རེབ་ཐོག་མདའ་ནས།
ལག་རྩལ་སྤོ་ལོའི་ཐང་གི་གྲུ་ཟུར་ན།།
སྔོན་ཆད་ཞིག་ལ་མཐོང་མྱོང་མེད་ནི་ཞིག།
རྗེས་མ་ཞིག་ལ་ཐུག་ཐབས་མེད་ནི་ཞིག།
བདག་གི་མིག་ལ་ལྷུང་བའི་ན་ཆུང་མ།།
ཡག་གི་ཟེར་ན་བདེན་པ་མིན་ནི་ཞིག།།
བཙོག་གི་ལབ་ན་མིག་ལ་བདེ་ནི་ཞིག།།
ལོ་དང་ན་ཚོད་བདག་དང་མཉམ་པ་ཞིག།།
རི་ཁུག་འདི་ནས་མཐོང་བ་དང་པོ་ཡིན།།
སྐྲ་ལོའི་རིང་ཐུང་གཟུགས་དང་མཐུན་པ་ཞིག།
ཞལ་རས་མཐོང་བ་སྣང་བར་འགྲོ་ནི་ཞིག།
མཚམས་རེར་འདིར་དང་ལན་རེ་དེར་བལྟ་བཞིན།།
མདུན་གྱི་གྲོགས་མོར་ཤུབ་ཤུབ་བཤད་བཞིན་བདའ།།
གདོང་ལ་བལྟས་ན་ཨ མདོ་ཡིན་པ་འདྲ།།
ཚུགས་ཀར་བལྟས་ན་གཞིས་ཆགས་ཡིན་པ་འདྲ།།
སྐད་དང་རྣམ་འགྱུར་བརྡར་ཤ་མི་ཆོད་འདུག།
ཁོ་མོའི་རྒྱབ་ལྗོངས་དེ་ནི་དྲི་རྟགས་ཤིག།
སློབ་མ་ཞིག་གི་ལོ་ཚོད་ཡོལ་ནས་འདུག།།
ཤེས་ལྡན་ཞིག་གི་ཉམས་ཡང་མི་འདུག་མོད།།
པར་ཆས་གོང་ཆེན་ཕྱི་ལ་བཏོན་ཡོང་དུས།།
ནུབ་ཕྱོགས་ཤིག་ནས་སླེབས་པར་བདག་གིས་བསམ།།
སྐྲ་ལོའི་ཁ་དོག་ནག་པོའི་རང་བཞིན་རེད།།
ལུས་ལ་གོན་པ་བོད་པའི་ཕྱུ་པ་རེད།།
ཞལ་རས་དེ་ཡང་བོད་མོ་ཤ་སྟག་རེད།།
འོན་ཀྱང་བདག་གི་སེམས་ལ་དྲི་བ་ཞིག།
ལག་སྤོལ་འགྲན་བསྡུར་མཇུག་དེ་བསྡུས་དང་ཐལ།།
མི་ཚོགས་ཟང་ཟིང་ལོང་ལོང་བུད་ནས་ཐལ།།
འོན་ཀྱང་ཁོ་མོ་ག་ཡོད་བཙལ་ན་ཡང་།།
སྙིང་སྡུག་བུ་མོ་སླར་མཇལ་མ་བྱུང་ཐལ།།
ལས་དབང་སྟེས་དབང་གང་ཡིན་མི་ཤེས་མོད།།
ལམ་ཁ་དེ་ནས་ཁོ་མོར་མ་ཐུག་ཐལ།།
འོན་ཀྱང་དགོང་ཟས་ཟ་བའི་ཟ་ཁང་ནས།།
སྙིང་ལ་ཟུག་པའི་བུ་མོ་སླར་ཡང་མཇལ།།
ཁ་བརྡ་བྱ་འདོད་སྤོབས་པས་མི་འདང་གི།།
འཛུམ་ཞིག་སྟོན་འདོད་བདག་ལ་མི་བལྟ་གི།
ཡིན་ཡང་སྐར་མ་འགའ་ཡིས་རྗེས་ཤིག་ལ།།
བུ་མོའི་ངག་སྒོ་དལ་གྱིས་ཕྱེས་དང་ཐལ།།
ཕ་ཡུལ་གང་ཡིན་ལས་དོན་ཅི་ཡིན་དང་།།
མ་འོངས་ཅི་བྱེད་དམིགས་ཡུལ་གང་ཡིན་སོགས།།
མ་གསང་དྲང་པོའི་ཁ་བརྡ་བྱེད་དུས་སུ།།
ཁོ་མོའི་མིག་ཟུང་མཆི་མས་བརླན་བཞིན་དུ།།
ཁོ་མོའི་ལོ་རྒྱུས་རེ་རེ་བཤད་དང་ཐལ།།
ཁ་པར་ཨང་གྲངས་མ་གསང་སྤྲད་དང་ཐལ།།
སང་ཉིན་མཇལ་བའི་དུས་ཆད་བཟོས་དང་ཐལ།།
དགོང་ཟས་སྦྱིན་བདག་བཏོན་བུ་མོས་བྱས་དང་ཐལ།།
བྲལ་ཁར་ཁོ་མོས་ཕྱི་མིག་འཕེན་བཞིན་དུ།།
བཅོས་མིན་འཛུམ་ཆུང་བདག་ལ་སྟོན་བཞིན་དུ།།
སྒེའུ་ཁུང་བརྒྱུད་དེ་ཡར་ལ་བུད་ནས་ཐལ།།
བདག་གི་སེམས་པ་རེ་ཞིག་བོར་ནས་ཐལ།།
ཕྱི་ལོ་ ༢༠༡༢ ལོའི ༩ ཚེས ༢༢ ་ལ།
ད་དུང་ལྷག་མ་ཡོད་པ་འདྲ་་དེ་ནས་མུ་མཐུད་དུ་བྲིས།
དེ་འདྲའི་བུ་མོ་ཁྱོད་དང་འཕྲད་ནས་ནི།
མ་གསང་དྲང་པོའི་ཁ་བརྡ་བྱས་འདུག་པས།
གང་འོང་ལས་ཅི་ཅི་བྱེད་དམིགས་ཡུལ་སོགས།
ཞིབ་མོ་མེད་ཀྱང་ཧྲོབ་ཙམ་གསུང་རོགས་མཛོད།
བྲིས་ནོ་ཞེ་འི་ཡག་གི།
ལག་ལ་མ་རེག་བར་ཆད་བྲིས་ན་འདོད།
བུ་མོ་རེག་ན་ཕོ་ཚིག་དམ་པོ་དགོས།།
ཕྱི་ནང་མེད་པར་ཡོད་ཚད་བྱོ་བཞག་ན།
ཨ་མདོའི་བུ་མོ་ལྷག་དུ་མི་དགའ་ཐལ།།
བབ་ཆག་བུ་མོ་ཞིག་གི་རྒྱབ་གཟུགས་ལ།།
དབང་ཤེས་ལྔ་བོ་ཕྱོགས་སུ་བསྡུས་དང་ནས།།
ལག་རྩལ་སྤོ་ལོར་བལྟ་རྒྱུར་བརྗེད་འདུག་ག
ལས་ལམ་གང་ཡིན་མ་ངེས་ཐུག་དུས་སུ།།
དགུང་ཟས་སྒོར་མོའི་སྦྱིན་བདག་བྱས་དང་ནས།།
ཁ་པར་ཨང་གྲངས་མ་གསང་སྤྲད་ཡོད་ན།།
ཁྱེད་ཀྱི་དམིགས་ཡུལ་འགྲུབ་པའི་སྨོན་འདུན་ཞུ།།
གདར་མའི་ཕོ་ཤོབ་ཁྲོམ་ལ་བསྒྲགས་དང་ཐལ།
།གཞི་མེད་སྟོང་བསམ་ངག་ཤོར་འདུག་ག
།མི་ལ་སྐྱགས་རྫུན་ལབ་པ་མི་འགྲིགས་ཀྱང་།
།རང་སྣང་སྐྱིད་གྱིས་པ་ཐོབ་པ་རེད། །
ཛར་ཛོར་སྙན་ངག་བྲིས་དང་གཅིག
ལང་ཤོར་རླིག་པ་བསྒྲེངས་དང་གཉིས།
ཡར་རྒྱས་མེད་པའི་བླུན་པོ་བཞིན།
ནམ་ཡང་མུན་ཐོམ་སྡུག་བསྔལ་རྒྱུ།
ལས་འབྲས་ཡོད་ན་ས་ཐག་རིང་ཡང་འཕྲད། དེ་ཉིད་མེད་ཉེ་ནའང་མི་འཕྲད་ཕྱིར། ཐག་རིང་བུ་མོ་འཕྲད་དུས་ཁོང་གི་ནི།
མིག་ཆུ་གཏོན་ནས་འཕྲིན་ཐུང་ཨང་གྲངས་ཀྱང་། སྤྲད་ནས་ཁོང་གི་གནས་ལུགས་གང་ཡིན་པ། མ་གསང་བརྗོད་དེ་བཤད་པ་དེ་ཡིས་ཀྱང་། མི་ཕོ་ཁྱོད་རང་སྤྱིར་གཏང་མ་ཡིན་པའི། མི་ཞིག་ཡིན་པ་རྗེས་དཔག་ཚད་མས་རྟོག། ཡང་ན་ཁྱོད་རང་ཁ་དཔོག་ཆེ་བར་མངོན།
བཟང་གི་མུ་མཐུད་ནས་ཡིན་ད།
སྤྲུལ་སྐུ་དབང་ཆེན་ཁྱོད་རང་གིས་སྒྲུང་ཞིག་མུ་མཐུད་ནས་འབྲི་རྒྱུ་ལྷག་ཡོད་རེད་ད།
དེ་རིང་
རེབ་ཐོག་མདའ་མོས།
གངས་ལྷ་མེ་ཏོག་ཞིག་ལ་ཟུག་ཡོད་སྐད་དེ་བཟང་ཁི
ཁྱེད་ཀྱི་བཤད་སྟངས་འདིར་བལྟས་ན།།
ཆང་ས་མ་བརྒྱབ་ལྷག་ཡོད་འདུག།
དེ་བས་གོ་སྐབས་བཟུང་ནས།།
ཡོད་ཚད་ཕྱི་རུ་མ་བཏོན་པར།།
ཁ་རོག་མནའ་མ་བསུ་རོགས་ཀྱེ།།
ང་ཚོ་བོད་པའི་ཕོ་གསར།།
ཁ་ཕོ་འབྲུག་ལྟར་ཆེ་ཡང་།།
འབྲུག་སྒྲ་གྲགས་པའི་རྗེས་སུ།།
ཆར་པ་གཏང་རྒྱུ་མི་འདུག།