བོད་ནས་དྲ་ཐོག་བརྒྱུད་གནས་ཚུལ་འབྱོར་ན་་་་་་་་་་་དེ་རིང་སྔ་དྲོ་ཆུ་ཚོད་ ༥ ་ཙམ་ལ་བོད་ཨ་མདོ་མགོ་ལོག་ཁུལ་དགེ་ཐོན་སློབ་གྲྭ་དང་ཁུལ་བོད་ཡིག་སློབ་འབྲིང་། རྫོང་བོད་ཡིག་སློབ་འབྲིང་བཅས་ཀྱི་སློབ་མ་གཙོས་ཁྱོན་བསྡོམས་མི་གྲངས་གསུམ་སྟོང་བརྒལ་བ་ཞིག་གིས་གཅིག་མཚུངས་ཀྱིས་མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་ཞེས་བའི་སྐད་འབོད་གཞི་རྒྱ་ཆེན་པོ་ཞིག་ཁུལ་ཐོག་གི་ས་གནས་གང་སར་སྤེལ་གནང་ཡོད་འདུག ལྷག་དོན་ཁོང་ཚོས་འཛམ་གླིང་མི་རིགས་གཞན་དང་འདྲ་བར་སོ་སོའི་སྐད་ཡིག་བཀོལ་སྤྱོད་བྱེད་པའི་དབང་ཆ་དགོས་བ་དང་རྒྱ་ནག་གི་ཁྲིམས་ལྟར་ས་གནས་རང་སྐྱོང་ཡིན་ན་སྐད་ཡིག་རིགས་གཞུང་སྲུང་སྐྱོབ་བྱེད་པའི་དབང་ཆ་གཙང་མ་དགོས་བ་སོགས་ཀྱི་དགོས་འདུན་བཏོན་འདུག
ཚོུད་༩ཙམ་ལས་གནས་འབྲེལ་ཡོད་ཚན་པ་དང་ཉེན་རྟོག་མི་སྣ་ཡོང་ནས་ཁྱིམ་བདག་ཕ་མབོས་བ་དང་མཉམ་ལས་འགུལ་བཀག་བསྡོམས་བྱེད་པ་དང་སློབ་མ་ཚོ་ཕྱིར་སློབ་གྲྭར་བསྐོང་འགུག་བྱེད་ཐབས་བྱས་ཡོད་པ་དང་། སྐབས་དེར་ལས་འགུལ་ལ་འདྲ་པར་རྒྱག་མཁན་ས་གནས་བོད་མི་ཁག་གཅིག་གི་ལག་ནས་པར་ཆས་བཙན་འཕྲོག་བྱས་པའི་གནས་ཚུལ་ཀྱང་བྱུང་ཡོད།
ཨོ་ད་ཡིན་ན་བོད་ཀྱི་སོན་རྩ་ནི་སོན་རྩ་རང་རེད་འདུག་ག བོད་མི་རིགས་འདི་འདི་ལྟར་ག་ལ་འཆི་གི་རེད། ད་བོད་རིགས་གཞོན་སྐྱེས་ཚོ་གོ་རྟོགས་ཡོངས་སུ་སད་འདུག དངོས་གནས་སེམས་སྟེང་ནས་བསྔགས་བརྗོད་བྱས་པ་ཡིན།
མི་རིགས་འདྲ་མཉམ། ཕོ་མོ་འདྲ་མཉམ་། མི་རིགས་རང་སྐྱོང་ཁུལ་དང་རྗོང་སོགས་སུ་མི་རིགས་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་ཆ་ཚང་བྱེད་རྒྱུ་བདག་དབང་ཡོད་པ། སོགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས་མ་རེད་པས། འདིས་སྐོར་ནས་གསུང་དང་། རྩོམ་འདིའི་མཆན་འགོད་པས་ནང་དུ་། ཨ་ཁུ་མདོ་ལྷ། རྒན་མགོན་པོ་ཕྱགས་གཉིས་། སྐུ་ཞབས་ཨ་ནི་ཐང་། སྐུ་ཞབས་གཅན། རྒན་ནག་ཤོད་། བློ་མཐུན་གཞོན་ནུ། སོགས་གང་བཟང་དག་གང་ལེགས་དག་ཕེབས་འདུག་། ངའི་ཆ་གིས་རིགས་འབྱུང་སླེབ་མི་འདུག་། ཁག་མེད་ཁོ་ད་ལྟ་སློབ་དེབ་ཀྱི་མཐའ་སྐོར་ནས་བསྡད་ཡོད་པ་རེད་། ད་ཁྱེད་རྣམས་པས་ད་ཐེང་གི་སློབ་མའི་སྐད་འབོད་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་མེད་ཚུལ་ནས་གསུང་རོགས་གནང་། བསམ་ཚུལ་འདི་རྩོམ་གཞན་པ་དེས་ནང་ཡང་བཀོད་ཡོད་ཀྱང་འདི་སྐོར་ནས་གསལ་བཤད་གང་མང་གནང་ཐུབ་ན་ཤིན་དུ་བཟང་།
འོ་དུང་དེས་གང་ནས་ཚད། རྒན་ལྷ་ཀླུ་། གཞོན་ནུ་མེ་ཏོགས་དཀར་པོ་སོགས་ཚང་མ་ཕེབས་འདུག། བྱུང་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ན་ཡང་འདྲ་བཅའ་ཡིན་ན་འདྲ་། ་་་གང་ཡོད་པ་དེ་འདིར་ཁྱེར་ཡོང་ནས་འགྲོ་གླེང་གནང་རྒྱུ་གལ་ཤིན་ཏུ་ཆེ་བར་བསམ་། རེབ་ཀོང་གི་ཨ་ཁུ་བླ་མ་སྐྱབས་འདིར་ཁ་བརྡའི་ནང་འཇལ་རྒྱ་མེད་ཀྱང་ཁོང་གི་འདིས་སྐོར་ནས་འབྲེལ་བཤད་ཞིག་གནང་ཐུབ་ན་བསམ་པ་རེ་བ་ཡོད་།
ན་ནིང་ 2008 ལོར་ཆབ་སྲིད་ཀྱི་ངོ་རྒོལ་དེ་ཆོལ་ཁ་གསུམ་ལ་ཁྱབ་པ་རེད། དེས་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ཡོད། ད་རེས་སྐད་ཡིག་སློབ་གསོའི་ངོ་རྒོལ་འདི་ཡང་ཆོལ་ཁ་གསུམ་ལ་ཁྱབ་ཐུབ་རྒྱུ་ན། འདིས་བོད་ཀྱི་རིག་གནས་སློབ་གསོའི་གནད་དོན་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ངེས་ཡིན།
ད་རེས་ཀྱི་འདི་ཁྲིམས་འགལ་དུ་མི་འགྱུར་བ་དང་། དྲག་ཟིང་དུ་མི་འགྱུར་བ། སྲིད་དོན་དུ་མི་འགྱུར་བའི་སྒོ་ནས་བོད་ཡོངས་ལ་ཁྱབ་ཐུབ་པར་སྨོན།
ཤ་དང་རུས་པ་བོད་ནས་སྐྱེ་བ་དང་།།
སྐད་དང་ཆ་ལུགས་བོད་མི་ཤ་སྟག་ཡིན།།
མ་འོངས་བོད་ཀྱི་རྗེས་འཛིན་གཞོན་ནུའི་ཚོགས།།
མི་རིགས་འདྲ་མཉམ་སྐད་རིགས་རང་དབང་དང་།།
རིགས་ཀྱི་གོ་རྟོགས་སད་པ་དགའ་ནས་ཡོད།།
ཡིན་ཡང་སྒོ་ཐེམ་དེ་ལ་ཉམས་འཇོག་བྱོས།།
རྐང་བ་གང་དུ་ཐོག་མིན་བཤད་དཀའ་མོད།།
རེ་བ་བཟང་སར་རྒྱགས་པ་ཁོང་གི་བཀའ།།
གྲྭ་སྒྲིག་སྡག་སར་བྱེད་པ་ཁོང་གི་གསུང་།།
ཡིད་ཀྱི་མེ་ལོང་ངེས་སུ་འཇོག་རོགས་ཞུ།།
གཞིས་ལུས་ན་གཞོན་ཚོ།
ཁྱོད་ཚོའི་སྙིང་སྟོབས་དང་ལ་རྒྱ་་་ལྷག་བསམ་་དྲང་བདེན་ལ་ངེད་རང་གིས་སྙིང་ཐག་ནས་རྗེས་སུ་ཡི་རངས་སྨོན་འདུན་ཡོད།མ་འོངས་བོད་ཀྱི་རེ་བ་བཅོལ་ས་ནི་ཁྱོད་ཚོ་ཡིན།
ཁྱོད་ཚོའི་ལྷག་བསམ་དང་སྙིང་སྟོབས་་་་དྲང་བདེན་་ལ་རྒྱ་ནི་རྒྱ་གར་དུ་གནས་པའི་ན་གཞོན་ཚོགས་པ་ལྟར་བུ་མ་ཡིན་པ་སྒེར་དོན་དང་མ་འདྲེས་པར་ཁ་དོན་ཚིག་ལ་གནས་པ་ཤ་སྟག་ཡིན།།
བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད། རང་དབང་གང་དུ་མེད་ནའང་དེར་ངོ་རྒོལ་ཡོང་རྒྱུ་ཡིན་པ་ཤེས་དགོས་སོ།།
དབུས་ཁམས་གཉིས་སུ་ཡང་འདི་ལྟར་བྱེད་ཐུབ་ན་ཅི་མ་རུང་།