རྒྱ་གཞུང་གིས་དམ་སྒྲག་དང་བོད་དོན་ཕྱིར་གྱར་དོག་གིས་གསང་བ་ཇི་ཙམ་བྱེད་ཀྱི་ཡོད་པ་ལ་བསམ་བློ་ཐོང་དང་། བོད་མིའི་སྒྲིགས་འཛུགས་ལྟ་བུ་ཞིག་གིས་བོད་ནང་གི་གནས་ཚུལ་མྱུལ་ཞིབ་བྱེད་ཆོག་ཆོག་ཞིག་ག་ལ་ཡོད། ཡིན་ཡང་བོད་ནང་ལ་གནས་ཚུལ་ཞིག་ཐོན་ན་ཉིན་རེ་ཙམ་ཡང་མ་འགྱང་བར་གསར་འགྱུར་རྒྱད་ལམ་ལ་ཐོན་ཡོང་བ་ལས་རྒྱུས་ལོན་མ་ཐུབ་པར་ལྷག་སྡད་པ་ཞིག་གང་ཡང་མ་མཐོང་བས་ཁྱོད་ལ་གསུང་རྒྱུ་ཡོད་ན་ཉན་འདོད་ཡོད་དོ། ༼༧༽ པའི་ལན་གོང་གསལ་དེས་འཐུས། ༼༨༽ རྒྱལ་སྤྱིས་བོད་ལ་ཕན་པའི་ཕྱག་ལས་རྒྱ་ཆེན་པོ་ཞིག་གནང་ཐུབ་མེད་པ་བདེན་པ་རེད། འོན་ཀྱང་དེ་ནི་རྒྱ་གཞུང་གིས་སྟོབས་ཆེན་རྣམས་དཔལ་འབྱོར་གྱི་བསླུ་དྲིད་དང་། སྟོབས་ཆུང་རྣམས་ལ་གནོན་ཤུགས་སྤྲད་པའི་དབང་གིས་བྱུང་བ་ལས་བཙན་བྱོལ་སྒྲིགས་འཛུགས་ལ་ལེན་ཁག་མེད་པ་གཟུར་གནས་དཔྱོད་ལྡན་སུས་བལྟས་ཀྱང་ཤེས་གསལ་རེད། ༼༩༽དང་ ༼༡༠༽ པ་གཉིས་ཀྱི་ལན་གོང་གསལ་༼༤༽ དང་ ༼༨༽ པ་གཉིས་ཀྱིས་འཐུས། ༼༡༡༽ ༼༡༢༽༼༡༣༽མི་སུམ་བཅུ་ལ་བསམ་པ་སུམ་བཅུ་ཞེས་པ་ལྟར། བཙན་བྱོལ་སྒྲིགས་འཛུགས་ནས་རང་ནུས་གང་ཡོད་ཀྱིས་ཕྱག་ལས་གནང་གི་ཡོད་པ་ལས་འཁུམ་ནས་སྡད་ཡོད་པ་ཞིག་མཐོང་མ་སོང་། གལ་ཏེ་བཙན་བྱོལ་སྒྲིགས་འཛུགས་འདི་མེད་ན་དཀའ་ངལ་བཤད་ས་ཡང་མེད་པས་སྔོན་ལ་དཀའ་ངལ་བཤད་ས་ཞིག་ཡོད་པ་འདི་ཡང་བཀའ་དྲིན་ཆེན་པོ་རེད་ཅེས་༧གོང་ས་མཆོག་ནས་གསུང་པ་འདི་ལ་སོམས་ཤིགས། མདོར་ན་བཞི་བརྒྱ་ནད་ཀྱི་ས་བོན། དམར་ནག་གྱོད་ཀྱི་སྡོང་པོ། དཀའ་ངལ་ཐམས་ཅད་ཀྱི་འབྱུང་ཁུང་ནི་རྒྱ་དམར་ཡིན་པས། བུ་བཟང་པོ་ཡིན་ན་ཚིག་གི་མཚོན་ཁ་ཕྱི་ལ་བསྐོར་དགོས་པ་ལས། ནང་ལ་ཚིག་མཚོན་འདེབས་པ་འདི་ལྐུགས་པའི་ལས་ཀ་ལས་ཅི་ཡང་མིན་ནོ།
རང་དབང་ཨ་རྡུ་མན་ལ་སོགས་པའི་སྐད་ཆ་ནི་རྒྱ་དམར་ལ་མཁོ་བ་ཞིག་ལས་བོད་གངས་ཅན་པར་མཁོ་བ་ཞིག་གཏན་ནས་མིན། མི་འདི་ཚོས་བོད་དོན་ཆེད་རང་སྲོག་ཕངས་མེད་གཏོང་མཁན་རྣམས་ཀྱི་རྣམ་ཤེས་ལ་འཐོང་ཆུང་དང་ཁྱད་གསོད་བྱེད་ཀྱི་འདུག་པས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཁོང་ཚོས་རང་སྲོག་བཏང་བ་ནི་བོད་མི་ས་ཡ་དྲུག་གི་རང་དབང་ཆེད་དུ་ཡི་ན་པ་ལས་ཁྱིམ་ཚང་ཞིག་གི་ཆེད་དུ་མ་རེད་ལ། བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་ཆེད་དུ་ཡིན་པ་ལས་རྒྱུ་ནོར་གྱི་ཆེད་དུ་མ་ཡིན་པས། ལས་འགུལ་འདིས་གྲུབ་འབྲས་ཐོན་ན་ཁོང་ཚོའི་གཟི་རྗིད་རེད་ལ། གལ་ཏེ་གྲུབ་འབྲས་མ་ཐོན་ཀྱང་ཚེ་སྲོག་འཕྲོ་བརླག་ལ་སོང་བ་ཞིག་ལ་ནམ་ཡང་བསམ་མི་འོས་སོ།
བོད་དོན་ལ་གྲུབ་འབྲ་ཐོབ་མིན་ཐེ་ཚོམ་ཡིན་པས་རང་སྲེག་གཏོང་མི་འོས་པར་བཤད་མཁན་རྣམས་ནི། དཔེར་ན་ནད་ཚབ་ཆེན་གྱིས་གནར་བའི་ནད་པ་ཞིག་ལ་སྨན་པས་སྨན་ཧ་ཅང་རིན་གོང་ཆེན་པོ་ཞིག་སྤྲད་དགོས་ཟེར་ན། སྨན་འདིས་ནད་པ་འདི་སྐྱབས་ཐུབ་མིན་ཐེ་ཚོམ་ཡིན་པས་དེ་ལས་ནད་པ་ཁོ་རང་ཤི་ཆུགས་ཤེས་བཤད་པ་དང་གཅིག་པ་ཡིན་པས་སྐད་ཆ་ཆ་འདི་འདྲ་ཞིག་བཤད་སྲོལ་ཡོད་དམ། མ་གཞི་སྲོག་གི་འགྲོ་སོང་གཏན་མས་གཏོང་མི་དགོས་པར་རང་དབང་ཐོབ་པའི་ལོ་རྒྱུས་ཤིག་གང་ན་འདུག གབས་ལུགས་འདི་ཙམ་ཡང་བསམ་མི་ཤེས་ན་ཁ་བཙུམས་ནས་སྡད་ན་ཅིས་མི་ལེགས།
༼གབས་ལུགས་༽ཤེས་པ་དེ་༼གནས་ལུགས་༽ལ་བཅོས།
ལུང་རྟོགས་ཀྱི་གསུང་ལ་རྒྱབ་སྐྱོར་ཡོད། ཨ་རི་སྲིད་འཛིན་རྒྱ་དམར་སྟོབས་ལ་ཞེད། །མཉམ་སྦྲེལ་རྒྱལ་ཚོགས་ཚོང་གི་བཙོན་རར་ཚུད། །ཡུ་རོབ་སྤྱི་མཐུན་རྒྱ་ལ་འབྲེལ་བ་ཟབ། །རང་རེའི་བོད་དོན་ཛ་དྲག་གནས་སུ་ལྷུང་། །
རྒྱ་དམར་ཀླ་ཀློར་རྒྱུ་མཚན་འགྲོ་ས་མེད། །དེ་ལྟའི་དུས་འདིར་བཀའ་ཁྲི་བློ་སེང་གིས། །རང་ནུས་ཅི་ལྕོགས་འབད་
པ་ལྷུར་བླངས་པས། །རྒྱལ་སྤྱིའི་ཐོག་ཏུ་བོད་དོན་མ་ཡལ་ཞིང་། །རྒྱ་དམར་ཀླ་ཀློ་སེམས་པ་འཚབ་པ་ཡིས། །ཅི་བྱ་ཏོལ་མེད་གྱུར་པའི་གསུང་དེ་བདེན། །མ་འོངས་པར་བཀའ་ཁྲིའི་བྱ་བ་ལམ་སློང་ཡོང་བའི་སྨོན་འདུན་ཞུ།
ཁྱོད་ནི་འགྲོ་བའི་དོན་གྱི་སླད།།
ཅུང་ཟད་ཙམ་ཡང་མི་ངལ་ཞིང་།།
འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི།།
བློ་བཏང་དེ་རྗེས་ཡིད་རང་།།
བློ་བཏང་དེ་ལ་རྗེས་ཡིད་རང་།
བློ་བཏང་དེ་ལ་རྗེས་ཡིད་རང་།
བློས་བཏང་དེ་རྗེས་ཡི་རངས། །ཟེར་འདོད་པ་འདྲ།
ཞབས་འདྲེན། གཞན་ལ་ཞུ་དག་གཏོང་ཁ་བྱེད། སོ་སོས་༼ལ༽འབྲི་རྒྱུ་ཆད་འདུག་ག
རྒྱལ་གཅེས་དཔའ་མོ་སྒྲོན་དཀར་འཚོ་ཁོང་རིག་འཛིན་བདེ་བ་ཆེན་པོའི་གནས་མཆོག་དུ་སྐྱེ་བར་ཤོག
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས་། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
དཔའ་མོ་སྒྲོན་དཀར་མཚོ་ཡི་ང་མཚོ་ལ་གནང་བའི་སྙིང་སྟོབས་དེས་ང་མཚོ་ལ་ཚོར་བ་ག་འདྲ་ཞིག་འདུག་་་་་་་་་གྲོགསས་པོ་མཚོ་་་་་་་་ད་ཤུགས་རྒྱབས་དང་་་་དཔའ་བོ་དང་དཔའ་མོ་མཚོ་འགྲོ་སོང་་་་་་་་ད་ང་མཚོ་ལ་གང་ལྷག་ཡོད་་་་་་་་་རང་དབང་དང་རང་བཙན་གཉིས་གང་རྩོད་ན་་་་་མགྱོགས་པོ་བྱས་མ་གཏོགས་བོད་མི་ཉུང་ཉུང་ཆགས་འགྲོ་ཡི་འདུག་་་་་