གནས་ཚུལ་མཁོ་གཏོང་བ། བསོད་ནམས།
བསྡོམས་པས་དེ་རིང་སྨོན་ལམ་གསུང་བར་ཕེབས་མཁན་བླ་བྲང་དགོན་པའི་དགེ་འདུན་པ་ཆིག་སྟོང་སུམ་བརྒྱ་ལྷག་ཡོད་འདུག
སྐུ་གཤེགས་རྡོ་རྗེ་རིན་ཆེན།
འདུས་སྡེ་ནས་སྐུ་གཤེགས་དོན་འགྲུབ་ཚང་དུ་སྨོན་ལམ་གསུངས་ཚར་རྗེས་ཐད་ཀར་གུང་ཐང་ཟམ་བརྒྱུད་དེ་
ཟ་ཡུས་ནང་སྐུ་གཤེགས་རྡོ་རྗེ་རིན་ཆེན་ཚང་དུ་སྨོན་ལམ་གསུང་དུ་ཕེབས་བཞིན་པ།
གུང་ཐང་ཟམ་གྱི་ཕར་ཕྱོགས་ནས་ཟ་ཡུས་ནང་ལ་རྐང་གསུམ་ནང་དུ་ཕེབས་བཞིན་པ།
ཟ་ཡུས་ནང་དུ་སྨོན་ལམ་གསུང་བཞིན་པ།
འདུས་སྡེ་ནས་སྨོན་ལམ་གསུངས་ཚར་ཏེ་ཟ་ཡུས་ནང་ལ་ལམ་དུ་ཆས་བཞིན་པ།
ཆིག་བསྒྲིལ་ཟེར་ན་འདི་ལྟ་བུ་ཞིག་ལ་ཟེར་བ་ལས་ཁ་གཡང་སྙན་མོ་ཙམ་གྱིས་གང་ཡང་མི་འགྲུབ་བོ།